Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱིམ་བྱའི་སྒོང་ང་བྱར་ཆགས་མི་ཆགས་ཀྱི་དབྱེ་མཚམས།

Posted on 2014-12-242014-12-24 By ཁ་བརྡ 25 Comments on ཁྱིམ་བྱའི་སྒོང་ང་བྱར་ཆགས་མི་ཆགས་ཀྱི་དབྱེ་མཚམས།

གངས་དཀར་རྒྱལ་སྲས་ཀྱིས།

ལྷོ་ཕྱོགས་ནས་དགེ་བཤེས་ཤིག་གིས་དཀར་ཟས་བསྟེན་མཁན་དག་གིས་སྒོང་ང་ཟོས་ན་སྲོག་བཅད་ཀྱི་ཉེས་པ་ཡོད་མེད་སྐོར་ཞིག་བྲིས་འདུག་པའི་ལན་དུ། དགེ་བཤེས་དེའི་མཚན་ལ་ཚེ་གཟུང་ངམ་ཚེ་དབང་དེ་འདྲ་ཞིག་ཡིན་ས་ཡོད། ཁོང་གིས་སྒོང་ང་ཟོས་ན་ཉེས་པ་ཡོད་པའི་བདེན་དཔང་ཟེར་ན་འདྲ་རིག་པ་ཟེར་ན་འདྲ་གང་ལྟར་ཁོས་གསུང་བ་ནི་སྟོན་པའི་གསུང་ལས་མིར་ཆགས་ཅེས་པ་དང་བྱར་ཆགས་ཅེས་པའི་ཚིགས་གཤིས་འདྲ་བསྡུར་དང་གཤིབ་བསྡུར་བྱས་པ་དེ་ཁོའི་སྐད་ཆའི་རྒྱབ་རི་གཙོ་བོ་རེད། ཡིན་ནའང་དེ་ནི་མི་འགྲིག་པ་ལྟར་སྣང་སྟེ། འཇིག་རྟེན་གྱི་དོན་དངོས་མང་བོ་ཞིག་ཡིག་ཐོག་གི་ལུང་དང་རིགས་པས་སྒྲིབ་ས་མི་འགྲོ་སྟེ། ཁྱོད་ཀྱིས་གསུང་བ་ལ་བསྟས་ན་བདེན་བདེན་དང་རེད་རེད་བསམ་པ་འདྲ་བོ་ཡོད་མོད། དེ་ནི་དོན་དངོས་དང་མི་མཐུན་པས་ངས་གསལ་བཤད་ཐུང་ངུ་ཞིག་བྱ།

གཅིག་ནི། ཁྱོད་ཀྱིས་གསུང་དེ་ཞིབ་ཆ་མེད་པས་ཡིན་པ་འདྲ། ང་ཚོས་ལོངས་སུ་སྤྱོད་བཞིན་པའི་སྒོང་ང་ནི་ཁྱིམ་བྱའི་སྒོང་ང་རེད། ཁྱིམ་བྱའི་སྒོང་ངའི་ནང་ན་བྱར་ཆགས་མི་ཆགས་གཉིས་ཡོད་པ་ཁོང་གིས་མཁྱེན་མེད་པ་འདྲ། ཁྱིམ་བྱས་སྒོང་ང་གང་ས་གང་དུ་གཏོང་ལ་སྒོང་ང་སྐྱག་པ་ནང་བཞིན་བཏང་ནས་བུད་འགྲོ་བའི་རིགས་བྱར་མི་ཆགས་ལ་འཚམས་ཤིག་སྒོང་ང་ཅིག་བཏང་ནས་དེའི་སྟེང་དུ་ཉལ་ནས་སམ་རུམ་ནས་འདུག་པའི་དུས་ཤིག་ཡོད། དེ་ནི་བྱར་ཆགས་ཡིན། དེ་ནི་བྱ་མོ་མོ་རང་གིས་མ་གཏོགས་ང་ཚོས་མི་ཤེས། དེ་དུས་ཁྱོད་ཀྱིས་སྒོང་ང་དེ་ཁྱེར་སོང་རུང་བྱ་མོ་སྔར་བཞིན་ཉལ་འདུག་པ་ལས་གང་ས་གང་དུ་མི་འགྲོ། ཡང་ཁྱོད་ཀྱིས་སྒོང་ང་དེ་ཕྱིར་ཁྱེར་ཡོང་ནས་མོའི་རུམ་ལ་བཞག་པ་མ་ཟད་སྒོང་ང་གཞན་ཞིག་ཀྱང་ཁྱེར་ནས་མཉམ་དུ་བཞག་ཀྱང་སྒོང་ང་གཞན་པ་དེར་ནམ་ཡང་བྱར་ཆགས་མི་སྲིད།

འདི་ནི་ཉམས་མྱོང་གི་བརྒྱུད་རིམ་ལས་རྙེད་པའི་དངོས་ཐོག་ལག་ཟིན་གྱི་དོན་དངོས་ཤིག་ཡིན། རང་རིགས་པས་དེད་ནའང་འཇིག་རྟེན་གྱི་མི་དང་བྱ་སོགས་གང་མང་ཞིག་ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པ་ལས་མ་སྐྱེས་པ་མེད་པས་ཁྱོད་ཚང་ལ་བྱ་མོ་ལྔ་ལས་བྱ་ཕོ་གཅིག་ཀྱང་མེད་མོད་བྱ་མོ་ལྔ་བོས་སྒོང་ང་ནི་དུས་ལྟར་དང་ཉིན་ལྟར་གཏོང་བ་ནི་སྒོང་ང་དེ་ཕ་མའི་ཁུ་ཁྲག་ལས་མ་བྱུང་བར་ཟས་བཅུད་ལས་བྱུང་གི་ཡོད་པ་གསལ་སྟོན་ཐུབ་པས་ཁྱིམ་བྱའི་སྒོང་ང་ལ་ལོངས་སུ་སྤྱོད་མཁན་གང་ན་སུ་ཡོད་ན་བྱ་མོས་དོར་བའི་སྒོང་ངའི་རིགས་དེ་གང་འདོད་དུ་ལོངས་སུ་སྤྱོད་དང་ཉེ་པ་མེད་ཅེས་ངས་སྨྲའོ།

སྣ་ཚོགས།

Post navigation

Previous Post: སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།
Next Post: བག་ཆགས་ཀྱི་ཚོར་སྣང་།

Comments (25) on “ཁྱིམ་བྱའི་སྒོང་ང་བྱར་ཆགས་མི་ཆགས་ཀྱི་དབྱེ་མཚམས།”

  1. ཀླུ་སྨྱོན། says:
    2014-12-24 at 1:52 am

    ངས་ནི་ཤ་ཟོས་པ་དང་ཚལ་ཟོས་པའི་ཉེས་པ་འདྲ་མཚུངས་སུ་མཐོང་གི་ཡོད། ཚལ་འདེབ་དུས་དང་འབྲེག་དུས་སོགས་སུ་བསད་པའི་འབུ་སྲིན་གྱི་གྲངས་ཀ་དེ་འབུམ་ཕྲག་དུ་མ་ཟིན་ཡོད། ཁྱད་པར་གཅིག་རང་ཡོད་པ་ནི་འབུ་ལ་ར་ལུག་གཡག་ཉ་སོགས་བཞིན་ཁྲག་དམར་པོ་བཞུར་བ་མཐོང་རྒྱུ་དཀོན་པ་ཙམ་རེད། གཞན་སྡིག་ཟས་ཡིན་པ་འདྲ་མཉམ་རེད། ང་ཚོས་སོ་བཀྲུ་དུས་སོ་སྲིན་ཟེར་བའི་འབུ་ཕྲ་ག་ཚོད་གསོད་བཞིན་ཡོད། ང་ཚོའི་མགོ་ན་དུས་མགོ་སྨན་ཟོས་ན་མགོ་ནང་གི་འབུ་སྲིན་འབུམ་ཕྲག་ག་ཚོད་གསོད་ཀྱིན་ཡོད། མི་རུ་སྐྱེས་པ་ཙམ་ནས་གསོད་མཁན་དུ་སྐྱེས་ཚར་བ་འདྲ་བོ་ཞིག་ཏུ་མཐོང་གིན་ཡོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-24 at 3:46 am

    མིའམ་མིར་ཆགས་པ་བསད་ན་དགེ་སློང་ལ་ཕམ་པ་བྱུང་བ་ལྟར། བྱར་ཆགས་ཅིག་དཀར་སྐྱོང་པ་གཅིག་གིས་བཟས་ན། དཀར་སྐྱོང་གི་དམ་བཅའ་ཉམས་དགོས་པ་འདྲ་མཚུང་ས་སུམཐོང་།

  3. ལུང་རྟོགས། says:
    2014-12-24 at 4:09 am

    ཀླུ་སྨྱོན་གྱིས་ཡང་སྨྱོ་སྐད་ཞིག་རྒྱབ་འདུག ཞིང་ལས་བྱེད་དུས་འབུ་སྲིན་བསད་པ་དང་ཤ་ཡི་ཆེད་དུ་སེམས་ཅན་བསད་པ་གཉིས་ག་ལ་འདྲ། ཅིག་ནི་གསོད་འདོད་ཀྱི་ཀུན་སློང་མེད་བཞིན་དུ་བསད་སོང་བ་རེད་ལ། ཅིག་ནི་གསོད་འདོད་ཀྱི་ཀུན་སློང་ཡོད་པ་མ་ཟད་ཤ་ཡི་བྲོ་བ་ལ་ཆགས་པའི་སྒོ་ནས་བསད་པ་རེད། དེས་ན་འདི་གཉིས་སྡིག་པ་ཆེ་ཆུང་ཅིག་པར་བཤད་པ་ནི་ནང་ཆོས་ལ་གོ་བ་གཏན་ནས་མེད་པའི་སྐད་ཆ་ཞིག་རེད།

  4. ལུང་རྟོགས། says:
    2014-12-24 at 4:15 am

    གངས་དཀར་རྒྱལ་སྲས་ཀྱིས་ཀྱང་སྒོ་ང་བྱར་ཆགས་མི་ཆགས་ཀྱི་དབྱེ་མཚམས་ཡག་པོ་ཞིག་ཤེས་མི་འདུག སྒོ་ང་བྱར་ཆགས་མི་ཆགས་ནི་ཕོ་བྱ་ཡོད་མེད་ལ་ཐུག་ཡོད། ཕོ་བྱ་ཡོད་ན་སྒོ་ང་ཚང་མ་བྱར་ཆགས་ཀྱི་རེད་ལ། ཕ་བྱ་མེད་ན་སྒོ་ང་ཅིག་ཀྱང་བྱར་ཆགས་ཀྱི་མ་རེད། འོན་ཀྱང་སྒོ་ང་གྲུབ་ས་བྱ་མོའི་ཁོག་པའི་ནང་ལ་ཡིན་དུས་ཤ་ཡི་རིགས་སུ་གཏོག་པ་ནི་སྨོས་མ་དགོས།

  5. ཅོ་རི་ཉི་མ། says:
    2014-12-24 at 4:43 am

    ཧཧ་་་ལུང་རྟོགས་འདི་འབྲོག་རྒན་ཞིག་ཡིན་ས་རེད། ཞིང་ལས་བྱེད་དུས་ཆེད་མངགས་འབུ་གསོད་རྐྱེན་འབུ་སྨན་གཏོར་གི་རེད། ཧཧཧ ནུབ་ཕྱོགས་པའི་ཞིང་ལས་བྱེད་དུས་འབུ་གསོད་རྐྱེན་འབུ་སྨན་རིགས་མང་པོ་འདུག་་་་ཧཧཧ ཅང་མ་ཤེས་ན་ཁ་བཙུམས་ནས་སྡོད་དང་ལྐུག་པ་རེད་ལབ་མི་ཡོང་།

  6. ཅོ་རི་ཉི་མ། says:
    2014-12-24 at 4:49 am

    གསོད་འདོད་ཀྱི་ཀུན་སློང་མེད་ན་འབུ་སྨན་བརྒྱབས་ཀྱི་མ་རེད་བ། ད་དུང་་་ཀླུ་སྨྱོན་སྨྱོ་པ་རེད་མདོག་མདོག སོ་སོས་སྨྱོ་སྐད་དང་བླུན་སྐད། རྨོངས་སྐད་བརྒྱབས་ཀྱི་ཡོད་མི་ཤེས་པར་་བྷ་བྷ་ཅི་བཤད་བསྡད་རེད། བོད་མི་རིགས་ལ་བདེ་སྐྱིད་མི་ཡོང་བའི་རྒྱུ་མཚན་མྱི་ཁྱོད་ལྟ་བུའི་ཞིང་ལས་བྱེད་དུས་འབུ་གསོད་དགོས་ཀྱི་ཡོད་མེད་མི་ཤེས་མཁན་ཚོས་ཆོས་སྲིད་གཉིས་ཀྱི་ཚད་འཇལ་ནས་བྷ་བྷ་བཤད་བསྡད་པས་ཕུང་སོང་བ་རེད།

  7. བདེན་པའི་ཕོ་ཉ་ says:
    2014-12-24 at 5:04 am

    ཧ་ཧ་ལུང་རྟོགས་གི་སྒོ་ང་གྲུབ་ས་བྱ་ཡི་ཁོག་པའི་ནང་ལ་ཡིན་དུས་ཤ་ཡི་རིགས་སུ་གཏོག་པ་བཤད་འདུག་པས་འོ་ན་སྐྱག་པ་ཡང་ཤ་ཡི་རིགས་ཡིན་པ་རེད་དེ་ཡང་ཁོག་པའི་ནང་ནས་སྒྲུབ་པ་རེད་ཧ་ཧ་་་་་་་་་་་་་་་་་་་་ཧཧ

  8. ལུང་རྟོགས། says:
    2014-12-24 at 5:09 am

    ཅོ་རི་བ། ཁྱོད་རང་ཡང་རྟགས་དཔྱད་གང་ཡང་མེད་པར་འུར་རྒྱག་མཁན་ཞིག་སྔར་ཡང་ཡིན་ལ་ད་ཡང་རེད་འདུག་མ་འོང་པར་ཡང་ཡིན་ངེས། གོང་དུ་ཀླུ་སྨྱོན་གྱིས་སྐད་ཆ་ག་རེ་བཤད་འདུག་ལྟོས་དང་འབུ་སྨན་གྱི་སྐད་ཆ་མི་འདུག། “ཚལ་འདེབ་དུས་དང་འབྲེག་དུས་སོགས་སུ་བསད་པའི་འབུ་སྲིན་གྱི་གྲངས་ཀ་དེ་འབུམ་ཕྲག་ཟིན་ཡོད” འདི་ཀླུ་སྨྱོན་གྱི་སྐད་ཆ་རེད། གཉིས་ནས་ཀླུ་སྨྱོན་གྱི་སྐད་ཆ་འདིས་གཟས་ས་བོད་ནང་གི་བླ་མ་ཚོས་དེང་སང་ཤ་བཀག་གནང་གི་ཡོད་པ་འདི་ལ་གཟས་ནས་བཤད་པ་གསལ་པོ་རད། བོད་ནང་ལ་མཚོན་ན་ཞིང་ཁའི་ནང་ན་འབུ་སྨན་འདེབ་མཁན་ཧ་ཅང་ཉུང་ཉུང་རེད། ལར་ནས་ཞིང་ལས་སྐབས་སུ་འབུ་སྲིན་བསད་པའི་རྒྱུ་མཚན་གྱིས་ཤ་ཡི་ཆེད་དུ་སྲོག་ཆགས་བསད་ན་སྐྱོན་མེད་པ་ནམ་ཡང་སྒྲུབ་མི་ཐུབ།

  9. ལུང་རྟོགས། says:
    2014-12-24 at 5:13 am

    བདེན་པའི་ཕོ་ཉ། རིག་པ་སྒོབ་ཐོ་དེ་ཚོ་གཏོང་མ་ཡོང་། བྱ་སྒོང་ནི་བྱ་ཡི་ལུས་ཀྱི་ཆ་ཤས་ཁུ་ཁྲས་སོགས་ལས་གྲུབ་པ་ཞིག་རེད་ལ། སྐྱག་པ་ནི་ཁ་ལག་ཡར་ཟས་ནས་མར་གཏོང་ཡོང་བ་ཞིག་ཡིན་པས་དེ་གཉིས་མཚུངས་པར་བཤད་པ་ནི་གད་མོའི་གནས་རེད། ཧཧཧ

  10. ཅོ་རི་ཉི་མ། says:
    2014-12-24 at 5:32 am

    ཚལ་འདེབས་དུས་འབུ་སྨན་བརྒྱབས་ཀིན་རེད་ལོ་་་་་འབྲོག་རྒན་་་ཅང་མ་ཤེས་ན་གཡུག་ཞོག ང་རང་རང་བོད་ལ་ཡོད་དུས་ཞིང་ཁའི་ནང་དུ་འབུ་སྨན་གཏབ་མཁན་འགྲོ་མྱངས་ཡོད།་་་ཧཧ ཚལ་བཏབ་དུས་འབུ་གསོད་པའི་ཀུན་སློང་ཡོད་ནས་གསོད་དགོས་དང་མི་དགོས། སྐད་ཆ་འདི་རེད། ད་ལོ་དབྱར་ཁ་ངས་ཚལ་ཞིང་ནང་དུ་ཚལ་བཏབ་པ་ཡིན། འབུ་སྣ་ལུག་མང་པོ་བསད་པ་ཡིན། འབུ་སྨན་བཏབ་ནས་བསད་པ་ཡིན། མ་བསད་ན་ཚལ་སྐྱེས་བཅུག་གི་མི་འདུག་་ཧཧ

  11. ཅོ་རི་ཉི་མ། says:
    2014-12-24 at 5:41 am

    མདོ་དོན་་་སྡིག་པ་མེད་པའི་ལྟོ་ཞིག་ཟ་ཡ་མི་འདུག་ལབ་ཀྱི་ཡོད་རེད། མ་གཏོགས་གཡག་བཤས་ན་སྡིག་པ་མ་རེད་བཤད་ཀྱི་ཡོད་མ་རེད། སེམས་ཅད་ཀྱི་སྲོག་མ་གཅོད་པའི་ཟས་ཤིག་འཛམ་གླིང་གི་ཐོག་ཏུ་མི་འདུག་ལབ་ཀྱི་ཡོད། ཤེས་སོང་ངམ་་་ལྐུག་པ། ཡུལ་ལུང་ཕུང་ལ་སྦྱར་བའི་སྐད་ཆ་རྐྱང་རྐྱང་བཤད་མ་འོངས་ཨ།

  12. ཇུས་ཏོག says:
    2014-12-24 at 6:01 am

    དྲ་འབུ་ལས་མེད་དགུན་དུས་ཉི་མ་རིང་།
    གོ་ང་ཙམ་་དུ་མ་ཟད་ཚལ་སོགས་ལ་ཡང་སྲོག་ཡོད་སྐྱེ་བའི་དངོས་པོ་ཐམས་
    བཅས་ལ་སྲོགས་ཡོད་པ་མདོ་ལས་གསུང་པ་སྡིག་ཆེན་དྲ་འབུ་ཚོའི་མ་མཐོང་བ་ཡིན་
    ནམ་ ཤིང་སྡོང་བཏུབ་སྐབས་ཆུ་འཐོན་ཡོང་བ་དེ་ཚོ་ཤིང་སྡོང་གི་ཁྲ ྲག་རེད་ཧ་ཧ་

  13. ལུང་རྟོགས། says:
    2014-12-24 at 7:39 am

    ཅོ་རི་ཉི་མ། ཁྱོད་ཏྲེ་ཧོར་ཁམས་པ་ཚོ་རྒྱུ་འབྲས་མེད་པ་རྒྱ་དམར་དང་ཅིག་པ་ཡིན་ས་རེད། ངེས་ཚོའི་ཕྱོགས་ལ་འབུ་སྨན་རྒྱག་མཁན་སུ་ཡང་མེད། མ་གཞི་ངའི་སྐད་ཆ་དེ་ཀླུ་སྨྱོན་གྱི་སྐད་ཆ་དེའི་དགག་པ་རེད་ལ། ཀླུ་སྨྱོན་གྱིས་ཚལ་འདེབ་དུས་དང་འབྲེག་དུས་འབུ་བསད་པར་བཤད་འདུག་པ་ལས་འབུ་སྨན་གྱི་སྐད་ཆ་མི་འདུག ཚལ་འདེབ་དུས་དང་འབྲེག་དུས་འབུ་བསད་པ་དེ་དག་ནི་བསམ་བཞིན་དུ་བསད་པ་མ་ཡིན་པ་གསལ་པོ་རེད། ཧ་གོ་ཨེ་སོང་། ཀླུ་སྨྱོན་གྱིས་ཚལ་འདེབ་པ་དང་འབྲེག་པ་སོགས་ཀྱི་སྐབས་སུ་འབུ་བསད་པ་དེ་རྒྱུ་མཚན་དུ་བཀོད་ནས་ཤ་ཟས་པ་དང་ཚལ་ཟས་པ་གཉིས་སྡིག་པ་ཆེ་ཆུང་ཅིག་པ་རེད་ལབ་མི་འདུག་གམ། ངས་དེ་མ་རེད་ཟེར་གྱི་ཡོད། ད་མགོ་འཚོས་ཨེ་སོང་ལྐུགས་པ།

  14. གཡུ་འབྲུག་དཀར་པོ་ says:
    2014-12-24 at 7:54 am

    ངས་བལྟས་ན་གོང་གི་མཁན་པོ་ཚེ་དབང་ཞེས་པ་དེ་འབྲུག་པ་མཁན་པོ་ཞིག་ཡིན་ས་ཡོད། གལ་ཏེ་ངས་བསམ་པ་དེ་ཡིན་ན་ཁོང་ནི་དཀར་ཟས་རིང་ལུགས་པ་ཞིག་རེད་ལ་ཁོང་གི་སློབ་མ་མང་པོ་ཞིག་དཀར་ཟས་རིང་ལུགས་བསྟེན་མཁན་རེད། ཁོང་གིས་འབྲུག་ལ་ཆོས་ལུགས་ལ་བསྙད་ནས་སེམས་ཅན་གྱི་སྲོག་གཅོད་པ་དང་ཆོས་ལུགས་ཀྱི་ཆེད་དུ་སེམས་ཅན་གྱི་ཕུང་པོར་སྤྱོད་པ་ལ་དགག་པ་ནན་ཏན་གནང་བས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བྱུང་ཡོད།  དེ་ཡིན་དུས་ང་རང་དཀར་ཟས་རིང་ལུགས་པ་ཞིག་མིན་ན་ཡང་ཁོང་ལ་ཡིད་སྨོན་དང་དད་པ་གཏིང་ནས་ཡོད།  འཇིག་རྟེན་འདིར་མཁན་པོ་ཁོང་ལྟ་བུ་ག་ཚོད་ཡོད་ཀྱང་དགོས་རྒྱུ་ཉག་ཅིག་རེད་མ་གཏོགས་མི་དགོས་རྒྱུ་མ་རེད་བསམ།  གོང་དུ་དགག་པ་རྒྱག་མཁན་ལྟ་བུ་དེ་འབྲུག་ལ་ཡང་མང་པོ་ཞིག་བྱུང་མྱོང་ཡོད་རེད། དཔེར་ན་མཁན་པོ་ཁོང་གིས་སྒོ་ང་ལ་སེམས་མེད་པས་ཤའི་ཚབ་ཏུ་སྒོ་ང་སྤྱོད་རོགས་གསུངས་དུས་ཁོང་གི་ཕྲིན་ལས་ལ་ཕྲག་པ་དོག་པའི་གང་ཟག་འགའ་ཞིག་གིས་འོ་ན་ཤ་ལ་ཡང་སེམས་མེད་པས་སྤྱོད་པར་རིགས་སོ་ཞེས་རྒོལ་བ་བྱེད་མཁན་བྱུང་ཡོད།  འོན་ཀྱང་མཁན་པོ་ཁོང་གིས་དེ་ལ་ཇི་མི་སྙམ་དུ་བཞག་ནས་དམར་ཟས་རིང་ལུགས་ལ་དགག་པ་མཐའ་གཅིག་ཏུ་གནང་ཞིང་དཀར་ཟས་རིང་ལུགས་ལ་གཙོ་བོར་སྟོན་གནང་བས་བདག་ནི་ཁོང་ལ་སྙིང་ནས་ཡི་རངས།  མཁན་པོ་ཁོང་གིས་སྒོ་ང་ལ་སྤྱོད་ན་མཁྱད་མེད་ཚུལ་གསུངས་པ་ཡང་གཙོ་བོ་ནི་ཟས་ཁམས་རིག་པ་པས་མི་ལ་ཤའི་བཅུད་མེད་དུ་མི་རུང་བར་གསུངས་པ་དང་ཤའི་བཅུད་དེ་རྣམས་སྒོ་ང་སོགས་ལ་བརྟེན་ནས་ཀྱང་ཐོབ་ཚུལ་གསུངས་པ་སོགས་ལ་བརྟེན་ནས་ཤའི་དོད་དུ་སྒོ་ང་སྤྱོད་ན་ཡག་ཚུལ་གསུངས་ཀྱི་ཡོད་པ་ཐོས།  ད་དུང་འགའ་ཞིག་གིས་ཟེར་ན་སྒོ་ང་བྱར་ཆགས་རུང་མིན་ཇི་ལྟར་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛོད་དུ་སྒོ་ང་ལ་སྲོག་མེད་ཚུལ་གསུངས་ཡོད་ཅེས་པ་ཡང་ཐོས་པས་བྱར་ཆགས་རུང་བ་ཙམ་གྱིས་སྲོག་ཡོད་པར་འདོད་ན་ཧ་ཅང་ཐལ་ཏེ།  སྔོ་ལྡུམ་སོགས་འབུར་ཆགས་རུང་བ་ཡང་ཡོད་པས་དེ་ཡང་སྲོག་ལྡན་དུ་འགྱུར་བའི་ཕྱིར་རོ༎

  15. བདེན་པའི་ཕོ་ཉ་ says:
    2014-12-24 at 9:56 am

    ཤ་ལ་དགའ་བ་ཤ་བཟོ་ ཆང་ལ་དགའ་བ་ཆང་མཐུང་ ཚལ་ལ་དགའ་བ་ཚལ་བཟོ་ ཚམ་པར་དགའ་བ་ ཙམ་པར་དགའ་བ་ཙམ་པ་བཟོ་ འོན་ཀྱྱང ལ་རྒྱ་ སྐད་ཡིག་ རིགས་གཞུང་ རང་དབང་ མ་ཟ་

  16. ཅོ་རི་ཉི་མ། says:
    2014-12-24 at 10:19 am

    བཀོར་ཟན་ཕག་པ་འདྲ་བ་ཚོས་ཤན་པ་སྡུག་སྐྱ་རེད་ལབ། མགལ་བ་དང་ཤིང་བཟོ་སྡུག་སྐྱ་རེད་ལབ། འདི་གསུམ་གྱི་བུ་ཡིན་ན་དགེ་སློང་གི་སྡོམ་པ་ཡང་བསྒྲུབ་མི་ཆོག་ཟེར་ནས་བསྒྲགས། མགལ་བ་རེད་ཟེར་དུས་ཆང་ས་རྒྱབ་མཁན་ཁ་པོ་ཡིན། ཁ་ཕོར་ཡང་སྤྲོད་མི་ཉན་མདོག་མདོག་བྱས་ནས་སྤྱི་ཚོགས་དབྱེ་འབྱེད་བྱས།

    ལོ་མང་རིང་དུ་བཀོར་ཟན་ཚོས་རིག་གཞུང་ངན་པ་འདི་བེད་སྤྱོད་ནས་བོད་མི་རིགས་ཀྱི་ཚན་རིག་ཡར་རྒྱས་ཕྱིན་མེད། མགལ་བ་དང་ཤིང་བཟོ་གཉིས་ཀྱི་ལག་རྩལ་ལ་བརྟེན་ནས་འཛམ་གླིང་ཡར་རྒྱས་ཕྱིན་ཡོད། ལྕགས་རྡུངས་ནས་མོ་ཊ་བཟོས། གནམ་གྲུ་བཟོས། གོ་ལག་ཆ་བཟོས། བོད་མི་རིགས་ཀྱི་ལག་ཤེས་ཡར་རྒྱས་མ་ཕྱིན་པ་ལ་ཆོས་ལུགས་པས་ཤུགས་རྐྱེན་ངན་པ་བཞག་ཡོད།

    ཞིང་ལས་ཡར་རྒྱས་གཏོང་ན་འབུ་གསོད་དགོས། ཤ་ལས་ཡར་རྒྱས་གཏོང་ན་བྱ་དང་ཕག་པ་གསོ་དགོས། བོད་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ན་སེནས་ཅན་གསོད་དགོས་རེད། སྡུག་པ་མེད་པའི་ལྟོ་གོས་ཤིག་འཛམ་གླིང་འདི་ལ་མི་འདུག་པས་བོད་མི་རིགས་ཀྱི་ཆེད་དུ་སྡིག་པ་མི་བྱེད་དཀའ་མེད་རེད་དོ།

    ཆོས་ལུགས་པ་འདི་དག་གིས་ཤ་ཟོས་ན་སྡིག་པ་ཆེ་རབས་བཤད་པ་དང་རྩོམ་ཡིག་འབྲི་བསྡད་པ་མ་གཏོགས་བཀོར་ཟོས་ན་སྡིག་པ་ཡོད་པའི་རྩོམ་ཡིག་འབྲི་མཁན་དང་ཆོས་བཤད་བྱས་མཁན་མཐོང་ཡ་མི་འདུག་པས་དེ་རིང་འདི་དྲན་གསོ་ཞིག་བྱེད་བཞིན་ཡོད། ཁྱོད་ཚོས་བཀོར་ཟས་ཀྱི་སྡིག་པ་ཆེ་ཆུང་གསལ་པོ་རེ་འབྲི་རོགས་བྱོས། ཡུལ་ལུང་སྤྲང་པོ་བཟོ་རྐྱེན་གྱི་སྐད་ཆ་རྐྱང་རྐྱང་བཤད་ཀིན་མ་སྡོད།

  17. ཅོ་རི་ཉི་མ། says:
    2014-12-24 at 10:25 am

    གལ་སྲིད་འཛམ་གླིང་འདི་ལ་མི་ཐམས་ཅད་ཀྱིས་དཀར་ཟས་མ་གཏོགས་དམར་ཟས་མ་བཟའ་ན་་་་ལོ་གཅིག་གི་ནང་དུ་ཟས་ཀྱིས་མི་འདང་ནས་མུ་གེ་སླེབས་ངེས་རེད། དེ་ཙམ་ཆོས་ལུགས་པའི་བཀོར་ཟན་ཚོས་ཤེས་ན་འགྲིག་ས་རེད། བཀོར་ཟན་ཚོས་བཤད་པ་ལྟར་འཛམ་གླིང་གི་མི་དམངས་ཀྱིས་ལག་ལེན་བསྟར་ན་མི་མང་པོ་ལྟོགས་ཤི་ཐད་ངེས་རེད།

  18. ལུང་རྟོགས། says:
    2014-12-24 at 11:15 am

    ཅོ་རི། ཁྱོད་ཀྱང་དེ་སྔ་ཡན་ཆད་དཀོར་ཟས་ནས་འཚར་ལོང་བྱུང་བ་ཞིག་མིན་ནམ། དཀོར་ཟན་ཚོ་ཕག་པ་ཡིན་ན་ཁྱོད་ཀྱང་ཕག་རྒན་ཞིག་ཡིན་པ་ཤེས་པར་གྱིས། མགར་བ་དང་ཤིང་བཟོ་སོགས་ལ་དགེ་སློང་སྒྲུབ་མི་ཆོག་པ་བཤད་མཁན་སུ་ཡང་བྱུང་མྱོང་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གི་བསྟན་པ་ལ་རིགས་མི་གཙོ་རུས་མི་གཙོ་གསུང་ཡོད་པ་རེད་ལ། སངས་རྒྱས་ནི་རྒྱ་གར་གྱི་རིགས་དམན་ལ་མཐོང་ཆུང་བྱེད་པའི་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་གསར་རྗེའི་སྟོན་པ་ཞིག་ཡིན་པ་བདུད་རྒན་མའོས་ཀྱང་བཤད་མྱོང་བ་རེད། སངས་རྒྱས་ཀྱི་ཆོས་ནི་སེམས་ཀྱི་ཚན་རིག་ཡིན་པ་དེང་དུས་ཀྱི་ཚན་རིག་པ་ཚོས་ཀྱང་ཁས་ལེན་གྱི་ཡོད་པས་ཕྱིའི་ཚན་རིག་ཡར་རྒྱས་མ་སོང་ཡང་ནང་གི་ཚན་རིག་ཡར་རྒྱས་ཕྱིན་ཡོད་པ་རེད། སེམས་ཅན་མ་བསད་པར་དཔལ་འབྱོར་ཡར་རྒྱས་འགྲོ་ཐབས་མེད་པར་བཤད་པ་ནི་ཀླ་ཀློའི་སྐད་ཆ་རེད། འཛམ་གླིང་སྟེང་གི་དཔལ་འབྱོར་ཨང་དང་པོ་དང་གཉིས་པ་སོགས་ལ་སླེབས་མཁན་རྣམས་ཀྱང་ཚོང་ལས་གཞན་དག་གཉེར་ནས་ཕྱུག་པོ་ཆགས་པ་ལས་བཤས་ཁང་གཉེར་ནས་ཕྱུག་པོ་ཆགས་པའི་ལོ་རྒྱུས་མེད། དཀོར་ཟས་ན་སྡིག་པ་ཅི་ལྟར་ཡོད་པ་སངས་རྒྱས་ཀྱི་གསུང་རབས་ཚོའི་ནང་དུ་གསལ་གསལ་ཐིང་ཐིང་ཡོད་པ་རེད། ཁྱོད་རང་གྲྭ་ལོག་ཅིག་གིས་འདི་ཙམ་ཡང་མི་ཤེས་ན་དགོན་པའི་ནང་ལ་ལོ་མང་པོ་ཆོས་ལུགས་སྦྱང་བ་དེ་ཊིང་མོག་དང་རྡ་ལི་འཕྲོ་བརླག་བཏང་བ་རང་རེད། དམར་ཟས་མ་ཟས་ན་བྱ་དང་ཕག་ལ་སོགས་པ་གསོ་བྱེད་ཀྱི་འབྲུ་རིགས་དེ་དག་མིའི་ཟ་ཆོག་པས་མུ་གེ་སླེབས་རྒྱུའི་སེམས་ཁྲལ་ནམ་ཡང་མི་དགོས་པ་རེད། བསམ་བློ་འདི་ཙམ་ཡང་གཏོང་མ་ཤེས་ན་ད་དུང་སྐད་ཆ་སྦོམ་པོ་འདྲ་ཞིག་བཤད་པ་ངོ་མི་ཚའམ། ཧཧཧ

  19. ཚ་ཕྲུག་རྒྱལ། says:
    2014-12-24 at 3:08 pm

    དམར་ཟས་དང་སྒོང་ཟས་རིགས་ཀྱིས་སྤྱོད་ཚུལ་ཟུར་ཙམ་ཞིག་འདི་ན་འདུག། དེར་གཟིགས་ནས་སེམས་ཅན་གྱི་ཚེ་སྲོག་ལ་གཅེས་སྤྲོད་དང་དགེ་སྡིག་བཟང་ངན་སོགས་བྱ་ལས་གང་ཞིག་འགྱུར་མིན་ནི་འདི་དག་གིས་གསལ་གསལ་དག་དག་གི་ཤེས་རྟོགས་ཐུབ་རྒྱུ་ལས་གསལ་བཤད་དགོས་དོན་མི་འདུག། དྲ་ཐག་འདིར་གཟིགས་ཙམ་གནང་། https://www.youtube.com/watch?v=5oTCA9V3eNs

  20. གནམ says:
    2014-12-24 at 7:30 pm

    ༡ སྡིག་པ་ཅི་ཡང་མི་བྱེད་འདོད་ན། སྒོང་ང་གང་ཡང་ཟ་མི་རུང་བ་ཡིན། སྒོང་སྐོགས་ཁ་འགད་ཐུབ་མིན་གྱིས་བྱར་ཆགས་ཡིན་མིན་དང་སྡིག་པ་ཡོད་མེད་བཤད་ན། ཅི་ཡང་མ་ཤེས་བའི་སྐད་ཆ་ཡིན།

    ༢ སྲོག་གཅོད་དང་དམར་ཟ་མ་བྱས་ན། རྒྱལ་ཁབ་ཡར་རྒྱས་ལ་མི་འགྲོ་ཟེར་བ་ནི། ཆོས་འཇིག་རྟེན་གང་གི་དཔལ་ཡོན་ཡར་འཕེལ་ལ་ཆ་རྒྱུས་གོ་རྟོག་ཏིལ་ཙམ་མེད་པའི་སྐད་ཆ་ཡིན།

    ༣ ཞིང་ཁ་ལ་འབུ་མི་ཡོང་བའི་ཆེད་དུ་འགག་སྨན་གཏོར་བའི་ཞིང་ས་དེ་འདྲ་ཡོད་པ་ལས། ཞིང་སར་འབུ་བརྒྱབས་པའི་རྗེས་ལ་འབུ་གསོད་པའི་སྨན་གཏོར་བ་དེ་འདྲ་ཡོད་ན། དགེ་སྡིག་ཞིག་ཕར་བཞག། མཐའ་ན་ས་ཞིང་འདེབས་ལས་ཙམ་ཡང་མ་ཤེས་པའི་ལྐུགས་པ་ལྐུགས་ནག་ཞིག་ཡིན་པ་རེད།

    ༤ སྔོན་མ་ཡིན་ན། ཕ་ཤུལ་བུར་སྤྲོད་ཀྱི་འགྲོ་ལུགས་འགྲོ་སྟངས་གཙོ་བོ་ཡིན་པ་རེད། བྱས་ཙང་། ནང་བསྟན་ནི་སྡིག་པའི་ལས་བྱེད་པ་པོ་དང་ཕྱོགས་བྱེད་པོ་ལ། དགའ་མོས་དང་རྗེས་ཡིད་རང་བ་བྱེད་མཁན་མིན་པ་དང་། མདའ་ལྕགས་མདོང་གསུམ་སོགས་པའི་སྲོག་གཅོད་ཀྱི་ལག་ཐོ་ལས་མཁན་ཚོ་ཡང་ནང་བའི་ལྟ་གྲུབ་ལ་མི་ཉེས་བ་མང་པས། འགར་བ་དང་ཤིང་བཟོ་ལྟ་བའི་བུ་རྒྱུད་ནི་ཕ་ཤུལ་བུ་འཛིན་བྱེད་དུ་མ་བཅུག་པར། ཆོས་བསྒྱུར་བྱས་བའམ་བྱུང་ན། ཚོགས་སྡེ་བར་དུ། འགལ་བ་དང་འཁོན་རྒྱུ་སློག་པ་ཡོད་པས། དུས་ནས་དུས་སུ། མགར་བ་དང་ཤིང་བཟོ་ཚུད་པའི་དགེ་ཞུགས་པ་ཚོས་དང་པོ་རང་དངོས་ནས་དེ་འདྲ་མ་ཡིན་པའི་མིན་ཚིག་འབུལ་དགོས་བ་རེད། དེ་ནི་དབྱེ་འབྱེད་ཞིག་མིན། དགོས་དབང་ཞིག་ཡིན། ད་ལྟའི་དུས་ལ། ལས་ཞུགས་པ་ཚོར། ལས་ཁུང་གཞན་དུ་འཛུལ་ན། སྔ་མའི་ས་ནས་བཀའ་ཁྲོལ་གྱི་འཛིན་ཤོག་དགོས་དང་གཅིག་པ་རེད།

    སྒྲ་ལོག་དང་སྐོར་ལོག་རྐྱང་ལས་བཤད་མི་ཤེས་བའི་དྲ་འབུ་ཚོ། སེམས་ནང་ལ་འཁོར་དང་། བོད་རིགས་སྤུན་ཟླའི་བརྩེ་སེམས་སླར་དུ་གསོ།

  21. གངས་དཀར་རྒྱལ་སྲས says:
    2014-12-24 at 10:58 pm

    ལུང་རྟོགས་ལགས་ཀྱིས་སྒོང་ང་བྱར་ཆགས་མིན་ནི་ཕོ་བྱ་ཡོད་མེད་ལ་རགས་ལས་ཅེས་ཚིགས་ཐག་བཅད་པ་ནི་ཁོ་ལ་སྤོབས་ཆེ་ཙམ་ཡོད་པ་དངོས་བཤད་ཀི་ཡོད་པ་ལ་ཉན་གི་མེད་པ་འདྲ། ཁོང་གིས་་་་སྒོ་ང་བྱར་ཆགས་མི་ཆགས་ནི་ཕོ་བྱ་ཡོད་མེད་ལ་ཐུག་ཡོད། ཕོ་བྱ་ཡོད་ན་སྒོ་ང་ཚང་མ་བྱར་ཆགས་ཀྱི་རེད་ལ། ཕ་བྱ་མེད་ན་སྒོ་ང་ཅིག་ཀྱང་བྱར་ཆགས་ཀྱི་མ་རེད་་་ཅེས་ཟེར། འོ་ན་ཡོངས་གྲགས་ལ་ཡོད་པའི་རྨ་བྱ་ཡིན་ན་ཕོ་བྱ་མེད་ལ་ཚང་མ་མོ་བྱ་ཡིན་པས་རྨ་བྱའི་སྒོང་ང་བྱར་མི་ཆགས་གསུང་རྒྱུ་ཡིན་ནམ། ད་དུང་ཁུག་རྟ་དང་གཅོང་ཀ་མཆུ་དམར་སོགས་ཚང་མ་མོ་བྱ་ལས་མེད་པས་ཁོ་ཚོའི་སྒོང་ང་བྱར་མི་ཆགས་གསུང་རྒྱུ་ཡིན་ནམ། ངས་ཀྱང་གོང་དུ་མི་དང་བྱ་སོགས་གང་མང་ཞིག་ཅེས་བཤད་ཡོད་པ་ལས་ཐག་གཅོད་རང་བཞིན་གྱིས་བཤད་མེད་པའི་རྒྱུ་མཚན་ལ་ཁོང་གིས་བསམ་བློ་བཏང་མེད་པ་འདྲ། དེའི་རྒྱུ་མཚན་ནི་སྲོག་ཆགས་གི་ཁྲོད་དུ་མོ་ལས་ཕོ་གཅིག་ཀྱང་མེད་པའི་རིགས་ཡོད་པས་དེ་ལྟར་ཟེར་བ་ཡིན། ད་འོ་ན་ལུང་རྟོགས་ལགས་ཀྱིས་ཁྱིམ་བྱས་སྒོང་ང་གཏོང་བ་མཐོང་མེད་པ་འདྲ། ངས་གོང་དུ་གསལ་བོར་བཤད་པ་ཞིག་ལ་ཁྱོད་ཚང་ལ་མོ་བྱ་ལྔ་ལས་ཕོ་བྱ་གཅིག་ཀྱང་མེད་ནའང་སྒོང་ང་དུས་ལྟར་རམ་ཉིན་ལྟར་གཏོང་ངེས་ཅེས་བཤད་ཡོད། དེ་ནི་རང་བློས་གང་དྲན་མ་ཡིན་པར་དོན་དངོས་རེད། འདི་ནི་སུས་ཀྱང་ཁས་ལེན་ཐུབ་པའི་དངོས་ཡོད་ཅིག་རེད། དེ་ཡིན་ན་སྒོང་ང་བྱར་ཆགས་མིན་ནི་ཕོ་བྱ་ཡོད་མེད་ཀྱིས་གླེང་བ་ནི་དོན་དངོས་མ་ཤེས་པར་སྤོབས་པས་འོད་ཚོད་བྱེད་པ་རེད། ངས་འདི་ལྟར་བཤད་དུས་ཁོང་གི་ཐུགས་ལ་ཏན་ཏན་ཤར་ཡོང་བ་ནི་ཁུག་རྟ་དང་གཅུང་ཀ་མཆུ་དམར་ལ་མཇལ་ཇི་ལྟར་ཆགས་མིན་དེ་ཡིན་ངེས། དེ་གཞན་ཞིག་གིས་ཤེས་ན་གསུང་རོགས་གནང། དོན་དག་དེ་ང་ལས་གཞན་ཞིག་གིས་དང་པོར་གསུང་ན་ཡག་གི་རེད། གསུང་ནི་མེད་ན་ངས་བཤད་ལ།དེ་མ་གཏོགས་ངས་དང་པོར་བཤད་ན་མང་པོ་ཞིག་ཡིད་ཆེས་དཀའ་ནི་རེད་་་་་་བདེ་མོ

  22. གངས་དཀར་རྒྱལ་སྲས says:
    2014-12-24 at 11:07 pm

    གོང་གི་ཐིག་ཕྲེང་གཉིས་པར་་་་་ཁོ་ལ་སྤོབས་ཆེ་ཙམ་ཡོད་པ་དངོས་བཤད་ཀི་ཡོད་པ་ལ་ཉན་གི་མེད་པ་འདྲ། འདི་ལ་ཁོང་ལ་སྤོབས་པ་ཆེ་ཙམ་ཡོད་པ་ལས་དོན་དངོས་བཤད་ཀི་ཡོད་པ་ལ་ཉན་གི་མེད་པ་འདྲ་ཞེས་གཟིགས་རོགས

  23. རྣོན་པོ། says:
    2014-12-25 at 3:04 am

    ཨ་ཨ་་་གངས་སྲས་ཚོས་་འདི་མོ་དེ་བཤད་ཁུལ་བྱེད་ཀོ་ཀ་་་་་་ཡིག་ནོར་དོན་དོར། བརྡ་ལོག་ཚིག་ལོག ཧཧཧཧཧཧཧཧཧཧཧཧ་་་གངས་སྲས་ལོ་ལོ་་་ད་དེ་མོ་མ་བཤད་་་ཁྱོས་སྒོ་ང་ལས་སྐྱེས་ན་བྱ་ཡིན་པའི་ཁྱབ་པ་མེད་པ་དང་། བྱ་ཡིན་ན་སྒོ་ང་ལས་སྐྱེས་པའི་ཁྱབ་པ་མེད་པ་གཉིས་ཀ་མི་ཤེས་མོ། དེ་བས་ཨམ་སྐད་གློག་བརྙན་རེ་ལྟོས་་་འཐེན་ཐུག་རེ་འཐུང་ནས་སྡོད་ཀོ་

  24. གཡུ་འབྲུག་དཀར་པོ་ says:
    2014-12-25 at 9:59 am

    ཧ་ཧ་ཧ་གངས་སྲས་ལགས་ཀྱིས་རྫུན་ཆེན་པོ་དེ་འདྲ་བཤད་ཕོད་པ་ལ། རྨ་བྱ་ལ་མོ་བྱ་མ་གཏོགས་ཕོ་བྱ་མེད་རེད་ཟེར། རྨ་བྱ་ལ་ཕོ་ཡོད་ལྟ་ཡོད། ང་ཚོས་བུམ་པའི་ཁར་རྒྱན་དུ་སྤྱད་བཞིན་པའི་རྨ་བྱའི་མདོངས་ནི་རྨ་བྱ་ཕོའི་མཇུག་མ་ཡིན་ལ། དབྱིན་ཇིའི་ནང་ལ་ཡང་རྨ་བྱ་ཕོ་ལ་peacock དང་རྨ་བྱ་མོ་ལ་peahen ཞེས་བརྗོད་སྲོལ་ཡོད་པ་གངས་སྲས་ལགས་ཀྱིས་མི་མཁྱེན་པ་འདྲའོ༎

  25. དགེ་བསྟན། says:
    2014-12-27 at 10:31 pm

    ཀླུ་སྨྱོན་གྱིས་རང་ཉིད་སྟོན་པའི་རྗེས་འཇུག་ཡིན་མདོག་བྱེད་པ་དེ་དེ་རིང་བརྗེད་སོང་བ་འདྲ། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme