Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་གསར་མེད་དོན་འདི་ཡིན།།

Posted on 2010-02-122010-02-12 By ཁ་བརྡ་ 7 Comments on ལོ་གསར་མེད་དོན་འདི་ཡིན།།

འཆམ་ར་དྲི་མེད་རྒྱལ་མཚན་ནས།losar-maldon2

མི་རིགས་གོད་ཆག་ཕོག་ནས་ལོ་ནག་བྱུང་།།
ཆོས་རིག་ཆུ་ཁར་བྱིངས་ནས་ལོ་ནག་བྱུང་།།
ནད་ངན་མྱོས་རྫས་དར་ནས་ལོ་ནག་བྱུང་།།
ལོ་ནག་བོད་ལ་ཚེས་དུས་ལོ་གསར་མེད།།

རང་ས་དགྲ་ལག་ཤོར་ནས་ལོ་ལྔ་བཅུ།།
༧གོང་མ་མི་ཡུལ་འཁྱམས་ནས་ལོ་ལྔ་བཅུ།།
མེས་པོ་བར་དོར་འཆར་ནས་ལོ་ལྔ་བཅུ།།
ལྔ་བཅུའི་སྡུག་གི་མཐའ་མ་ལོ་གསར་མེད།།

དྲག་གནོན་རྒྱུན་ཆད་མ་སོང་ལོ་གསར་མེད།།
ཆེས་མཐོའི་གྲོས་ར་འཁྲུགས་ནས་ལོ་གསར་མེད།།
གྲོས་མོལ་ལམ་ལྷོང་མི་འདུག་ལོ་གསར་མེད།།
རྐྱེན་ཆག་བོད་ལ་ཡོང་དུས་ལོ་གསར་མེད།།

ཕ་ཡུལ་ཕ་མ་མ་མཐོང་ལོ་བཅུ་གཉིས།།
སྤུན་ཟླ་ནང་མི་མ་མཇལ་ལོ་བཅུ་གཉིས།།
མི་ཡུལ་སྐྱོ་གདུང་མྱངས་ནས་ལོ་བཅུ་གཉིས།།
བཅུ་གཉིས་སྡུག་གི་མཐའ་མ་ལོ་གསར་མེད།།

གཤིན་པོའི་ཞལ་ཆེམས་མ་འགྲུབ་ལོ་ཟླ་སོང་།།
བོད་མིའི་སྙིང་ཁམས་སྐྲངས་ནས་ལོ་ཟླ་སོང་།།
གྱེས་པའི་སེམས་པ་རྒྱལ་ནས་ལོ་ཟླ་སོང་།།
ལོ་ཟླ་རི་ལ་སྐྱེལ་དུས་ལོ་གསར་མེད།།

སྤུན་ཟླ་བཙོན་ལ་བཅུག་ནས་ལོ་ངོ་གཉིས།།
བོད་རིགས་ཁྲག་ལ་བསྲེས་ནས་ལོ་ངོ་གཉིས།།
ཞི་བ་དྲག་པོས་རྡུང་ནས་ལོ་ངོ་གཉིས།།
ལོ་གཉིས་སྡུག་གི་མཐའ་མ་ལོ་གསར་མེད།།

སྐར་ཚོགས་སྤྲིན་གྱིས་བཏུམ་དུས་ལོ་གསར་མེད།།
ས་གཞི་སྨག་གིས་གཡོག་དུས་ལོ་གསར་མེད།།
ཁ་འཐོར་བོད་མི་སྐྱོ་དུས་ལོ་གསར་མེད།།
ད་ལོ་སྡུག་ལོ་ཡིན་པས་ལོ་གསར་མེད།།

བླ་མ་ཞིང་ལ་ཕེབས་ནས་ལོ་ངོ་གཅིག།
སྡུག་གི་མུན་པ་འཐིབས་ནས་ལོ་ངོ་གཅིག།
མིག་ཆུ་ཁྲག་ལ་འདྲེས་ནས་ལོ་ངོ་གཅིག།
ལོ་གཅིག་སྡུག་གི་མཐའ་མ་ལོ་གསར་མེད།།

ཕ་ཡུལ་དགྲ་ལ་ཤོར་བ་བོད་ཀྱི་མི།།
ཕ་མ་མིག་གིས་མ་མཐོང་བཙན་བྱོལ་བ།།
ཕ་རྒོད་བླ་མས་སྐྱུར་བའི་འཆམ་ར་བ།།
ཕམ་ཁ་སེམས་ལ་འཕྱུར་ཏེ་ལོ་གསར་མེད།།

༢༠༡༠་༢་༡༡་ཉིན་འཆམ་ར་དྲི་མེད་རྒྱལ་མཚན་ནས་ལྡི་ལི་གསར་བ་བྲིས།།

སྙན་ངག

Post navigation

Previous Post: ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།
Next Post: སྤྲོ་སྟོན་མེད་། ལོ་སར་ཡོད།

Comments (7) on “ལོ་གསར་མེད་དོན་འདི་ཡིན།།”

  1. ཀརྨ་རྡོ་རྗེ་ says:
    2010-02-13 at 12:35 am

    ད་ལོ་ལོ་གསར་མ་གཏོང་ཅིག

    ད་ལོ་ལོ་གསར་མ་གཏོང་ཅིག །
    རྟེན་འབྲེལ་སྒྲིག་ན་ཁང་བུག་ནང་། །
    གཟབ་རྒྱས་ཟ་ན་ཁྱིམ་གྱི་མདོར། །
    ཆང་འཐུང་བརྒྱབས་ནས་མ་འགྲོ་ཅིག །

    ད་ལོ་ལོ་གསར་མ་གཏོང་ཅིག །
    ཕྱི་རོལ་ཐོན་དུས་གོས་རྙིང་གཙང་། །
    རང་རིགས་ཐུག་དུས་ངོ་འཛུམ་ནས། །
    ལོ་གསར་བཀྲ་ཤིས་བདེ་ལེགས་བརྗོད། །

    ད་ལོ་ལོ་གསར་མ་གཏོང་ཅིག །
    མང་པོ་འཛོམས་དུས་གླུ་གཞས་ཚབ། །
    ཡར་རྒྱས་འགྲོ་དང་རྗེས་ལུས་སོགས། །
    སྤྱི་དོན་ལས་དོན་ལས་འགུལ་གླེང་། །

    ད་ལོ་ལོ་གསར་མ་གཏོང་ཅིག
    དགོང་དྲོ་ཤོད་རུབ་མཚན་མོ་ལ། །
    མཚན་ཚོགས་ཚབ་ལ་ཁ་ཏོན་གྱིས། །
    རྩེད་མོ་རྩེད་དང་སྒྲུང་གཏམ་བརྡུར། །

    ད་ལོ་ལོ་གསར་མ་གཏོང་ཅིག །
    སྔ་དྲོ་བླ་མའི་མཇལ་ཁ་དང། །
    མཆོད་མཇལ་སྐོར་ར་གཉེན་ཉེ་སོགས། །
    མཇལ་འཕྲད་ཕྱིན་ནས་གང་མགྱོགས་ཉོལ། །

    ད་ལོ་ལོ་གསར་མ་གཏོང་ཅིག །
    ཚེས་གསུམ་བསང་གསོལ་འཛོམས་པའི་སར། །
    དར་ལྩོག་བཙུགས་ལ་གསེར་སྐྱེམས་ཕུལ། །
    འགོར་གཞས་བཞག་ནས་ཤར་རེ་ལོག །

    ད་ལོ་ལོ་གསར་མ་གཏོང་ཅིག །
    བག་མེད་ཉུང་བའི་ཚེ་བསོད་ལྷག །
    ཚེ་བསོད་རྣམ་དཀར་རྒྱས་བརྩོན་ན། །
    ལོ་གསར་ག་དུས་གཏང་གཏང་རེད། །

    མ་གཏོང་དགག་བྱ་འཚོལ་ནས་རོལ། །

    བསོད་

  2. ཀརྨ་རྡོ་རྗེ་ says:
    2010-02-13 at 12:44 am

    བསོད་ནི་བྲིས་ཐལ་ཤོར་འདུག དགོངས་དག ཁ་ཤས་ལ་ངས་ལམ་དབུ་མའི་ལོ་གསར་བཤད་པ་ལ་བློ་ལ་ཞི་ཐད་པ་སྲིད་པས་དགོངས་ཚུལ་སྐྱོན་སེལ་ལ་ཕེབས་སུ་ཡོད།

  3. ཀརྨ་རྡོ་རྗེ་ says:
    2010-02-13 at 6:59 am

    ཚིག་རྐང་མཐའ་མར། ་་་་ཞི་ཐད་་་་ལ་མི་ཐད་དང་། ་་་་དགའ་སུ་་་ལ་དགའ་བསུར་བཅོས།

  4. ཀརྨ་རྡོ་རྗེ་ says:
    2010-02-13 at 7:41 am

    མདང་གི་བོད་སྐད་སྡེ་ཚན་ནང་།

    ལོ་གསར་མ་གཏོང་འབྲི་ཤོར་ལ། །
    རང་དབང་རླུང་འཕྲིན་ཉན་ཐལ་ཤོར། །
    མཁས་དབང་རང་བཙན་དགོས་པའི་སྐོར། །
    རྟག་ཏུ་ཞལ་ནས་ཁ་ཏོན་འདོན། །
    མདང་ནུབ་ད་ལོའི་ལོ་གསར་དེ། །
    གཏོང་དགོས་བོད་རྣམས་སྣང་སྐྱིད་ལ་། །
    དགའ་དང་གཞན་དག་དགའ་ཕྱིར་གསུངས། །
    ང་རང་བློ་ལ་མ་བབས་ཙང་། །
    ཚིགས་བཅད་འདི་རྣམས་བྲིས་དགོས་བྱུང་། །
    ང་ཚོའི་མེས་པོའི་གཏམ་དཔེ་ལ། །
    ར་བསད་ལུག་འདར་ཁ་དཔེ་དྲན། །
    རང་བཙན་ལེན་འདོད་ར་ངར་ནས། །
    ལས་འགུལ་བརྩམས་ནས་ལུག་རང་གིས། །
    བསད་པ་མཐོང་ཡང་མི་འདར་བ། །
    ད་ལོའི་ལོ་གསར་གཏོང་དགོས་ཞེས། །
    རང་རིགས་མཁས་པའི་ཚིག་ལ་མཚར། །

  5. ཀརྨ་རྡོ་རྗེ་ says:
    2010-02-13 at 9:37 am

    འདི་རིང་ལོ་འདིའི་ཉིན་མཐའ་མ་བོད་ཚེས་ ༣༠ གནམ་གང་ཡིན་པས་ཟླ་འོད་མེད་ལ་མཚན་མོ་མུན་ནག་ཡིན་པས་མཆོད་མེ་ངེས་པར་སྤར་སྲོལ་ཡོད། ལོ་ཆུང་ཚོའི་ཆེད་དུ་ཡིན།

  6. གཉན་མདང་ཕོ་ཉ། says:
    2010-02-14 at 7:09 am

    དེ་རིང་ལོ་གསར་མེད་ཀྱང།
    ཉོ་ཆ་བརྒྱབ་ནས་སྤྲོ་སྐྱིད་གཏོང་ཟེར་བ་འདྲ་འདུག་ག
    ཁྲོམ་ལམ་ཁག་ལ་བོད་མིས་ལོ་གསར་ཆེད་ཉོ་ཆ་བརྒྱབ་སྟེ་སྲང་ལམ་བཀང་གིན་འདུག

    ཡིན་ནའང་གཞས་ཞབས་བྲོའི་རྣམ་པ་གཏན་ནས་མི་འདུག

  7. ལྷགབསམ་རྒྱ་མཚོ། says:
    2010-02-17 at 8:31 am

    བོད་རིགས་མ་ཤིའི་ལོ་ནི་གཅིག་ཀྱང་མེད། །གཞན་ཡུལ་གྱལ་བ་དེ་རིང་བྱུང་བ་མིན། །བཙོན་པའི་གྲངས་ཀྱང་དྲུག་ཅུའི་ལོ་ལས་ཉུང་། །ཐུགས་ཁྲལ་མ་བྱེད་སྙིང་སྟོབས་ལྷག་པར་སྐྱེད། །གཅིག་ཆོག་གཙུག་རྒྱན་ཁམས་བཟང་ཞབས་པད་བརྟན། །ཆོས་དང་རིགས་གཞུང་ཉམས་པ་སླར་སོར་ཆུད། །ཆེ་ཆུང་ཀུན་ཀྱིས་བོད་གླེང་དེ་དོན་གཉེར། །བློ་ཕམ་མི་དགོས་ཐུགས་སྟོབས་བསྐྱེད་རེ་རན། །སྡུག་བསྔལ་གདོང་ལེན་ནུས་པའི་སྙིང་སྟོབས་དང་། །ཕྱི་ནང་རྐྱེན་ཀྱིས་མི་འཇིག་དམ་བཅའ་དང་། །བདུན་ལམ་ཕྲ་ཞིབ་འབྱེད་པའི་ཤེས་རབ་དང་། །ལྷག་བསམ་མངོན་དུ་འགྱུར་བའི་ཐབས་ལ་འབོད། །སྡུག་པོ་སྔོན་ཆད་མྱོང་པ་དེས་ཆོག་གིས། །དགྲ་དགའ་གཉེན་སྡུག་བྱ་བ་སྟོང་ཡང་རུང་། །ལྷག་བསམ་མཐུན་སྒྲིལ་སྤྱང་གྲུང་འཛོམས་པ་ཡི། །བློ་གྲོས་སྙིང་སྟོབས་ཤི་ཡང་འདོར་མི་བྱ། ། ལོ་གསཪ་དགའ་སྡུག་ཅི་འདྲ་གླེང་ནའང་། །ཀུན་གྱིས་སྙིང་ལ་བསྣག་པ་གཅིག་ཁོ་ན། །ལེགས་དང་ཉེས་པའི་ལ་ཤན་མ་ཡིན་པའི། །ཐུགས་རྗེ་ཆེ་ཞེས་སོར་བཅུ་སྙིང་གར་སྦྱོར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme