Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་པ།

Posted on 2014-11-272014-11-27 By ཁ་བརྡ་ 14 Comments on བོད་རྒྱ་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་པ།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་པ།

ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༥ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་མོནྜ་རེལ་ནང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ Canada Tibet Committee at Montreal གོ་སྒྲིག་འོག་ཚོགས་མི་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་བསྒྲགས་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བ། དེ་བཞིན་བོད་མི་རྣམས་དཔལ་འབྱོར་ཟུར་ཕུད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ལ་བརྟེན་ནས་ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་༡༣༢ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་སྐོར་སོགས་གསུངས།

ཐེངས་འདིར་སྲིད་སྐྱོང་མཆོག་གི་གསུང་བཤད་མ་གནང་གོང་ཕྱི་དྲིལ་ལས་ཁུངས་ཀྱིས་བཟོ་སྐྲུན་ཞུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་གློག་བརྙན་སྐར་མ་ ༧ ཅན་ཞིག་བསྟན་འདུག སྐབས་དེར་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་༢༠༡༠ ལོའི་འགོ་སྟོད་ཙམ་ནང་བྱུང་ནས་ད་བར་འབྲེལ་མོལ་བསྐྱར་གསོ་མ་བྱུང་བར་དེ་མུར་ལུས་ཡོད། དེ་ལྟར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པར་ལུས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་སྲིད་གཞུང་གིས་དོགས་པ་རྣམ་རྟོག་ཚ་དྲག་པར་བརྟེན་ཡིན་པ་ལས། བོད་མིའི་ངོས་ནས་ལངས་ཕྱོགས་ཕྱི་གསལ་ནང་གསལ་འཛིན་བཞིན་པ་མ་ཟད། རྒྱ་ནག་འགོ་ཁྲིད་ཚོ་དང་དུས་ནམ་ཞིག་དང་ས་གནས་གང་དུ་ཐུག་ཀྱང་ཐུག་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ཅེས་གསུངས་འདུག

ཉིན་དེའི་ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་གིས་མོནྜ་རེལ་ས་གནས་བོད་རིགས་ཚོགས་པས་ Tibetan communities in Montreal གོ་སྒྲིག་འོག་བོད་མི་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཁེ་ན་ཌ་དང་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་དོན་གཙོ་བོ་ནི་ཁེ་ན་ཌའི་ཧ་ལི་ཕེག་སི་གྲོང་ཁྱེར་ནང་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མ་ཟད། མོནྜ་རེལ་ Montreal དང་ཨོ་ཊ་ཝའི་ Ottawa བོད་རིགས་རྣམས་དང་ཐུག་འཕྲད་ཆེད་ཡིན་སྐོར་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་འདས་པའི་ལོ་༤ ནང་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀྱང་སློབ་ཡོན་གྱི་གོ་སྐབས་མང་དུ་བཏང་ཡོད་པ་དང་ཕྲུ་གུའི་ཤེས་ཡོན་གྲུབ་འབྲས་སྔར་ལྷག་ཡོང་སླད་མཐུན་འགྱུར་གང་ཡོད་གནང་བཞིན་ཡོད་སྐོར་གསུངས།

དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པས་འདས་པའི་ལོ་ངོ་གསུམ་ནང་ལས་དོན་གང་ཅིའི་ཐོག་ཡར་རྒྱས་ཕྱིན་པར་བརྟེན་འབྲེལ་ཡོད་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ཆེ་གསུངས་ཡོད། རྒྱལ་སྤྱིའི་ནང་བོད་མི་ཚོར་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྗེའི་བཀྲིན་ཉག་གཅིག་དང་ཕྱོགས་མཚུངས་བོད་མིའི་སྙིང་སྟོབས་དང་། ཞི་འདུལ་བག་ཡོད། དེ་བཞིན་རྡོག་སྒྲིལ་པོ་ཡོད་པ་སོགས་བཟང་སྤྱོད་དེ་དག་ལ་བརྟེན་ནས་ཡིན་སྐོར་གསུངས།

གཞན་ཡང་སྲིད་སྐྱོང་མཆོག་གིས་འདི་ལོའི་ཕྱི་ཟླ་༡༠ ཚེས་༢༠ ཉིན་གཏན་འབེབས་གནང་བའི་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ The Tibetan Rehabilitation Policy, 2014 ཞེས་པ་བརྒྱུད་ད་ཆ་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཚོར་རྒྱ་གར་དབུས་སའི་གཞུང་གཉིས་ཀའི་རོགས་རམ་གྱི་ལས་གཞི་ཁག་རྒྱ་གར་ཡུལ་མི་དང་གཅིག་མཚུངས་སུ་ཁེ་ཕན་ཐོབ་རྒྱུ་མ་ཟད། བོད་མི་སྐྱབས་བཅོལ་བ་ཚོ་ཡང་རྒྱ་གར་གྱི་སྨན་ཁང་དང་སློབ་གྲྭ་སོགས་ནང་སྨན་ཞབས་པ་དང་དགེ་རྒན་ལས་ཀ་བྱེད་ཆོག་པ་དང་། དེ་བཞིན་སྨན་དང་། བཟོ་སྐྲུན་ལས་རིགས་སོགས་ལག་ཤེས་ལས་རིགས་སོགས་ནང་ཡུལ་མི་དང་གཅིག་མཚུངས་སུ་ལས་ཀ་བྱེད་ཆོག་རྒྱུ་ཡིན་སྐོར་གསུངས།

གཞན་ཡང་སྲིད་སྐྱོང་མཆོག་གིས་ཉིན་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ Canadian Parliamentary Friends of Tibet དང་ལྷན་གསོལ་ཚིགས་ལྷན་བཞེས་གནང་བ་མ་ཟད། ཁེ་ན་ཌའི་གཞུང་གི་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་ཡང་གནང་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨོ་ཊ་ཝའི་བོད་རིགས་རྣམས་ལ་གསུང་བཤད་གནང་སྐབས། དེང་སྐབས་བོད་མི་༡༠༠༠ ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་ལས་གཞི་ཚགས་ཚུད་ངང་འགྲོ་བཞིན་པ་མ་ཟད། གསར་དུ་འབྱོར་བའི་བོད་མི་རྣམས་མགྱོགས་མྱུར་ཁེ་ན་ཌའི་མི་སེར་ཆགས་རྒྱུར་ལས་དོན་རྣམས་ཚགས་ཚུད་པོའི་ཐོག་ནས་འགྲོ་བཞིན་པ་དེར་དགའ་ཚོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་གསུང་དོན། འདིར་རྒྱ་གར་ནས་གཞིས་སྤོས་སུ་འབྱོར་བ་ཁྱེད་རྣམས་ལས་ཀར་བཀའ་ལས་བརྒྱབ་པ་དང་ཕྱོགས་མཚུངས་སློབ་སྦྱོང་ཡང་གནང་དགོས། སློབ་སྦྱོང་ཡག་པོ་ཐོན་ཚེ་ལས་ཀ་ཡང་ཡག་པ་ཐོབ་རྒྱུ་རེད། དེ་ལྟར་བྱུང་ན་ཡོང་བབ་ཀྱང་བཟང་བ་ཡོད། ཅེས་གསུངས་པ་མ་ཟད།

སྐབས་དེར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་བྱུས་སྤྱི་དང་ལྷག་པར་སློབ་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་སྐོར་ངོ་སྤྲོད། དེ་བཞིན་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་དྭངས་ཞབས་ཀྱི་གོ་སྐབས་ཡོད་སྐོར་སོགས་ངོ་སྤྲོད་གནང་། དེང་སྐབས་གྲོང་ཁྱེར་མོནྜ་རེལ་ནང་དུ་བོད་མི་གྲངས་༡༣༣ ཡོད་པ་དང་ཨོ་ཊ་ཝར་བོད་མི་གྲངས་༥༠ ཡོད་འདུག
ཁུལ་དེར་ལས་དོན་ཡོངས་སུ་གྲུབ་མཚམས་སྲིད་སྐྱོང་མཆོག་ཁུལ་དེ་ནས་ཁེ་ན་ཌའི་གྲོང་ཁྱེར་གཞན་སྟེ་བྷར་ལིང་ཊོན་ Burlington དང་ཝར་མོནྜ་ Vermont སོགས་ནང་ཕེབས་ཐོན་གནང་འདུག ཕྱི་ཚེས་༢༦ ཉིན་སྲིད་སྐྱོང་མཆོག་གིས་ཝར་མོནྜ་ Vermont ས་གནས་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

༼བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།༽

གསར་འགྱུར།

Post navigation

Previous Post: འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་མ་འཁྱེར།
Next Post: ༅༅།། ཁམས་བདེ་བར་གཤེགས་པའི་སྙིང་བོ།།

Comments (14) on “བོད་རྒྱ་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་པ།”

  1. ཅོག་མྱི། says:
    2014-11-27 at 2:10 pm

    བོད་རྒྱ་འབྲེལ་མོལ་ལ་གྲ་སྒྲིག་དང་ངང་སྒུག་བྱེད་རྒྱུ་ཡོད་མ་མ་རེད། རྒྱ་ནག་གིས་སྲིད་སྐྱོང་དང་སྐད་ཆ་བཤད་གིན་མིན་ཞེས་བཤད་ཚར་བས་ང་ཚོ་གྲ་སྒྲིག་དང་ངང་སྒུག་བྱས་ན་ཡོང་ཡ་མེད། རྒྱ་གཞུང་གིས་སྲིད་སྐྱོང་དང་སྐད་ཆ་བཤད་པར་ལས་འགུལ་རབ་དང་རིམ་པ་སྤེལ་དགོས། དེ་ནི་རྒྱ་གཞུང་འབྲེལ་མོལ་ཅོག་ཙེའི་གམ་ལ་ཡོང་གིན་འཇུག་པའི་སྒུལ་ཤུགས་ཡིན། ལས་འགུལ། ལས་འགུལ།

  2. རྒོད་པོ། says:
    2014-11-27 at 6:54 pm

    སྲིད་སྐྱོང་ལ་རྒྱ་ནག་གི་ཐད་སློབ་སྟོན་པ་ཞིག་དགོས་ཀྱི་འདུག། བོད་རྒྱ་ཞི་འགྲིགས་དང་གྲ་སྒྲིག་ཡོད་ཟེར་བ་ཙམ་གྱི་འགྲིག་གི་མི་འདུག། རྒྱ་ནག་གི་ལོ་རྒྱུས་དང་ད་ལྟའི་རྒྱ་ནག་གཞུང་གི་འགོ་འཁྲིད་དག་གི་བྱེད་ལས་རྣམས་ཤེས་དགོས་ཀྱི་འདུག།

  3. ཇུས་ཏོག་ says:
    2014-11-27 at 9:57 pm

    བོད་རྒྱ་འབྲེལ་མོལ་ཁ་ཡི་ཆབ་སྲིད་འདིའི་།ལག་ལེན་དོན་འཁེལ་ཉིན་མོའི་ཀརྨ་
    རེད་།དུས་ཚོད་བསྐྱལ་ནས་རེ་གུགས་བྱས་པ་ལས་།ཆབ་སྲིད་ཁ་ཕྱོགས་བརྗེ་ན་མི་
    ལེགས་སམ་།

  4. ལུང་རྟོགས། says:
    2014-11-28 at 2:16 am

    དགའ་བསུ་ཞུ། སེང་གེ་འདི་ལ་རེ་བ་ཆེན་པོ་རྒྱབ་པ་ཡིན་ལ། རེ་བ་རྒྱབ་པ་བཞིན་ཕྱག་ལས་ཀྱང་ཧ་ཅང་ཡག་པོ་གནང་གི་འདུག འོན་ཀྱང་བོད་པ་ཚང་གི་མི་མང་ཁྲོད་ནས་བོད་དོན་ཐོག་སེམས་ཁུར་དང་ལས་འགུལ་གཉིས་ཀ་ཀླད་ཀོར་ནང་ལ་འཛུལ་གྲབ་འདུག འདི་ནི་དངོས་གནས་བློ་ཕམ་དགོས་པ་ཞིག་རེད།

  5. ཇུས་ཏོག་ says:
    2014-11-28 at 2:42 am

    བོད་མི་ཚང་མ་0 ཡིན་ན་ཁྱེད་བློ་སེང་གི་རྔ་མ་བགྱིས་དང་ཁྱེད་རང་་ཡང་དོན་
    གཅོད་ཡང་ན་བཀའ་བློན་སོགས་ལ་རེ་བ་འདྲ་ཡོང་སྲིད་།ཕྱོགས་གཏོགས་ཆབ་
    སྲིད་དྔི་ངན་རྣ་ལ་སྣུམ་པའི་ལང་ཤོར་ཅན་གྱི་ལུང་ཚན་ཤོག་བསྒྲིལ་་སྐབས་
    འཚོལརིང་ལུགས་་འགོ་འདྲེན་མང་བའི་དྲ་འབུ་མང་།

  6. བདེན་པའི་ཕོ་ཉ་ says:
    2014-11-28 at 2:54 am

    སྲིད་སྐྱོང་གི་བོད་རྒྱ་འབྲེལ་མོལ་ལ་རྒྱ་གཞུང་དང་་དུས་ཚོད་ནམ་ཞིག་དང་ས་གནས་གང་ཞིག་ལ་ཐུག་རྷྱུའི་གྲ་སྒྲིག་ཨང་གསར་ཡིན་ཞེས་བཤད་འདུག་པས་སྲིད་སྐྱོང་གི་སྐྱེ་བ་ཕྱི་མར་ཡིན་རྒྱུ་རེད་

  7. ལུང་རྟོགས། says:
    2014-11-28 at 4:20 am

    ཇུས་ཏོག་ལགས། ཁྱེད་རང་དང་པོ་སུམ་རྟགས་ཡག་པོ་ཞིག་སྦྱང་ཤོག ནང་དོན་གོ་ཐུབ་ཀྱི་མི་འདུག

  8. ཇུས་ཏོག་ says:
    2014-11-28 at 6:15 am

    བོད་པས་་བོད་ཡིག་དཀྱུུས་མ་ལ་གོ་བརྡ་་མ་ཐུབ་ན་བརྡ་སྤྲོད་དང་ཚིག་རྒྱན་ལ་གོ་
    བརྡ་འཕྲོད་པའི་སྐལ་བ་མེད་པ་ཐག་ཆོད་།

  9. རྒོད་པོ། says:
    2014-11-28 at 8:33 am

    བཟི་པོ་ལུང་རྟོགས་ལགས། སྐད་ཆ་བཤད་དུས་གཟབ་གཟབ་བྱེས། དོན་མེད་ལ་བོད་མི་ཚོ་སྡུག་དགོས་དོན་མེད།

  10. ལུང་རྟོགས། says:
    2014-11-28 at 8:58 am

    དངོས་ཡོད་གནས་ཚུལ་བཤད་དུས་མི་དགའ་མཁན་དེ་རང་ཉིད་དངོས་ཡོད་དང་རྒྱབ་འགལ་བྱེད་མཁན་ཞིག་ཡིན་པའི་རྟགས་རེད།

  11. རྒོད་པོ། says:
    2014-11-28 at 12:53 pm

    མི་རེ་མེད་ཞིག་ལ་རེ་བ་ལྟོང་པ་ཞིག། རེ་བ་རྒྱག་ས་ནོར་བ་རེད།

  12. ཞོལ་གཡག་འབྲོང་རྒྱུད། says:
    2014-11-28 at 1:24 pm

    དངོས་ཐོག་བདེན་འཚོལ་གྱི་ལམ་ནས་སྐད་ཆ་ཤོད། སྒྲོ་འདོགས་དང་རྟོགས་བརྟགས་རྟོགས་བཟོ་མ་བྱེད། ལྷག་པར་དུ་ལྷ་སྒྲུང་འདྲེ་སྒྲུང་བདུད་སྒྲུང་དེ་བས་མ་ཤོད།

  13. ཅོག་མྱི། says:
    2014-11-28 at 5:14 pm

    དངོས་ཐོག་བདེན་འཚོལ་ཞེས་བའི་རྒྱ་དམར་གྱི་ཐ་སྙད་འདི་ལ་བྲོ་བ་ལེན་དཀའ་མོ་ཞིག་གདའ། བདེན་པ་ནི་དངོས་སེམས་གཉིས་ཐོག་ནས་འཚོལ་དགོས་པ་མ་གཏོགས་དངོས་པོ་རྐྱང་རྐྱང་གི་སྟེང་ནས་ག་ལ་རྙེད། ཞོལ་གཡག་གིས་རྒྱ་ཚིག་འབྲོང་འདྲ་བ་དེ་ལ་གོ་བ་ཡང་དག་ཅིག་ལོན་མི་འདུག

  14. ཞོལ་གཡག་འབྲོང་རྒྱུད། says:
    2014-11-28 at 5:47 pm

    གོ་བ་ལེན་དཀའ་ན་དངོས་པོའི་གཤིས་ལུགས་ལ་ཐག་ཉེ་ཙམ་བགྱིས། རྒྱ་དམར་ལ་དངོས་ཐོག་བདེན་འཚོལ་ཞེས་པའི་ཐ་སྙད་ཞིག་ཡོད་ཚོད་མ་རེད། ཁོ་ཚོ་མར་ཁེ་སི་དང་ལེ་ཉིན་དངོས་གཙོ་སྨྲ་བ་རིང་ལུགས་ཡིན་མདོག་བྱེད་པ་ལས་དོན་དངོས་དེ་ལྟར་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme