Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་ཞི་བདེའི་དེད་དཔོན།

Posted on 2014-12-102014-12-10 By ཁ་བརྡ་ 12 Comments on འཛམ་གླིང་ཞི་བདེའི་དེད་དཔོན།

བདེ་པོ་འཚོས།

unnamedཚན་རྩལ་དཔལ་ཡོན་རྦ་རླབས་བཞིན་འཕྱོ་ཞིང་།།
ཕྱི་ཡི་དངོས་པོའི་འཕེལ་ཚད་དེ་མྱུར་རུང་།།
གཏིང་གི་བདེ་བ་ཐོབ་མཁན་གྱི་མི་ནི།།
ཉིན་གྱི་སྐར་མའི་ལོ་རྒྱུས་སུ་སྣང་ངོ་།།

བརྗོད་མེད་དུས་ངན་འདི་འདྲ་ཡི་སྐབས་འདིར།།
མི་ཡི་གཟུགས་སུ་ཕེབས་པ་ཡི་སངས་རྒྱས།།
འཛམ་གླིང་ཞི་བདེའི་དེད་དཔོན་དེ་ཆེན་མོ།།
འགྲོ་བ་ཀུན་གྱི་སྐྱབས་གནས་སུ་མཆོག་གོ།

བྱམས་བརྩེའི་ཐུགས་རྒྱུད་མངའ་བདག་གི་མཆོག་ནས།།
ཐུགས་ཀྱི་རལ་གྲི་དགོངས་དབྱིངས་སུ་བཏེགས་ཏེ།།
འོ་ཆུ་འབྱེད་པའི་ངང་ཚུལ་གྱིས་དཔྱད་པས།།
འཇིག་རྟེན་འདི་ཡི་བདེན་མཐའ་དེ་རྙེད་དོ། །

རང་ལས་གཞན་གཅེས་གངས་ཅན་གྱི་མགོན་པོ།།
འཚེ་མེད་ཞི་བདེའི་ཐུགས་རྒྱུད་དེ་ཡངས་བས།།
འགྲོ་བ་ཀུན་གྱི་གཙིགས་ནོར་དུ་གཞེངས་པ། །
འཛམ་གླིང་འདི་ཡི་བྱམས་བརྩེ་ཡི་བདག་པོ། །

དེ་རིང་ཉིད་ཀྱི་སྐལ་བཟང་གི་ཉིན་མོ།།
ཞི་བདེའི་གཟི་འོད་འཛམ་གླིང་ལ་ཁྱབ་ཉིན།།
བདེན་པའི་རང་མདངས་འོད་སྣང་དུ་འཚེར་ཉིན།།
ནོར་བྷེལ་གཟེངས་རྟགས་ཐོབ་པ་ཡི་ཉིན་ཡིན།།

༢༠༡༤/༡༢/༡༠ ཉིན་ ༧ སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ།

སྙན་ངག

Post navigation

Previous Post: དད་འདུན་ཡིད་ཀྱི་མཆོད་སྤྲིན།
Next Post: རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ་བོད་ནང་གི་རྩོམ་པ་པོ་གླེང་བ།

Comments (12) on “འཛམ་གླིང་ཞི་བདེའི་དེད་དཔོན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:23 am

    རང་ཉིད་ཀུན་ལས་དམན་ལྟ་ཡང་། །
    རང་ཉིད་ཀུན་གྱི་མགོན་དུ་གྱུར། །
    གཞན་གྱིས་རང་ལ་བསྟོད་ལས་ལྷག །
    གཞན་ལ་རང་གིས་དེ་ལྷག་བསྟོད། །

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:28 am

    མིག་ཡོད་ཀུན་གྱིས་བསྟོད་ན་ཡང་། །
    བོད་རིགས་ཞ་ར་གའ་ཡིས་དམོད། །
    དོལ་རྒྱལ་གདོལ་རིགས་དགྲ་བགེགས་ལས། །
    ཐར་ནས་༸སྐུ་ཚེ་ཡུན་བརྟན་ཤོག །

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:32 am

    ནོ་བྷེལ་གཟེངས་རྟགས་ལ་སོགས་པའི། །
    གཟེངས་རྟགས་རྣམ་པ་སྣ་ཚོགས་བཞེས། །
    གྱ་དགུའི་གཟེངས་རྟགས་ཕྱག་མཚན་དུ། །
    བཞེས་ནས་མི་ལོ་ཉི་ཤུ་འཁོར། །

  4. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:43 am

    མི་ལ་མི་ཡི་ཐོབ་ཐང་དགོས། །
    ཆོས་པར་ཆོས་ད་ད་ཐོབ་ཐང་དགོས། །
    རང་སྐད་སྦྱོང་ཤོད་ཐོབ་ཐང་དགོས། །
    བརྒྱ་ཕྲག་ཉེར་གཅིག་ཐོབ་ཇང་དགོས། །

  5. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:46 am

    དེ་རིང་གི་ཉིན་ལ།
    བོད་ནང་འགྲོ་མིའི་ཐོབ་ཐང་མེད། །
    བོད་ནང་ཆོས་དད་ཐོབ་ཐང་མེད། །
    བོད་ནང་རང་སྐད་ཐོབ་ཐང་མེད། །
    བོད་ནང་ཐོབ་ཐང་ཡོད་ཚད་རྩོད། །

  6. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:50 am

    འགྲོ་མིའི་ཐོབ་ཐང་།
    རྒྱ་མིས་བོད་མིའི་ཐོབ་ཐང་འཕྲོག །
    རྒྱ་མིས་བོད་ས་མང་པོ་བཟུང་། །
    རྒྱ་མིས་བོད་རིགས་མང་པོར་གནོད། །
    རྒྱ་བོད་འགྲོ་མིའི་ཐོབ་ཐང་རྩོད། །

  7. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:55 am

    བོད་རྒྱ་འདྲ་མཉམ།
    བོད་རྒྱ་ཐོབ་ཐང་འདྲ་འདྲ་དགོས། །
    བོད་རྒྱ་མི་རིགས་འདྲ་མཉམ་དགོས། །
    བོད་རྒྱ་དབོན་ཞང་མཐུན་འབྲེལ་དགོས། །
    བོད་རྒྱའི་གཉའ་གནོན་ཀུན་ཐར་དགོས། །

  8. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:57 am

    འགྲོ་བ་མི་ཡི་ཐོབ་ཐང་ནི། །
    འགྲོ་བ་མི་ཡི་དམ་ཆོས་རེད། །
    འགྲོ་མིའི་ཐོབ་ཐང་འཕྲོག་པ་ནི། །
    འགྲོ་གནོད་གཉིས་ཀར་གནོད་པ་རེད། །

  9. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 2:59 am

    བརྒྱ་ཕྲག་ཉེར་གཅིག་ཐོབ་ཇང་དགོས། །
    འདི།
    བརྒྱ་ཕྲག་ཉེར་གཅིག་ཐོབ་ཐང་དགོས། །

  10. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 4:27 am

    དྷ་སའི་ནོ་བྷེལ་དུས་དྲན།
    http://new.livestream.com/accounts/7896152/events/3639174

  11. གངས་བུ། says:
    2014-12-10 at 10:10 am

    བོད་མི་རིགས་འདི་ལ་འགྲོ་བ་མི་ཡི་ཐོབ་ཐང་མེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 10:54 am

    ནོར་བཅོས།
    འགྲོ་གནོད་གཉིས་ཀར་གནོད་པ་རེད། །
    འདི།
    འགྲོ་བཅུད་་གཉིས་ཀར་གནོད་པ་རེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme