Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་མགོན་ལགས། མངོན་པར་བསྟོད།

Posted on 2014-12-102014-12-10 By ཁ་བརྡ་ 3 Comments on སྐྱབས་མགོན་ལགས། མངོན་པར་བསྟོད།

རེབ་སྨད་ལྷའུ།

སྒང་བ་བོད་ཀྱི་ཕ་གཞིས་དེ། སེར་མིན་སྐྱ་མིན་གྱི་སྒེར་གཅོད་པ་ཚོས་ཡུན་རིང་ལོངས་སུ་སྤྱད་མཐར། ཁྱིམ་མཚེས་གཅན་གཟན་གཏུམ་པོས་གླགས་རྙེད་དེ་ཁྱུར་མིད་གཏོང་ལ་ཉེ་བ་ན། ཡུལ་མི་དང་ཕ་གཞིས་དགྲ་ལག་ཏུ་གཏད་པའི་ནག་ཉེས་ལས་གཡོལ་ཆེད་དུ། ཁོ་ཚོས་འགན་འཁྲི་ཡོད་ཚད་སྐུ་ན་མ་སོན་པ་ཁྱེད་ཀྱི་དབུ་ལ་གཡོགས།
དེ་ལྟ་ནའང་། རྒྱལ་ཕམ་དང་འཆི་གསོན་གྱི་འགག་འཕྲང་དོག་མོ་ནས། ཁྱེད་ཀྱིས་རང་ཉིད་ཀྱི་སྐུ་སྲོག་གཏའ་མར་བཞག་སྟེ། རྣམ་དཔྱོད་དང་ནུས་པ་ཡོད་རྒུ་གནངས་ཏེ་ཕ་གཞིས་དང་ཡུལ་མི་སྐྱོབ་པར་འབད།
ཡིན་ནའང་ཕྱི་ནང་གི་འགལ་རྐྱེན་ཆེ་བ་དང་། དགྲ་ནག་གི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་དཔུང་ཁ་ཤིན་ཏུ་རྣོ་བས། དཔུང་མེད་དཔའ་བོ་ཁེར་རྒྱུག་གིས་ཕ་གཞིས་སྐྱོབ་ཐབས་བྲལ།
དེ་ནས་ཁྱེད་རང་ཕྱི་གཟིགས་དང་འཕྲང་སེམས་གྲངས་མེད་ཀྱི་ངང་ནས་བཙན་བྱོལ་གྱི་ལམ་བུ་འགྲིམས། དེའང་ཕ་གཞིས་སྐྱོབ་པའི་མཐའ་མཇུག་གི་གདམ་ག་ལོས་ཡིན་ཨང་།

བཙན་བྱོལ་གྱི་འགྲུལ་བཞུད་ལ་ནང་གི་འགལ་རྐྱེན་རུ་འཛིང་ནས་ཡོད་ཀྱང་། ཁྱེད་ཀྱིས་ཞུམ་པ་མེད་ཅིང་ཕུགས་རྒྱང་རིང་བའི་ ཐུགས་བསྐྱེད་དེ། གོ་མེད་ཚོར་མེད་ཀྱི་མི་རིགས་ཤིག་འཛམ་གླིང་གིས་མཐོང་བར་བྱས།
ཁྱེད་ཀྱི་བྱམས་བརྩེ་ནི་ཉི་ཚེ་བའི་རྒྱ་ལས་ཐོལ་གྱིས་བརྒལ་ཏེ་འཛམ་གླིང་ཡོངས་སུ་ཁྱབ། ཁྱེད་ཀྱིས་མ་ཐུལ་བ་སུ་ཡང་མེད་ནའང་། ཁྱེད་ཀྱི་སྐྱབས་འོག་ན། གཉིད་སད་ཀྱང་མ་སད་པའི་ཟོལ་གྱིས་ལྟོ་འབྲང་འབའ་ཞིག་དོན་དུ་གཉེར་བའི་བོད་མི་ཚོ་ནམ་ཡང་སྐྱོབ་ཐབས་མ་མཆིས། ཇི་ལྟར་ཡང་ཁྱེད་ཀྱིས་ཕ་གཞིས་ཀྱི་ཆེད་དུ། གནང་དགོས་པ་ཡོད་ཚད་གནངས་ཟིན།

དེ་རིང་ནི་ཁྱེད་ཀྱི་བྱམས་བརྩེའི་གཟི་བྱིན་ལ་གཟེངས་རྟགས་ཕུལ་བའི་ཉིན་མོ་ཡིན། སྐྱབས་མགོན་ལགས། མངོན་པར་བསྟོད། ཁྱེད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།

རེབ་སྨད་ལྷའུ་ཡིས་བྲིས།

རྩོམ་རིག

Post navigation

Previous Post: རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ་བོད་ནང་གི་རྩོམ་པ་པོ་གླེང་བ།
Next Post: དེ་རིང་བཀྲ་ཤིས་ཀྱི་ཉིན་མོར་བསུ།

Comments (3) on “སྐྱབས་མགོན་ལགས། མངོན་པར་བསྟོད།”

  1. བཀྲ་ཤིས། says:
    2014-12-10 at 6:47 am

    ཡིང་ནོར། ལྟོ་འབྲང་ལ(ལྟོ་འགྲངས)་ཟེར་བ་འདྲ།:-D

  2. གངས་བུ། says:
    2014-12-10 at 10:23 am

    ༷༅། འཛམ་གླིང་གོ་ལའི་ཡང་རྩེར་གནས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་ཤར་ཕྱོགས་རླ྄ུང་ཤིག་འོག་ཏུ་ལུས་ཏེ་མི་ལོ་དྲུག་ཅུ་ལྷག་འགྲོ་ཡི་འདུག་མོས། ཁྱེད་ཀྱི་ཐུགས་རྗེ་ཆེའི་འོད་ཟེར་གྱི་ནུབ་པ་མེད་པར་གོ་ལའི་གླ྄ིང་འདིར་ཟེར་འོད་ཁྱབ་བཞིན་ཡོད། འདི་ནི་མགོན་པོ་གང་གི་ཐུགས་རྗེ་ཆེ་ཉག་གཅིག་ཡིན། བོད་རིགས་རྩམ་གཟན་ཡོང་ངོ་ཤེས་པར་བྱ་དགོས། དུས་ཆེན་སྲུང་རྩིས་བྱེད་རྒྱུ་འདི་གལ་གནད་ཆེན་པོ་ཡིན་མོས། དེ་ལས་མགོན་གང་གི་བཀའ་དགོངས་གྲུབ་རྒྱུ་དེ་གལ་གནད་ཆེ་བར་མཐོང་།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 10:57 am

    བརྟན་བཞུགས་མང་པོ་ཡོད་མོད་ཀྱང་། །
    བཀའ་གསུང་ཅི་་སྒྲུབ་བརྟན་བཞུགས་མཆོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme