Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་གཞི་དུར་སློག་རྒྱག་པ།

Posted on 2014-11-212014-11-21 By ཁ་བརྡ་ No Comments on མི་གཞི་དུར་སློག་རྒྱག་པ།

ཁྲོ་གཏུམ།
___ ཉིས་སྟོང་བཅུ་ལོའི་ངའི་ང་རྒྱལ་གྱི་སྣེ་མོ་ཞིག

“མི་གཞི” སྤྱི་ཚོགས་ཀྱི་མ་རྐང་ལ་འཐིམས་དགོས་པའི་རེ་བཞག་ལྕི་མོ་ཞིག
“མི་གཞི”སྤྱིའི་བདེ་སྡུག་གི་དྲང་བདེན་ལ་འཁྱིལ་བའི་བླ་སྲོག་གསར་པ།
“མི་གཞི”མིའི་འཚོ་གནས་ལ་སྙིང་པོ་སྐྲུན་ས་དང་ཕུགས་འདུན་གྱི་མར་ཁུ་འཕྱུར་ས།

ཆེ་ས་འཛམ་གླིང་དང་ཆུང་བ་མི་ཚང་གི་བར་དུ་མེད་དུ་མི་རུང་བའི་རང་དབང་དང་འདྲ་མཉམ། ཡིད་རྟོན། འཕེལ་རྒྱས། འབྲེལ་འདྲིས་སོགས་ཀྱི་རྟེན་སའི་གཞི་རྩ་དང༌། བསམ་བློའི་སྙིང་སྟོབས་ཀྱི་མ་ལག་རང་འཁོར་བྱས་ཏེ་སྤྱི་ཚོགས་ཀྱི་བདེན་དཔང་ལ་འཇོན་ཐང་བེད་སྤྱོད་བྱེད་པ་ནི་མི་གཞི་ལ་བརྟེན་ནས་བྱུང་བ་དང༌། མི་གཞི་གང་ལ་མངའ་བ་དེ་དག་ནི་རྙོག་འཛིངས་ཆེ་བའི་སྨུག་སྤྲིན་གྱི་ལམ་བུ་མི་ནོར་མཁན་དང༌། གང་དང་སུ་ཡིས་པགས་པ་མཉེད་མཉེད་བྱེད་མི་ཆོག་པར། རང་ཚུགས་རང་སྟོབས་ཀྱི་བདེན་ཁ་དེ་རུལ་སུངས་ཐུལ་བའི་ཁ་གཏད་དུ་བརྟན་པོར་ལངས་ཐུབ་མཁན།
རིག་གནས་ཤན་ཤུགས་དང༌། ཆོས་ལུགས་ཤན་ཤུགས། ཡུལ་སྲོལ་ཤན་ཤུགས་སོགས་རང་ཉིད་ཀྱི་མགོ་མཇུག་དང་དོན་ལྔ་སྣོད་དྲུག་གི་འགུལ་སྐྱོད་ལ་གཤགས་བཅོས་བཏང་སྟེ། དྲི་མེད་གཙང་བོ་ཞིག་གི་ཁྲུས་ཁང་ཉར་ཞིང༌། དུས་རྒྱུན་ཀྱི་ཁ་ལག་གི་འགུལ་སྐྱོད་ཡོད་ཚད་བསམ་བློའི་གོ་སྒྲིག་ལྟར་བསྐྱོད་ཐུབ་ཚེ་དེ་ནི་མི་གཞིའི་ཚད་ཐིག་ཏུ་སླེབས་ཡོད་པར་སེམས།

མི་གཞི་ལ་བསམ་བློའི་མ་རྐང་དགོས་པ་མ་ཟད། རང་གཤིས་ཀྱི་རུས་པ་ཡང་མཁྲེགས་དགོས། མིའི་འཚོལ་སྙེག་ལ་འཐིམས་པའི་མི་གཞི་གསོན་པོ་དེས། སྤྱི་ཚོགས་ཀྱི་ནག་ཉེས་ལ་བསྔོག་འདོན་བྱེད་ཐུབ། རང་ཚུགས་དང་སྙིང་སྟོབས་ནི་མི་གཞིའི་ཆ་རྐྱེན་མེད་བརླག་ཏུ་གཏོང་མི་ཉན་པ་དེ་ཡིན་པས། མི་གཞི་ནི་ངེད་ཅག་གི་གཟུགས་ཀོག་མིན་པར། དེ་ནི་ཕྱི་ནང་ཉིས་ཆར་ཁྱབ་པའི་སྟོབས་ཤུགས་ཀྱི་མ་ལག་ཆེན་པོ་ཞིག་ཡིན།

མི་གཞི་ནི་ང་ཚོའི་འཚོ་བའི་དགོས་འདུན་ཁྲོད་ནས་མི་ཞིག་གི་རྒྱུ་སྤུས་ལ་དབྱེ་འབྱེད་བྱེད་སྤྱད་ཅིག་དང༌། འདིའི་སྟེང་ནས་ད་གཟོད་མི་ཞིག་གི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་དེ་ལ་ཀུན་གྱིས་གདེང་འཇོག་ག་ཚོད་ཅིག་བྱེད་མིན་མཚོན་ཐུབ།
བློ་གཏད་སེམས་བདེ་ནི་མང་ཚོགས་ཀྱི་ཕུགས་རེ་ཡིན་པས་དེའི་གདེང་འཇོག་གི་གར་སྟེགས་ནི་མི་གཞི་ལས་གྲུབ་དགོས། དེ་ནི་སྤྱི་ཚོགས་ནང་གི་གདན་ཐོབ་ངེས་ཅན་ཞིག་དང་གཤིས་འཇོན་གཉིས་ལྡན་གྱི་གསེར་ནག་སྟེ། མཐོ་དམའ་དང་ཁེ་གྲགས། དབང་ཤུགས། མཆོག་དམན། དབུལ་ཕྱུག་བཅས་ཀྱིས་མ་བརྫིས་པ་ཞིག

མི་གཞི་མེད་ན་མི་བོར་གཏོར་འབྱུང་ངེས་ལ། ཚིག་མཚོན་གང་ཡིན་གྱིས་ཕུག་ཆོག་ཆོག་ཅིག་དང༌། རླུང་བུ་གང་གཡུགས་ཀྱིས་ཁུར་ཆོག་ཆོག་ཅིག་ཏུ་འགྱུར་པར་མ་ཟད། དགའ་སྤྲོའི་མཆོངས་སྐྱོད་ཀྱིས་སེམས་ཀྱི་རྐང་ཚུགས་ཕུད་སླ་ཞིང་སྡུག་ཕམ་གྱི་དོང་ཟབ་ནས་གཏན་དུ་རྨི་ལམ་འཁྲུག་པར་འགྱུར།
མི་ཞིག་ཡིན་ན་མི་གཞི་འཚོལ་དགོས་པ་མ་ཟད། ཡ་མ་བརླ་དང་ར་མ་ལུག་གི་ངན་གཤིས་ལ་གདོང་གཏད་བཅག་ཏེ། ལེ་ལོ་སྒྱིད་ལུག་དང་ཕྱི་བཤོལ་མེད་པར་མིའི་སྤྱི་ཚོགས་ཀྱི་བདེན་ཁའི་སོན་རྩར་བསྙེག་དགོས་ལ། སྤྱི་ཚོགས་ཀྱི་དངོས་ཡོད་དང་བསྟུན་ཏེ་དྲང་བདེན་ཞེས་པ་འདིའི་ལྷུ་ལག་སྒྲིག་དགོས།

རྒྱུས་ལོན་གྱི་ཕྲ་མཐོང་ཆེ་ཤེལ་ལས་མིས་མི་ལ་གདེང་འཇོག་བྱེད་ཐུབ་པའི་ཡིད་ཆེས་རྙེད་པ་དེ་ཡང་མི་ཞིག་གི་གཞི་རྩའི་མ་ལག་གཙོ་བོ་ཕྱིའི་བྱ་སྤྱོད་དང་ནང་གི་བསམ་སྤྱོད་ལ་གཡོ་རྫུན་ཁྲམ་གསུམ་གྱི་ནད་འབུ་ཞུགས་ཡོད་མེད་དང་རག་ལས།

ཤེས་ཡོན་ནི་མི་གཞིའི་སྟེང་ནས་གྲུབ་ཅིང་སྤྱི་ཚོགས་དང་མཉམ་དུ་མདུན་བསྐྱོད་བྱེད་ངེས། སྤྱི་དམངས་དང་མཉམ་སྐྱོད་བྱེད་ཐུབ་ན་མི་གཞི་ཡིན་ལ། སྤྱི་དམངས་ཀྱི་གད་སྙིགས་སུ་དབོར་ཡོད་ན། ད་གཟོད་སྟག་འབུམ་རྒྱལ་གྱི་<<ཧ་པ་གསོས་པའི་ཟིན་ཐོ།>>ལས་མི་གཤིས་ཀྱི་ཕྱེད་ཀ་ཁྱི་གཤིས་ཡིན་ཞེས་པ་དང་ཀུན་ནས་འདྲ།
མི་གཞི་ནི་སྙིང་སྟོབས་ཤིག་ཡིན་ལ། ཕུགས་མདུན་ཞིག་ཀྱང་ཡིན། ད་དུང་རེ་བ་ཞིག་རཱ་ཡིན་ངེས།

སྤྱི་ཚོགས་ཀྱིས་མི་འཇོན་ཐང་ཅན་དང་གདོང་སྟོན་དགོས་ལ། ཤེས་ཡོན་ཅན་གྱིས་རང་ཉིད་ལ་མི་གཞི་སྐྲུན་དགོས་པ་དང་མཉམ་དུ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་ཡིད་ཚིམ་པའི་ཞབས་བྲོ་རྒྱག་དགོས།
མི་གཞི་མེད་ན་ཉམས་མྱོང་ཡོད་པས་ཅི་ལ་ཕན། དེ་ནི་མིས་དམོད་ཟོར་གཏོང་ཡུལ་གྱི་བརྗོད་བྱང་ཙམ་ཡིན།
མི་གཞི་མེད་ན་ཤེས་ཡོན་ཡོད་པས་ཅི་ལ་ཕན། དེ་ནི་མིའི་བླ་འཚོང་དུ་ངེས་བཟུང་ཆོག ད་རུང་ཁ་བདེ་དང་ལྕེ་བདེ། སྙན་ངག་མཁན། རི་མོ་མཁན། སྒྲུང་བ། དཔྱད་བརྗོད་མཁན་ཚང་མར་མི་གཞི་མེད་ན་དོན་སྟོང་ཁ་སྟོང་གི་ལག་གཡུག་ཙམ་དུ་འགྱུར་བས། ངེད་ཚང་གི་མཁས་པ་ཚོས་ཀྱང་མི་གཞི་འཚོལ་སྟངས་ལ་ལམ་ཁ་བསྟན་ཏེ་མི་གཞིའི་ལམ་ཡིག་གི་ཁ་གསབ་ཅིག་ངེད་བོད་ཕྲུག་ཚོར་སྤྲད་ན་ཅིས་མི་ཆོག

དེ་ལས་མེད་པ་ཡོད་པར་བསྒྲུབ་མཁན་གྱི་རི་བོང་རྭ་རྩོད་མཁན་གྱི་ཁོམ་དལ་ཅན་དག་གིས་ངེད་མིའི་སྤྱི་ཚོགས་སུ་དགོས་མཁོ་ཆེ་བའི་མི་གཞིའི་ལམ་སྟོན་བྱེད་རོགས། དགེ་བཤེས་ཀྱི་ཐོབ་ཐང་དང་སློབ་མའི་ལག་འཁྱེར་གྱིས་མིའི་སྤྱི་ཚོགས་ལ་བརྡབ་གསིག་དང་ཉེན་ཁ་འབྱུང་གིན་འདུག
སྤྱི་ཚོགས་དང་ཧེ་བག་ཆེ་བའི་ཤེས་ཡོན་པའི་སྡེ་ཞིག་གིས་མི་གཞི་ཡོད་མདོག་དང་རང་ཚུགས་བརྟན་བསམ་སྟེ། ཁོ་ཚོས་ཁོ་ཚོའི་ནང་ངམ་ཡང་ན་ཁོར་ཡུག་ཆུང་ཆུང་ཞིག་ཏུ། གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང༌། གཅིག་གིས་གཅིག་ལ་རྒྱལ་ཕམ་མཐར་སྐྱེལ་བྱེད་ཀྱིན་འདུག
འདི་མཐོང་ན། ངས་ངེད་ཅག་གི་ཤེས་ཡོན་པའི་ནང་དུ་མི་གཞི་ཅན་འཚོལ་དཀའ་བར་འདུག་ཅེས་བརྗོད་ཐུབ་ངེས་ཞེས་ངེད་ཚང་གི་ཤེས་ཡོན་པས་རང་རང་གིས་རང་ཚོར་འཕྲོད་པའི་གཏམ་རྙོག་གི་རྩེད་ཆས་ཤིག་བཟོ་གི་འདུག

སྣ་ཚོགས།

Post navigation

Previous Post: བྱིས་པའི་འཇིག་རྟེན།
Next Post: ངོ་རྒོལ་དང་སྐད་འབོད་ལ་ཐུག་ན་བོད་རྒྱའི་དབར་ན་གནམ་སའི་ཁྱད་པར་མི་འདུག་གམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme