Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅིན་ཡུང་དང་ཁོའི་འཁྲབ་གཞུང་ནང་གི་བོད་ཀྱི་དགེ་འདུན་པ།

Posted on 2014-12-262014-12-26 By ཁ་བརྡ 7 Comments on ཅིན་ཡུང་དང་ཁོའི་འཁྲབ་གཞུང་ནང་གི་བོད་ཀྱི་དགེ་འདུན་པ།

རས་པ།

ལོ་ངོ་བཅུ་ཕྲག་སྔོོན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ཚོགས་འདུ་ཞིག་གི་སྟེང་དུ་བོད་རྩ་བ་ནས་བཅིངས་འགྲོལ་བྱེད་དགོས་ན་ད་ལྟའི་སེམས་ཁམས་འཁྱེར་ཕྱོགས་དང་། བལྟ་སྟངས་ལ་འགྱུར་བ་གཏོང་དགོས། ཞེས་བཤད་ཡོད། གློག་བརྙན་གྱི་བརྒྱུད་ལམ་ལ་བརྟེན་ནས་རྒྱ་ནག་མི་མང་གིས་བོད་ཀྱི་རིག་གནས་ལ་ངོས་འཛིན་དང་། བོད་ཀྱི་ཕྱི་རབས་པའི་བོད་སེམས་ལ་མངོན་གསལ་དུ་འགྱུར་བ་འགྲོ་བཞིན་ཡོད།

Screen Shot 2014-12-26 at 2.36.44 PM

བོད་ཀྱི་གསང་སྒྲུང་ཞེས་པའི་གློག་བརྙན་གྱི་གཞས་ཚིག་ནང་དུ། ལོ་ངོ་སྟོང་ཕྲག་རིང་ཞི་བདེ་བག་ཕེབས་ཀྱི་དག་ཞིང་དུ་སྒོམ་པའི་བོད་ཡུལ་ནི་ཞིང་བྲན་དང་གཉའ་གནོན། བཤུ་གཞོག སྐྱུགས་བྲོ་བའི་ས་ཆ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་ཞེས་བྲིས་འདུག གཞས་ཚིག་འདི་ནི་གློག་བརྙན་དེས་གང་ཞིག་བཤད་འདོད་པའི་དམིགས་ཡུལ་རེད།

ཧོའུ་ནན་འཁོར་སྐར་湖南电视台སྟེང་བསྟན་པའི་གླག་རྒོད་དཔའ་བོ་གསར་པ་ 新神雕侠侣 Xīn shén diāo xiá lǚ ཞེས་པའི་གློག་བརྙན་གྱི་ལེའུ་ 13 པར། བོད་ཀྱི་དགེ་འདུན་པའམ། དེ་ཡང་བླ་མ་དང་དགེ་བཤེས་རྣམས་པའི་ན་བཟའ་གྱོན་མཁན་ཁག་གཅིག་གིས་མི་གསོད་འདོད་མེད་པའི་བུད་མེད་ཅིག་ལ་གྲི་ཤེད་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་རྫུན་ཚིག་འདི་གློག་བརྙན་སྒྱུ་རྩལ་དུ་བསྐྲུན་ཞིང་། བསྐྲུན་པ་དེའང་རྒྱ་ནག་གི་གནའ་བོའི་ལྷ་སྒྲུང་རང་བཞིན་ཅན་དུ་ཐོན་ཡོད་པས། རྒྱ་ཕྲུག་མང་དག་ཅིག་གིས་བོད་ཀྱི་དགེ་འདུན་པ་ནི་མི་གསོད་པ་ལ་སྣང་དོགས་མེད་པའི་དྲག་རྩལ་པ་ཁག་ཅིག་ཡིན་པར་ཆ་འཇོག་ཅིས་མི་བྱེད།

ཧྲའོ་ལན་དགོན་པའི་གྲྭ་བར་དྲག་རྩལ་ཡོད་པ་དང་། ཁྲོམ་ལ་སོང་ནས་བག་མེད་ལོངས་སྤྱོད་བྱེད་ཀྱིན་པའི་སྣང་བརྙན་རྫུས་མ་དག་རྒྱ་ནག་པས་གློག་བརྙན་དུ་བཟོས་བཟོས་པའི་རྗེས་སུ་རྒྱ་ཕྲུག་དག་གིས་རྒྱའི་གྲྭ་བ་མཐོང་ཚེ་རྒྱང་བཀྱེད་ཅིང་། ཅིའི་ཕྱིར་རྒྱང་བཀྱེད་བྱེད་བཞིན་པ་དྲིས་པའི་ཚེ་他有功夫哎( ཁོ་ལ་དྲག་རྩལ་ཡོད་པ་རེད་ཨེ།) ཞེས་ཟེར། དེ་ནི་བརྩེ་བ་དང་སྙིང་རྗེ་མེད་པར་བལྟ་བའི་ཚོར་བ་ཞིག་གིས་བཤད་ཀྱི་ཡོད།

གླག་རྒོད་དཔའ་བོ་གསར་པ་ཞེས་པའི་འཁྲབ་གཞུང་འབྲི་མཁན་ནི་རྒྱ་ནག་གི་ཡུལ་སྐོར་དཔའ་བོའི་རྟོག་སྒྲུང་འབྲི་མཁན་ཅིན་ཡུང་ 金庸 (སྐྱེས་ལོ་༡༩༢༤།༣།༡༠-  རྩོམ་པ་པོ། སྲིད་དོན་དཔྱད་ཞིབ་པ། སྤྱི་ཚོགས་ལས་འགུལ་བ་སོགས་ཡིན། ) ཞེས་པ་ཡིན་ཞིང་། ཁོས་བྲིས་པའི་འཁྲབ་གཞུང་ལྷ་སྲིན་སྡེ་བརྒྱད་ 天龙八部 ཅེས་པར་ཡང་ཐུ་བྷོད་མཁན་པོ་ཞིག་གིས་ཧྲའོ་ལན་དགོན་པའི་གསང་བའི་དྲག་རྩལ་གྱི་བསྟན་བཅོས་ལ་ལྐོག་བལྟ་བྱས་པ་དང་། མི་ཧ་ཅང་ཐ་ཤལ་ཞིག་ཡིན་པར་བསྟན་ཡོད།

རྩོམ་པ་པོ་ཅིན་ཡུང་ནི་ཡུལ་སྐོར་དཔའ་བོའི་རྟོག་སྒྲུང་འབྲི་བ་ལ་བྱང་རྩལ་ལྡན་ཞིང་། ལྷ་སྒྲུང་རང་བཞིན་ཅན་གྱི་འཆར་ཡན་གྱིས་མི་རྣམས་ཀྱི་སེམས་སུ་སྤྲོ་སྣང་དང་འགུགས་ཤུགས་ལྡན་པའི་ཉམས་འགྱུར་བསུས་ཡོང་བ་ཞིག་རེད། ཁོས་བྲིས་པའི་ཡུལ་སྐོར་བའི་ཁྲེལ་དགོད་笑傲 江湖 (རྒྱལ་ཁམས་ཟིལ་གྱིས་གནོན་པའི་གད་རྒྱངས་) ཅེས་པར་མི་སྒེར་གྱི་རང་དབང་དང་དྲང་བདེན་བཤད་ཀྱི་ཡོད་ཅིང་། ཚུལ་ལྡན་དང་ཚུལ་ལྡན་མ་ཡིན་པ་གཉིས་ལ་འཇིག་རྟེན་པའི་ལྟ་ཚུལ་དང་དོན་དངོས་ཀྱི་གནས་ལུགས་དབར་དུ་འགལ་བ་ཆེན་པོ་ཡོད་པར་བཤད་ཡོད།

ཡིན་ཡང་། རྩོམ་པ་པོ་འདིས་སྔ་ཕྱི་འཁྲབ་གཞུང་གཉིས་ཀྱི་ནང་དུ་བོད་ཀྱི་དགེ་འདུན་པ་ལ་དྲག་རྩུབ་ཀྱི་གཤིས་ཀ་ལྡན་པ་བྲིས་ཡོད་པ་མ་ཟད། མི་གསོད་པ་ལ་མིག་མི་བཙུམ་པའི་སྣང་བརྙན་བྲིས་ཏེ་འཁྲབ་གཞུང་གི་དཀྱུས་སུ་བཅུག་ཡོད་ལ། ཁོས་བྲིས་པའི་ལྷ་སྲིད་སྡེ་བརྒྱད་ཀྱི་ནང་དུ་དགོན་པའི་མཁན་པོས་རང་གི་བུ་ཕྲུག་དགོན་པའི་ནང་དུ་འཚར་ལོངས་བྱུང་དུ་བཅུག་ཡོད་པ་སོགས་བྲིས་ཡོད། ཁོས་སྔ་ཕྱིར་བོད་དང་རྒྱ་ནག་གི་ནང་པའི་རྗེས་འཇུག་གི་དགེ་འདུན་པར་དམའ་འབེབ་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། ཁོས་བྲིས་པའི་འཁྲབ་གཞུང་རྣམས་ཀྲུང་གུང་སྲིད་གཞུང་གི་རོགས་རམ་འོག་ཕབ་བསྐྲུན་དང་། གཞུང་འབྲེལ་གྱི་འཁོར་སྐར་དག་གི་སྟེང་རིམ་སྟོན་བྱེད་ཐུབ་ཀྱི་ཡོད་པ་དང་འབྲེལ་བ་ཡོད་དམ།

ཅིན་ཡུང་གིས་འཁྲབ་གཞུང་འདིའི་ནང་དུ་བོད་ཀྱི་དགེ་འདུན་པའི་ན་བཟའ་བེད་སྤྱོད་བྱས་པས་མི་རིགས་མཐུན་འབྲེལ་གྱི་བྱ་བར་ཅི་ཡང་མི་གནོད་པར་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཡིན་ཟེར་རྒྱུར་གྲ་སྒྲིག་བྱས་ཡོད་ངེས། སྐྱུགས་བྲོ་བའི་བྱ་སྤྱོད་འདི་ཁོ་ཚོར་སྔ་ས་ཡོད་ཡོད་པ་རེད། ཡིན་ཡང་། བོད་ཁུལ་དུ་སླེབས་པའི་རྒྱ་ནག་པ་དག་གིས་ཚོང་ལས་དྲང་པོ་མ་བྱས་པ་ལ་བརྟེན་ནས་བོད་མི་དག་གིས་རྙོག་དྲ་བཤད་པ་ཡིན་ན་དེ་ནི་མི་རིགས་མཐུན་འབྲེལ་གྱི་གནད་དོན་ཆེན་པོ་ཞིག་དང་། ཆབ་སྲིད་སྟེང་གི་ཁ་བྲལ་བའི་སྤྱོད་ངན་ཞིག་རེད་ཅེས་ཟེར་བ་རེད། འདི་ནི་ཇི་འདྲའི་མངོན་གསལ་ཅན་གྱི་གཉའ་གནོན་ཅིག་རེད་ཨང་།

སྣ་ཚོགས།

Post navigation

Previous Post: གཡག་ཚུགས་ཤོར་ན་གཡག་མིན་ལ། འབྲི་ཚུགས་ཤོར་ན་འབྲི་མིན།
Next Post: མདོ་ཁམས་བྲག་གཡབ་བརྟན་བཞུགས་ཆེན་མོ།

Comments (7) on “ཅིན་ཡུང་དང་ཁོའི་འཁྲབ་གཞུང་ནང་གི་བོད་ཀྱི་དགེ་འདུན་པ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-12-26 at 9:11 am

    ད་དངོས་གནས་དྲང་གནས་རྩོད་བསམ་གྱི་ཡོད་ན། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཟེར་བར་ཨིན་ཇིའི་ནང Ethinic Group ཞེས་བཀོལ་གྱི་ཡོད་པས། དེ་ནི་ཡང་དག་མིན་ཚུལ་གསལ་བསྒྲགས་སྤེལ་ནས་སྔར་གྱི Nation ཟེར་བར་བསྒྱུར་དགོས་ཚུལ་གྱི་ལས་འགུལ་སྤེལ་དགོས་པ་རེད། རྒྱུ་མཚན་ནི་ངོ་རྒོལ་མེད་པར་ནར་འགྱངས་སོང་ཚེ་ཁྲིམས་ཐོག་ནས་ངོས་ལེན་ཡོད་པར་ཆགས་པ་རེད། དེ་ནསNation ལ་མ་གཏོགསEthinicལ་རང་ཐག་རང་གཅོད་རྩོད་པའི་ཐོབ་ཐང་ཡོད་པ་མ་རེད། ད་ཚང་མས་ཤུགས་རྒྱག་རན་མེད་དམ།

  2. ལྷ་སྡེ་གནམ་ལོ་ཡག says:
    2014-12-26 at 9:18 am

    ངོ་རྒོལ་བརྒྱུད་ནས་འགྱུར་བ་གཏོང་མ་ཐུབ་ཀྱང་ཁྲིམས་ཐོག་ནས་ནམ་ཡང་རྩོད་གཞི་ཅན་གྱི་དོན་རྐྱེན་ཞིག་ཆགས་ཡོད་པ་རེད། དཔེར་ན། བོད་ནང་མེར་བསྲེག་ངོ་རྒོལ་གྱིས་མཚོན་པའི་མུ་མཐུད་ནས་བྱུང་གིན་པའི་ལས་འགུལ་དག་ལྟ་བུ་རེད། མིག་མཐོང་ལག་ཟིན་གྱི་འབྲས་བུ་ཞིག་མེད་ནའང་། ཁྲིམས་ཐོག་ནས་ནམ་ཡང་རྩོད་གཞི་ཅན་གྱི་དོན་རྐྱེན་ཞིག་ཏུ་གྱུར་ཡོད་པ་རེད།

  3. གནམ says:
    2014-12-26 at 11:43 am

    བོད་ས་ཡོངས་རྫོགས་ནས་འདིའི་སྐོར་གྱི་འཁོར་ཐག་ཚང་མ་བསྡུས་ཏེ། དུས་གཅིག་དུ་མེ་ལ་སྒྲོན་ནས། མི་ལེགས་པའི་ངོ་རྒོལ་བྱེད་ཐུབ་པ་དང་། དེའི་གནད་དོན་དྲ་སྟེང་ལ་གྲམ་ནས་ས་ཁྱབ་གནམ་ཁྱབ་བྱེད་དུ་འཇུག་དགོས་བ་རེད། ནང་བསྟན་ལོག་སྟོན་གྱིས་མིའི་སེམས་ལ་གཡོ་སྐོར་བྱེད་སྤྱད་ཀྱི་རྟོག་སྒྲུང་བརྫུན་མའི་རྒྱུ་ཆ་ལ་བཞག་པ་ནི་ཐལ་ཆེ་བའི་གནས་ཡིན་པའི་གོ་བརྡ་ཞིག་ཡོད་ན་བཟང་ནི་རེད། ཁྱི་ཁར་སྐྱིལ་ན་ངོར་མཆོང་ཟེར་བ་ལྟར། དགྱ་ཁྱི་འདི་ཚོས། མི་རིགས་ཤིག་གི་རིགས་དངོས་ལ་མཐོང་ཆུང་བྱས་བསྡད་པ་འདི་གོང་རིམ་ལག་དམར་བ་ཚོ་དང་དམའ་རིམ་རྟོག་སྒྲུང་བ་ཚོ་ཚུན་ནས་བར་དུ་ཡོད་བསྡད་པ་ཞིག་ཡིན་དུས། མྱི་བདག་པོ་གཉིས་ལ་མ་གོ་མ་ཤེས་ཟེར་ས་མེད་པ་ཞིག་བྱེད་ཐུབ་དགོས་བ་རེད། སྲིན་པོ་དང་ཆ་ཆེ་བའི་དགྱ་རོ་དེ་ཚོ་ལས་སྡུག་པ་ཞིག་གང་ན་ཡོད།

  4. ལྷ་སྡེ་གནམ་ལོ་ཡག says:
    2014-12-26 at 11:47 am

    བློ་མཐུན་གནམ་ཟེར་བ་ཞིག་ཕེབས་ནས་ཏང་གི་བསམ་ཚུལ་བསྒྲགས་སོང་། ཐུགས་རྗེ་ཤིན་ཏུ་ཆེ།

  5. ཀླུ་མཁར་བྱམས says:
    2014-12-26 at 1:04 pm

    གློག་བརྙན་འདི་དེ་ཙམ་ཀྱིས་སྡུག་ཐུག་མིན་པ་འདྲ་ཞིག་འདུག མ་མཐར་ཡང་ཕོ་བྲང་པོ་ཏ་ལའི་ནང་རྒྱ་དམག་གིས་མེ་མདའ་ཁུར་ནས་བཙན་འཛུལ་བྱས་པའི་པར་འགའ་མཐོང་ཡ་འདུག ཡིན་ནའང་། ངས་གློག་བརྙན་མ་མཐོང་ཙང་ཁ་ཚོད་བཅད་ནས་བཤད་དཀའ་གི མ་གཞི་བོད་ཀྱི་གྲྭ་རྒན་བླ་རྒན་ཚོས་གྲི་མདུང་བཟུང་ནས་མི་གསོད་མྱོངས་བ་ནི་བདེན་པ་རེད། བདེན་པ་བཤད་ན་དེར་ཧང་སང་དགོས་དོན་མི་འདུག ང་ཚོ་རྒྱ་མིས་བཟོས་པའི་གློག་བརྙན་ཞིག་གི་སྐོར་ལ་ངར་ལངས་རྒྱུ་ཡིན་ན། ངར་དགོས་ས་དེ་འདྲ་ཐབས་ཆག་གཉིས་ཡོད། གཅིག་ནི་༼རྒྱ་བཟའ་ཀོང་ཇོ་༽བོད་ལ་བསུ་སྟངས་སྐོར་དེ་ཡིན། དེ་ནི་ལོ་རྒྱུས་དང་རིག་གཞུང་གང་ཐད་ནས་ལོག་འགྲེལ་རྐྱང་རེད། གཞན་དེ་༼ཡར་ལངས་ཞིང་བྲན༽ ཟེར་བ་དེ་ཡིན་ན། ཡང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་ལོག་བཤད་དང་འགྲེལ་ལོག རྫུན་བཟོ་རྐྱང་ཡིན་སྟབས། དེ་གཉིས་ལ་ངོ་མ་ཅིག་ལྟ་བཟོ་མེད། དེས་སྐོར་ལ་རས་པ་སོགས་ཀྱིས་ཅིག་འབྲི་ཐུབ་ན་ཡག་པོ་ཡོང་ས་རེད།
    ཡང་རས་པས་བཤད་ན། གློག་བརྙན་འདི་དག་གིས་རྒྱ་བོད་མཐུན་འབྲེལ་ལ་གནོད་གི་ཟེར། གནམ་ལོ་ཡག་གིས་བཤད་ན། མིང་ཚིག་ཁ་ཤོས་ཞིག་རྩོད་དགོས་པ་རེད་ཟེར། ཡིན་ད་ཡིན་རྒྱུ་རེད། རྩོད་སྒྲུབ་ཐུབ་ན་རབས་རེད། འོན་ཀྱང་། ད་ལྟའི་སྐབས་འདིར་རྒྱ་བོད་བར་ན་མཐུན་འབྲེལ་ཟེར་བའི་སྐད་ཆ་ཞིག་མ་གཞི་ནས་ཡོང་ས་ཁོ་རང་མེད་ལ། མིང་ཚིག་འགའ་ལ་མགོ་འཁོར་ནས་འདུག་ཚོད་ཀྱང་མ་རེད། ང་ཚོའི་རྒྱལ་ཁབ་རྒྱ་མིས་འཕྲོག་ཤུལ་ན། ང་ཚོའི་ཕ་ས་རྒྱ་མིས་ཟོས་ཤུལ་ན། ང་ཚོའི་ཕ་ཆོས་རྒྱ་མིས་གཏོར་ཤུལ་ན། ད་དུང་མི་རིགས་མཐུན་འབྲེལ་འེ། རིག་གཞུང་ལོག་འགྲེལ་འེ་་་་་Nation དང Ethinic ང་མོ་ལྷོད་ལྷོད་རེད་་་་་་འ་འ་་་་

  6. གནམ says:
    2014-12-26 at 8:55 pm

    ༼མ་གཞི་བོད་ཀྱི་གྲྭ་རྒན་བླ་རྒན་ཚོས་གྲི་མདུང་བཟུང་ནས་མི་གསོད་མྱོངས་བ་ནི་བདེན་པ་རེད།༽ རེད། དེ་ན་བདེན་པ་ནི་བདེན་པའི་ལམ་ནས་ཁྲབ་ཁྲིད་བྱེད་དགོས་བ་རེད། ལོས་རྒྱུས་ཀྱི་དཔང་རྟགས་ཡོད་པ་དང་རྒྱལ་རབ་ལོ་རྒྱུས་ཤེས་བ་ཚོ་འཛོམས་ཐོག་ནས་བཀའ་འཁྲོལ་ཡོད་པ་ཞིག་ཡིན་དགོས་བ་ལས། རྟོག་སྒྲུང་ལ་བཅོས་ནས་ཁྲབ་ཁྲིད་བྱེད་དགོས་བ་དེ་འདྲ་གང་རེད།

    དེ་རིང་ཁ་སང་གི་ལམ་སྣ་ཡང་རྡོག་པས་ཡག་པོ་ཞིག་ནོན་གི་མེད་ས་ན། ཆོས་རྒྱལ་ཚོའི་སྐོར་དེ་ཞོག་ཤོག། ཚར་ཚར་རེད། མདུན་དུ་སྐྱོད་པར་ཕན་པའི་དགེ་སྐྱོན་གྱི་གོ་རྟོག་འདྲ་ཡོད་ན། གདམས་པ་དེ་ལང་ནས་མདུན་དུ་སྐྱོད། ཅིག་ཅིག་བརྫུན་རེད། མུག་མུག་མགོ་སྐོར་རེད་ཟེར་ནས། སྔ་མ་ཞིག་གླེང་ན་དགོས་བ་ཆུང་། ནོར་འཁྲུལ་ཡོད་པ་དེ་ཕྱིས་སུ་མི་འབྱུང་བར་གོམ་ཁ་སྒྱུར། དེབ་རེ་བཀླགས་ནས། ཁ་རེ་བླས་ནས་རང་ཉིད་ལ་རྟོག་པ་ཆེ་མདོག་བྱས་ན། དེ་ལ་ཕན་བསམ་དང་ལྷག་བསམ་གང་ཡང་ཚང་མི་འདུག།

    བོད་པ་ཚང་གི་ཁྱིམ་ཚང་ཁྱིམ་ཚང་གི་ཕ་མའི་བར་ལ་དབྱེ་བ་ཆེན་པོ་ཡོད། སོ་སོ་རིགས་གང་གི་ནང་ན་ཡོད་པ་དང་ཕན་གང་གིས་འདེག་པ་ལ་བསམ་བློ་འཁོར།

    ཕ་མ་འགས། བུ་ཕྲུག་ལ། ཁྱོས་ཅིག་ཅིག་བྱས་སོང་སྡུག་རྐྱལ་རེད། མུག་མུག་བྱས་བཞག་སྡུག་རྐྱལ་རེད་ཟེར་ནས། རྣ་སྡིགས་ལུང་པ་གང་བྱེད།
    ཕ་མ་འགས། བུ་ཕྲུག་ལ། ཁྱོས་ཅིག་ཅིག་མ་བྱེད། བྱས་ན་སྡུག་རྐྱལ་རེད། མུག་མུག་མ་བྱེད། བྱས་ན་སྡུག་རྐྱལ་རེད་ཟེར་ནས། གདམས་པ་ལུང་པ་གང་བྱེད།
    ཡང་ཕ་མ་འགས། བུ་ཕྲུག་ལ། ཁྱོས་སྡུག་རྐྱལ་བྱེད་དང་བྱེད། ཕ་མ་གཉིས་ཀྱང་ཡག་པོ་མེད། ཁྱོས་མ་རབ་བྱེད་དང་བྱེད། ང་ཚོའི་ཕ་མེས་ཚོས་ཀྱང་དེ་འདྲ་རྐྱང་བྱས་བ་རེད་ཟེར་ནས། ཤེས་བྱ་ལུང་པ་གང་སྤྲོད།

    ངའི་ཕ་མ་གཉིས་ཀྱིས། ཅིག་ཅིག་དེ་དང་མི་འདྲ་བ་ཞིག་གསུང་། དེ་ནི། སྔ་མོ་ནི་ཤོར་ཕྱིན་པའི་མདའ་མོ་རེད། དེ་ལས། སང་ཉིན་དོན་དུ་སང་ཉིན་ལ་མཁོ་བའི་དཔའ་ཆས་ཉོས། སང་ཉིན་གྱི་ཆེད་དུ་སང་ཉིན་ལ་དགོས་བའི་གཏམ་ཤོད། ཕྱི་འདང་མ་ཕོག་ན་མྱི་མིན། དགྲ་མགོ་མ་ནོན་ན་ཕོ་མིན་ཟེར་ནས། འགན་ཁུར་ལུང་པ་སྤྲད་བྱུང་།

  7. བློ་གྲོས། says:
    2014-12-27 at 7:29 am

    དགོན་པ་དང་འདུ་ཁང་ནང་དུ་བུད་མེད་སོང་དང་བླ་མ་གྲྭ་བའི་གྲུ་བཟུང་བར་ཧང་སང་རྒྱུ་ཡོད་མ་རེད། ལོ་རྒྱུས་ཤིག་ལ་འཁྱོག་བཤད་དང་རིག་གཞུང་ཞིག་གི་ངོ་བོར་བསྒྱུར་བཞིན་ཡོད་པ་དེ་མི་རིགས་ཀྱི་སྲོག་ལ་སྙོབ་ཀྱི་ཡོད་པ་རེད།
    གནད་དོན་འདིའི་སྐོར་གྱི་རྩོམ་ཡིག་རིན་ཐང་ཅན་ཞིག་དྲ་གནས་འདི་རུ་ལྟ་ཀློག་བྱེད་ཐུབ་ཀྱི་འདུག http://tibettimes.net/blogs.php?id=5&post_id=23968

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme