Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།

Posted on 2014-11-172014-11-17 By ཁ་བརྡ 1 Comment on གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།

ཡོང་ཁུངས། བོད་ཀྱི་དུས་བབ།

གནམ་གཤིས་འགྱུར་ལྡོག་གི་ཞེད་སྣང་།

ཨོ་སི་ཊོ་ལི་ཡའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྟེང་གོ་ལའི་ཚ་དྲོད་དང་འཇིགས་སྐུལ་དྲག་སྤྱོད་པ། དེ་བཞིན་ཨི་བྷོ་ལ་ནད་ཡམས་བཅས་ཀྱི་སྐོར་ལ་གྲོས་མོལ་བྱས་འདུག
ཟླ་འདིའི་ཚེས་༡༥ དང་༡༦ ཉིན་གཉིས་རིང་ཨོ་སི་ཊོ་ལི་ཡའི་བྷེར་སི་བྷན་(BRISBANE)གྲོང་ཁྱེར་ནང་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་བཏང་སྟེ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཇེ་ལེགས་སུ་གཏོང་རྒྱུ། ཚོགས་མིའི་རྒྱལ་ཁབ་ཁག་གི་བར་ཚོང་ཁྲལ་ཇེ་ཡང་དུ་བཏང་སྟེ། ༢༠༡༨ ལོའི་ནང་ཚུད་དུ་ཚོགས་མིའི་རྒྱལ་ཁབ་ཁག་གི་ལོ་རེའི་ཡོང་འབབ་བརྒྱ་ཆ་༢ འཕར་ཐུབ་པ་བྱ་རྒྱུ། ༢༠༢༥ ལོའི་ནང་ཚུད་དུ་སྐྱེས་པ་དང་བུད་མེད་ལས་རིགས་ཁག་ནང་འཛུལ་བཞུགས་བྱེད་ཚད་ཀྱི་བར་ཁྱད་བརྒྱ་ཆ་༢༥ ཉུང་དུ་གཏོང་ཐུབ་བྱ་རྒྱུ། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སེལ་རྒྱུ། ཟས་རིགས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུ་སོགས་ལ་གྲོས་བསྡུར་གནང་ཡོད་འདུག

g20-summit

ཐེངས་འདིའི་ཚོགས་ཐོག་ཏུ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་ལ་གོ་བསྡུར་གནང་ཡོད་པ་མ་ཟད། ཨ་རི་དང་འཇར་མན། ཧྥ་རན་སི་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཡུའུ་ཁུ་རེན་གྱི་གནད་དོན་དང་འབྲེལ་ཏེ། ཨུ་རུ་སུའི་སྲིད་འཛིན་པུའུ་ཊིན་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག དེ་མིན། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་ཨི་བྷོ་ལ་ནད་ཡམས་སོགས་ལ་གྲོས་བསྡུར་ཐག་གཅོད་བྱས་ཡོད་ཅིང་། ཉི་ཧོང་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་སྔོ་ལྗང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩར་ཨ་སྒོར་ཐེར་འབུམ་ ༡།༥ དང་། ཨ་རིས་ཨ་སྒོར་ཐེར་འབུམ་ ༣། ཧྥ་རན་སི་དང་འཇར་མན་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡ བཅས་ཀྱི་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་ཏེ། གོ་ལའི་ཚ་དྲོད་ཇེ་ཆུང་དུ་གཏོང་ཐབས་ལ་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུའི་ཐག་གཅོད་བྱས་ཡོད་འདུག
ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ནང་། “ད་རེབ་ལྷན་ཚོགས་ཐོག་ཚོགས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་པས་གནམ་གཤིས་ཚ་དྲོད་འཕེལ་ཏེ་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་སྐོར་ལ་གོ་བསྡུར་བྱས་ཡོད་སྟབས། མ་འོངས་པར་ང་ཚོས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་ནས་གནམ་གཤིས་འགྱུར་ལྡོག་གྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང་། ཁོར་ཡུག་འབགས་བཙོག་བཟོ་མཁན་གྱི་རྒྱལ་ཁབ་ཁག་ལ་ཆད་པ་ནན་མོ་གཅོད་རྒྱུའི་ཐག་གཅོད་བྱས་ཡོད།”ཅེས་བརྗོད་འདུག

909392-85cefd40-

ཐེངས་འདིའི་ལྷན་ཚོགས་ཀྱི་མགྲོན་བདག་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཀྲོ་ཎི་(Tony Abbott) ཡིས། “འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་དོན་དངོས་ཤིག་ཡིན་སྟབས། གནད་དོན་འདི་སེལ་རྒྱུར་ཨང་དང་པོ་ཁོར་ཡུག་འབགས་བཙོག་བཟོ་མཁན་ཚོར་ཁ་གཏད་གཅོག་དགོས་པ་ཞིག་ཆགས་ཡོད། ང་ཚོས་དེ་ལྟར་ལས་དོན་བསྒྲུབ་ན་འཛམ་གླིང་དཔལ་འབྱོར་འཕེལ་ཚད་བརྟན་པོ་ཡོང་ཐུབ་པ་མ་ཟད། ཚོང་ལས་དང་མ་འཇོག་བྱེད་ཚད་ཀྱང་མང་དུ་འགྲོ་ངེས་ཡིན” ཞེས་སོགས་བརྗོད་འདུག
ཐེངས་འདིར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དང་བསྟུན་ཏེ། ཚེས་༡༥ ཉིན་ཨོ་སི་ཊོ་ལི་ཡར་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ལྷན་ཚོགས་ཚོགས་ཡུལ་གྱི་གཡས་གཡོན་དུ་བརྗོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་བཟུང་སྟེ། རྒྱལ་སྤྱིའི་མགོ་ཁྲིད་ཚོས་ལྷན་ཚོགས་སུ་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་བྱ་དགོས་པའི་འབོད་སྐུལ་དང་། གཞུང་ལམ་ཐོག་ཉལ་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། དེ་མིན་རྒྱ་གར་དྷ་རམ་ས་ལ་དང་རྒྱལ་ཁབ་གཞན་ནང་དུའང་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག

g20-summit-2014

ད་རེབ་ལྷན་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མུན་མཆོག་གིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ནི་ང་ཚོའི་དུས་སྐབས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ད་རེབ་ལྷན་ཚོགས་ཐོག་ཐག་གཅོད་ཡག་པོ་ཞིག་བྱ་དགོས་སྐོར་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཀྱང་ང་ཚོས་གོ་ལའི་ཚ་དྲོད་ལ་ཚོད་འཛིན་བྱེད་མ་ཐུབ་ཚེ་མ་འོངས་མི་རབས་གསར་པ་ཚོར་ཇི་ལྟར་རྩིས་སྤྲོད་བྱེད་དགོས་སམ་ཞེས་དོན་ནན་ཆེན་པོ་བརྗོད་ཡོད།
ཆབ་སྲིད་དབྱེ་ཞིབ་པ་ཚོས། དུས་རྒྱུན་ལྷན་ཚོགས་ག་རེ་ཚོགས་ཀྱང་དཔལ་འབྱོར་མཉམ་ལས་དང་ཚོང་འབྲེལ་སྐོར་སོགས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་བྱས་ནས་གྲོས་ཆོད་འཇོག་གི་ཡོད་ཀྱང་། ད་རེབ་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ་དེ་ནི་སྔར་མེད་ཀྱི་གསར་གཏོད་ཅིག་ཆགས་ཡོད་སྐོར་བརྗོད་འདུག

འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་འདི་ནི། ༡༩༩༩ ལོར་དབུ་འཛུགས་བྱས་ཤིང་། དམིགས་ཡུལ་གཙོ་བོ་མཉམ་ལས་གོང་སྤེལ་དང་རྒྱལ་སྤྱིའི་དཀའ་ངལ་རིགས་སེལ་ཆེད་ཡིན་འདུག
ད་རེབ་ལྷན་ཚོགས་ཐོག་ཨ་རི་དང་བྷར་ཛལ། རྒྱ་ནག་དང་ཧྥ་རན་སི། ཨིན་ཛུ་ནི་ཤི་ཡ་སོགས་ཀྱི་སྲིད་འཛིན་དང་། རྒྱ་གར་དང་ཨོ་སི་ཊི་ལི་ཡ། འཇར་མན་སོགས་ཀྱི་སྲིད་བློན། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་གསར་འགོད་པ་བཅས་མི་ ༦༠༠༠ ལྷག་འཛོམས་ཡོད་འདུག

གསར་འགོད་པ། དོན་གྲུབ།

གསར་འགྱུར།

Post navigation

Previous Post: ཚིག་ཇ་ཚོང་ཁང་དང་རླུང་རྟ།
Next Post: བོད་ལུགས་བརླག་སྲུང་གི་སྨྱོན་ཚིག་དྲི་ཟའི་པི་ཝཾ།

Comments (1) on “གནམ་གཤིས་འགྱུར་ལྡོག་སྐོར་ལ་གྲོས་ཆོད་བཞག་པ།”

  1. བསམ་ཤེས། says:
    2014-11-17 at 9:58 pm

    ད་གྲོས་ཆོད་འདི་ཆབ་སྲིད་པའི་དུས་ཚོད་འབུད་ཆེད་དང་ཁ་གཡོལ་ཆེད་ཁོ་ན་རེད།

    འཛམ་གླིང་སྤྱི་དང་ཡང་སྒོས་དཔལ་འབྱོར་འགྲན་རྩོད་ཅན་གྱི་རྒྱལ་ཁབ་དེ་ཚོའི་དབར་ལ་རྙོག་ཁྲ་དོམ་པ་གང་བཞག་ནས། བར་སེར་མོའི་གསེང་ནས་ཤིག་རྐང་གཅིག་ཡར་འདེད་མར་འདེད་བྱས་པ་ལྟ་བུ་རེད། རྒྱ་མིས་ཉི་ཧོང་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་མཚོ་ཁུལ་གྱི་ས་ཆ་མང་པོ་ཧམ་བཟུང་བྱེད་བཞིན་པར་གྲོས་ཆོད་མིན་འདུག རུ་སུས་གཡས་གཡོན་གྱི་གྲོང་པ་ཁྱིམ་མཚེས་ཀྱི་ས་ཆ་ཧམ་བཟུང་བྱས་པར་གྲོས་ཆོད་མིན་འདུག དེ་བཞིན་ཡུ་རོབ་ཀྱི་སུད་ཌན་རྒྱལ་ཁབ་ཀྱི་མཚོའི་འོག་ལ་རྡུལ་ཕྲན་མཚོན་བྱའི་ཆུ་འོག་གི་གྲུ་བཏང་ནས་རྒྱལ་ཁབ་དེ་ཆུ་ཚོད་༢༤དངང་སྐྲག་ཐོག་ལ་བཞག་པ་དེར་གྲོས་ཆོད་མིན་འདུག

    དེ་བཞིན་རྒྱ་མིས་ཨ་རིའི་དངུལ་ཁང་གཙོས་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དམག་དཔུང་གི་ལས་ཁུངས་ཁག་ལ་དུག་བཏང་ནས། ཨ་རིར་ཉིན་རེར་ཨ་སྒོར་ས་ཡ་བཞི་ཙམ་གྱི་འགྲོ་སོང་གྱོང་རག་གི་ཡོད་པ་འདིར་གྲོས་ཆོད་མིན་འདུག དེ་བཞིན་རྒྱ་ནག་གི་དཔོན་པོ་དང་ཚོང་པ་མང་པོས་རྒྱ་ནག་དངུལ་ཁང་ནས་དངུལ་ལྐོག་ཏུ་ཨ་རི་གཙོས་པའི་རང་དབང་ཅན་གྱི་ཡུལ་གྲུ་དེ་དག་ལ་བཏང་བ་དེར་གྲོས་ཆོད་མིན་འདུག

    རྙོག་ཁྲ་ཆེན་པོ་དེ་དག་བཞག་ནས་གནམ་གྱི་ཁ་རླུང་ཐོག་ལ་གྲོས་ཆོད་བཞག་ཐུབ་པ་འདི་ངུ་མ་ཤེས་དགོད་མ་ཤེས་པའི་རྒྱལ་ཁ་ཞིག་ཨེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme