Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་མ་འཁྱེར།

Posted on 2014-11-272014-11-27 By ཁ་བརྡ 13 Comments on འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་མ་འཁྱེར།

འཕན་པོ་སྐལ་ལྡན།

བོད་རྗེ་ཐོག་མ་མཉའ་ཁྲི་བཙན་པོ་ནས་དབུ་ཚུགས་སྟེ་བོད་རྗེ་དར་མ་བར་བོད་འདི་བཞིན་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་འགྱུར་སྟེ་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཆོས་རིགས་སྤྱི་ཚོགས་བཅས་ཀྱི་གནས་བབ་རང་བཙན་རྒྱལ་ཁབ་ཞིག་ཡིན། བོད་རྗེ་དར་མས་བོད་ནང་གསར་རྗེའི་རིང་ལུགས་སྤེལ་བའི་རྗེས་བོད་ཀྱི་བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་དང་། བོད་སིལ་བུར་འཐོར་རྗེས་སླར་ཡང་རང་ཅག་རྣམས་ལ་བཀྲིན་བླ་ན་མེད་པ་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོས་ཆབ་སྲིད་ལུགས་གཉིས་ཀྱི་ཐུགས་འགན་གཙང་བཞེས་གནང་སྟེ། བོད་འདི་བཞིན་འཛམ་གླིང་ནང་གི་རིགས་གནས་ཕྱུགས་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཏུ་གྱུར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཙུགས་ནས་རིང་པོར་མ་སོང་བར་བོད་ས་ཡོངས་རྫོགས་ཟ་ཧམ་ཀྱི་བཙན་དབང་འོག་གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དགོས་བྱུང་ཡང་རྗེས་སུ་རྒྱ་ནག་ཁོང་རང་ཚོས་རང་གི་གྲོས་འཆར་དོན་ཚན་ལ་བརྩིས་མེད། བོད་ཞི་བས་བཅིངས་བཀྲོལ་བཏང་རྒྱུའི་ཁྱབ་སྒྲགས་དང་བཅས་བོད་ནང་ཟིང་འཁྲུག་དམག་འཐབ་ཆེན་པོ་བྱུང་སྟེ། བོད་ས་ཡོངས་རྫོགས་རྒྱ་ནག་གི་མངའ་འོག་དུ་བཙན་འཇུག་བྱས།

༸གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་འབྱོར་བའི་རྗེས་༸གོང་ས་མཆོག་གི་དབུ་འཁྲིད་ལམ་བསྟོན་དང་ལྷད་མེད་བྱམས་བརྩེའི་འོག་བཙན་བྱོལ་བའི་བོད་ཕྲུགས་རྣམས་ལ་ཕྱིའི་ཡུལ་གྲུ་ཁག་དང་མཉམ་པའི་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་། བཙན་བྱོལ་བའི་བོད་མི་རྣམས་ཀྱང་ཀ་བ་གསུམ་ལྡན་གྱི་ཡང་དག་པའི་མང་གཙོའི་ལམ་དུ་འཁྲིད་གནང་བ་དང་། མི་མང་གི་འོས་འདེམས་གནང་བའི་བཀའ་ཁྲི་ལ་ཡང་ཐུགས་བརྩེ་བ་ཆེན་པོས་༸གོང་ས་སྐུ་ཕྲེང་ལྔ་པའི་སྐབས་གཞེས་གནང་མཛད་པའི་བོད་ཀྱི་ཆབ་སྲིད་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་དང་ཆབ་གཅིག་བཀའ་ཁྲི་ནས་སྲིད་སྐྱོང་སུ་མཚན་འགྱུར་གནང་མཛད་པ་ནི་༸གོས་ས་མཆོག་གི་ཡི་ཤེས་དབྱིང་བཅད་ཀྱི་གཟིགས་པ་རྒྱ་ཆེ་ཞིག་ཡིན།

༸གོང་ས་མཆོག་ནི་འཛམ་གླིང་ནང་ཆེས་བརྙན་གྲགས་ཆེ་བའི་ནོར་བྷེལ་ཞི་བདེའི་གཟིངས་རྟགས་གཞེས་གནང་མཁན་དང་། འཚེ་བ་སྤོང་བ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གནང་མཁན་གྱི་དབུ་འཁྲིད་ཞིག་ཡིན་སྟབས་བོད་ཀྱི་གནད་དོན་དེ་ཡང་འཚེ་བ་མེད་པའི་གཉིས་སྨན་དབུ་མའི་ལམ་ཐོག་བསྐྱོད་དགོས་པ་ནི་༸གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་རླབས་ཆེན་གྱི་མཛད་པ་ཞིག་དང་། བཙན་བྱོལ་བོད་མི་མང་ཆེ་བའི་མངོན་འདོད་ཀྱང་ཡིན་ལ་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པས་གཅིག་རྗེས་གཉིས་འཐུས་དུ་བོད་རྒྱལ་ཁབ་དང་། བོད་མི་རིགས་གི་རྩ་དོན་ཆེད་དུ་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་ཀྱི་སྐུ་ལུས་མཆོད་འབུལ་གནང་གི་ཡོད་པའང་གནས་ཚུལ་དེ་དག་གི་ཆེད་དུ་ཡིན།

བཙན་བྱོལ་སྤྱི་ཚོགས་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ཆོ་ག་ཕྱག་ལེན་ལྟ་བུའི་གདུང་སེམས་མཉམ་སྐྱེས་དང་མཆོད་འབུལ་སྨོན་ལམ། མར་མེ་ཁྲོམས་བསྐོར་སོགས་བྱས་ནས་དུས་ཚོད་སྐྱེལ་བཞིན་ཡོད་པ་དང་། ལྷག་པར་དུ་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྣམས་པས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་ཞི་སྒྲིག་གི་ཐབས་ལམ་མི་འཚོལ་བར་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཕྱོགས་བསྐྱོད་དུ་བྲེལ་ཚབ་བྱེད་པ་དང་། དེ་བཞིན་དམིགས་གསལ་ཚོགས་ཆེན་ཐེངས་གཉིས་དང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་བཅས་ཀྱི་གྲོས་ཆོད་ཁག་ཏུ་འང་ཡིག་ཉོག་མང་པ་ལས་བོད་ནང་གི་ཛ་དྲག་གནས་སྟངས་ལ་འགྱུར་བ་འགྲོ་བའི་ནུས་་པ་གང་ཡང་མཐོང་ཀྱི་མེད་པ་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་པས་ཕྱི་རྒྱལ་ཁག་ཏུ་་ཕེབས་ཏེ་མི་སྒེར་རེ་བཟུང་དང་། ཚོགས་པ་བྱེ་བྲག་པ་རེ་ཟུང་གི་བོད་ཀྱི་བདེན་པའི་རྩ་དོན་ལ་རྒྱབ་བསྐྱོར་རེ་བ་བྱེད་པ་འདི་དག་གིས་བོད་རྒྱ་ཞི་སྒྲིག་ཡོང་ཐབཟ་མེད་པ་ཟུར་ལྟས་ལེབ་མཐོང་ལྟར་རེད།

བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་པས་༸གོང་ས་མཆོག་བོད་ནང་གདེན་འདྲེན་ཞུ་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཚད་ལྡན་ཞིག་ཐོབ་དགོས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་འཁྲིད་རྣམས་དང་གྲོས་མོལ་ཡོང་འཐབ་ལ་འབད་བརྩོན་གནང་དགོས་པ་དང་། རྒྱ་ནག་ནང་ཡོད་རྒྱ་མི་རིགས་ཡོངས་ལ་འབྲེལ་ལམ་འཛུགས་རྒྱུ་དེ་བཞིན་༸གོང་ས་མཆོག་དང་བོད་མི་ཚོས་དབུ་མའི་ལམ་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུང་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་ཁ་བྲལ་རྩོདཀྱི་མེད་པ་རྒྱ་རིགས་ཡོངས་ལ་གསལ་བཤད་གནང་དགོས་པ་འདི་དག་གལ་ཆེ་བ་ལས་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཡུག་ན་དོན་དག་གང་ཡང་སྒྲུབ་ཐུབ་མེད།

རང་རེའི་དབུ་འཁྲིད་རྣམས་པས་ཤར་ཕྱོགས་རྒྱ་ནག་ནང་ཁ་ཕྱོགས་དགོས་པ་ལས་ནུབ་ཕྱོགས་ཨ་རི་སོགས་ལ་ཁ་ཕྱོགས་པ་ནི་དོན་མེད་ཡིན་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་པས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་ཉུང་ཙམ་གནང་རྒྱུ་དང་། རང་ཉིད་ཀྱི་དབང་ཆ་སྲ་བརྟན་བཟོ་རྒྱུ་དང་། སྒེར་འཁོན་སྤྱི་དོན་དུ་སྤུངས་པ་སོགས་མ་གནང་བར་བོད་ནང་གི་ཛ་དྲག་གནས་སྟང་ལ་གཟིགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ནས་བོད་རྒྱ་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་ལྷོད་མེད་གནང་དགོས་སོ།།

བསམ་ཚུལ།

Post navigation

Previous Post: ཁྱད་པར་མེད་པ།
Next Post: བོད་རྒྱ་འབྲེལ་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་གསུངས་པ།

Comments (13) on “འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་མ་འཁྱེར།”

  1. ཅོ་རི་ཉི་མ། says:
    2014-11-27 at 6:45 am

    རྩོམ་རྙོག་གླུད་རྫས་འདྲ་ཞིག་བྲིས་འདུག

  2. བདེན་པའི་ཕོ་ཉ་ says:
    2014-11-27 at 7:10 am

    ཅོ་རི་དང་ཅོ་རི་འདྲ་བ་རྣམས་གླུད་ལ་བསྐྱལ་རྒྱུའི་རྫས་ཡིན་པའདྲ་

  3. ཅོ་རི་ཉི་མ། says:
    2014-11-27 at 7:21 am

    བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་ནུབ་ཕྱོགས་སུ་ཕེབས་ནས་ལས་དོན་སྒྲུབ་དགོས་པའི་རྒྱུ་མཚན་ཤེས་དགོས་རེད། ནུབ་ཕྱོགས་པས་རོགས་སྐྱོར་མེད་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་གླ་ཕོག་སྤྲོད་མི་ཐུབ། རྒད་མགོ་རྣམས་ལ་རྒད་གསོ་སྤྲོད་མི་ཐུབ། སློབ་ཕྲུག་ཚོ་ལ་སློབ་ཡོན་སྤྲོད་མི་ཐུབ། ཉམ་ཐག་རྣམས་ལ་རོགས་དངུལ་སྤྲོད་མི་ཐུབ། མིག་མདུན་གྱི་གནད་དོན་འདི་དག་མི་མཐོང་བར་བློ་སེང་ལ་སྐྱོན་བརྗོད་འདྲ་ཞིག་བྱེད་མདོག་མདོག སྙིང་རྗེ་་་་ཁྱོད་ཚོས་གྲལ། གླུད་རྫས་དང་གཅིག་པ་རེད།

  4. ལུང་རྟོགས། says:
    2014-11-27 at 8:01 am

    ཁ་སྟོང་ནང་གི་ཚིག་སྟོང་མ་བཤད། བཙན་བྱོལ་སྒྲིག་འཛུག་ཀྱི་དབུ་ཁྲིད་ཚོས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཕྱག་ལས་གནང་གི་མེད་པ་ཁྱོད་ལ་ཁུང་སྐྱེལ་རྒྱུ་ཨེ་ཡོད། ཕྱག་ལས་གནང་གི་མེད་སྟེ་ད་བར་དུ་འབྲེལ་མོལ་བྱུང་མ་སོང་བ་ཟེར་བ་ཡིན་ན་ལྐུགས་པའི་སྐད་ཆ་རེད། རྒྱ་ནག་གཞུང་ཞེས་པ་དེ་ཅི་འདྲ་ཞིག་ཡོད་ཤེས་ཀྱི་ཨེ་ཡོད། གཉིས་ནས་བཙན་བྱོལ་སྒྲིག་འཛུག་ཀྱི་དབུ་ཁྲིད་ཚོས་རྒྱ་ནག་ནང་གི་མི་མང་ལ་དབུ་ལམ་གྱི་གོ་རྟོག་སྤེལ་དགོས་པ་རེད་ཟེར་བ་ཡིན་ན་དེ་ནི་རྒྱ་གཞུང་ལ་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་སྐད་ཆ་རེད། ཐ་ན་ཕྱི་རྒྱལ་གྱི་རླུང་འཕྲིན་ཡང་རྒྱ་ནག་ནང་ལ་ཉན་ཐུབ་ཀྱི་མེད་པས་གོ་རྟོག་ཅི་ལྟར་སྤེལ་དགོས་པ་རེད། དེ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ལ་རྒྱ་རིགས་ཧ་ཅང་གི་མང་པོ་འགྲོ་འོང་དང་གནས་སྡོད་བྱེད་བཞིན་ཡོད་པ་དེ་དག་ལ་དབུ་ལམ་གྱི་གོ་རྟོག་སྤེལ་ཐབས་བྱེད་ན་ལེགས་ཤོས་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཁྱོད་ཚོ་ལས་སྐྱང་བ་ཞིག་ལས་ལྐུགས་པ་ཞིག་མ་རེད། མགོ་འཚོས་ལ་མ་འཚོས་ཀྱི་ལམ་སྟོན་དེ་ཚོ་དགོས་པ་མེད་པ་རེད།

  5. ལྷ་སྲས་དར་མ། says:
    2014-11-27 at 8:21 am

    ངོ་མ་རྩོམ་ཉོག་རང་རེད་གང་འདྲ་ཞིག་བཤད་ཀྱི་ཡོད་མེད་སོ་སོར་ངེས་པ་མེད་པ་འདྲ། བཙན་བྱོལ་བོད་མིའི་མཛད་གཙོ་རྣམས་སྐྱོན་བརྗོད་ཁུལ་ཡང་མཛད་གཙོ་རྣམས་པས་ད་བར་གང་གནང་བ་དང་གནང་བཞིན་པ་མ་རིག་པར་ཕྱི་བ་ནང་བཞིན་དོང་ཁུང་ཞིག་ནས་དོན་ནས་ཕིག་ཕིག་ཕིག་ཟེར་སྐད་བརྒྱབ་པ་འདྲ།

  6. བདེན་པའི་ཕོ་ཉ་ says:
    2014-11-27 at 8:58 am

    ཆན་བུ་བ་དེ་འཚོ་ལྐུག་པ་ཀྱང་རེད་ཞག་གོང་གི་རྩོམ་དེའི་ནང་རྒྱ་ནག་གཞུང་གི་འགོ་འཁྲིད་རྣམས་དང་འབྲེལ་ལམ་བྱེད་དགོས་པ་བཤད་འདུག་མ་ཏོག་རྒྱནག་་གཞུང་དང་འབྲེལ་ལམ་བྱེད་དགོས་ཤད་མི་འདུག་འགོ་འཁྲིད་དང་གཞུང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་

  7. ལྷ་སྲས་དར་མ། says:
    2014-11-27 at 9:42 am

    སྤྱང་འདོག་དང་གོ་བ་ལོན་འདོག་མ་སྟོན་གཞུང་ཟེར་བ་དེ་གཞུང་གི་འགོ་འཁྲིད་རྣམས་ཀྱིས་སྐྱོང་བསྡད་པ་དེ་ལ་གཞུང་ཟེར་བ་དེ་ཤེས་དགོས།

  8. བདེན་པའི་ཕོ་ཉ་ says:
    2014-11-27 at 10:25 am

    ཧ་ཧ་ཧ་གད་མོ་ཆོར་གི་གཞུང་གི་འགོ་འཁྲིད་སྐྱོང་བ་མ་རེད་འགོ་འཁྲིད་གི་གཞུང་སྐྱོང་བ་རེད་ལྐུག་པ་སྤྱང་བ་ལ་

  9. ལུང་རྟོགས། says:
    2014-11-27 at 10:59 am

    རྒྱ་ནག་གཞུང་གི་མགོ་ཁྲིད་ལ་འབྲེལ་བ་བྱེད་པ་དེ་གཞུང་ལ་འབྲེལ་བ་བྱས་པ་མིན་ན་ད་འོ་ན་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་ཟེར་དུས་སུ་ལ་འབྲེད་བ་བྱེད་དགོས་པ་རེད། པེ་ཅིང་ཕོ་བྲང་ལ་བྱེད་དགོས་པ་རེད་དམ། ཧཧཧ

  10. བདེན་པའི་ཕོ་ཉ་ says:
    2014-11-27 at 11:20 am

    རྒྱ་ནག་གཞུང་དེ་མི་རིགས་དུང་ཕྱུར་མང་པོའི་གཞུང་རེད་གཞུང་དེ་སྐྱོང་མཁན་འགོ་འཁྲིད་ལ་འབྲེལ་ལམ་དགོས་པ་རེད་དཔེ་ན་བཙན་བྱོལ་སྒྲིག་འཛུགས་ལ་འབྲེལ་བ་བྱེད་པ་དང་བཙན་བྱོལ་སྒྲིག་འཛུགས་གི་དབུ་འཁྲིད་ལ་འབྲེལ་བ་བྱེད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་

  11. ཀརྡོ་གཉེར་ཕྱག་པ་ says:
    2014-11-27 at 11:48 am

    བཀའ་དྲིན་ལ། བཀྲིན་དང་། བཀྲ་ཤིས་ལ། བཀྲིས་འབྲི་སྟངས་འདི་ལ་ནོར་འཁྲུལ་ཆེན་པོ་ཞིག་ཡོད་པ་དེ་མཁྱེན་པར་མཛོད་ཅིག

  12. ཆུ་ཐིགས་སྔོན་མོ says:
    2014-11-27 at 2:57 pm

    ཨཨཨ་་་ད་ཡིན་ན་དངོས་གནས་རྩོམ་ཆོག་ཅིག་བྲིས་འདུག་ཡ་་་་དེའི་ཁར་བདེན་པའི་ཕོ་ཉ་ཟེར་བ་ཞིག་གིས་དེ་ལས་ཀྱང་མཆན་ཉོག་འགའ་བྲིས་འདུག་་་་འདི་དག་ལ་བལྟས་ན་བོད་ཡིག་གི་བསྟན་པ་ནུབ་པའི་དུས་ལ་སླེབ་གྲབས་མེད་འགྲོ་བསམ་ཡོང་གི་འདུག་་་་་རྩོམ་པ་པོས་དག་ཡིག་ཅིག་མཐོང་མྱོང་ཡོད་ས་མ་རེད་་་་ད་མི་འདུག་་་་་སེམས་སྐྱོ་གི་འདུག་་་

  13. ཇུས་ཏོག་ says:
    2014-11-28 at 3:00 am

    དག་ཡིག་སུམ་རྟགས་་ལས་མེད་ཡིག་མཁན་མཛེས་པའི་རྒྱན་ཆ་རེད་།
    བརྡ་སྤྔོད་ཚིག་རྒྱན་མཁས་པའི་ལྟོ་གོས་འཚོལ་རྒྱུའི་ནོར་རྫས་རེད་།
    བོད་རྒྱ་འབྲེལ་ལམ་མཐོ་རིམ་མི་སྣའི་འཚོ་བརྟེན་རེད་།
    ས་ཆའི་བདག་དབང་གླེང་ན་་མ་འོང་མི་རབས་བདེ་བའི་ལམ་ཆེན་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme