Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དད་པའི་མེ་ལོང་།

Posted on 2014-12-212014-12-21 By ཁ་བརྡ་ No Comments on དད་པའི་མེ་ལོང་།

གཞུང་པ་ཚེ་དབང་བསོད་ནམས།

མི་མངོན་དབྱིངས་ནས་ཆོས་སྐུ་དྲི་མེད་རང་གི་སེམས་ཀྱི་ངོ་བོར་བལྟམས།།
དད་པའི་མེ་ལོང་གཡོ་བ་མེད་པ་གཟུགས་ཀྱི་འཇའ་ཚོན་ནམ་མཁར་ཡལ།།
ལྷན་དུ་བགྲོད་པས་མཁའ་དབྱིངས་ཡངས་པོར་འཇའ་ཚོན་སོ་སོ་རང་སར་འཐིམ།།
མ་དད་ལོག་རྟོག་སེམས་ཀྱི་རང་བཞིན་འཆར་བ་ཙམ་གྱིས་བློ་ལ་ངེས།།

རྟ་བདུན་དབང་པོ་མཁའ་ལ་རྒྱུགས་ནས་སྦྲང་ཆར་སིལ་མ་ས་ལ་འཕེན།།
ས་གཞི་ཡོངས་རྫོགས་ལོ་ཏོག་རྒྱས་ནས་རྐང་གཉིས་མི་རྣམས་ཟས་ཀྱིས་ངོམ།།
བདེ་སྐྱིད་འཚོ་བ་ཕུན་སུམ་ཚོགས་ཀྱང་འཇིག་རྟེན་སྐྱེ་འགྲོ་འདོད་པས་ཕུང་།།
དུས་ཀྱི་འཕོ་འགྱུར་མི་ཡི་བསོད་ནམས་ངོས་འཛིན་ཐུབ་པ་མཁས་པའི་བློ།།

རང་བདེན་གཞན་རྫུན་སྨྲ་བའི་སྒོམ་ཤིས་འཇིག་རྟེན་གོ་ལ་གཅིག་བརྒྱུར་དར།།
དེང་དུས་མི་ཡི་བསོད་ནམས་སྙན་གྲགས་ཟད་ལ་ཁད་པའི་མཐའ་རུ་གཏུགས།།
ལས་དང་སྨོན་ལམ་དད་པའི་མེ་ལོང་ཟུབ་རྒྱུ་མེད་པ་ཆོས་ཀྱི་སྐུ།།
ཇི་སྲིད་བསྐལ་པ་མ་འཇིག་བར་དུ་དད་པའི་མེ་ལོང་བསྒྲིབ་མི་སྲིད།།

དེ་ལྟར་གསལ་བའི་མེ་ལོང་ནང་གི་གཟུགས་བརྙན་འཆར་བ་བློ་ལ་འཇུག །
རྒྱུ་དང་འབྲས་བུ་བློ་ལ་ངེས་ནས་མ་ནོར་ལམ་ལ་འཇུག་པར་འཚལ།།
བསྐལ་ཆེན་གྲངས་མེད་ཚོགས་ལ་འབད་ནས་ཤཱཀྱ་ཐུབ་པ་མངོན་སངས་རྒྱས།།
མྱུར་ལམ་གསང་སྔགས་ཐེག་པའི་བསྟན་པ་དམ་ཚིག་གཙང་མ་སྲུང་ནས་སྒྲུབ།།

འགལ་རྐྱེན་ཕྲ་མོ་བློ་ལ་ཤར་བ་རྣམ་རྟོག་ཟེར་བའི་ཚིག་གིས་བསླུས།།
བདེན་འཛིན་མ་ཐུབ་བློ་ཡི་རྣམ་རྟོག་རང་བློ་རང་ལ་མ་འཁེལ་སྐྱོན།།
འཇིག་རྟེན་མི་ཡི་བསམ་བློའི་ནུས་པས་ཁམས་གསུམ་དངོས་པོ་མིག་ནང་འཛུལ།།
ལྷ་ཡིའི་བདེ་སྐྱིད་མི་ཡི་སྡུག་བསྔལ་རྫོགས་མཐའ་མེད་པ་ལས་ཀྱིས་སྦྱིན།།

ལས་དང་འབྲས་བུའི་རྣམ་བཞག་ཕྲ་རགས་གསལ་པོར་སྟོན་པའི་ནུས་པ་དཀོན།།
མ་ཚང་བློ་ཡིས་བདེན་པའི་གནས་ལུགས་ངོ་སྤྲོད་ཐུབ་པའི་ནུས་པ་མེད།།
བདེན་བཞིའི་རྣམ་བཞག་བདེན་པར་སྟོན་པའི་ཟས་གཙང་སྲས་དེ་ངོ་མཚར་ཆེ།།
དད་པ་བརྟན་པོ་འགྱུར་པ་མེད་པར་མེ་ལོང་ནང་གི་གཟུགས་བརྙན་མཇལ།།

བློ་ལ་ཤར་ཚད་བདེན་པར་འཛིན་པ་བསམ་མེད་བྱིས་པའི་རིག་པ་འདྲ།།
བདེན་པའི་གནས་ལུགས་ཚད་མས་སྒྲུབ་པ་སྔོན་གྱི་མཁས་པ་རྣམས་ཀྱིས་བསྟན།།
བདེན་འཛིན་རྟོགས་པའི་རིག་པའི་རྣམ་ཤེས་ཀླད་རྩ་རྣོ་བའི་ཚན་རིག་ཚོ།།
འཇིག་རྟེན་ཧྲིལ་པོ་ཉེན་ཁར་བཅུག་ནས་རང་མིང་གྲགས་པ་ཚན་རིག་ལས།།

སྡུག་བསྔལ་མཚོ་ལ་ཆུ་ཁྱེར་རྐྱལ་རྒྱག་ནུས་མེད་འགྲོ་བ་གྲངས་མཐའ་བརྒལ།།
འཇིག་རྟེན་འདི་ནི་སྒྱུ་མ་ཇི་བཞིན་བློ་ཡི་ཡུལ་དུ་རྟོགས་པར་དཀའ།།
ནུས་མེད་སེམས་ཅན་དབང་ལྡན་མི་ཡི་བྲན་གཡོག་ཉིན་མཚན་འཁྱོལ་ལ་དཀའ།།
ལས་ཀྱིས་སྦྱིན་པའི་འཁོར་བའི་ཉེས་དམིགས་རྒྱུ་དང་འབྲས་བུའི་མཐུ་ཡིས་སྦྱིན།།

སྙན་ངག

Post navigation

Previous Post: སེམས་ཀྱི་རྟོག་འགྱུ།
Next Post: བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་བའི་ནང་ཐོན་པའི་ནུས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme