Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།

Posted on 2008-10-09 By དགེ་རབ་ 3 Comments on བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།

འཕན་མྱི།
ཁར་སང་གི་ངའི་རྩོམ་ཡིག་ཐེབས་ཆག་དེ་ཡང་ཁ་ཤས་ཀྱིས་བྐླགས་འདུག་ཅིང་ཁོང་རྣམ་པས་འཛེམས་ཟོན་མེད་པར་དགོང་འཆར་ལྷུག་པོར་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་འདིར་ཡང་གསལ་བཤད་ཀྱི་ཚབ་ཏུ་སྙན་གཙེར་ཅུང་ཙམ་མི་ཞུ་ཐབས་མེད་བྱུང་། ༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་ནས་ཀྱང་ང་ཚོ་ནམ་ཡིན་ཡང་གངས་ཅན་པ་ཟེར་བའི་ཚིག་དེའི་འོག་ཏུ་སྡོད་རྒྱུ་དེ་གལ་ཆེན་པོ་རེད་གསུངས་པ་དེའི་དགོང་དོན་བཞིན་སྟོད་མངའ་རིས་ནས་སྨད་ཁམས་ཀྱི་མཐའ་དར་རྩེ་མདོ་དང་ཨ་མདོའི་མཐའ་མཚམས་བར་གྱི་བོད་མི་རྩམ་ཟན་ཡོད་དོ་ཅོག་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་ང་ཚོའི་རེ་བ་དང་དམིགས་ཡུལ་ཐ་ན་ང་ཚོ་སྐྱབས་བཅོལ་དུ་སྡོད་དགོས་དོན་ཡང་དེ་ཡིན། ང་ཚོའི་དབུ་མའི་ལམ་དེ་ཡང་ཚད་དམའ་ས་ནས་བཤད་སྐབས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་མི་རིགས་ས་ཁོངས་རང་སྐྱོང་ཙམ་ཞིག་ལ་བབ་འགྲོ་གི་ཡོད་པ་དེ་རེད། ཆབ་སྲིད་ཀྱི་བསམ་བློ་དང་བསམ་བློ་ཞེས་པ་དེ་ཁོགས་རྒྱ་ཡངས་པོ་དང་དག་སྣང་གི་ལྟ་སྟངས་དང་རྦད་དེ་རྒྱབ་འགལ་དུ་གྱུར་པ་ཞིག་ཡིན་སྟབས་ང་ཚོས་ཕྱི་རྒྱ་ནག་ལ་ལྟོས་ན་ཡང་འདྲ། ནང་སྤུན་ཟླ་བོད་མི་ལ་ལྟོས་ན་ཡང་འདྲ། ཆབ་སྲིད་ཀྱི་ཆེ་ཕྲ་གང་ཞིག་སུས་འཇོན་ཡང་དེ་ཉིད་བོད་གངས་ཅན་པ་ཞེས་པའི་ཁྱབ་ཁོངས་ཡོངས་རྫོགས་ཀྱི་ཐ་སྙད་འདི་བོར་མི་རུང་བ་ཞིག་རེད། གལ་ཏེ་མ་འགྲིགས་པ་ཞིག་ཡོད་ན་དེ་མ་འགྲིགས་པའི་སར་འཇོག་པ་ལས་ཡང་བརྡབས་བསྐྱར་བརྡབས་ཀྱིས་གླེང་ན་ཇེ་བཙོག་ཏུ་འགྲོ་བ་ལས་དགོས་པ་ཅི་ཡོད་སྙམ་པ་ལྟ་བུ་ཞིག་ཡིན་ཡང་རང་རེ་ལ་མི་དགོས་པའི་བྱ་བ་དེ་རིགས་སྲོལ་རྒྱུན་ལྟ་བུར་གྱུར་ན་ཆུང་ས་ནས་བཙན་བྱོལ་བོད་མིའི་མཐུན་སྒྲིལ་དང་ཆེ་ས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་དགོང་གཞི་དང་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་ངོ་མ་སྟེ་བོད་གངས་ཅན་པ་ཡོངས་རྫོགས་ཆིག་སྒྲིལ་གྱི་ལས་ལ་ཡང་གནོད་སྐྱོན་གྱི་རྒྱུ་རུ་འགྱུར་མི་སྲིད་པ་མ་ཡིན་པས་ངས་འདི་ལྟར་གླེང་དགོས་བྱུང་སོང་།
མཆན་འགོད་མཁན་འགའ་ཞིག་གིས་ངས་འཕན་པོ་དང་མལ་གྲོ་གུང་དཀར་ཡས་མས་ཀྱི་དེབ་ཅིག་ཕྱོགས་ཀྱིས་དང་སུས་འགོག་མི་ཡོང་ལྟ་བུའི་བཀའ་བཀྱོན་གནང་འདུག་པ་དེ་བདེན་པ་རེད། ཡིན་ན་ཡང་ངས་བཤད་པ་དེ་ང་ཚོ་བོད་མི་མི་རེའི་དེབ་རེ་སྒྲིག་དགོས་ན་འཇོན་ཁག་པོ་རེད། འཇོན་ཐང་ཡོད་མཁན་ཚོས་གངས་ཅན་པ་ཡོངས་རྫོགས་ཀྱི་ཚབ་བྱེད་ཐུབ་ན་ཡག་པོ་བྱུང་འདུག་ཅེས་ཞུ་བཞིན་ཡོད། དཔེར་ན་ནང་མི་སྤུན་མཆེད་གསུམ་གྱི་ནང་ནས་གཅིག་ལ་དངུལ་ཡོད་གཉིས་ལ་དངུལ་མེད་ན་དངུལ་ཡོད་མཁན་དེས་མེད་མཁན་དེ་གཉིས་ལ་རོགས་པ་བྱེད་དགོས་པ་ནང་བཞིན་རེད་ཅེས་ཞུ་བཞིན་ཡོད། འདས་པའི་ལོ་རྒྱུས་ཀྱི་ནང་དུ་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་དང་སྡེ་དཔོན་ཉི་ཚེ་བ་ཚོས་རང་མགོ་གར་ཐོན་བྱས་ན་འགྲིགས་འགྲོ་བསམ་པ་དེས་ཐ་མ་ཆག་ཆེ་ཉམས་ང་འདི་ཉོས་པ་རེད། དེ་བཞིན་རང་རེ་བོད་ལ་མཚོན་ན་རང་མགོ་གར་ཐོན་གྱི་ལས་འདི་ཆོལ་ཁ་དང་། སྡེ་ཚོ། མི་སྒེར་གང་ཞིག་ཡིན་ན་ཡང་སྤངས་བྱ་ཞིག་ལས་བླངས་བྱ་ཞིག་མ་ཡིན་སྟབས་འདིས་མཇུག་འབྲས་ཏེ་ཡག་པོ་ཡོང་རྒྱུ་མ་རེད་ཅེས་ཤོད་བཞིན་ཡོད། སྤྱིར་བཏང་ངས་ཁ་བཙུམ་ནས་སྡོད་ཐུབ་ཀྱི་རེད། དེ་བཞིན་ཆོལ་ཁ་གསུམ་གྱི་མི་གཞན་ཚོས་ཀྱང་ཁ་བཙུམ་ནས་སྡོད་ཀྱི་རེད། ཡིན་ན་ཡང་རྒྱ་མིས་ཁ་བཙུམ་རོགས་བྱེད་ཀྱི་མ་རེད། ཉིན་ཞིག་ལ་རྒྱ་མིས་དེ་གོ་སྐབས་ཤིག་ལ་བརྩིས་ཏེ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཟེར་བ་ཞིག་ཡོད་པ་མ་རེད། ཏཱ་ལའི་བླ་མ་རང་གི་གཞུང་གི་བཀའ་བློན་དང་སྤྱི་མཐུས་ཟུར་པ་ཚོས་ཀྱང་ཨ་མདོ་བའི་ཆེད་དུ་དེབ་ཅིག་ལོགས་སུ་བཟོས་པ་དེས་ཨ་མདོ་དེ་བོད་ཁོངས་སུ་མ་ཚུད་པའི་དཔང་རྟགས་རེད་ཟེར་ནས་ཏག་ཏག་གྲུབ་འབྲས་ལྡོག་ཕྱོགས་ནས་སྨིན་པའི་ལས་དེ་འདྲར་ཡང་འགྱུར་མི་སྲིད་པས་ང་ཞེད་ཀྱིན་འདུག རྒྱ་མིས་བོད་རྒྱའི་ཁོངས་རེད་ཟེར་ནས་འཛམ་བུ་གླིང་པ་ཕལ་མོ་ཆེ་ཡང་མགོ་འཐོམ་དགོས་པ་ཞིག་བཟོས་པ་དེ་ཚོར་ཡང་གཞི་འཛིན་ས་འདི་འདྲ་རེ་ལས་མེད་པ་རེད།
འདིར་ཐབས་སྐྱོ་བ་ཞིག་ལ་ཁ་ཤས་ཀྱིས་ཀིརྟི་སྤྲུལ་སྐུ་དང་ཨ་ལགས་འཇིགས་མེད་ལགས་ལ་ཁ་གཏོང་མི་ཆོག་ཅེས་གསུངས་འདུག ངས་ཁོང་ཚོར་ཁ་གཏོང་གི་མེད། ཁོང་རྣམ་པ་ང་ཚོའི་ཀྱང་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན། གང་ཡིན་ཞེ་ན་ཆོས་ཕྱོགས་ནས་མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་སློང་རེད་ལ་ལྷག་པར་ཡང་སྲིད་ཕྱོགས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་བསྐྱོད་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་རེ་ཡིན་པའི་ཆ་ནས་རྒྱ་མི་ལྟ་བུ་མི་གཞན་ཞིག་གིས་ཁོང་ཚོར་ཁ་གཏོང་གི་ཡོད་པ་མཐོང་ན་ངས་ཀྱང་གང་ནུས་ཚོད་ཀྱིས་རྒོལ་ལན་སྤྲོད་ངེས་ཡིན། ཡིན་ན་ཡང་སྐད་ཆ་རྒྱུ་མཚན་མེད་པ་དེ་ག་དུས་ཡིན་ཡང་རྒྱུ་མཚན་མེད་པ་རེད། གཅིག་བྱས་ན་ང་རང་གིས་སྐད་ཆ་དེར་གོ་བ་ལེན་མ་ཤེས་པ་ཡིན་རྒྱུ་རེད། ཐེར་འདོན་མ་བྱས་ནས་རང་གི་སེམས་ལ་ཉར་བསྡད་ན་ཕན་ཐོགས་མི་འདུག་བསམ་ནས་བཤད་པ་ཡིན། དེ་བཞིན་ཧོར་གཙང་འཇིགས་མེད་ལགས་རྩོམ་པ་པོ་རེད། མཁས་པ་རེད། སྙན་ངག་པ་རེད། ལྷག་པར་ཡང་སྤྱི་འཐུས་ཞིག་ཡིན་པའི་ཆ་ནས་ངས་གུས་བརྩི་དང་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གི་རྩོམ་ཡིག་ཀྱང་མང་པོ་བྐླགས་པ་ཡིན། ཡིན་ན་ཡང་མཚམས་རེར་སེང་གེའི་ཁ་ནས་ཝྭ་སྐད་ཤོར་བ་དེ་ཡག་པོ་མི་འདུག་སྙམ་ནས་འཛེམས་དོགས་མེད་པར་བཤད་པ་ཡིན།
༸གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་གནས་དང་དཔག་ཚད་ཁྲི་ཕྲག་གི་ཕ་རོལ་ན་རྒྱ་མིའི་བཙན་འོག་ཏུ་ཁ་གཏོར་ནས་གནས་པའི་བོད་གཞིས་ལུས་རྒྱ་ཆེའི་མི་མང་གིས་བོད་རང་དབང་རང་བཙན་དང་༸གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་ཕེབས་དགོས་པའི་འབོད་ཚིག་འོག་ཏུ་རང་སྲོག་བློས་བཏང་གིས་རྒྱ་མི་ལ་ངོ་རྒོལ་བྱས་པ་རེད། དེ་ལ་ཆོལ་ཁའི་དབྱེ་བ་མི་འདུག་ལ་ཆོས་རྒྱུད་ཀྱི་ཁྱད་པར་ཡང་མེད་པ་རེད། དུས་གཅིག་གི་ནང་ལ་ལྷ་ས་ནས་རྔ་བ་དང་། དཀར་མཛེས་ནས་བླ་བྲང་། འཕན་པོ་དང་དར་རྩེ་མདོ་བཅས་ཚང་མ་ཡང་སྐྲ་གཅིག་འཐེན་ན་མགོ་ཡོངས་རྫོགས་འགུལ་བའི་དཔེ་བཞིན་བྱུང་བ་རེད། ཁོང་ཚོ་ཚང་མས་བོད་གངས་ཅན་པ་ཟེར་བ་འདིའི་དོན་དུ་བློས་བཏང་ཆེན་པོ་འདི་འདྲ་ཞིག་བྱས་པ་དེར་ངོ་མཚར་དང་སྤོབས་པ། ཡིད་ཆེས་དང་སེམས་འགུལ་ཐེབས་པ་ཞིག་རེད། ཡིན་ན་ཡང་འདིར་༸གོང་ས་སྐྱབས་མགོན་ཆེན་པོའི་ཞབས་དྲུང་ན་འཁོད་པའི་བཙན་བྱོལ་བ་ལག་མཐིལ་གང་དེའི་ཁྲོད་ནས་རེ་བའི་མིག་འབུར་གཏོད་སའི་མི་ལ་ལས་ས་བྱི་ཞི་རྒོལ་ལ་རྗེས་དྲན་ཞུ་སྟངས་དེ་ཕྱོགས་རེ་བ་དང་ས་ཁུལ་གྱི་དབྱེ་འབྱེད་ཅན་ཞིག་ཏུ་བྱས་པ་དེ་ཚུར་རུག་རུག་བྱས་མ་ཐུབ་ནས་བསྡད་ཡོད་སྐབས་འདི་ལ་དེ་ཙམ་འཚམས་པོ་མེད་པར་མཐོང་བ་ཡིན། མ་གཞི་ཁྱེད་རྣམ་པ་ཆོལ་ཁའི་སྐོར་ནས་གླེང་རྒྱུ་ལ་མི་དགའ་བཞིན་ང་ཡང་ཆེས་མི་དགའ་ས་གཅིག་པོ་དེ་ཡིན། ངས་འདི་ལྟར་གླེང་བ་དེ་ཡང་ང་དེ་ལ་དགའ་དྲགས་ནས་གླེང་བ་མ་ཡིན་པར་སྡུག་ནས་གླེང་བ་ཡིན། མ་འོངས་པར་བོད་མི་གང་ན་སུ་བཞུགས་ཚང་མས་སྤྱི་དོན་གྱི་ལས་ཀ་ཆེ་ཕྲ་གང་འཇོན་ཡང་བོད་གངས་ཅན་པ་ཟེར་བ་འདིའི་དོན་དུ་འགྱུར་ཐུབ་པ་ཞིག་དང་ཚིག་ཟུར་ཡན་ཆད་ཀྱང་མ་འབོར་བ་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་ནི༸གོང་ས་སྐྱབས་མགོན་ཆེན་པོའི་དགོང་གཞི་བཞིན་བོད་མི་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་ཀྱི་བསམ་བློ་དང་ལྟ་སྟངས་ཀྱི་ཐད་ལ་གལ་གནད་ཅིག་ཀྱང་ཆགས་ཀྱི་འདུག

རྩོམ་རིག

Post navigation

Previous Post: ང་དང་ངའི་འཇིག་རྟེན།
Next Post: ཞི་མོལ་ལ་ཁོར་ཡུག་དང་བོད་དོན།

Comments (3) on “བོད་མིའི་ཆིག་སྒྲིལ་ནི་ང་ཚོའི་རེ་བ་གཅིག་པོ་དེ་ཡིན།”

  1. འཕྲིན་ལས་རྡོ་རྗེ། says:
    2008-10-10 at 12:38 am

    བཀྲིས་བདེ་ལེགས་གྲངས་མེད་ཡོད།

  2. yeshe says:
    2008-10-12 at 5:48 pm

    “འདིར་ཐབས་སྐྱོ་བ་ཞིག་ལ་ཁ་ཤས་ཀྱིས་ཀིརྟི་སྤྲུལ་སྐུ་དང་ཨ་ལགས་འཇིགས་མེད་ལགས་ལ་ཁ་གཏོང་མི་ཆོག་ཅེས་གསུངས་འདུག ངས་ཁོང་ཚོར་ཁ་གཏོང་གི་མེད། ཁོང་རྣམ་པ་ང་ཚོའི་ཀྱང་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན། གང་ཡིན་ཞེ་ན་ཆོས་ཕྱོགས་ནས་མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་སློང་རེད་ལ་”

  3. yeshe says:
    2008-10-12 at 5:59 pm

    ང་ལ་མཚོན་ན་གོང་ས་མཆོག་ཆོས་སྲིད་གཉིས་ཐད་ནས་ངོ་མ་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན། ཡིན་ན་ཡང་གཞན་པའི་སྤྲུལ་སྐུ་ཀིརྟི་དང་ཨ་ལགས་གཉིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་གཏན་ནས་ཟེར་ཐུབ་ཀི་མེད། ང་ལ་ཁོ་གཉིས་ངའི་དེ་གཉིས་ཡིན་པའི་རྒྱུ་མཚན་ཞིག་མི་འདུག ཁོ་གཉིས་ངའི་སེམས་གཏིང་གི་ཨ་མདོའི་བླ་རྒན་ལོ་ལོན་གཉིས་དང་ལས་བྱེད་བགྲེས་པ་གཉིས་ཡིན། ཨ་ལགས་ཀིརྟི་མཁས་པ་ཡིན་མིན་དང་ཨ་ལགས་འཇིགས་མེད་བཙུན་པ་ཡིན་མིན་ང་ལ་ངོ་མ་ཆ་རྒྱུས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme