Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ཤུའི་འཁྲུངས་སྐར་སྐོར་ལ་འགྲེལ་བཤད་སྙིང་བསྡུས།

Posted on 2014-12-222014-12-22 By ཁ་བརྡ 8 Comments on ཡེ་ཤུའི་འཁྲུངས་སྐར་སྐོར་ལ་འགྲེལ་བཤད་སྙིང་བསྡུས།

མཁོ་སྤྲོད་པ་འཇམ་དབྱངས།
 

འཛམ་གླིང་འདིར་ཡོངས་སུ་གྲགས་པའི་ཡེ་ཤུ་འཁྲུངས་སྐར་Christmas་སྐོར་ལ་འགྲེལ་བཤད་སྙིང་བསྡུས།

ཡེ་ཤུ་ནི་ཡ་ཧུ་དཱ་ཡུལ་གྱི་གྲོང་ཁྱེར་བེད་ལེ་ཧེམ་དུ་སྐུ་བལྟམས། (བེད་ལེ་ཧེམ་ནི་དེང་གི་ཡི་སི་ར་ཨེལ་ཁུལ་དུ་གནས།)ཡེ་ཤུ་སྐུ་འཁྲུངས་ནས་ད་བར་ཧ་ལམ་ལོ་ངོ་ཉིས་སྟོང་ལྷག་ཙམ་སོང་ཞིང་། རྒྱལ་པོ་ཧེ་རོ་དཱེ་ནི་སྐབས་དེར་དེ་ཁུལ་གྱི་དབང་འཛིན་པ་རེད། ཡེ་ཤུ་སྐུ་འཁྲུངས་རྗེས་ཤར་ཕྱོགས་ནས་ཡིན་པའི་སྐར་རྩིས་པ་ལ་མཁས་པ་འགའ་ཤས་ཡེ་རུ་ཤ་ལེམ་དུ་འབྱོར།  ཁོང་ཚོ་གནམ་རིག་ལ་ཧ་ཅང་བྱང་ཆུབ་པས། གྲོང་ཁྱེར་ནང་གང་སར་རྩད་འཚོལ་བྱས་པར། ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་ཞིག་འཁྲུངས་པ་དེ་གང་དུ་ཡོད་དམ། ཁོང་གི་འཁྲུངས་ཚེས་སྐར་མའི་རྟགས་ང་ཚོས་མཐོང་སྟེ་ཁོང་ལ་བཀུར་སྟི་ཞུ་བར་འོང་ཞེས་བརྗོད།(མད་ཐ་ཡིས་བྲིས་པའི་འཕྲིན་བཟང་ལེའུ་༢་བའི་ཚིགས་བཅད་༡་ནས་༢་ནས།)

ཡེ་ཤུ་མ་ཤི་ཀཱ་སྐུ་འཁྲུངས་པའི་སྐོར།

ཡེ་ཤུ་མ་ཤི་ཀཱ་སྐུ་འཁྲུངས་པའི་ཚུལ་འདི་ལྟར་ཏེ། ཁོང་གི་ཡུམ་མིར་ཡམ་(Mary)དང་ཡོ་སེབ་(Joseph)གཉེན་སྒྲིག་བྱེད་རྒྱུའི་ཐག་ཅད་ཟིན་ཡང་། ཁོ་གཉིས་མཉམ་དུ་ལུས་འབྲེལ་མ་བྱུང་གོང་དུ་མིར་ཡམ་ལ་མངལ་ཆགས། ཡོ་སེབ་ནི་མི་དྲང་པོ་ཞིག་ཡིན་:སྟབས། ཁོ་མོ་ལ་མི་ཁ་ངན་པ་མི་ཡོང་ཆེད་ཁུ་སིམ་མེས་ལྐོག་ཏུ་གཉེན་འཐོར་བར་སེམས། དེ་ལྟར་བསམ་བཞིན་པའི་སྐབས། དཀོན་མཆོག་གི་ཕོ་ཉ་(angel)ཞིག་གིས་ཁོའི་རྨི་ལམ་ནང་དུ་ ཀྱེ་དཱ་བིད་(David)ཀྱི་བུ་ཡོ་སེབ། ཁོ་མོའི་མངལ་འཁོར་བ་སྟེ་དམ་པའི་ཐུགས་ཉིད་ལས་ལྷུམས་སུ་བཞུགས་པ་ལགས་ན། མིར་ཡམ་ཆུང་མ་ལེན་པར་མ་འཇིགས་ཤིག ཁོ་མོ་ལ་སྲས་ཤིག་འཁྲུང་ཡོང་། ཁྱུའུ་དེ་མཚན་ལ་ཡེ་ཤུ་ཞེས་གསོལ། གང་ཡིན་ཟེར་ན། ཁོང་གིས་རང་གི་མི་སྡེ་རྣམས་སྡིག་ཉེས་ལས་བསྐྱབ་ཕྱིར་འོང་ཞེས་གསུངས།

དེ་ཐམས་ཅད་ནི་ཡེ་ཤུ་མ་འཁྲུང་གོང་སྤྱི་ལོ་སྔོན་གྱི་ལོ་ངོ་༤༠༠ གོང་དུ་གཙོ་བོས་ལུང་སྟོན་པ་(Isaiah)བརྒྱུད་ནས་གསུངས་པ་དེ་སྒྲུབ་པའི་ཕྱིར་འདི་ལྟར་ཏེ། ལྟོས་དང་ན་ཆུང་(བུ་དང་ལུས་འབྲེལ་རྩ་བ་ནས་བྱུང་མ་མྱོང་བའི་གཞོན་ནུ་མ་ལ་གོ)མངལ་བཅས་སྲས་ཤིག་འོང་། མཚན་ལ་ཨིམ་མ་ནུ་ཨེལ་(Immanuel)ཞེས་སུ་གསོལ། ཨིམ་མ་ཨེལ་ནི་དཀོན་མཆོག་ང་ཚོ་དང་མཉམ་དུ་ཡོད་ཞེས་པའི་དོན་ནོ།
ཡོ་སེབ་གཉིད་ལས་སད་རྗེས་གཙོ་བོའི་ཕོ་ཉས་གནང་བའི་བཀའ་མངགས་བཞིན་མིར་ཡམ་རང་གི་ཆུང་མར་བླངས། སྲས་མ་བལྟམས་པའི་བར་དུ་མིར་ཡམ་དང་མཉམ་དུ་ལུས་འབྲེལ་མ་བྱེད་དོ། ཁྱེའུ་དེའི་མཚན་ལ་ཡེ་ཤུ་ཞེས་བཏགས་སོ།

 

སྐར་རྩིས་མཁས་པས་མཇལ་ཕྲད་གནང་བའི་སྐོར།

རྒྱལ་པོ་ཧེ་རོ་དཱེའི་(king Herod)དུས་སྐབས་སུ་ཡེ་ཤུ་ཡ་ཧུ་དཱ་(Judea)ཡུལ་གྱི་གྲོང་ཁྱེར་བེད་ལེ་ཧེམ་(Bethlehem)དུ་སྐུ་བལྟམས་རྗེས། ཤར་ཕྱོགས་ནས་ཡིན་པའི་སྐར་རྩིས་མཁས་པ་འགའ་ཡེ་རུ་ཤ་ལེམ་དུ་ཡོང་སྟེ་་་ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་འཁྲུངས་པ་དེ་གང་དུ་ཡོད་དམ། ཁོང་གི་འཁྲུངས་སྐར་ཤར་བ་ང་ཚོས་མཐོང་སྟེ་ཁོང་ལ་བཀུར་སྟི་ཞུ་བར་འོང་ཞེས་གསུངས།  རྒྱལ་པོ་ཧེ་རོ་དེས་དེ་ཐོས་པའི་ཚེ་ཡིད་སེམས་མི་བདེ་བར་འགྱུར། ཁོས་ཡུལ་མིའི་ནང་གི་བླ་ཆེན་དང་ཆོས་ལ་མཁས་པ་ཀུན་བསྐོངས་ནས་མ་ཤི་ཀཱ་གང་དུ་འཁྲུང་ཡོད་མེད་དྲིས། དེ་དག་གིས་ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་དུ་འཁྲུང་ཡོང་ཟེར། རྒྱུ་མཚན་ནི་ལུང་སྟོན་པས་འདི་སྐད་དུ། ཡ་ཧུ་དཱ་བེད་ལེ་ཧེམ་མི་རྣམས། ཁྱེད་ཚོ་དཔོན་ལས་ཆུང་བ་མ་ཡིན་ཏེ། ཁྱེད་ཚོའི་ནང་ནས་མི་ཡི་དཔོན་ཞིག་འོང་། དེ་ནི་དབང་བསྒྱུར་བྱེད་ཕྱིེར་ངའི་མི་རིགས། ཡི་སི་ར་ཨེལ་ཀུན་གྱི་རྫི་བོར་འགྱུར། ཞེས་འཁོད་ཡོད་ཅེས་གསུངས།

རྒྱལ་པོ་ཧེ་རོ་དཱེས་ལྐོག་ཏུ་མཁས་པ་དེ་རྣམས་བོས་ནས་སྐར་མ་དེ་ཤར་བའི་ནམ་དུས་ཞིབ་ཏུ་དྲིས། རྒྱལ་པོས་ཁོང་ཚོ་བེད་ལེ་ཧམ་དུ་བཏང་ནས་ད་ཁྱེད་ཚོ་སོང་ལ་ཕྲུ་གུ་ཆུང་ངུ་དེིའི་སྐོར་ཞིབ་ཏུ་རྩད་ཆོད་ཅིག ཁོང་རྙེད་ན་ང་ལ་ལོན་ཞིག་སྐུར། ང་ཡང་ཁོང་ལ་བཀུར་བསྟི་ཞུའོ་ཟེར། ཁོང་རྣམས་རྒྱལ་ས་ནས་འཐོན་ཏེ་སྐར་མ་ལ་དཔྱད་བཞིན་སོང་བ་ན། ཕྲུ་གུ་ཆུང་ངུ་དེ་བཞུགས་སའི་མཚམས་སུ་སྐར་མ་དེ་བསྡད། ཁོ་ཚོས་སྐར་མ་དེ་མཐོང་བས་དགའ་སྤྲོ་དད་གསུམ་གྱི་ཁང་པའི་ནང་དུ་འཛུལ་ནས་ཕྲུ་གུ་ཆུང་ངུ་དེ་དང་དེའི་ཡུམ་མིར་ཡམ་མཇལ་ཏེ་པུས་མོ་ས་ལ་བཙུགས་ནས་གུས་ཕྱག་བཙལ་ཞིང་། རྟེན་སྒམ་ཁ་ཕྱེ་སྟེ་གསེར་དངུལ་གྱི་མཆོད་པ་དང་། སྤོས་དཀར། དྲི་ཞིམ་བྱུགས་རྫས་རྣམས་སྐྱེས་སུ་ཕུལ་ལོ། མཁས་པ་དག་གི་རྨི་ལམ་དུ་རྒྱལ་པོ་ཧེ་རོ་དཱེའི་དྲུང་དུ་མ་འགྲོ་ཞེས་ཉེན་བརྡ་བྱུང་བ་ལྟར་ལམ་གཞན་ཞིག་བརྒྱུད་ནས་ཤར་ཕྱོགས་རང་ཡུལ་དུ་ལོག་གོ།

 
གྲོགས་པོ་ལགས་ཁྱེད་ཀྱི་ཡེ་ཤུ་འཁྲུངས་སྐར་སྐོར་ཞིབ་ཏུ་ཤེས་འདོད་ན་དམ་པའི་གསུང་རབ་གྱི་(མད་ཐཱ་དང་མར་ཀུ་ལུ་ཀ་ད་དུང་ཡོ་ཧ་ནན་གྱི་མདོ་སོགས་སུ་གསལ་ལོ། Mathew,Mark,Luke, John. བློ་བཟང་ནས།

ངོ་སྤྲོད།

Post navigation

Previous Post: གངས་དཀར་རི་བོའི་ཕུན་ཚོགས་ལྔ་ལྡན།
Next Post: མདོ་སྨད་རྔ་བར་བུ་མོ་ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ།

Comments (8) on “ཡེ་ཤུའི་འཁྲུངས་སྐར་སྐོར་ལ་འགྲེལ་བཤད་སྙིང་བསྡུས།”

  1. ཀརྨ་བློ་གསལ་ says:
    2014-12-22 at 7:28 am

    སྟོན་པ་ཤཀྱཱ་ཐུབ་པའང་ཡུམ་གྱི་མཆན་ནང་ནས་ཐོན་པ་མ་རེད་དམ། ཆོས་ལུགས་པ་ཚོས་སོ་སོའི་སྟོན་པ་ཡག་པོ་ཞེ་བོ་བཟོ་ཤེས་ཀྱི་འདུག

  2. བོད་ལ་ཞེན says:
    2014-12-22 at 8:45 am

    ཆོས་ལུགས་པ་ཡིན་ན་ཅིག ཆོས་མེད་སྨྲ་བ་ཞེ་དྲག་ཡག་པོ་རེད་དྲན་འདུག་པས། རྒྱ་གུང་ཁྲན་ཆོས་མེད་སྨྲ་བ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-22 at 11:30 am

    ་་་་་་་ ཡེ་ཤུ་མ་ཤི་ཀཱ་སྐུ་འཁྲུངས་པའི་སྐོར།
    ཡེ་ཤུ་མ་ཤི་ཀཱ་སྐུ་འཁྲུངས་པའི་ཚུལ་འདི་ལྟར་ཏེ། ཁོང་གི་ཡུམ་མིར་ཡམ་(Mary)དང་ཡོ་སེབ་(Joseph)གཉེན་སྒྲིག་བྱེད་རྒྱུའི་ཐག་ཅད་ཟིན་ཡང་། ་་་་་་་་ ཞེ་པས། Mary ལ། མིར་ཡམ་ཞེས་བསྒྱུར་དགོས་དོན་གང་ཡིན་ནམ། ལགས།

  4. ལྗང་ལོ་། says:
    2014-12-22 at 5:29 pm

    ཡར་བཤད་ཀྱང་རུང་མར་བཤད་ཀྱང་རུང་ཆོས་ལུགས་འགོ་འཁུངས་ནི་ཆབ་སྲིབ་པ་ཚོས་རྟོག་སྒྲུང་བཟོས་བ་ལས་བྱུང་བ་རེད་། རྒྱུ་མཚན་ནི་། མི་གཞན་དབང་བསྒྱུར་དགོས་ན་མི་བུ་དེ་དག་གི་རྣམ་སྤྱོད་རྒལ་བའི་རྫུན་སྒྲུང་ཞིག་བཟོས་དགོས་བས་ལྷ་སྒྲུང་དེ་དག་བཟོས་བ་རེད་། དཔེར་ན་། བྱིས་བ་ཚོ་ཕ་མའི་ཁ་ལ་མ་ཉན་ན་འཇིགས་སྣང་གི་ལྷ་འདྲེ་ཡི་སྒྲུང་བཤད་ནས་ཁ་ལ་ཉན་འཇུག་པ་ལྟ་བུ་རེད་།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-12-22 at 11:48 pm

    ཡི་ཤུའི་སྟོན་པ་ཁོང་། མི་ལོ་བཅུ་བཞི་ཙམ་བོར་སྟོར་སོང་བར་བརྟེན། ཁ་ཅིག་གིས། ཡི་ཤུ་མ་ཤི་ཀ་ནི། ནང་པའི་གྲྭ་པ་ཞིག་རེད་ཟེར།
    https://www.youtube.com/watch?v=F-_T95Mo4H4

  6. ཀརྡོ་གཉེར་ཕྱག་པ་ says:
    2014-12-24 at 2:49 am

    རྒྱ་གཞང་དམར་པོས། ཡེ་ཤུ་པ་ཚོར་བཙན་གནོན།
    http://www.tibettimes.net/news.php?showfooter=1&id=9635

  7. ཀརྡོ་གཉེར་ཕྱག་པ་ says:
    2014-12-24 at 3:03 am

    ཡེ་ཤུ་མ་ཤི་ཀས། ནང་ཆོས་སྦྱངས་ཡོད་དམ།
    ཡང་།
    ཡེ་ཤུ་ཁོང་ཀུ་རུ་ཁར་མ་གྲོངས་པར། དགུང་ལོ་བརྒྱད་ཅུ་ཙམ་བཞུགས་ནས། རྒྱ་གར་ཀ་ཤི་མིར་གྲོངས་པ་དེ་བདེན་ནམ།
    https://www.youtube.com/watch?v=rmCS7P-vdRM

  8. དཔལ་བཟང་དར་རྒྱས། says:
    2016-12-25 at 12:22 am

    ཁོང་གི་འཁྲུངས་སྐར་དང་སྤོ་བོ་སན་ཊ་ Santa santa claus
    n. *འཁྲུངས་སྟོན་མེས་པོ། = ཡི་ཤུའི་འཁྲུངས་སྟོན་ཉིན་ཕྲུ་གུར་རྔན་བ་འཁྱེར་ཡོང་བར་འདོད་པའི་མི་རྒད་པོ་ཞིག་སྟེ། ཁི་རིསྨཱ་སི་པཱ་ལགས་ཀྱང་ཟེར།འབྲེལ་བ་ཅི་ཞིག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme