Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་རིགས་ངོས་འཛིན་ཐུབ་པའི་ཀ་བཤད་བཅུ་བདུན་པ།

Posted on 2014-12-172014-12-17 By ཁ་བརྡ No Comments on བོད་མི་རིགས་ངོས་འཛིན་ཐུབ་པའི་ཀ་བཤད་བཅུ་བདུན་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
 

བོད་མི་རིགས་ངོས་འཛིན་ཐུབ་པའི་བོད་ཀྱི་ཡིག་གེ་ཀ་མད་སུམ་ཅུ་ལ་ཆེ་མཐོང་དགོས་པའི་ཀ་བཤད་བཅུ་བདུན་པ།

ཀ་མད་སུམ་ཅུའི་སངས་རྒྱས་བསྟན་པ་སྲུང་།།
ཁ་རྩེད་ལག་རྩེད་རྩེད་ཆས་ཀ་ཁ་མིན།།
ག་དུས་ཡིན་ཀྱང་ཀ་ཁར་ཆེ་མཐོང་ཞུས།།
ང་ཚོ་བོད་མིའི་འབྱུང་ཁུང་ཀ་ཁ་ཡིན།།
ཅ་ཅོའི་ཆགས་གཏམ་གླེང་ས་ཀ་ཁ་མིན།།
ཆ་རྐྱེན་བསྐྲུན་ནས་ལྟོ་གོས་འཚོལ་བྱེད་མིན།།
ཇ་མིན་ཆུ་མིན་འདྲ་བུའི་རྩོམ་འབྲི་མང་།།
ཉ་དང་ཉུང་མ་མཉམ་བསྲེ་བྱེད་ས་མིན།།
ཏ་ཐ་ག་ཏའི་བསྟན་པ་ཀ་ཁས་བསྐྱངས།།
ཐ་དད་མ་ཡིན་ཀ་ཁས་ངོ་སྤྲོད་གནང་།།
ད་སྐབས་རྩོམ་རིག་སྨྲ་བའི་དྲ་འབུ་ཚོ།།
ན་ཟུག་སྦྱིན་པའི་རྩོམ་ངན་ཉུང་ན་དགའ།།
པ་ཕ་འདྲ་བའི་ཀ་ཁ་དྲིན་ཆེན་གྱི།།
ཕ་ལམ་བཞིན་དུ་ནང་བསྟན་དམ་པོར་ཉར།།
བ་ཕྱུགས་འདྲ་བའི་བསམ་མེད་དྲ་འབུ་འགས།།
མ་རབས་ཚིག་གི་ཀ་ཁའི་ཆེ་མཐོང་རླག།
རྩ་བ་སྨྲ་བརྗོད་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན།།
ཚ་གྲྲང་ཇི་བྱུང་རང་གི་ཚོར་བས་མྱོང་།།
རྫ་བརྩེ་ཡོད་ན་ཀ་ཁར་བྱམས་སྐྱོངས་བགྱིས།།
ཝ་ལེར་བསམ་དང་ཀ་ཁ་བཀའ་དྲིན་ཆེ།།
ཞ་བགད་སློང་བའི་ཆགས་གཏམ་ཀ་ཁ་ཉོབ།།
ཟ་ང་ཟིང་ངེའི་རྩོམ་ཡིག་ཚིག་ཉོག་འདིའི།།
འ་འོ་མ་རྒྱལ་ཀ་ཁ་རིན་པོ་ཆེ།།
ཡ་རབས་ཚིག་དོན་ཀ་ཁའི་མཛེས་རྒྱན་ཡིན།།
ར་བ་གངས་རིའི་འཕྲོད་དུ་ཀ་ཁས་བསྐྱངས།།
ལ་ལུང་བགྲོད་ཀྱང་ཀ་ཁ་རྗེས་སུ་འབྲངས།།
ཤ་ཚ་ཡོད་ན་ཀ་ཁར་ཆེ་མཐོང་ཞུས།།
ས་ཕྱོགས་འདི་རུ་ཀ་ཁ་མ་རླག་བགྱིས།།
ཧ་ཧ་རྩོམ་གྱི་རིག་་བརྩལ་དྲ་འབུ་མང་།།
ཨ་གསར་རྩོམ་གྱི་ཀ་ཁའི་རིན་ཐང་བོར།།
སྔོན་བྱོན་མཁས་པའི་ལེགས་བཤད་ཀ་ཁའི་བསྐྱངས།།
དེང་རབས་དྲ་འབུའི་ཆགས་གཏམ་ཀ་ཁར་བཀུར།།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།།
དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།།
མཐོ་རིམ་མི་སྣས་དབྱིན་་སྐད་ཆག་ཀྱོག་གླེང་།།
ལྷན་ཁང་ཁག་ཏུ་དབྱིན་ཡིག་ནོར་ཀྱོག་འབྲི།།
སློབ་གྲྭ་ཁག་ཏུ་ཧིན་སྐད་བོད་སྐད་བསྲེ།།
གྲྭ་ཚང་ཁག་ཏུ་བོད་སྐད་གོར་སྐད་བསྲེ།།
སྔོན་འབྱོར་བོད་མིའི་ནེ་ཙོའི་སྐད་གསར་གླེང་།།
གསར་འབྱོར་བོད་མིའི་རྒྱ་མིའི་སྐད་ཡིག་གླེང་།།
བལ་ཚོང་མི་གི་ཚོང་སྐད་ཡུལ་སྐད་གླེང་།།
གཞིས་ཆགས་མི་མང་བོད་སྐད་གཙང་མ་གླེང་།།
བོད་པའི་སྐད་ཡིག་བོད་མི་རང་གི་སྣུབས།།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདི།།
རང་གི་རིགས་ལ་ངོ་སྤྲོད་ཞུས་པ་ནས།།
རང་སྟོད་མིན་པ་ཀུན་སློང་བཟང་པོའི་ཕུལ།།

སྙན་ངག

Post navigation

Previous Post: ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བརྙན་གསར་འགྱུར།
Next Post: གཉའ་བསྟོད་མཐོང་བ་གཅིན་ཤོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme