Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག

Posted on 2008-10-11 By དགེ་རབ་ 2 Comments on ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག

གཡུ་དྲུག་དཀར།
ཉིན་ཤས་སྔོན་ལ་ལས་དོན་ཞིག་གི་རྐྱེན་པས་ཉིན་གཅིག་གི་དགོངས་ཤོག་བླངས་ཏེ་རྡ་སར་ཕྱིན་པ་ཡིན། ཉིན་དེར་རྡ་སའི་ཁྲོམ་ན་དུས་རྒྱུན་དང་མི་འདྲ་བའི་མི་ཚོགས་་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི་སྒྲིག་ཆས་གྱོན་པའི་སློབ་ཕྲུག་ཁྱུ་རེ་འདུག་ཚོད་མེད་པར་གང་སར་རྒྱུགས་བཞིན་པ་དེ་རེད་ལ། ཆར་དུས་ཀྱི་རྡ་སའི་ནམ་ཟླའང་སྐྱོ་སྡུག་གི་ཁུར་བོ་ལྕི་མོ་ཞིག་དང་འདྲ་བར་ཕྱོགས་བཅུའི་མགྲོན་པོ་ཡོངས་ལ་ཉོབ་སྣང་དང་དཀའ་ཚགས་ཆེན་པོ་བཟོ་ངེས་ཚོད་དུ་སྣང་ཡང་། རྡ་སའི་རི་ཁུག་གི་ཟ་ཁང་ཆུང་ཆུང་ཞིག་གི་སྦུག་ནས་ངས་རེ་བ་ཆེན་པོས་འཕོང་ཞིང་ཐེ་ཚོམ་དང་དོགས་པའི་རྒྱ་རུ་ཚུད་པའི་ངོ་གདོང་གཞན་ཞིག་མཐོང་པ་དང་། ཞེད་སྣང་དང་འཇིགས་སྐྲག་གི་ཁུར་བོ་ལྕི་མོ་ཞིག་ཁུར་ནས་ཕྱིར་ལོག་དགོས་བྱུང་།
དེ་ཡང་དོན་དག་འབྱུང་རྩ་སློབ་ཕྲུག་དང་ཁོང་ཚོའི་ཕ་མ། དགེ་རྒན་བཅས་ཀྱི་སྟེང་ནས་བྱུང་བ་རེད། ཉིན་དེའི་ཉིན་གུང་ཡོལ་ཙམ་ལ་གྲོགས་པོ་ཞིག་གི་བཀོད་སྒྲིག་བཞིན་ངེད་གཉིས་ཨ་མདོའི་གྲོང་གསེབ་ཀྱི་ཟ་ཁང་ཞིག་ཏུ་འཛུལ་བ་ཡིན། ཟ་ཁང་ནང་དུ་སླེབས་མ་ཐག་ངས་སྔོན་ཆད་འདིར་ཡོང་མྱོང་འདུག་ཨང་སྙམ་ཡང་། སྦྱིན་བདག་དང་ཁོང་གི་ཕྱག་རོགས་པ་སུ་ཡང་ངོ་ཤེས་ཀྱི་མི་འདུག འོན་ཀྱང་། ངའི་གྲོགས་པོ་དང་ཟ་ཁང་གི་སྦྱིན་བདག་གཉིས་ཕན་ཚུན་རྒྱུས་ཡོད་རེད་འདུག ཁོང་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་རེ་བྱས་མ་ཐག ཕར་ལྟོས་ཚོད་ལ་གུང་གསེང་ལ་སླེབས་པའི་སློབ་ཕྲུག་གཉིས་ལོས་ཡིན་བསམ་པའི་བུ་གུ་ཆུང་ཆུང་གཉིས་ཀྱང་སྦྱིན་བདག་གི་གམ་དུ་ཡོང་ནས་བསྡད་པ་དང་། སྦྱིན་བདག་གིས་ འདི་ངའི་ཞི་ལི་མཁར་བྱམས་ཚེ་རིང་དང་འདི་ངའི་ཞི་མོ་གཡང་འཚོ་རེད། ཁོང་གཉིས་ད་ལྟ་རྡ་སྟེང་སློབ་གྲྭར་འགྲོ་གི་ཡོད། ཅེས་ངའི་གྲོགས་པོར་ངོ་སྤྲོད་བྱས་སོང་ལ། ཁོས་མགོ་ནང་ལ་གཡུག་བཞིན་ངའི་གདོང་ལ་ཅེར་ནས་ འདི་ངའི་ཕ་ཡུལ་གཅིག་པའི་ཞི་ལི་དེ་རེད། ཁོ་ད་ལྟ་གསོག་སྒར་སློབ་གྲྭའི་དགེ་རྒན་རེད། ཅེས་ཕར་འགྲེལ་བཤད་བརྒྱབས་བྱུང་པས། ངས་ཀྱང་གདོང་ལ་འཛུམ་ཞིག་མི་སྟོན་ཐབས་ག་མེད་བྱུང་། སྐབས་དེར་ཟ་ཁང་གི་སྦྱིན་བདག་གམ་སློབ་ཕྲུག་གཉིས་ཀྱི་ཨ་ཕས་ཐ་མག་རྐང་གཅིག་ལ་མེ་སྒོ་ཞོར་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་དགེ་རྒན་འདི་ཚོས་ཅི་གང་ཤེས་ཀྱི་མི་འདུག འདི་ཚོ་ངོ་མ་སྐྱོ་བོ་རེད། ཁོང་ཚོར་ཤེས་བྱ་ཡོན་ཏན་མེད་ན། བུ་གུ་ལ་ཅི་ཞིག་སློབ་ཀྱི་ཡོད་ན། བུ་གུ་འཛིན་གྲྭ་དྲུག་དང་བདུན་པ་སླེབས་ནའང་། བོད་ཡིག་སྦྱོར་ྐློག་རྒྱག་ཤེས་ཀྱི་མི་འདུག ངོ་མ་འདི་ཚོ་སྐྲག་ས་རེད། ད་དུང་མི་དགོས་རྒྱུ། བུ་གུ་ཚོར་སྤོ་ལོ་རྩེད་སྟངས་སློབ་ཀྱི་འདུག དེ་མ་བསླབ་དགོས་པ་ཞིག་མ་རེད། བུ་གུ་ཚོ་སྤོ་ལོ་ལ་དགའ་བོ་ཡོད་ཙང་། རང་བཞིན་གྱིས་ཤེས་འགྲོ་གི་རེད། ང་ཚོའི་ཕ་ཡུལ་གྱི་དགེ་རྒན་དེ་ཚོ་འདི་འདྲ་ག་བ་ཡིན་གི་རེད། ཅེས་བརྗོད་བྱུང་པས། ང་ངོ་གནོང་བ་ལྟ་བུ་ཞིག་བྱུང་ལ། ངའི་གྲོགས་པོས་ཀྱང་ང་ལ་བསམ་ཤེས་ཀྱི་ཚུལ་གྱིས་དགེ་རྒན་ཚང་མ་དེ་འདྲ་ཡིན་རྒྱུ་མ་རེད་ཅེས་བརྗོད་མ་ཐག་ སྦྱིན་བདག་གིས་ད་དུང་ཅི་ཞིག་བཤད་རྩིས་འདུག་མོད། མགྲོན་པོ་ཞིག་གིས་དངུལ་རྩིས་ལེན་རོགས་ཞུས་པས་ཁོང་འགྲོ་དགོས་ཐུག་སོང་།
སྤྱིར་ཕ་མ་དང་དགེ་རྒན་གཉིས་ཀྱི་བར་ན་རྩོད་གཞི་ཅན་གྱི་སློབ་ཕྲུག་པྲ་ཚགས་འགའ་རེ་མཆིས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་ལ། དེའང་དགེ་རྒན་གྱིས་སློབ་སྦྱོང་སྤྲོད་སྟངས་སམ་སློབ་ཕྲུག་གཅུན་སྟངས་ཕྱོགས་ནས་བྱུང་བ་ལས། དགེ་རྒན་གྱི་ཤེས་ཚད་སྐྱོ་དྲགས་ནས་སློབ་ཕྲུག་གི་ཤེས་ཚད་ཞན་དྲགས་པའི་གྱོད་གཞི་ཞིག་ཕལ་ཆེར་བྱུང་མྱོང་འེ་ཡོད་སྙམ་ཡང་། ཉིན་འདིར་སློབ་ཕྲུག་གཉིས་ཀྱི་ཨ་ཕའི་སེམས་གཏིང་གི་སྐད་ཆ་དང་ངོ་མདངས་བཅས་ཀྱིས་ངའི་སེམས་ལ་ང་ཚོའི་སྤྱི་ཚོགས་ཁྲོད་ད་ནི་གནད་དོན་འདིའི་སྟེང་ནས་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག་ཨང་སྙམ་པའི་ཞེད་སྣང་ཞིག་སྐྱེས་སུ་བཅུག་བྱུང་པས། འདི་ནི་སྔར་བྱུང་མ་མྱོང་ཞིང་ད་ལྟ་འབྱུང་ཉེན་ཡོད་པའི་སྣང་ཚུལ་གསར་བ་ཞིག་རེད། འདི་ལྟ་བུའི་སྣང་ཚུལ་ཚང་མ་སྤྱིར་སྤྱི་ཚོགས་དང་ཁོར་ཡུག་གི་ཞན་ཆ་སྣ་མང་ལ་བརྟེན་ནས་བྱུང་བ་རེད་དེ། ད་ལྟའི་ང་ཚོའི་མིག་སྔའི་གནས་སྟངས་འདིར་བསམ་ན་སྐྱོན་ཆ་ཆེ་ཤོས་ང་རང་ཉིད་ཀྱིས་མཚོན་པའི་དགེ་རྒན་ཚོའི་སྟེང་དུ་འདུག་བསམ་ཞིང་། རང་རེའི་མི་རིགས་འདིར་གནའ་སྔ་མོ་ནས་དགེ་རྒན་ངན་པའི་དགེ་ཕྲུག་ཅེས་པའི་ལུང་རྒྱུད་ཡང་དག་ཅིག་ཡོད་པ་ལྟར། སློབ་ཕྲུག་ཇི་ལྟ་བུ་ཞིག་འཁྱོངས་མིན་ནི་དགེ་རྒན་ལ་རག་ལས་པ་རེད་ལ། གལ་སྲིད་ང་ཚོས་ད་ལྟའི་གནས་སྟངས་འདིར་ཕྱིར་རྟོགས་དང་བསམ་ཤེས་ཀྱིས་དགེ་རྒན་གྱི་ཤེས་ཚད་དང་ཀུན་སྤྱོད། བསམ་བློ་བཅས་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་བྱ་མ་ཐུབ་ཚེ། ང་ཚོའི་སློབ་གསོ་ལ་གྲུབ་འབྲས་ཟེར་རྒྱུ་ཞིག་རི་བོང་གི་རྭ་ཟེར་བའི་དཔེ་རྙིང་འདིས་མཚོན་པ་དང་། མི་རིགས་ཀྱི་སློབ་གསོ་ཡག་པོ་ཞིག་མ་འཁྱོངས་ན་ང་ཚོས་ཁ་ནས་མ་ནི་ལྟར་ཟློ་བའི་བོད་མི་རིགས་དང་རྒྱལ་ཁབ་ཀྱང་སྟོང་པ་ཆགས་ངེས་པས། ང་ཚོས་དགེ་རྒན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཁ་ཚ་དགོས་གཏུག་རེད་སྙམ

རྩོམ་རིག

Post navigation

Previous Post: ཞི་མོལ་ལ་ཁོར་ཡུག་དང་བོད་དོན།
Next Post: སྒྲ་སྙན་དང་ཨ་རིའི་མི་ཚེ།

Comments (2) on “ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག”

  1. ཀླུ་སྨྱོན། says:
    2008-10-11 at 12:11 pm

    སློབ་ཕྲུག་ཇི་ལྟ་བུ་ཞིག་འཁྱོངས་མིན་དེ་དགེ་རྒན་ལ་རག་ལས་ཟེར་བ་འདི་ལ་བསམ་ཚུལ་མི་མཐུན་པ་འདུག སློབ་ཕྲུག་དེའི་དགེ་རྒན་གཅིག་པོ་མ་ཡིན་པར་དེའི་ཕ་མ་དང་དེའི་ཐག་ཉེ་བའི་སློབ་གྲོགས། གཙོ་ཆེ་བ་སློབ་ཕྲུག་རང་ཉིད་ཀྱི་མི་གཞི་འདི་ཧ་ཅང་གལ་ཆེ། དགེ་རྒན་གྱི་ཤེས་ཡོན་ཡར་རྒྱས་དང་ལུས་སེམས་ཀུན་སྤྱོད་ཀྱི་ཕྱོགས་སུ་སློབ་མ་དེ་ལ་རང་གིས་ཤེས་ཚོད་སློབ་དགོས་པ་རེད། དེ་མིན་གཞན་པའི་མི་ཚེའི་གྲུབ་ཆ་མང་པོ་ཞིག་རང་ཉིད་ཀྱི་འབད་བརྩོན་གྱིས་ཕྱོགས་སོ་སོ་ནས་ལེན་ཐུབ་དགོས་ཀྱི་རེད།

  2. ÇtôzÅ-q- says:
    2008-10-11 at 7:04 pm

    ནུབ་ཕྱོགས་པ་ཚོས་སློབ་ཕྲུག་དབུས་སུ་བཞག་པའི་སློབ་གསོ་ཞེས་བརྗོད་པ་དེར་ཟམ་གདོང་སྤྲུལ་སྐུའི་ཤེས་ཡོན་སྲིད་ཇུས་གསར་པ་དེར་དགེ་རྒན་དབུས་སུ་བཞག་པ་ཡིན་ཞེས་ལྡོ་ཕྱོགས་ཤིག་གསུངས་ཀྱིན་འདུག ཡིན་ན་ཡངསློབ་ཁྲིད་ཀྱི་སྐབས་སུ་སློབ་ཕྲུག་དབུས་བཞག་ཡིན་ཞེས་ལྷན་པ་གཞན་ཞིག་རྒྱག་གིན་འདུག འདི་ལ་གོ་རྒྱུ་གང་ཡོད་གསལ་པོ་ཞིག་གོ་མ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme