Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་གཞས་སྒྱུ་རྩལ་གྱི་བོད་དོན་འཐབ་རྩོད།

Posted on 2014-12-042014-12-04 By ཁ་བརྡ 10 Comments on གླུ་གཞས་སྒྱུ་རྩལ་གྱི་བོད་དོན་འཐབ་རྩོད།

ཡོང་ཁུངས། བོད་ཀྱི་དུས་བབ།   རྟ་མགྲིན་སྒྱུ་རྩལ་ནས་འོས་སྦྱོར་བྱས།

tamding3སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་ལགས་ཀྱི་༼ཡངས་པའི་ལམ༽ཞེས་པའི་གླུ་གཞས་གཉིས་པ་དབུ་འབྱེད་ཐོག སྤྱི་འཐུས་ཚོགས་གཙོ་མཆོག་གིས་གླུ་གཞས་སྒྱུ་རྩལ་གྱིས་བོད་དོན་འཐབ་རྩོད་ལ་ནུས་པ་ཆེན་པོ་འདོན་ཐུབ་གསུངས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་རིགས་གཞས་པ་དང་ཁབ་གཙགས་རི་མོ་བ་རྟ་མགྲིན་ཚེ་བརྟན་ལགས་ཀྱི་༼ཡངས་པའི་ལམ༽ ཞེས་པའི་ཆེད་སྒྲིག་བརྙན་འཁོར་གཉིས་པ་དབུ་འབྱེད་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་ཆབ་སྲིད་བཙོན་པ་མགོ་ལོག་འཇིགས་མེད་ལགས་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས། དེ་བཞིན་དྷ་ས་ཁུལ་གྱི་བོད་རིགས་གཞས་པ་གཞས་མ་ཁག་ཅིག་བཅས་འཛོམས་སོང་། དབུ་འབྱེད་ཀྱི་ཐོག་མར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས། རྟ་མགྲིན་ཚེ་བརྟན་ལགས་ཀྱིས་བཙན་བྱོལ་ནང་ ༼ཡངས་པའི་ལམ༽ཆེད་སྒྲིག་བརྙན་འཁོར་དང་པོ་དང་གཉིས་པ་འགྲེམས་སྤེལ་བྱས་ཤིང་། ད་ལྟའི་བར་གླུ་གཞས་དང་རི་མོའི་སྒྱུ་རྩལ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཏེ། བོད་མིའི་སྤྱི་ཚོགས་ཁྲོད་དགའ་མོས་དང་བག་ཆགས་བཟང་པོ་བཞག་ཡོད་སྐོར་སོགས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོས་བརྙན་འཁོར་དབུ་འབྱེད་གནང་སོང་།

tamding2
དེའི་རྗེས་སྒྱུ་རྩལ་བ་རྟ་མགྲིན་ལགས་ཀྱིས་ཁོང་རང་གི་ཆེད་སྒྲིག་བརྙན་འཁོར་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ཁོ་བོ་བོད་ཀྱི་གནས་སྟངས་སྒྱུ་རྩལ་གྱི་ལམ་ནས་ངོ་སྤྲོད་བྱེད་ཐུབ་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན་སྟབས། ཁོ་བོའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་༼ཡངས་པའི་ལམ༽ཞེས་པ་ནས་མགོ་བཙུགས་ཏེ། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བ་སྟེ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་ཏེ་གཞིས་བྱེས་ལྷན་འཛོམས་བྱུང་ཐུབ་པའི་རེ་འདུན་འོག ཆེད་སྒྲིག་བརྙན་འཁོར་གཉིས་པ་དང་གསུམ་པའང་མིང་དེ་བཏགས་ཡོད། དེང་སང་བོད་གཞས་བྱེས་གཉིས་སུ་གཞས་ཀྱི་གདངས་དང་ཚིག་ཕབ་བཤུས་བྱེད་པ་དང་། ལྷག་པར་དུ་རྒྱ་ནག་གི་གཞས་ཀྱི་གདངས་དེ་ཚོ་བོད་གཞས་ནང་ཕབ་བཤུ་བྱེད་བཞིན་པ་འགོག་ཆེད། ༼ཡངས་པའི་ལམ༽བརྙན་འཁོར་གཉིས་ཀྱི་ནང་ཁྱད་ཆོས་གཙོ་བོ་གཞས་ཀྱི་གདངས་དང་ཚིག་གཉིས་ཀ་གསར་པ་ཡིན་པ་མ་ཟད། ཚང་མ་བོད་དོན་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཡིན་སྐོར་བརྗོད་སོང་།

སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས། གླུ་གཞས་དེ་ང་ཚོའི་ཉིན་རེའི་འཚོ་བའི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད་པ་དང་། འདས་པའི་ལོ་ངོ་ ༣༠ བོད་ཀྱི་ལོ་རྒྱུས་དང་ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་ལོ་རྒྱུས་ནང་བལྟས་ན། རྩོམ་པ་པོ་དང་གཞས་པ་ཚོས་དམིགས་བསལ་གྱིས་ནུས་པ་ཐོན་ཡོད་པ་རེད། ཅེས་དང་། གླུ་གཞས་ལ་མཚོན་ན་གལ་ཆེ་ཤོས་དེ་སྒྱུ་རྩལ་གྱི་ཆ་དེ་ཡིན་སྟབས། བོད་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་ཞིག་ཡིན་ན་ངེས་པར་དུ་མི་རིགས་རང་གི་རིག་གནས་དང་སྒྱུ་རྩལ་རྨང་གཞིར་བཞག་སྟེ། གསར་གཏོད་ཀྱི་ཁྱད་ཆོས་འདོན་ཐུབ་པ་ཡིན་ན་དངོས་གནས་ཡག་པོ་ཡོད་པ་རེད། མི་རིགས་ཀྱི་ཁྱད་ཆོས་དང་ཁ་བྲལ་བ་ཡིན་ན། མི་རིགས་དེའི་གླུ་གཞས་སྒྱུ་རྩལ་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་མ་རེད་བསམ་གྱི་ཡོད། ཅེས་བརྗོད་སོང་།
དེ་རྗེས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ཀྱི་སྒྱུ་རྩལ་བ་ཚོས་ཀྱང་ཐོག་མར་རང་གི་སྐད་ཡིག་ལ་རང་སྐྱ་འཕེལ་བ་ཞིག་བཟོ་དགོས་སྐོར་བརྗོད་དོན། བཙན་བྱོལ་གྱི་གཞས་པ་དང་རྩོམ་པ་པོ། མི་ཕལ་བ་སུ་ཞིག་ཡིན་ནའང་

བོད་སྐད་ཡིག་ཐོག་ལ་ཤུགས་བརྒྱབ་སྟེ། ང་ཚོས་སྐད་ཡིག་གི་ཐོག་ལ་གོམ་པ་རྒྱག་དགོས་བ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རང་སྐད་ནང་བསྲེས་ལྷད་མང་པོ་བྱས་ཏེ་རྐང་པ་གཉིས་སྟེང་ལངས་ཐུབ་རྒྱུ་ཡིན་ཟེར་ན། རྩོམ་པ་པོ་དང་གཞས་པ། གཞུང་ཞབས་པ་སོགས་སུ་ཞིག་ཡིན་ནའང་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག ང་ཚོ་སུ་དང་སུ་ཡིན་ནའང་ཐོག་མར་རང་གི་སྐད་ཡིག་ཐོག་སྲ་ཐག་ཐག་ཅིག་ཆགས་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད། བོད་ནང་ལྟ་བུ་ཡིན་ན། རང་གི་སྐད་ཡིག་ཐོག་ཤུགས་བརྒྱབ་སྟེ་དེབ་སྨྱུག་དང་མེ་མདའ་གཉིས་ཤུགས་གང་ཆེ་བལྟ་བའི་དུས་སྐབས་ཤིག་ཏུ་སླེབ་ཡོད། བཙན་བྱོལ་སྤྱི་ཚོགས་ནང་བཀག་སྡོམ་བྱེད་མཁན་སུ་ཡང་མེད་སྟབས། ང་ཚོས་དང་པོར་བོད་སྐད་ཡིག་གི་རྨང་གཞི་གཏིང་སྟེ་དེ་ནས་རིམ་གྱིས་སྒྱུ་རྩལ་གྱི་ལམ་བུ་བདམ་ན་ལས་སླ་བོ་ཡིན་རྒྱུ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

tamding 1

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། ཁྱེད་རང་དང་ཁྱེད་རང་འདྲ་བའི་གང་ཟག་ག་ཚོད་མང་བ་ཡོད་ན་དེ་ཙམ་གྱིས་ང་ཚོའི་རྩ་དོན་ལ་ཕན་གྱི་འདུག ལྷག་པར་དུ་གཞས་ཀྱི་སྒྱུ་རྩལ་འདིའི་ཐོག་ནས་གཞོན་སྐྱེས་མང་པོ་ཞིག་གི་བསམ་བློར་འགྱུར་བ་གཏོང་ཐུབ་པའི་གནས་བབ་ཅིག་ཆགས་ཀྱི་འདུག སྤྱི་ཡོངས་ཀྱི་གནས་སྟངས་ལ་ལྟ་སྐབས། ང་ཚོ་ཚོགས་འདུ་འདྲ་བོ་ཚོགས་སྐབས་དེ་ལ་ཡོང་མཁན་ལོ་རྒན་པ་རྐྱང་རྐྱང་མ་གཏོགས་གཞོན་སྐྱེས་ཞེ་དྲག་མི་འདུག གཞས་ཟེར་དུས་རང་བཞིན་གྱིས་གཞོན་སྐྱེས་མང་པོ་ཞེ་དྲག་ཡོང་གི་ཡོད་སྟབས། གཞས་ཀྱི་ནང་ ཆབ་སྲིད་དང་འབྲེལ་བ་ཡིན་ན་རང་བཞིན་གྱིས་གཞས་ཚིག་ལ་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས། གཞས་ཀྱི་བརྒྱུད་ལམ་དེ་ཡང་ཕན་ཐོགས་ཆེན་པོ་ཞེ་དྲག་ཅིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་ལ་རྣམ་གྲངས་མང་པོ་ཡོད་པ་རེད། ཁག་ཅིག་གི་བསམ་བློའི་ནང་ལས་འགུལ་ཟེར་དུས་ལམ་ཀར་ཐོན་ནས་སྐད་རྒྱག་པ་གཅིག་པུ་ཙམ་མ་གཏོགས་གཞན་པ་དེ་ཚོ་ལས་འགུལ་དུ་མི་བརྩི་བ་འདྲ་བོ་ཡོད་པ་རེད། ཡིན་ནའང་། ཆབ་སྲིད་དང་འབྲེལ་བའི་གཞས་ཚིག་རྩོམ་པ་དང་གཏོང་བ་སོགས་ནི། ལས་འགུལ་གྱི་ནང་ནས་གལ་ཆེ་ཤོས་ཤིག་དང་ནུས་པ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། མུ་མཐུད་དེ་བོད་དོན་དང་འབྲེལ་བའི་ལས་འགུལ་འདི་རིགས་སྤེལ་རོགས་གནང་ཞུ་རྒྱུ་དང་། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁྱེད་རང་གིས་ད་ལྟ་བར་དུ་བོད་ དོན་ཆེད་ཕྱག་ལས་གང་གནང་བཞག་པ་དང་གང་གནང་བཞིན་པ། མ་འོངས་གནང་འཆར་ག་རེ་ཡོད་པ་ཚང་མར་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: མུན་པའི་འཇིག་རྟེན།
Next Post: ཁྱོད་ནི་ཐག་རིང་ལ། ང་ཡང་རྒྱང་རིང་གི

Comments (10) on “གླུ་གཞས་སྒྱུ་རྩལ་གྱི་བོད་དོན་འཐབ་རྩོད།”

  1. བསྟན་ཟླ། says:
    2014-12-04 at 11:07 pm

    སྒྱུ་རྩལ་ལས་རིགས་ལ་སྤྱི་འཐུས་ཚོགས་གཙོ་ལྟ་བུ་སྐད་གཏོང་བཞིན་པ་འདིས་ཅི་ཞིག་སྟོན་གྱི་ཡོད་རེད་ཟེར་ན་སྒྱུ་རྩལ་ཟེར་བ་དེ་ད་དུང་ངོ་ཡག་པོ་འཕྲོད་ཀྱི་མེད་པའི་རྟགས་མཚན་རེད་ལགས་་་་

  2. ཇུས་ཏོག says:
    2014-12-05 at 1:26 am

    བོད་རྒྱ་ཞི་འགྲིག་ལ་འགན་བཞེས་དགོས་པ་རེད་དམ་བོད་དོན་འཐབ་་རྩོད་ལ་ཁ་ཕྱོགས་པ་རེད་་སྤྱི་འཐུས་གྲོས་ཚོགས་ནས་མང་ཚོགས་ལ་་ངོ་སྤྲོད་གསལ་པོ་གནང་དགོས་པ་ནི་དབུ་མའི་ལམ་ལ་འགན་བཞེས་་དགོས་པ་མ་རེད་དམ་། ཧ་ཧ་སྐབས རེ་ངབུ་མའི་ལམ་བོད་་རྒྱ་འབྲེལ་མོལ་ཞི་འགྲིུག་་ཡང་སྨབས་རེ་བོད་དོན་འཐབ་རྩོད་་ཧ་ཧ་ད་ཉི་མ་བསྐྱལ་ནས་རྐུབ་ཀྱག་ཟིན་ནས་སྡོད་་ལང་ཕྱོགས་གཏན་པོ་མེད་པའི་ང་ཚོའི་སྐུ་་ཚབ་སྤྱི་འཐུས་ཚོ་་རྒྱ་མགོ་མཐོ་དུས་རྒྱ་དང་བོད་མགོ་མཐོ་དུས་བོད་་ཅ་མ་སིང་བོད་པ་ཚང་ཧ་ཡོ་ཐང་ཆད་སོང་།

  3. ཀརྨ་བློ་གསལ་ says:
    2014-12-05 at 8:38 am

    གླུ་གཞས་སྒྱུ་རྩལ་ནི་འཛམ་གླིང་སྤྱི་ཡི་རེད། དེ་ནི་འཐབ་རྩོད་ཀྱི་ལག་ཆ་ཞིག་ཏུ་བཤད་ན་རིན་གོང་ཆུང་ནས་ཆུང་དུ་བཏང་བ་ལས་གཞན་མེད། དཔེར་ན། བཙན་བྱོལ་བོད་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་སུ་གྱུར་བ་ལྟ་བུ་རེད་ལ། དོ་སྣང་བྱེད་དགོས་ཡ་ཆགས་ཀྱི་ཡོད་པ་མ་རེད། བཤད་སྟངས་མ་ཤེས་ན། དངོས་གནས་ཞེད་སྣང་མི་འདུག་གམ།

  4. གནམ says:
    2014-12-05 at 9:39 am

    གླུ་གཞས་དང་སྒྱུ་རྩལ་ནི། ཡུལ་ལུང་གང་དུ་ཡང་། འཐབ་རྩོད་ཀྱི་ལག་ཆ་ཆེ་གལ་ཆེན་ཞིག་ཡིན་པ་དེ་མ་ཤེས་ན། ཁ་སྲིབ་ལ་འཁོར་ནས་ཕྱག་འཚལ་ན་ཅི་འདྲ། མཆན་པ་བ་ཁ་ནག་ཁོག་བཙོག་ཚོ།

  5. བོད་ཁམས་སྡེ་ says:
    2014-12-05 at 2:25 pm

    སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་ཁན་དག་ལ་ཚམས་འདྲི་ཞུ་འོ་།

  6. རྣམ་རྒྱལ། says:
    2014-12-05 at 10:53 pm

    རྟ་མགྲིན་ཟེར་བའི་གཞས་པ་འདིར་སྔོན་ཆད་ང་ལ་དོ་སྣང་ཏོག་ཙམ་བྱུང་སོང་། གང་ཡིན་ཟེར་ན་རང་ཚིག་ཅན་གྱི་སྒྱུ་རྩལ་པ་ཞིག་ཆགས་མི་ཡོང་ངམ་བསམ་པ་དྲན་སོང་། ཡིན་ནའང་ད་ལྟ་ཁྱད་མཚར་ཞིག་ཆགས་ནས་ཡོང་གི་འདུག དེ་གཙོ་བོ་ཁོ་རང་གི་ཁོར་ཡུག་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག མདོ་དོན་སྙིང་བོ་རྟ་མགྲིན་འཕྲོ་བརླག་ཏུ་གཏོང་མཁན་ལྟེ་བ་ཁོ་རང་གི་གྲོགས་པོ་དང་དགའ་བོ་ཉེ་བོ་དེ་དག་ཆགས་ཡོད་པ་རེད། ད་རེས་ཁོ་རང་གི་གླུ་གཞས་ཤིག་རྡ་རམ་ས་ལར་སོང་སྟེ་དབུ་འབྱེད་བྱས་པ་དང་སྐུ་མགྲོན་དུ་སྤྱི་འཐུས་ཚོགས་གཙོ་སྐད་བཏང་བ་འདི་གཉིས་ལས་གཞས་པ་འདི་སྒྱུ་རྩལ་པ་ཞིག་ལ་རེ་བ་མེད་པ་མ་ཟད། མཐའ་ན་མིང་དོན་མཚུངས་པའི་གཞས་པ་ཡག་པོ་ཞིག་ཀྱང་འཁྱོང་རྒྱུ་མིན་པ་གསལ་བོ་ཆགས་ཚར་བ་རེད།
    འདི་དང་འདི་ལྟ་བུའི་གནས་ཚུལ་མང་པོ་ཞིག་གི་འོག་ནས་བཙན་བྱོལ་ནང་གི་བོད་པའི་སྒྱུ་རྩལ་པ་དང་གཞས་པ་མང་པོ་ཞིག་ལ་ཕར་སྤྱི་ཚོགས་ནང་ནུས་པ་དང་ས་ཆོད་མེད་པ་མ་ཟད། རང་རང་གི་ཆེད་ལས་ཟེར་ན་འདྲ་སྒྱུ་རྩལ་ལས་རིག་ཐོག་ཏུའང་རང་ཚིག་མེད་པའང་གསལ་བོ་ཆགས་ཡོང་གི་ཡོད་པ་རེད། ལྷག་དོན་དུ་ཁ་ནས་བོད་སྤྱི་དོན་དང་བོད་པའི་རྩ་དོན་ཆབ་སྲིད་སོགས་གླེང་གི་ཡོད་པ་ལས་དོན་དངོས་ཡོད་ཐོག་ནས་ང་ཆེ་འདོད་དང་ང་གྲགས་འདོད་ཀྱི་སྒེར་སེམས་ཆེ་བ་དང་། སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་སྒྲུབ་ཀྱིན་ཡོད་པ་སོ་སོས་ཇེ་གསལ་དུ་བཏང་བ་རེད།
    སྐད་ཆ་འདི་རྟ་མགྲིན་གཅིག་པོར་བཤད་པའང་མིན། སྤྱིར་བཏང་བཙན་བྱོལ་ནང་གི་གཞས་པ་དང་སྒྱུ་རྩལ་པ་ཡིན་ཟེར་མཁན་ཚོ་ཆབ་སྲིད་པ་ཆགས་ཤིང་། ཆབ་སྲིད་པ་ཚོའི་བཤད་སྟངས་སྤྱོད་སྟངས་འདི་འདྲའི་སྙིང་བོ་མེད་པ་དང་། སྤྱི་ཚོགས་ནང་ཆེ་མཐོང་བརླག་འགྲོ་བ། མ་འོངས་པར་སོ་སོའི་མི་ཚེའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་ཕབ་ཡོང་གི་ཡོད་པ་རེད། མཐར་དེད་ན་འདི་རྒྱུ་རྩལ་ལས་རིག་པའི་ཁྲོད་ཀྱི་ནག་ཉེས་ཤིག་རེད་ཟེར་ཆོག་གི་རེད།

  7. དཔལ་དོན། says:
    2014-12-05 at 11:44 pm

    སྐུ་ཞབས་སྒྱུ་སྩལ་པ་རྟ་མགྲིན་ལགས་ཀྱི་གཞས་གསར་ལ་རྟེན་འབྲེལ་ཞུ། དེ་ལས་ཀྱང་བོད་གངས་ཅན་གྱི་ཆབ་སྲིད་ལ་བློ་དཀར་ཞིང་། འཛམ་གླིང་སྲིད་དོན་དང་རང་རེའི་བོད་མིའི་སྒྲིག་འཛུགས། སྤྱི་ནོར་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་དགོངས་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བོད་མི་མང་གི་དབང་ཆའི་བརྒྱུད་ལམ་གཙོ་བོ་གྲོས་ཚོགས་ཚོགས་གཙོ་མཁྱེན་ཡངས་སྤེན་པ་ཚེ་རིང་མཆོག་གིས་འོད་སྡེར་དབུ་འབྱེད་དང་། སྐུ་ཉིད་ལ་ཆེ་བསྟོད་ཐོབ་པ་ནི་ངོ་མཚར་ཆེ་བའི་གཟི་བརྗིད་དུ་རེད། ཨ་མའི་བུ་མུ་མཐུད་དུ་ཤུགས་རྒྱོབས་ཤིག རེ་བ་ཡོད། འཛམ་གླིང་མིག་གིས་མཐོང་ཡང་བློ་ཡིས་མ་མཐོང་བ་དག་གིས་སྨྱོ་ཁ་གཟའ་ཁ་ཅི་ཞིག་བཤད་ཀྱང་ཁྱོད་ནི་ནམ་ཡང་བོད་དོན་ལ་རང་གིས་ནུས་ཤུགས་བཏོན་ནས་མི་སྒེར་བའི་ངོས་ནས་ལས་འགུལ་སྤེལ་མཁན་ཞིག་རེད་པས། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཁ་ཤས་ཀྱིས་བཟང་དང་ངན་གྱི་རྣམ་དབྱེ་ཕྱེས་པར་གསན་དགོས་དོན་ལར་ནས་མི་འདུག་ལ། དེ་དག་གི་སྐད་ཆར་ཆ་འཇོག་འོས་པ་ཡང་ཅི་ཡང་ཡོད་པ་མ་རེད། དེ་ལས་ཁྱོད་རང་གིས་བསམ་ཤེས་པ་དང་སྒྲུབ་ཤེས་པའི་ཕྱག་ལས་མུ་མཐུད་དུ་གནང་རོགས། ཐུགས་རྗེ་ཆེ།

  8. དཔལ་དོན། says:
    2014-12-05 at 11:46 pm

    སྐུ་ཞབས་སྒྱུ་སྩལ་པ་རྟ་མགྲིན་ལགས་ཀྱི་གཞས་གསར་ལ་རྟེན་འབྲེལ་ཞུ། དེ་ལས་ཀྱང་བོད་གངས་ཅན་གྱི་ཆབ་སྲིད་ལ་བློ་དཀར་ཞིང་། འཛམ་གླིང་སྲིད་དོན་དང་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལ་མཁྱེན་རྒྱ་ཡངས་པ། སྤྱི་ནོར་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་དགོངས་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བོད་མི་མང་གི་དབང་ཆའི་བརྒྱུད་ལམ་གཙོ་བོ་གྲོས་ཚོགས་ཚོགས་གཙོ་མཁྱེན་ཡངས་སྤེན་པ་ཚེ་རིང་མཆོག་གིས་འོད་སྡེར་དབུ་འབྱེད་དང་། སྐུ་ཉིད་ལ་ཆེ་བསྟོད་ཐོབ་པ་ནི་ངོ་མཚར་ཆེ་བའི་གཟི་བརྗིད་རེད། ཨ་མའི་བུ་མུ་མཐུད་དུ་ཤུགས་རྒྱོབས་ཤིག རེ་བ་ཡོད།

    འཛམ་གླིང་མིག་གིས་མཐོང་ཡང་བློ་ཡིས་མ་མཐོང་བ་དག་གིས་སྨྱོ་ཁ་གཟའ་ཁ་ཅི་ཞིག་བཤད་ཀྱང་ཁྱོད་ནི་ནམ་ཡང་བོད་དོན་ལ་རང་གིས་ནུས་ཤུགས་བཏོན་ནས་མི་སྒེར་བའི་ངོས་ནས་ལས་འགུལ་སྤེལ་མཁན་ཞིག་རེད་པས། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཁ་ཤས་ཀྱིས་བཟང་དང་ངན་གྱི་རྣམ་དབྱེ་ཕྱེས་པར་གསན་དགོས་དོན་ལར་ནས་མི་འདུག་ལ། དེ་དག་གི་སྐད་ཆར་ཆ་འཇོག་འོས་པ་ཡང་ཅི་ཡང་ཡོད་པ་མ་རེད། དེ་ལས་ཁྱོད་རང་གིས་བསམ་ཤེས་པ་དང་སྒྲུབ་ཤེས་པའི་ཕྱག་ལས་མུ་མཐུད་དུ་གནང་རོགས། ཐུགས་རྗེ་ཆེ།

  9. བློ་དར། says:
    2014-12-05 at 11:56 pm

    གཞས་པ་དངོས་གནས་ཤིག་གི་ལས་ཀ་བྱེད་སྟངས་ཡིན་མིན་ལ་མ་ལྟོས་པར་ཕྱི་རྒྱལ་ཁག་ལ་བོད་དོན་གྱི་གཞས་བཏང་བ་འགྲིག་འདུག་ཞུས་ཆོག་གི་རེད། བཙན་བྱོལ་ནང་གི་གླུ་བ་མང་ཆེ་བའི་གླུ་ཚིགས་ནང་༧སྐུ་མདུན་ལ་བསྟོད་པ་དང་བོད་པའི་ཆབ་སྲིད་གནས་ཚུལ་མེད་པ་ཧ་ལམ་གཅིག་ཀྱང་མི་འདུག་ཟེར་ཆོག་གི་རེད། དེ་ཚོར་དམའ་འབེབས་བྱེད་དོན་ག་རེ་ཡིན་ནམ། ལོ་གཅིག་ནང་བོད་པའི་གླུ་བ་ཚོས་གླུ་གཞས་ཉི་ཤུ་སུམ་ཅུ་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད་ཟེར་ཆོག་གི་རེད། ཚང་མས་བོད་དོན་གླེང་གི་ཡོད་པ་རེད། རྡ་རམ་ས་ལར་གླུ་གཞས་བརྙན་གསར་ཞིག་སྒོ་འབྱེད་ལ་སྤྱི་འཐུས་ཚོགས་གཙོ་གདན་འདྲེན་ཞུས་པ་དང་། འབྲེལ་བ་མེད་པའི་མི་འདྲ་མིན་སྣ་ཚོགས་ཤིག་འཁྲིད་ཡོང་བ་དེ་དག་བོད་སྤྱི་དོན་རེད་དམ།

  10. ཐུབ་པ། says:
    2014-12-06 at 7:14 am

    རྟེན་འབྲེལ་ཞུ། གླུ་གཞས་སྒྱུ་རྩལ་ལ།
    གང་ལྟར་བོད་ལ་སྒྱུ་རྩལ་རང་ལ་ཁ་ཕྱོགས་ནས་ཕྱག་ལས་གནང་ཐུབ་མཁན་བོད་ཕྱི་ནང་གཉིས་ན་ཉུང་ཉུང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme