Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་གཞིར་གྱུར་མ།

Posted on 2014-12-142014-12-14 By ཁ་བརྡ་ 4 Comments on བུད་མེད་གཞིར་གྱུར་མ།

ཕོ་རོག་དཀར་པོས།
——-༼བུད་མེད་ལས་འཕྲོས་པའི་བསྟན་བཅོས་སྔོན་པོ།༽

 
༡༽ མི་རྣམས་ཀུན་གྱི་འབྱུང་གཞི་བུད་མེད་མཆོག།
ཚུལ་བཞིན་བསམས་ན་བདེ་བའི་རྩ་བ་རུ།།
ཡིན་པར་ཤེས་ནས་འབད་པ་དུ་མ་ཡིས།།
གཏན་ཏུ་འགྲོགས་འདྲིས་ཐུབ་པར་བྱིན་གྱིས་རློབས།།

༢༽ ལན་ཅིག་ཙམ་ལ་འགྲོགས་པའི་བུད་མེད་ནི།།
ཤིན་ཏུ་རྙེད་སླ་དོན་ཆུང་ཤེས་གྱུར་ནས།།
ཉིན་མཚན་ཀུན་ཏུ་གཡོ་འོག་མི་ཚུད་པར།།
རྒྱུན་ཆད་མེད་པར་འཛེམས་པར་བྱིན་གྱིས་རློབས།།

༣༽ བུད་མེད་སེམས་ནི་ཆུ་ཡི་ཆུ་བུར་བཞིན།།
མྱུར་དུ་འགྱུར་བའི་གཡོ་འཕྲུལ་དྲན་པ་དང་།།
ངན་གཡོའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།
ཕུང་སྦྱོར་ངན་རྒུའི་རིགས་ཀུན་རྗེས་འབྲངས་པ།།

༤༽ ངེས་པ་བརྟན་པོ་རྙེད་ནས་བུད་མེད་ཚོགས།།
ཕྲ་ཞིང་ཕྲ་མོའི་བློ་ཡིས་དཔྱོད་པ་དང་།།
འདོད་དོན་མཐའ་དག་སྒྲུབ་པར་བྱེད་མཁན་ལ།།
རྟག་ཏུ་བརྩེ་བ་ལྡན་པར་བྱིན་གྱིས་རློབས།།

 
༥༽ སྤྱད་པས་མི་ངོམས་བུད་མེད་འདོམས་ཀྱི་སྒོ།།
ཡིད་བརྟན་མི་རུང་ཆག་སྒོ་ཀུན་འབོད་པའི།།
ཉེས་དམིགས་རིག་ནས་ཆགས་བྲལ་གོ་འཕང་ལ།།
དོན་གཉེར་ཆེན་པོས་འབད་པར་བྱིན་གྱིས་རློབས།།

༦༽ རྣམ་དག་བུད་མེད་ཅིག་ལ་འཕྲད་པ་ན།།
དྲན་དང་ཤེས་བཞིན་བག་ཡོད་ཆེན་པོའི་ངང་།།
བདེ་སྐྱིད་རྩ་བ་བརྩེ་དུང་འཚོ་བ་ལ།།
མི་ཚེའི་སྙིང་པོར་བྱེད་པར་བྱིན་གྱིས་རློབས།།

༧༽ རང་ཉིད་འཁྲིག་བདེར་དགའ་བ་ཇི་བཞིན་དུ།།
མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།།
མཐོངས་ནས་འཁྲིག་སྤྱོད་བྱ་བའི་ཁུར་ལེན་པའི།།
གཞན་ཕན་བསམ་བློ་འབྱུང་བར་བྱིན་གྱིས་རློབས།།

༨༽ སེམས་ཙམ་བསྐྱེད་ཀྱང་འཁྲིག་ཐབས་མང་པོ་ལ།།
གོམས་འདྲིས་མེད་ན་བུད་མེད་མི་ཚིམས་པར།།
ལེགས་པར་མཐོངས་ནས་གཞང་འཚོང་བུད་མེད་ལྟར།།
བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།།

༩༽ ལོག་པའི་ཡུལ་ལ་གཡེང་བ་འཕེལ་བྱེད་ཅིང་།།
ཡང་དག་དོན་ལ་ཀུན་ནས་རྨོངས་བྱེད་པའི།།
ཕོ་མོ་གཉིས་སྦྱོར་བདེ་ཆེན་ཆགས་པའི་ལམ།།
མྱུར་དུ་ཉམས་སུ་མྱོང་བར་བྱིན་གྱིས་རློབས།།

༡༠༽ ཐུན་མོང་འཁྲིག་ཐབས་ཀུན་ལ་མཁས་པ་ན།།
འཁྲིག་སྤྱོད་ཀུན་གྱི་མཆོག་གྱུར་ནུབ་གླིང་ལུགས།།
ན་གཞོན་ཕོ་མོའི་འཇུག་ངོགས་དམ་པ་དེར།།
ཐེ་ཚོམ་མེད་པར་འཇུག་པར་བྱིན་གྱིས་རློབས།།

༡༡༽ དེ་ཚེ་གཉིས་སྦྱོར་བདེ་ཆེན་འབར་བའི་གཞི།།
རྣམ་དག་འཁྲིག་ཐབས་སྒྱུ་རྩལ་སྤྱོད་པ་ལ།།
བཅོས་མ་མིན་པའི་ཆ་ལུགས་ཀུན་འཁྲབས་ནས།།
སྲོག་གི་རྩ་ཡང་སྦྲིད་པར་བྱིན་གྱིས་རློབས།།

༡༢༽ དེ་ནས་འཕྲད་པའི་སྙིང་པོ་སིམ་ཚོར་གྱི།།
བདེ་བ་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།།
ཉིན་མཚན་དུས་ཀྱི་ཁྱད་པར་མི་བལྟ་བར།།
གོ་སྐབས་དམ་པོར་འཛིན་པར་བྱིན་གྱིས་རློབས།།

༡༣༽ དེ་ལྟར་བདེ་ཆེན་སྤྲོད་པའི་བུད་མེད་དང་།།
འཁྲིག་བདེ་དོན་དུ་གཉེར་རྣམས་མཐུན་འགྲིག་ཅིང་།།
ཕྱི་དང་ནང་གི་དབྱེན་དཀྲུག་ཕྲ་མའི་ཚོགས།།
ཉེ་བར་ཞི་ཞིང་མེད་པར་བྱིན་གྱིས་རློབས།།

༡༤༽ སྐྱེ་བ་ཀུན་ཏུ་ཡང་དག་བུད་མེད་དང་།།
འབྲལ་མེད་འཁྲིག་བདེའི་དཔལ་ལ་ལོངས་སྤྱོད་ཅིང་།།
འཐམ་དང་འཁྱུད་པའི་ལས་ཀུན་རབ་རྫོགས་ནས།།
ཟུང་འཇུག་བདེ་ཆེན་དགའ་སྟོན་མྱུར་འབར་ཤོག། །།

ཅེས་པ་འདི་ཡང་རྒྱ་དཀར་ནག་དང་། བལ་བོད་ཀྱི་རྒྱལ་ཁམས་སུ་འཁྱམས་ཉུལ་གྱི་འགྲུལ་བཞུད་པ་རྣལ་འབྱོར་རློན་པའམ་ཕོ་རོག་དཀར་པོ་རུ་འབོད་པས་རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གྲོང་ཁྱེར་ནས་ཕྱི་ལོ་༢༠༠༥ ཟླ་༥ ཚེས་༢༠ ལ་བྲིས་པ་དགེ་ལེགས་འཕེལ།།

ཙོང་ཁ་པ་ཡི་ཡོན་ཏན་གཞིར་གྱུར་དང་།།
ཆབ་བྲག་ཕོ་ཉའི་རྩོམ་འབྲི་གཞི་གྱུར་མ།།
ཕོ་རོག་དཀར་པོའི་བུད་མེད་གཞི་གྱུར་གསུམ།།
སྐྱེས་བུ་རབ་འབྲིང་ཐ་མའི་ཆོས་ལུགས་ཡིན།། །།ཞེས་ཀྱང་སྨྲ་བར་འདོད་དོ།།

སྙན་ངག

Post navigation

Previous Post: འཇིག་རྟེན་དམྱལ་བའི་གླུ།
Next Post: ཡེ་ཤིའི་དུས་ཆེན་གྱི་བརྡ་ལན་ཀཱ་ལིའི་སྒྲ་དབྱངས།

Comments (4) on “བུད་མེད་གཞིར་གྱུར་མ།”

  1. ནག་ཆུ་ཀུན་དགའ says:
    2014-12-14 at 10:06 am

    ཡོན་ཏན་གཞི་གྱུར་མ་ཡག་པོ་བྲིས་འདུག། ད་ལམ་གཙོ་རྣམ་གསུམ་བསྒུག་ཡོད་ད། ཧཧཧ

  2. ཇུས་ཏོག says:
    2014-12-14 at 12:10 pm

    ཐུན་མོང་འཁྲིག་ཐབས་ཀུན་ལ་མཁས་པ་ན་་།
    འཁྲིག་སྤྱོད་ཀུན་གྱི་མཆོག་བརྒྱུར་ཁ་ཡི་འཇིབ་།
    ན་གཞོན་ཕོ་མོའི་འཇུག་ངོགས་དམ་པ་དེར་།
    ཐེ་ཚོ་མེད་པར་ལྕེ་ཡི་ལྡག་པར་རློབས་།
    འདིོད་ཆགས་གཡོ་བ་ཆུ་ཡི་ཆུ་འབུར་འདྲ་།
    བུད་མེད་ཆགས་པ་ཆེ་བས་ལན་གཉིས་སྤྱོད་།
    འཁྲིག་པ་ཚར་ནས་་གཉིས་ཀ་གཉིད་དུ་ཐིམ་།
    འཁྲིག་པའི་འདོད་དོན་འགྲུབ་པ་བྱིན་གྱི་རློབས་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-12-14 at 9:33 pm

    སྔོན་ཉི་ཧོང་སྟེ། རི་པོང་དུ། ༡༩༨༩ ལོར་རླངས་འཁོར་ཞིག་ནང་དུ་བོད་མི་ཁ་ཤས་མཉམ་སྡེབས་ཀྱིས་འགྲོ་དུས་མཁས་དབང་ཁྲུལ་ཁྲིམས་སྐལ་བཟང་ཁང་དཀར་གྱིས་ཡོན་ཏན་གཞིར་གྱུར་མ་ལ་ཚིག་བསྒྱུར་བྱས་ཏེ། ཡིད་བརྟན་མི་རུང་སྡེ་པ་གཞུང་གི་སྒོ། ཞེས་སོགས་བཏོན་ནས། བོད་མི་དེ་རྣམས་ཀྱི་གད་མོ་སྒྲོགས་པ་ཐོས་མྱོང་ཡིད་དུ་ཡོད། ད་ལན་བོད་ཀྱི་མཁས་དབང་རྒྱ་དཀར་ནག་དང་། བལ་བོད་ཀྱི་རྒྱལ་ཁམས་སུ་འཁྱམས་ཉུལ་གྱི་འགྲུལ་བཞུད་པ་རྣལ་འབྱོར་པ་ཆེན་པོའམ་ཕོ་རོག་དཀར་པོ་རུ་འབོད་པས་རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གྲོང་ཁྱེར་ནས་ཕྱི་ལོ་༢༠༠༥ ཟླ་༥ ཚེས་༢༠ ལ་བྲིས་པ་ཀློག་པའི་སྐལ་བ་བཟང་པོ་བྱུང་། བཀྲ་ཤིས་དགེ་ལེགས་འཕེལ། འོན་ཀྱང་འོག་གི་ཚིག་རྐང་གི་མ་ཡིག་ལ་ར་ཡིག་ཐོབ་པ་དེ་ཁ་སྐད་རྗེས་སུ་འབྲངས་ཏེ། རྒྱང་རིང་པོར་འཕེན་པ་དེ་འགྲིག་མི་འདུག། འདི་དང་འདིའི་རིགས་ལ་སྨྱུག་ཐོགས་པ་ཀུན་གྱིས་དོགས་ཟོན་མཛོད།
    “མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།།”

  4. སེམས་བཟང་། says:
    2014-12-15 at 2:11 am

    ཕོ་རོག་དཀར་པོ་འབོད་པའི་ལྟེ་ངན་ཁྱོས།།
    འཇམ་མགོན་བླ་མའི་ཡོན་ཏན་གཞིར་གྱུར་མར།།
    བུད་མེད་དཔེ་ལ་སྦྱར་བར་ཧ་ཅང་སྐྱོ།།
    དེ་བས་ཨ་བཱ་ཟེར་བཞིན་གཏོར་མ་འཚོལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme