Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲོང་ཚོའི་འགོ་ཁྲིད་ཅིག་རྒྱ་ཡིས་དམར་གསད་བཏང་འདུག

Posted on 2014-12-112014-12-11 By ཁ་བརྡ No Comments on གྲོང་ཚོའི་འགོ་ཁྲིད་ཅིག་རྒྱ་ཡིས་དམར་གསད་བཏང་འདུག

གནས་ཚུལ་གཏོང་མཁན། ཡུལ་གྱར་བ་རྒྱ་ཤོད་བསྟན་འཛིན་རབ་བརྟན།

 

ཁམས་འབྲི་རུ་རྫོང་ཁོངས་རྒྱ་ཤོད་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་རྒྱ་ཡིས་དམར་གསད་བཏང་འདུག

བོད་ནས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཡིག་ངག་གཉིས་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་བོད་མདོ་ཁམས་འབྲི་རུ་རྫོང་ཁོངས་རྒྱ་ཤོད་གཡང་ཤོད་ཤང་ངམ་《སེན་ཚ་ཤང་》ལ་གནས་ཚུལ་ཚབས་ཆེ་ཞིག་ཐོན་ཡོད་འདུག བོད་ཟླ་༩ པའི་ཚེས་༢༩ ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༡ ཉིན་དེང་སྐབས་རྒྱ་ཤོད་སེན་ཚ་ཤང་ཁོངས་དབུ་གཞུང་གྲོང་སྡེའིི་འགོ་ཁྲིད་འབའ་ཆེན་རྒྱལ་བ་འམ་ངག་དབང་སྨོན་ལམ་ཞུ་བ་རང་ལོ་༥༠ ཡན་མན་ཞིག་ཡིན་པ་ཁོང་རྒྱ་གཞུང་གིས་སེན་ཚ་ཤང་དུ་འབྲི་རུ་རྫོང་གི་འགོ་ཁྲིད་དྲེང་འགང་ཧྲུའུ་ཅིའི་བཀའ་ལྟར། རྒྱ་ཡི་ཉེན་རྟོག་པ་དང་སྐྱར་སྡོག་གམ་བཅར་སྡོད་དམག་མིའི་འགོ་གཙོ་ཡིས་དམར་གསོད་བཏང་འདུག་པ་མ་ཟད། གྲོང་ཚོ་དེ་ནས་མི་དམངས་ལྔ་བཅུ་ཙམ་ཞིག་འཇུ་བཟུང་བྱས་ཏེ་གཡང་ཤོད་ཤང་ལ་བཀར་ཉར་བྱས་མཐར་འབྲི་རུ་རྫོང་དུ་ཁྲིད་ནས་བཙོན་ཁང་དུ་བཅུག་འདུག༼མིང་ཤེས་པ་ཁག་ཅིག་ནི་དཔའ་དགའ་དང་། ནད་མེད། དྲོ་རིལ། བཀྲ་ཤིས་བཅས་རེད་འདུག༽

དོན་རྐྱེན་དེའི་གཞི་རྩའི་གནས་ལུགས་ཁ་གསལ་རག་ཐབས་མ་བྱུང་ཡང་ཚོད་དཔག་བྱས་པ་ལྟར་ན། དབུ་གཞུང་གྲོང་ཚོའི་འགོ་ཁྲིད་འབའ་ཆེན་རྒྱལ་བ་ལགས་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་ཟུར་ཞིག་ཡིན་པ་དང་། ཁོང་ནི་རང་མི་རིགས་ལ་ལ་རྒྱ་ཆེ་ཞིང་སྙིང་སྟོབས་ལྡན་པའི་གཤིས་བཟང་གཞུང་དྲང་ཅན་གྱི་མི་བུ་ཞིག་ཡིན་ཞིང། ལོ་མང་རིང་དབུ་གཞུང་གྲོང་ཚོའི་འགོ་ཁྲིད་དུ་བསྐོས་ནས་འགན་ཁུར་ཞུས་དང་ཞུ་མུས་ཡིན་པ་དང་། མང་ཚོགས་ཀྱིས་ཁོང་ལ་དད་གུས་དང་གདེང་འཇོགས་ཚད་མེད་བྱེད་ཀྱིན་ཡོད་ནའང་རྒྱ་གཞུང་གིས་ཁོང་ལ་རྒྱུན་གཏན་ནས་ལྟ་སྟངས་ཡག་པོ་མེད་པ་ཚང་མས་ཤེས་གསལ་ཡིན་འདུག

ཁོང་གིས་དུས་རྟག་ཏུ་རང་ནུས་ཡོད་ཚད་ཀྱི་རྒྱ་ཤོད་དབུ་གཞུང་གྲོང་ཚོ་དང་པད་དཀར་དགོན་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གི་གྲོང་སྡེའི་ནང་ཆོས་དང་རིགས་གཞུང་དར་སྤེལ་སླད་དང་། གཞོན་སྐྱེད་ལ་ཤེས་ཡོན་ཡར་རྒྱས། གྲོང་ཚོའི་དཔལ་འབྱོར་གྱི་ཡར་རྒྱས། ནང་ཁུལ་མཐུན་སྒྲིལ་བཅས་ཀྱི་ཆེད་གྲོང་ཚོའི་ནང་ལས་མགུལ་སྣ་མང་སྤེལ་བར་མི་དམངས་ནས་རྒྱབ་སྐྱོར་གྱི་གྲུབ་འབྲས་མི་དམན་པ་ཐོན་ཡོད་འདུག དཔེར་ན། གྲོང་ཚོའི་ནས་སྤྱི་ཁང་རྒྱ་ཆེ་ཞིག་རྒྱབ་ཡོད་པ་དེར་སྐབས་མཚམས་གླུ་གར་སྦྱོང་ས་དང་སྤྲོ་སྐྱིད་གཏོང་ས། དེ་བཞིན་མི་མང་ཆེད་བླ་མ་དང་དགེ་ཤེས་ཚོའི་བཀའ་ཆོས་གོ་སྒྲིག་ཞུ་ས། ལོ་ལྟར་མང་ཚོགས་ཀྱིས་སྒྲོལ་མ་དང་མ་ཎི་དུང་སྒྲུབ་འཚོགས་ས་བཅས་ཀྱི་སླད་བསྐྲུན་ཡོད་འདུག
གྲོང་སྡེའི་ནང་གཞོན་སྐྱེད་ལས་མེད་ཚོར་གཙོ་བོ་དམིགས་པའི་ཡིག་རྨོངས་སེལ་ཕྱིར་གྲོང་ཚོའི་སློབ་གྲྭ་ཞིག་བརྒྱབ་ཡོད་པ་དེའི་ནང་ཡིག་རྨོངས་བ་རྒན་གཞོན་དར་གསུམ་ལ་གྲོང་སྡེའི་ནང་གི་ཤེས་ཡོན་ཅན་དང་སློབ་གྲ་འགྲོ་མྱོང་མཁན་ཚོས་སློད་ཁྲིད་གནང་ནས་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ལུགས་བཟོས་ཡོད་འདུག གྲོང་ཚོ་ནས་བོད་ཀྱི་ཟློས་གར་རུ་ཁག་ཆེ་འབྲེང་ཆུ་གསུམ་བཙུག་པ་སྐབས་མཚམས་དབུ་གཞུང་གྲོད་སྡེ་དང་པད་དཀར་དགོན་པའི་དབྱར་སྐྱིད་སྐབས་བོད་ཀྱི་རིགས་གཞུང་ཁྲབ་སྟོན་གནང་གི་ཡོད་འདུག

དེ་བཞིན་གྲོང་སྡེའི་སྨན་ཁང་དང་ཚོང་ཁང་། སྣུམ་འཁོར་རྒྱ་ལམ་བཅས་འཛུགས་སྐྲུན་བྱས་ཡོད་འདུག རྣམ་ཀུན་སྤང་བླང་གི་སློབ་གསོ་སྤེལ་བ་མཚོན་ན། བོད་མི་ནང་ཁུལ་ནང་དམེ་སྤང་དུ་བཅུག་པ་དང་། གྲོང་ཚོའི་ཕོ་གཞོན་ཚོའི་བག་མེད་ལོངས་སྤྱོད་ཀྱི་རྒྱན་རྩད་རིགས་དང་། ཆང་རག་དང་དུ་བ་སོགས་སྤང་དུ་བཅུག་པ། གྲོང་ཚོ་ནས་གཞོན་སྐྱེད་ལས་མེད་རིགས་ཀྱི་རྐུན་ཇག་སྤང་དུ་བཅུག་པ་སོགས་ཀྱི་སློབ་གསོ་ལ་མི་དམངས་གིས་བཀའ་གསུང་ཅི་སྒྲུབ་ཐོག་གཞོན་སྐྱེད་ཚོའི་འགྲོ་འདུག་སྐྱོད་གསུམ་དང་སྤྱི་ཡོངས་ནས་འགྱུར་ལྡོག་ཆེན་པོས་ལོ་ཤས་ནང་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་ཡར་རྒྱས་ཕྱིན་པའི་ཉེར་ལེན་ལ་བརྟེན། ཉེ་ཆར་རྒྱ་གཞུང་གིས་འབའ་ཆེན་རྒྱལ་བ་གྲོང་ཚོའི་འགོ་ཁྲིད་བཞག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། རྒྱ་ཡིས་འགོ་ཁྲིད་གསར་པ་ཞིག་ཀྱང་གྲོང་སྡེའི་འགོ་ཁྲིད་ལ་བསྐོ་རྒྱུ་བྱས་འདུག་པས། གནས་ཚུལ་དེ་དང་འབྲེལ་ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་བརྩན་གནོན་འོག་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་ཡོད་འདུག་པ་དང་། ཁོང་གི་རྒྱབ་ལང་མི་དམངས་རྣམས་གང་བྱུང་བཙོན་འཇུག་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་པ་ལས་དེ་མིན་ཁོང་དང་འབྲེལ་བའི་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་མཐིལ་སྟོན་རྒྱུ་མེད་སྐད་འདུག

དེ་དང་ཕྱོགས་མཚུངས་རྒྱ་ཤོད་པད་དཀར་དགོན་ནས་གྲྭ་བ་བཞི་བཅུ་ལྷག་ཙམ་ཕྱིར་ཕུད་བཏང་བ་དང་། རྒྱ་ཤོད་ཡ་ང་བྱ་མདའ་བཙུན་དགོན་བྱ་མདའ་དགོན་ནས་བཙུན་མ་བརྒྱ་ལྷག་ཙམ་ཕྱིར་ཕུད་བཏང་ཡོད་འདུག༼དེ་སྔོན་བཙུན་མ་གྲངས་༢༦ ཙམ་ཕྱིར་ཕུད་བཏང་བའི་གནས་ཚུལ་སྤེལ་ཟིན།༽ ད་དུང་མདོ་སྟོད་སྨད་ཁུལ་དུ་རྒྱ་ཤོད་ཀྱི་གྲྭ་བཙུན་མང་པོ་སློབ་གཉེར་ཆེད་གྲམ་ནས་ཡོད་པ་ཚང་མ་ཕྱིར་རང་ཡུལ་ལ་ཕྲལ་དུ་ལོག་དགོས་པའི་སྐོར་འབྲེལ་ཆགས་ནང་མི་དང་དགོན་པའི་འགན་འཛིན་བཅས་ལ་བཙན་བཀའ་བཏང་བ་དང་། གལ་སྲིད་རང་གནས་སུ་མ་སླེབས་ན་ཕ་ཡུལ་ནས་ཕྱིར་ཕུད་བཏང་རྒྱུའི་ཁྱབ་བསྒྲགས་ཤུགས་ཆེར་བྱས་འདུག།
དེར་བརྟེན་ས་ཕྱོགས་གཞན་དུ་ཡོད་པའི་གྲྭ་བཙུན་མང་པོ་ཞིག་གིས་མི་འདོད་བཞིན་དུ་སྐབས་བབ་ཀྱི་སློབ་གཉེར་བློས་བཏང་བྱས་ཏེ་ཕ་ཡུལ་ལ་ལོག་དགོས་བྱུང་བའི་གནས་ཚུལ་དང་། དགོན་པ་དེ་དག་གི་ནང་དུ་དེང་སང་གྲྭ་བཙུན་རྣམས་བསམ་བློའི་སློབ་གསོ་གསར་པ་སྤྲད་དགོས་ཟེར་ནས་ཉིན་ལྟར་སུན་འཚེར་ཚད་མེད་པ་ཞིག་བཟོ་བཞིན་པ་རེད་འདུག

དེང་སྐབས་ནག་ཆུ་ས་ཁུལ་དང་ཆབ་མདོ་ས་ཁུལ་བཅས་སུ་གྲྭ་བཅུན་ཐད་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ཇུས་ཞིག་འགྲོ་མུར་ཡིན་འདུག གནས་ཚུལ་གཞན་ཞིག་ལ་ད་སྐབས་འབྲི་རུ་རྫོང་གི་འགོ་ཁྲིད་དྲེང་འགང་ཧྲུའུ་ཅི་ཟེར་བ་ཞིག་ཡོད་འདུག་པ་དེས་ཁྲིམས་ངན་དོན་ཚན་ལྔ་བཅུ་ང་དགུ་ལྷག་རྫོང་ས་ཁུལ་ཁག་དུ་ལག་བསྟར་གྱིས་སེར་སྐྱ་མི་མང་ལ་དོན་མེད་ཉེས་འཇུགས་ཀྱིས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་གིན་ཡོད་འདུག
ཉེ་ལམ་སྐྱ་སེར་སུམ་བརྒྱ་ལྷག་འབྲི་རུ་རྩམ་མདོ་མ་ཟེར་བའི་ས་ཚུགས་དེ་ན་རྒྱ་དམག་གིས་རྡུང་རྡེག་ཚད་ལས་འདས་པ་བཏང་པ་དང། མི་དེ་དག་ས་དོང་ཆེན་པོ་ཞིག་ཁ་ནས་མཆོང་དུ་བཅུག་པ་མ་ཟད་ལོ་རྒས་པ་རྣམས་མཆོང་མ་ཐུབ་པ་བརྟེན།རྡུང་རྡེག་མནར་གཅོད་ཚད་ལས་འདས་པ་བྱས་སོང་ཟེར། བོད་མི་དེ་ཚོས་ངག་ནས་མ་འོངས་པར་མི་ང་ཚོའི་མྱོང་བ་ནང་བཞིན་བོད་མི་གཞན་ཚོས་མི་མྱོང་བར་ཤོག་ཟེར་ནས་སྨོན་ལམ་བཏབ་པ་དང་། ང་ཚོ་མི་ལུས་མ་རེད་ཟེར་ནས་སྡུག་སྐད་ཀྱང་ཤོར་དགོས་བྱུང་ཡོད་འདུག་ལ་གནས་ཚུལ་གསུང་མཁན་གྱིས་ཞུ་དོན་ལ། འབྲི་རུ་རྫོང་གི་འགོ་ཁྲིད་དྲེང་འགང་ཧྲུའུ་ཅིའི་ལས་འགུལ་དེ་མཚམས་འཇོག་ཡོང་པའི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་དང་ཐབས་ཤེས་འདྲ་གཏོང་ཡ་ཡོད་ན་མགྱོགས་མྱུར་ངང་གཏོང་རོགས་མ་གཏོགས་གནས་འདི་ན་མ་ཤི་དམྱལ་བའི་སྡུག་བསྔལ་མྱོང་བཞིན་འདུག་ཞེས་ཚོར་་བ་སྐེམ་པོའི་ཐོག་ནས་འབོད་སྐུལ་ཞུ་བཞིན་འདུག

སེན་ཚ་ཤང་དུ་དམར་གསོད་དང་འཇུ་བཟུང་གི་དོན་རྐྱེན་བྱུང་ཕྲལ་སྤྱི་དམངས་ཡོངས་ལ་གནས་ཚུལ་ཕྱི་གྱར་མི་ཡོང་བའི་སྡིགས་ར་སྐུལ་བ་དང་ས་ཕྱོགས་གཞན་ལ་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་ཆེ་བ་དང་ཡུལ་མི་རྣམས་ཀྱིས་གནས་ཚུལ་ཕྱི་ལ་མི་སྒྲག་རྒྱུའི་ས་རྟགས་དང་མཛུབ་ཐེལ་བཅས་བརྩན་གྱིས་བརྒྱབ་ཏུ་བཅུག་ཡོད་འདུག་པས་གནས་ཚུལ་རག་ཐབས་བྲལ་འདུག
སྤྱིར་ན་བོད་ལྗོང་ཤར་ཕྱོགས་ཤན་ཁག་གསུམ་དང་༼སྦར་ཆེན་རྫོང་དང་། སོག་རྫོང། འབྲི་རུ་རྫོང་བཅས་གསུམ་ཡིན།༽འབྲི་རུ་རྫོང་ཁུལ་དང་སྒོས་སུ་རྒྱ་ཤོད་ཁུལ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེས་དམ་དྲག་ཆེ་ས་དང་གསང་རྒྱ་དམ་སའི་དམིག་བཀར་ས་ཁུལ་ཞིག་ས་སོང་། ལོ་ཤས་གོང་ནས་ཆབ་སྲིད་ཀྱི་གནས་ཚུལ་བསྟུད་མར་བྱུང་བ་དང་མུ་མཐུད་བྱུང་བའི་དོགས་གཞིའི་འོག་ཁ་པར་སྐབས་མཚམས་དང་། དྲྭ་ལམ་རྩ་བཀག་བཏང་བས་ཕྱི་ཕྱོགས་ནས་ཕ་མ་སྤུན་མཆེད་ལའང་འབྲེལ་ཐབས་མེད་པ་ཆགས་ཡོད།

གནས་ཚུལ་ཆ་ཚང་ཁ་གསལ་རག་ཐབས་ཆེད་ཉིན་ཤས་བཀག་བསྐྱིལ་ཞུས་ཀྱང་ཕ་ཡུལ་ལ་ཛ་དྲག་དང་དམ་དྲག་གི་དབང་གིས་གནས་ཚུལ་ཁ་སྣོན་རག་ཐབས་གཏན་ནས་མ་བྱུང་བས་བོད་ནས་འབོད་སྐུལ་ཞུས་པ་ལྟར་གནས་ཚུལ་ཛ་དྲག་ངང་བརྒྱུད་བསྒྲགས་ཞུས་པ་ལགས།

ཡུལ་གྱར་བ་རྒྱ་ཤོད་བསྟན་འཛིན་རབ་བརྟན་གྱིས། ༢༠༡༤། ༡༢། ༡༡ ལ་ཕུལ།

གསར་འགྱུར།

Post navigation

Previous Post: སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་དཔྱད་པའི་ཀ་བཤད་དགུ་པ།
Next Post: དོལ་རྒྱལ་གྱི་དངོས་བྱུང་ལོ་རྒྱུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme