Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇིའུ་མི་རིགས་ཀྱི་དཀའ་སྡུག་ཉམས་མྱོང་ནས་བསླབ་བྱ་བླངས་བ།

Posted on 2010-02-212010-02-21 By ཁ་བརྡ་ 3 Comments on ཇིའུ་མི་རིགས་ཀྱི་དཀའ་སྡུག་ཉམས་མྱོང་ནས་བསླབ་བྱ་བླངས་བ།

བསྟན་འཛིན་ཉིན་བྱེད།

ཇིའུ་མི་རིགས་ཚོས་ལོ་ངོ་ཉི་སྟོང་ལྷག་གི་རིང་བཙན་བྱོལ་གྱི་དཀའ་སྡུག་མྱོང་དགོས་བྱུང་བ་ནི་ང་ཚོ་ཚང་མས་མཁྱེན་གསལ་རེད། ལྷག་དོན་དུ་རྒྱལ་བ་རིན་པོ་ཆེས་དུས་རྒྱུན་དུ་ང་ཚོར་ཇིའུ་མི་རིགས་ཀྱི་འཐབ་རྩོད་ཉམས་མྱོང་ནས་བསླབ་བྱ་ལེན་དགོས་ཞེས་བཀའ་སློབ་མང་པོ་ཕེབས་ཡོད། དེར་བརྟེན་ངས་འདས་པའི་ཉིན་འགའི་ནང་ཇིའུ་མི་རིགས་ཀྱི་དཀའ་སྡུག་དང་འབྲེལ་བའི་ དཔེ་དེབ་ཅིག་བཀླགས་པ་མ་ཟད། གློག་བརྙན་ཞིག་ཀྱང་བལྟས་པ་ཡིན། གློག་བརྙན་འདི་ནི་རོ་མན་པོལནས་ཀིས་ Roman Polanski བཟོ་བསྐྲུན་གནང་པའི་ Pianist ཞེས་པ་འདི་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཇར་མན་ན་ཛི་སྲིད་གཞུང་ Nazi Germany གིས་ཡོ་རོབ་ཁུལ་དུ་ཡོད་པའི་ཇིའུ་མི་རིགས་ས་ཡ་དྲུག་ལྷག་ཙམ་སྡེབས་གསོད་བྱས་པའི་སྐོར་སྤྱི་དང་། དམིགས་དཀར་དུ་པོལན་ཏར་ Poland གཞིས་ཆགས་པའི་ཇིའུ་ཁྱིམ་ཚང་ནང་མི་ཞིག་གི་སྐོར་ཡིན་པ་མ་ཟད། ནང་མི་འདི་ནང་ནས་རོལ་ཆ་བ་Pianist མ་གཏོགས་གཞན་ཚང་མ་ཇི་ལྟར་ཙ་མེད་སོང་བ་དང་། གཙོ་བོ་རོལ་ཆ་བ་འདིས་གཅང་སྒྲུང་དང་། སྙིང་སྟོབས། དེ་བཞིན་རང་ཉིད་ཀྱི་རོལ་ཆར་དགའ་ཞེན་སོགས་རྐྱེན་པས་ན་ཛི་བཙོན་ཁང་ནས་ནད་ནར་ དང་མུ་གེ་བཅས་ལ་ཇི་ལྟར་གདོང་ལེན་བྱས་པ་དང་། མཐར་བྲོས་བྱོལ་གྱིས་རང་ཉིད་སྡེབས་གསོད་ལས་ཇི་ལྟར་སྐྱབས་པ་དང་འཚོ་གནས་ཐུབ་པའི་སྐོར་ཡིན། གློག་བརྙན་འདིས་འཛམ་གླིང་ཡོངས་ལ་ཇིའུ་མི་རིགས་ཀྱི་དཀའ་སྡུག་དང་འབྲེལ་བའི་ཐོག་ཧ་ཅང་གིས་སེམས་འགུལ་ཐེབས་པ་མ་ཟད། འཛམ་གླིང་ནང་ཆེས་སྙན་གྲགས་ཆེས་ཤོས་ཀྱི་བྱ་དགའ་སྟེ། ཨོ་སི་ཀར་ Oscar གྱི་བྱ་དགའ་ཡང་གློག་བརྙན་བཟོ་པ་པོར་ཐོབ་ཡོད་པ་རེད།

ངས་གློག་བརྙན་འདི་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚང་མས་བལྟ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། ལྷག་པར་དུ་གློག་བརྙན་འདི་བོད་སྒྱུར་ཞུས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་གཟིགས་ཐུབ་ན་ཧ་ཅང་གིས་ཕན་ཐོགས་ཆེན་པོ་ཡོང་བར་སྨོས་མི་དགོས་པ་ཞིག་རེད་འདུག ངས་གློག་བརྙན་འདི་ལྟ་བཞིན་པའི་སྐབས་བོད་མི་རིགས་ཀྱིས་རྒྱའི་བཙན་འོག་ཏུ་ མྱངས་པའི་དཀའ་སྡུག་ཁག་དྲན་གསོས་ལ། གློག་བརྙན་ནང་ཇིའུ་བཙོན་པ་ཚོར་བཙོན་ལས་སྐུལ་བ་དང་དེ་བཞིན་བཙོན་པ་མང་པོར་ དམར་གསོད་གཏོང་བ། ལྷག་པར་དུ་མང་པོ་ཞིག་ལྟོག་ཤི་ཐེབས་པ་སོགས་མཐོང་ཡོང་དུས་ངའི་སེམས་ནང་རྒྱའི་ བཙན་འོག་ཏུ་མྱངས་པའི་བོད་རིགས་ཆབ་སྲིད་བཙོན་པ་ཁྲི་ཚོ་མང་པོ་སྡེབས་གསོད་བཏང་བ་དང་། མུ་གེ་ཐེབས་པ། གྲངས་ངར་གྱིས་བཙོན་ཁང་ནང་འདས་གྲོངས་སོང་བ་སོགས་མིག་མདུན་དུ་ཁྲ་ལེམ་མེར་ཤར་ བྱུང་བ་མ་ཟད། ངའི་སེམས་ཀློངས་ནང་འགྲོ་བ་མི་ཞིག་གིས་མི་གཞན་ཞིག་ལ་བྱམས་སྙིང་རྗེ་སོགས་ཅི་ཡང་མེད་པར་འདི་དྲའི་མནར་གཅོད་ཇི་ལྟར་གཏོང་ཐུབ་ཀྱི་ཡོད་ལ། ཕོ་མོ་རྒན་བྱིས་སུའང་མ་ལྟོས་པར་མི་རིགས་ཞིག་ཡོངས་རྫོགས་སྡེབས་གསོད་བྱས་ རྒྱུའི་ནུས་པ་བསྐྲུན་ཐུབ་པ་འདིར་ཧངས་ནག་པོ་སང་སོང་། གནས་ཚུལ་དེ་རིགས་མཐོང་དུས་ངའི་སེམས་ནང་ཁོང་ཁྲོ་ཚད་མེད་ལངས་བས་ཅོག་རྩེའི་ སྟེང་ཁུ་ཚུར་ཞིག་ཞུ་གྲབས་བྱས། ཡིན་ནའང་ངས་རང་ཉིད་ལ་བཀོལ་སྤྱོད་འདི་འདྲ་ཞིག་བྱས་དགོས་བྱུང་། “ཨ་རོགས་ཉིན་བྱེད། ཁྱོད་ཆོ་མེད་ཀྱི་ལས་ཀ་མ་བྱེད། ཁོང་ཁྲོ་དེ་རིགས་ཀྱིས་འཛམ་གླིང་དམར་གསོད་ཀྱི་དོན་རྐྱེན་བསྐྲུན་ཡོད་པ་རེད། ཁྱེད་ཀྱིས་ཁོང་ཁྲོར་སྟངས་འཛིན་བྱེད་དགོས། ཁྱོད་ཀྱིས་ཁོང་ཁྲོའི་མཉམ་ཞི་མོལ་བྱེད་དགོས། དེ་མིན་ན་ཁྱོད་ཉིད་ཀྱང་ན་ཛི་ Nazi ཞིག་ཆགས་མི་སྲིད་པ་མ་རེད། བཟོད་སྲན་བྱེད་དགོས།”

ངས་ཞིབ་པོར་བསམ་བློ་ཞིག་བཏང་སྐབས་ན་ཛི་སྲིད་གཞུང་དང་དེའི་བླུ་བྲིད་འོག་སོང་བའི་འཇར་མན་མི་རིགས་ཀྱིས་ཇིའུ་མི་རིགས་ལ་སྡེབས་གསོད་བྱས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཇིའུ་མི་རིགས་ལ་གཏིང་ནད་དང་ལྷག་པར་དུ་ཇིའུ་མི་རིགས་ དེ་མིའི་ཆ་རྐྱེན་ཚང་མེད་པར་ཀླ་ཀློ་ཡིན་པའི་འདོད་ཚུལ་ཟིན་པ་དེར་ཐུག་འདུག གློག་བརྙན་འདིའི་ནང་ན་ཛི་དམག་མི་ཚོས་ཇིའུ་མི་རིགས་ལ་ཕག་པ་ཞེས་འབོད་ཀྱི་འདུག དེའི་མཚོན་བྱེད་ནི། ཇིའུ་མི་རིགས་རྣམས་ལས་རྒྱུ་འབྲས་དང་བཟང་ཉན་མི་ཤེས་མཁན། ལས་ལོ་སྒྱིད་ལུག་ཅན་མདོར་ན་ཀླ་ཀློ་ཡིན་པས་ཕག་པ་ལྟར་དམར་གསོད་གཏོང་འོས་པ་དང་། གཏོང་དགོས་པར་འཛིན་གྱི་ཡོད། རྒྱ་ནག་གིས་ཀྱང་བོད་རིགས་ཚོ་ཆེས་ཀླ་ཀློ་དང་ཆེས་མུན་ནག་ཡིན་པར་བསམ་གྱི་ཡོད་ལ། གལ་སྲིད་བོད་རིགས་རྣམས་འགྲོ་བ་མིའི་ཁོངས་སུ་འཚུད་དགོས་ན་རྒྱར་སྒྱུར་དགོས་པའམ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུ་འདི་རེད།

གློག་བརྙན་འདི་ལྟ་སྐབས་ཕྱོགས་གཅིག་ནས་བོད་མི་རིགས་ལ་སྤོབས་པ་ཞིག་ཀྱང་སྤྲད་བྱུང་། གང་ལགས་ཤེས་ན། ད་བར་ལོ་རྒྱུས་ནང་ང་ཚོས་མི་རིགས་གཞན་སུའང་སྡེབས་གསོད་བཏང་མེད་ལ། ལྷག་པར་དུ་རྒྱ་མི་རིགས་ཀྱིས་ང་ཚོ་རང་སོ་སོའི་ལུང་ཁྱིམ་ནས་ཕྱིར་འབུད་བྱས་པ་དང་། ང་ཚོའི་མི་ཚེའི་འགྲོ་ལམ་རྩ་མེད་དུ་བཏང་ཀྱང་རྒྱ་རིགས་ཚོར་མིའི་འདུ་ཤེས་འཛིན་ པ་མ་ཟད། ཁོ་པ་ཚོའི་་མཉམ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ཤེས་ ཡོད་རྒུ་བྱས་དང་བྱེད་བཞིན་ཡོད།
ཡིན་ ནའང་ཆེས་བློ་ཕམ་པའི་དངོས་ཡོད་གནས་ཚུལ་ནི། ད་བར་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁག་ལ་བལྟས་ཚེ་དྲག་པོས་འཐོབ་རྩོད་བྱས་ཏེ་རང་དབང་ཐོབ་པ་མང་བ་འདུག་ལ། འཚེ་མེད་ཞི་བས་འཐབ་རྩོད་བྱས་ཏེ་རང་དབང་ཐོབ་མཁན་རྒྱ་གར་ལྟ་བུ་རེ་བཟུང་ལས་མི་འདུག རྒྱ་གར་གྱི་རང་དབང་འཐོབ་རྩོད་ནང་ལའང་འཚེ་མེད་ཞི་བ་གཙོ་བོར་ཟིན་ཡོནའང་དྲག་པོའི་ལས་འགུལ་སྤེལ་མཁན་མི་ཉུང་བ་ཞིག་བྱུང་འདུག ད་བར་དྲག་པོའི་ལས་འགུལ་མ་སྤེལ་མཁན་ནི་བོད་དང་འབར་གཉིས་པུ་ཡིན། འཐབ་རྩོད་དེ་གཉིས་ལ་ད་བར་རྒྱལ་ཁ་ཐོབ་མེད།

འདིས་ང་ཚོར་དྲི་བ་ཞིག་འཆར་བ་འདི་ལྟར་ཏེ། རང་དབང་འཐབ་རྩོད་ནང་དྲག་པོའི་ལས་འགུལ་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཡིན་ནམ། འཚེ་མེད་ཞི་བ་ཁོ་ན་བེད་སྤྱད་དེ་རང་དབང་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་ཐོབ་ཐབས་ ཡོད་པ་ཞིག་མེད་དམ། སྐད་ཆ་བཤད་དེ་ཆབ་སྲིད་ཀྱི་རྙོག་དྲ་སེལ་རྒྱུའི་ཐབས་ལམ་དང་ནུས་པ་ཞིག་འགྲོ་བ་ མིར་མེད་དམ་བཅས་པ་དེ་རེད། གནད་དོན་འདིའི་ཐད་ཨ་རི་སྙན་གྲགས་ཅན་གྱི་ལོ་རྒྱུས་སྨྲ་བ་ཞིང་གཤེགས་དམ་པ་ཧོ་ བརཏ་ཛིན་ Howard Zinn མཆོག་གིས་འདི་འདྲ་ཞིག་གསུངས་ཡོད་དེ། “འགྲོ་བ་མི་དེ་ཆེས་ཧ་ཅང་གི་འཇོན་ཐང་ཅན་ཞིག་རེད། འགྲོ་བ་མིས་ད་བར་སྲིད་པའི་དཔལ་ཡོན་ལ་ཕན་པའི་ཚན་རིག་གི་གསར་བརྗེ་མཚོན་པས་ གསར་གཏོད་ཀྱི་བཟོ་སྐྲུན་མང་པོ་ཞིག་བྱས་ཡོད། དེར་བརྟེན་ང་ཚོ་དྲག་སྤྱོད་སྤངས་ཏེ་ཞི་བའི་སྒོ་ནས་རྩོད་རྙོག་སེལ་རྒྱུའི་ནུས་ པའང་ཡོད་པ་རེད། མདོར་ན་འགྲོ་བ་མིས་ཟླ་བའི་གྲོང་འཁྱེར་ནང་སླེབས་ཐུབ་པ་བཞིན་ཞི་བདེ་ཡང་ བསྐྲུན་ཐུབ་པ་ཞིག་རེད།”

རྩོམ་རིག

Post navigation

Previous Post: ༄༅། །བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད།
Next Post: དྲན་པ། ངལ་གསོ་ཅུང་ཙམ་གནང་རོགས།

Comments (3) on “ཇིའུ་མི་རིགས་ཀྱི་དཀའ་སྡུག་ཉམས་མྱོང་ནས་བསླབ་བྱ་བླངས་བ།”

  1. གཅན་བཟོད་རྒྱམ། says:
    2010-02-22 at 12:41 am

    བསྟན་འཛིན་ཉིན་བྱེད་ལགས་ཀྱིས་བསྟུད་མར་རྩོམ་ཡིག་འགའ་སྤེལ་གནང་བར་ཤིན་ཏུ་དགའ། ཐུགས་རྗེ་ཆེ་ཞུ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-22 at 3:57 pm

    དེང་སང་རྗོའུ་མི་རིགས་ཀྱི་མི་རབས་གཞོན་པ་དག་གི་བྱེད་སྟངས་སྐོར་ལ་རྒྱུས་མངའ་ཡོད་དམ། ཡོད་ན་ཁོང་ཚོས་སྟེང་ནས་ང་ཚོས་དུས་རབས་དང་འཚམ་པའི་བསླབ་བྱ་འདྲ་ལེན་རྒྱུ་འདུག་གམ།

  3. ཀརྨ་རྡོ་རྗེ་ says:
    2010-02-23 at 5:38 am

    རྗིའུའི་མི་རིགས་ཀྱི་གློ་བརྙན་འདི་དང་། སྐུ་མདུན་ནམ་བོད་ནང་ལོ་བདུན། གྷན་དྷིའི་གློག་བརྙན་སོགས་བོད་སྐད་ནང་ལ་ཕབ་ནས་བོད་རིགས་མི་མང་ལ་འགྲེམ་སྤེལ་ཐུབ་ན། བོད་སྐད་ཡར་རྒྱས་ཞོར་དུ་བོད་མིའི་ཆབ་སྲིད་ཡར་རྒྱས་ལ་ཕན་ཐོགས་ཡོང་རྒྱུ་ངེས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme