Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སན་ཧྤི་རན་སིས་སུ་ཁོའི་ཕོ་གསར།” ཐོན་ལ་ཉེ་བའི་གློག་བརྙན།

Posted on 2010-02-212010-02-21 By ཁ་བརྡ་ 7 Comments on “སན་ཧྤི་རན་སིས་སུ་ཁོའི་ཕོ་གསར།” ཐོན་ལ་ཉེ་བའི་གློག་བརྙན།

གློག་བརྙན་འདི་བཟོ་མཁན་བཀྲ་ཤིས་དབང་ཕྱུག་དང་ཚེ་རིང་རྡོ་རྗེ་གཉིས་ཡིན།
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁ་བརྡའི་ངོ་དེབ་བརྒྱུད་གསུངས་གསལ་ལྟར་ན།
གློག་བརྙན་འདིའི་བཟོ་བསྐྲུན་གྱི་མ་དངུལ་ཆ་ཚང་རང་ངོས་ནས་ཐབས་ཤེས་འཐེན་པ་ཡིན་ཟེར། ད་དུང་། གློག་བརྙན་འདི་ལེགས་འགྲུབ་ཀྱི་སླད་དུ་། ཁོང་གིས་སྒེར་གྱི་ལས་ཀ་ཡང་མཚམས་འཇོག་དགོས་ཐུག་སོང་ཟེར། གློག་བརྙན་འདི་བདུན་གཅིག་གི་རྗེས་སུ་ཕྱི་ལ་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་ཟེར།

གསར་འགྱུར།

Post navigation

Previous Post: "རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་"ཞེས་པས་༧གོང་ས་མཆོག་ལ་"དམངས་གཙོའི་ཞབས་འདེགས་གཟེངས་རྟགས་"ཕུལ་བ།
Next Post: "སན་ཧྤི་རན་སིས་སུ་ཁོའི་ཕོ་གསར།" ཐོན་ལ་ཉེ་བའི་གློག་བརྙན།

Comments (7) on ““སན་ཧྤི་རན་སིས་སུ་ཁོའི་ཕོ་གསར།” ཐོན་ལ་ཉེ་བའི་གློག་བརྙན།”

  1. ཤེས་རབ་སེང་གེ says:
    2010-02-21 at 2:49 am

    གློག་བརྙན་ཡག་པོ་ཡོད་མེད་མི་ཤེས།   མི་ཐམས་ཅད་ཀྱི་སྐད་ཆ་བཤད་དུས་ནི་ར་མ་ལུག་ཅིག་བཤད་ཀྱི་འདུག   ཉན་མཁན་དེ་བོད་དབྱིན་གཉིས་ཀ་ཤེས་མཁན་ཞིག་ཡིན་ན་མ་གཏོགས་གོ་བརྡ་གཙང་མ་ཞིག་མི་འཕྲོད་ངེས་ཅན་རེད།   ང་ནི་ང་ཚོ་ཕྱི་རྒྱལ་དུ་སྡོད་མཁན་ཚོའི་སྐད་ཡིག་གི་གནས་སྟངས་འདི་འདྲ་ཡིན་རྒྱུ་རེད་བསམ་ནས་སེམས་ཧ་ཅང་སྐྱོ་བོ་བྱུང་།   ཨ་རོ་ཤུ་ད།

  2. ཀརྨ་རྡོ་རྗེ་ says:
    2010-02-21 at 4:37 am

    བཟོ་སྐྲུན་ལ་དགའ་བསུ་ཡོད། བསམ་འཆར་ལ།

    my role = ངའི་འཁྲབ་ཚན་གྱི་བྱེད་སྒོ་ནི། ཡང་ན། ངའི་བྱེད་སྒོ་ནི།
    gossip = (ཁ་སྐད་དུ་) དགོས་མེད་སྐད་ཆ་མང་པོ། ཡང་ན། དགོས་མེད་གཏམ་འཆལ།

  3. གཞོན་ནུ་ཟླ་མེད says:
    2010-02-21 at 6:06 am

    གློག་བརྙན་བཟོས་པར་དཀའ་ལས་ཏན་ཏན་ཡོད་པ་རེད། བོད་ཀྱི་རིག་གཞུང་ངམ་གང་ལྟར་བོད་ཀྱི་སྐད་རིགས་དང་འབྲེལ་བ་ཞིག་ཡོད་དུས། གནད་དོན་ཚང་མིན་ལ་མ་ལྟོས་པར་ཐུགས་རྗེ་ཆེ་ཞུ་འདོད། འོན་ཀྱང་ཁོང་ཚོས་གསུངས་སྟངས་བྱས་ན། མོ་བ་སྟེ་བོད་ཀྱི་གནའ་རབས་རིག་གཞུང་ཅིག་དང་། ཤོ་རྒྱགས་པ་སྟེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩེད་རིགས་ཅིག་བཅས་ལ་སྐྱོན་བརྗོད་ཀྱི་གློག་བརྙན་ལྟ་བུ་ཞིག་ཡིན་ས་རེད། བོད་དང་བོད་ཀྱི་རིགས་གཞུང་ལ་ཆེས་རྗེས་ལུས་དང་། ཆེས་མུན་ནག ཆེས་ཀླ་ཀློ་ཟེར་བ་དེ་རྒྱ་ནག་གཞུང་གི་ཕྱག་ལས་རེད། དེ་བོད་པ་ནང་ཚགས་ཀྱི་ལས་ཀ་ཡིན་རྒྱུ་མ་རེད། མོ་རྒྱག་མཁན་བོད་གཅིག་བུ་མ་རེད། ཨ་རིའི་མགོ་སེར་ནང་ན་ཡང་མོ་རྒྱག་མཁན་ཁེངས་བསྡད་ཡོད་པ་རེད། དེ་ཚོ་ལ་དམིགས་བསལ་གྱི་ལས་ཁུངས་ཡང་འདུག དེ་མིན་ཤོ་ཟེར་བ་དེ་བོད་ཀྱི་རྩེད་རིགས་ཅིག་རེད། ཨ་རིའི་རྩེད་རིགས་འདྲ་མིན་རྩེ་ཆོག་ལ་བོད་ཀྱི་རྩེད་རིགས་རྩེ་མི་ཆོག་པའི་རྒྱུ་མཚན་ཅི། འདི་ལ་རྒྱུ་མཚན་བཤད་དགོས། དེང་སང་མང་པོ་ཅིག་གི་ཁ་ན་ཤོ་ལ་སྐྱོན་བརྗོད་བྱེད་མཁན་འདུག ཕྱི་རྒྱལ་ལ་སྐྱེས་མཁན་ཚོ་ཕྱི་རྒྱལ་གྱི་རྩེད་མོ་འདྲ་མིན་ལ་དགའ་བོ་ཡོད་པ་བཞིན་དུ། བོད་ཀྱི་སྤྱི་ཚོགས་ནང་སྐྱེ་མཁན་ཅིག་ཡིན་ན་བོད་ཀྱི་རྩེད་རིགས་ལ་ལོས་དགའ། ཕྱི་རྒྱལ་གྱི་རྩེད་མོ་ལ་དགའ་ཆོག་ལ་བོད་ཀྱི་རྩེད་རིགས་ལ་དགའ་མི་ཆོག་པ་འདི་ཡང་རྒལ་ཚིགས་མེད་པའི་བོད་པ་རྗེས་རབས་པ་ཁག་ཅིག་གི་ལྟ་བ་ཡིན།
    དེ་མིན་སྔོན་ཆད་མིའི་ནེའུ་ཡོག་མ་རེད་མིའི་གཡོག་རེད་ཅེས་པའི་གློག་བརྙན་དེ་འདོན་སྐབས་དཔེ་མི་སྲིད་པའི་ཡག་པོ་བཏོན་འདུག ཕྱི་རྒྱལ་གྱི་འཚོ་བ་དམར་བོ་དེ་འུར་སྒྲོག་མེད་པར་རྗེན་པར་བཏོན་འདུག དེ་མིན་དགོད་བྲོ་བ་ཡ་མཚན་པ་ཅིག་ཁྱུང་འདུག དེའི་གློག་བརྙན་བཟོ་སྐྲུན་མཁན་ནས་ངས་དཀའ་ལས་རྒྱབ་པ་ཡིན། འགྲོ་སོང་མང་པོ་བཏང་བ་ཡིན། ལས་ཀ་ཤོར་སོང་སོགས་ཡུ་མང་པོ་ཅིག་བཤད་མི་འདུག
    མདོར་ན་གློག་བརྙན་ཡག་པོ་ཡོད་ན་མངགས་ཉོ་་བྱེད་ཀྱི་ཡིན་པར་མ་ཟད་འགྲེམ་སྤེལ་བྱེད་པའི་རོགས་པ་ཡང་བྱེད་རྒྱུ་ཡིན། འོན་ཀྱང་བོད་ཀྱི་ཁྱད་ཆོས་ལ་སྐྱོན་བརྗོད་ཀྱི་གློག་བརྙན་ཡིན་ན་བལྟ་གི་ཁོ་རང་མིན།
    gossip ནི་རྒྱབ་བཤད་ཟེར་བ་དེ་རེད། དབྱིན་ཇིའི་ཚིག་ཁ་ཤས་ཤེས་སོང་ན་ཡང་གློག་བརྙན་བཟོ་སྐྲུན་སྐབས་སུ་བོད་སྐད་རྒྱག་དགོས་པ་རེད། རྒྱུ་མཚན་གློག་བརྙན་དེ་བོད་པའི་ཆེད་དུ་བཟོ་གི་ཡོད་པ་མ་གཏོགས་མགོ་སེར་གྱི་ཆེད་དུ་བཟོ་གི་ཡོད་པ་མ་རེད་པ།
    འོ་ད་བཤད་ཀྱི་བཤད་ཀྱི་ངའི་སྐྱག་ཁ་འདི་ནང་ནས་ཚོད་མེད་ཅིག་ཡོང་གི་འདུག དགོངས་དག

  4. ཚ་ཞང་འདན་མ་བྱང་ཁྲ་ says:
    2010-02-22 at 1:36 am

    བཀྲ་ཤིས་བདེ་ལེག་

  5. ཚ་ཞང་འདན་མ་བྱང་ཁྲ་ says:
    2010-02-22 at 1:52 am

    དགའ་བསུ་ཡོད།

  6. མདའ་ཚན་ཚེ་རིང says:
    2010-02-22 at 4:18 pm

    སྤྱིའི་ཆ་ནས་ཁྱེད་རང་ཚོའི་སེམས་ཤུགས་ལ་སྔགས་བརྗོད་ཡོད་དང་ཡོད། འོན་ཀྱང་ར་མ་ལུག་གི་སྐད་འདྲ་རྒྱབ་ཡོང་དུས་སེམས་པ་སྐྱོ་ཡོང་གི་འདུག

  7. བཀྲིས་དབང་འདུས་འིལ་སུན says:
    2010-02-23 at 4:35 pm

    ཁྱེད་རང་ཚོའི་ཕྱག་ལས་ལ་སྔགས་བརྗོད་ཡོད་ ཡིནའང་ར་མ་ལུག་གི་སྐད་ཆ་དེར་ཡོ་སྲང་ཡོད་པ་ཁྱེན་ཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme