Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་གྲོགས་ལ་ཕུལ་བའི་ཀ་བཤད་དྲུག་པ།

Posted on 2014-12-062014-12-06 By ཁ་བརྡ 4 Comments on དྲ་གྲོགས་ལ་ཕུལ་བའི་ཀ་བཤད་དྲུག་པ།

ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 

ཀ་ཡེ་གསོན་དང་དྲ་རྒྱའི་དྲ་གྲོགས་ཚོ།།
ཁ་སྟོང་དོན་སྟོང་མིན་པའི་མཆན་ཞིག་ཞོག །
ག་ས་གང་ལ་འགན་མེད་ཇུས་གཏོགས་ཚོ།།
ང་ཚོ་དྲ་འབུ་འདྲ་བ་གང་ན་འདུག །
ཅ་ཅོ་མང་བའི་མཆན་བུ་འདེབས་པ་འདིར།།
ཆ་བཞག་མེད་པའི་མི་ཡིས་འཕྱ་སྨོད་མང་།
ཇ་ཞིང་དཀྱིལ་གྱི་ཇ་རོའི་སྙིགས་རོ་དང་།།
ཉ་ཤ་རུལ་བའི་དྲི་ངན་ཁྱབ་མི་ཉན།།
ཏ་བ་ཐ་དད་ཅན་གྱི་དྲ་འབུ་མང་།།
ཐ་སྙད་བརྡ་སྤྲོད་ཁ་དང་ལག་ཏུ་ཉར།།
ད་ར་འོ་མའི་བྲོ་བ་མི་ཤེས་མཁན།།
ན་ཆུང་མཛེེས་མ་འདྲ་བའི་དྲ་འབུ་ཚོ།།
པ་ངར་ཆེ་ནས་དྲ་རྒྱའི་སྒོ་ནང་འཛུལ།།
ཕ་རོལ་མགུ་བའི་མཆན་རྩོམ་འདི་ཡིན་མེད།།
བ་ཚ་ཡོད་པའི་ས་ལ་རྩ་མི་སྐྱེ།།
མ་རབས་ཚིག་གི་ཐ་སྙད་འཚོལ་མི་ཉན།།
ཙ་བ་རྩོམ་དང་མཆན་ལ་རང་དབང་རེད།།
ཚ་གྲང་ཚོར་བའི་དཔྱད་རྩོམ་བྲིས་ན་དགའ།།
ཛ་ཏི་བདག་ཉར་རླུང་ནད་སེལ་བའི་སྨན།།
ཝ་དང་་ཁྱི་སྤྱང་ཡིན་ཀྱང་སྨན་ངོ་འཕྲོད།།
ཞྭ་མོ་གྱོན་ན་མགོ་བོ་བདེ་བ་རེད།།
ཟ་མ་བཟོས་ན་སྒྱུ་ལུས་འཚོ་བ་རེད།།
འ་ཆད་འུ་ཐུག་མིན་པའི་དྲ་འབུ་ཚོ།།
ཡ་རབས་མ་རབས་ས་མཚམས་ཤེས་པ་བགྱིས།།
ར་ལ་ས་བཀལ་ར་ས་འཕྲུལ་སྣང་བཞེངས།།
ལ་ལུང་བགྲོད་ན་ཕ་ཡུལ་གངས་ལྗོངས་མཐོང་།།
ཤ་ཚ་ཅན་གྱི་དྲ་འབུའི་ཕ་ཡུལ་རེད།།
ས་ཆ་འདི་ནི་མི་ཡུལ་གཡར་བོ་རེད།།
ཧ་ལམ་རང་ཡུལ་ཡིན་ནོ་མ་བསམ་ཨ།།
ཨ་ཙ་བྱུང་ན་སྐད་ངན་རང་བཞིན་ཤོར།།

སྙན་ངག

Post navigation

Previous Post: ཤུགས་ལྡན་འབྲུག་ལ་བསླེབས་ཡོད་སྐད།
Next Post: དོན་གྲུབ་རྒྱལ་མོལ་བ་ཉ་ཉུང་མཉམ་བསྲེས་མ།

Comments (4) on “དྲ་གྲོགས་ལ་ཕུལ་བའི་ཀ་བཤད་དྲུག་པ།”

  1. ཐུབ་པ། says:
    2014-12-06 at 10:48 pm

    མུ་མཐུད་དུ་ཤུགས་རྒྱོབ

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-07 at 12:17 am

    ཏ་༼ལྟ་༽བ་ཐ་དད་ཅན་གྱི་དྲ་འབུ་མང་།།
    ་
    ་
    ་
    པ་༼དཔའ་༽ངར་ཆེ་ནས་དྲ་རྒྱའི་སྒོ་ནང་འཛུལ།།

  3. ཇུས་ཏོག says:
    2014-12-07 at 5:05 am

    མུ་མཐུད་དུ་(དུ)།ཤུགས་རྒྱོབ་་།ནས་ལས་འབྱུང་ཁུངས་དངོས་དང་འཕྲད་་།མུ་
    མཐུད་ནས་ཤུགས་རྒྱོབ་།
    ཀ་བཤད་དག་ཡིག་འབྲེལ་་བ་མེད་་ཡིག་ཕྱེད་གོ་བས་ཀློག་ན་ཤེས་་

  4. གནམ says:
    2014-12-07 at 8:12 am

    མུ་མཐུད་༼དེ༽་ཤུགས་རྒྱོབས། ཇུས་གཏོགས་བྱེད་ན་བཅའ་སྟངས་དག་དགོས་བ་རེད། གོ་བ་ཡོད་ན་ཨ་མའི་བུ་རུ་རྩི། མི་གོ་ཟེར་ན་འདྲ་འབུ་མགོ་འཐོམ་བྱོས།། ཡང་ཡང་མཇལ་བའི་ལས་དབང་དགའ་བ་ལ། གཞུང་ལུགས་རྡོག་པོས་བརྫིས་ན་སྐྱོ་བ་ལ།།

    ཀ་ཁ་སུམ་ཅུར་བཙན་པོ་དབང་ཡོད་བྱེད།
    ཁ་ནས་ཐོན་ཚད་ལག་པས་མ་ཕྲིས་བར།།
    ག་ས་གང་གི་ཀ་བཤད་རྐང་ཆག་རྣམས།།
    ང་རང་གཅིག་པོས་བཅོས་ཚད་མ་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme