Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག

Posted on 2014-11-13 By ཁ་བརྡ 5 Comments on རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག

ཉེན་རྟོག་པ།

2015ལོའི་འཇར་མན་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་སུ་རིག་གཞུང་བགྲོ་གླེང་ལ་དགའ་བ། མཐོང་ཐོས་ཉམས་མྱོང་ལ་དགའ་བ། མཁས་པའི་ལེགས་བཤད་ལ་དགའ་བ་སོགས་འདོད་འདུན་སྣ་མང་གིས་སྣེ་ཁྲིད་ནས་སྙན་ཞུ་ཕུལ་མཁན་མང་ནའང། ཚོགས་འདུ་གོ་སྒྲིག་བྱེད་མཁན་དག་གིས་ཁོ་རང་ཚོ་ལ་རྒྱུས་ཡོད་པ་དང་ནམ་རྒྱུན་སྤྱི་ཚོགས་ཁྲོད་དུ་དྲ་ཐོག་སོགས་སུ་འུར་ཆེ་བ་སྐོར་ཞིག་ལས་བག་ལ་ཞ་བའི་ཤེས་ལྡན་པ་མང་བོ་ཞིག་གི་སྤོབས་པ་དང་རེ་བ་ཆུ་ལ་བསྐྱུར་སོང་ཟེར། དྲང་མོར་བཤད་ན་ཁོ་ཚོ་ནི་ཚོགས་འདུ་བཀོད་སྒྲིག་བྱེད་མཁན་ཡིན་པ་ལས་རྩོམ་ཡིག་ཁྲུན་ཐག་གཅོད་མཁན་དུ་ཧ་ཅང་མི་འོས་ཏེ། གང་ཡིན་ཞེ་ན། ཁོ་ཚོ་ལ་མ་མཐའི་ཚད་ཐིག་བོད་ཡིག་གི་དག་ཆ་ཙམ་ཡང་མེད་པས་ཕྱིར་རོ། ཡིག་རིགས་གཞན་ཞིག་ཡིན་ན་གང་ཤེས་མ་གཏོགས་བོད་ཡིག་གི་དག་ཆ་ཙམ་ཡང་མེད་པར་བོད་ཡིག་གི་རྩོམ་ཡིག་གང་ལེགས་གང་ཉེས་ལ་ཅི་ལྟར་ཁྲུན་ཐག་གཅོད། རྒྱུ་མཚན་འདིས་དབང་གིས་ཁོ་ཚོས་ངོ་ཤེས་རྒྱུས་ཡོད་དང་སྒེར་གྱི་འབྲེལ་ལམ་སོགས་ལས་གཞན་ལ་སྐད་ཆ་འདྲི་བའམ་རང་གི་ཁམས་བསྟུན་བྱེད་པ་ལས་ལམ་ཁ་གང་ཡང་མེད། གལ་ཏེ་ཁྱོད་རང་ཡིད་མི་ཆེས་ན་ཚོགས་འདུ་དེ་ལ་སྙན་ཞུ་ཕུལ་མྱོང་བ་གང་ཞིག་ལ་ལན་དུ་བཏང་བའི་ཡི་གེ་ལ་ལྟོས་དང་གསལ་གསལ་ཐིང་ཐིང་དུ་མཐོང་ཡོང།

དེ་དང་དེ་ལྟ་བུའི་ཤེས་ཚད་ཅིག་གིས་རྒྱ་ཆེ་བའི་ཤེས་ལྡན་རྩོམ་པ་པོ་དག་གི་ལྗིད་ཚད་ཇི་ལྟར་འཇལ། འཇལ་མི་ཐུབ་སྟེ་ཨུ་ཚུགས་དང་འོལ་ཚོད་དབང་ཤེད་སོགས་སྐབས་བསྟུན་བྱེད་པའོ། རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུ་ཞིག་ནི་རྩོམ་པ་པོ་སོགས་ཤེས་ལྡན་པ་མང་པོ་ཞིག་གི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་ནའང། ཁོ་ཚོས་ཅི་ཡང་མི་སྙམ་པར་རང་གི་ཁམས་དང་འཕྲོད་པའི་སྐད་ཆ་ཞིག་བཤད་དེ་ཤེས་ལྡན་པ་མང་པོ་ཞིག་གི་རེ་བ་དང་ལམ་ཁ་བཀག་ཡོད་པ་ནི་ཅི་འདྲའི་ཡིད་སྐྱོ་ཞིང་སེམས་ཕམ་པ་ཞིག་རེད་ཨང། ད་དུང་སྙན་ཞུ་ཕུལ་མཁན་ཡང་མང་བོ་ཞིག་ཡོད་ཚོད་འདུག གཅིག་བྱས་ན་དེ་ལའང་ཁོ་ཚོས་ཚོད་བཀག་དང་འདེམས་སྒྲུག་བྱེད་ཉེན་འདུག མ་གཞི་སྙན་ཞུ་ཕུལ་མཁན་ཚོ་ལ་ཚོད་བཀག་ཅིག་བྱེད་དགོས་དོན་རྩ་ནས་མེད། རྒྱུ་མཚན་ནི་ཟུར་ཞུགས་སྙན་ཞུ་ཕུལ་མཁན་དག་ནི་ཟུར་དུ་བསྡད་ནས་ཉན་པ་ཙམ་ལས་ཁོ་ཚོ་ལ་དཀའ་བ་དང་ཁག་པའི་ལས་ཀ་ཅི་ཡང་མེད། ཕར་འགྲོ་ཚུར་ལོག་གི་འགྲོ་སོང་ཡང་རང་ངོས་ནས་གཏོང་ན་འདི་ལ་ཚད་བཀག་ཅིག་དགོས་དོན་མེད་མོད། 2015ལོའི་སྤྱི་ཟླ་དང་པོའི་ནང་ལ་ཟུར་ཞུགས་པ་དག་ལ་བརྡ་ལན་འབྱོར་ངེས་ཟེར་མོད། སྐབས་དེར་གཅིག་བྱས་ན་དེ་ལའང་འདེམས་སྒྲུག་ཅིག་བྱས་ལོས་ཡོང་སྙམ་པ་ལས་དྲང་བདེན་ཅིག་སྐྱོང་གི་རེད་བསམ་དཀའ་བའི་ཚོད་དུ་འདུག

དངོས་གནས་བྱས་ན་སྙན་ཞུ་ཕུལ་མཁན་གང་མང་ཞིག་ལ་ཁྱེད་རང་ཚོགས་འདུའི་རྩོམ་རིག་བགྲོ་གླེང་གི་ནང་དུ་བཀོད་སྒྲིག་བྱེད་མ་ཐུབ་པས་གལ་ཏེ་ཟུར་ཉན་པའི་ཁོངས་སུ་ཞུགས་འདོད་ཡོད་ན་དེ་བཞིན་གནང། མེད་ན་རྗེས་མའི་ཚོགས་འདུ་ལ་གོ་སྐབས་འཛིན་པར་ཞུ་ཞེས་ལན་རེ་ཡོང་ནའང་ཇི་འདྲའི་སེམས་ཐག་ཉེ་བའི་སྐད་ཆ་ཞིག་རེད་ཨང། གནད་འགག་ནི་ཁོ་ཚོའི་སེམས་ན་ཤེས་ལྡན་པ་ཚོས་ཚོགས་འདུ་དང་བགྲོ་གླེང་སོགས་ལྷག་པར་དུ་རྒྱལ་སྤྱིའི་ཚོགས་འདུ་དེ་ལྟ་བུ་ཞིག་ལ་བཟུང་བའི་རེ་བ་ཧམ་སེམས་དེ་གཏན་ནས་ཤེས་ཀྱི་མེད་པ་མ་ཟད་འདང་ཡང་བརྒྱབ་མྱོང་མེད་པས་ཡིན་པ་འདྲ། དེ་འདྲ་ཞིན་མ་རེད་ཟེར་ན། རྒྱུ་མཚན་གང་གིས་རེད། ངས་ངོ་མ་མི་ཤེས།ཁྱོད་ཀྱིས་བལྟས་ན་་་་་་་་་་་་་་་་་་་་་་་་་་་་་་་

བསམ་ཚུལ།

Post navigation

Previous Post: བཀའ་ཤག་གི་གསར་གཏོད། ཏེ་ལོ་སྤྲུལ་སྐུའི་ལམ་འགྲོ།
Next Post: ལྷ་དབང་ལམ་ལུགས་ཀྱི་སྲིད་གཞུང་དང་བསྡུར་ན་ཡག་ཚུལ་བརྗོད་འདུག

Comments (5) on “རྒྱལ་སྤྱིའི་གཞོན་ནུའི་ཚོགས་འདུ་དང་ཤེས་ལྡན་པ་ཚོའི་བར་ཐག”

  1. བྱམས་པ། says:
    2014-11-13 at 7:04 am

    ཉེན་རྟོག་པས་དྲང་བདེན་གྱི་གཏམ་ཞིག་བཤད་འདུག དེང་སྐབས་སྐབས་འཚོལ་པ་མང་པོ་འདུག ཚོགས་འདུ་དེ་འདྲ་ཞིག་ཁ་ཆེན་པོ་གཡར་ནས་དངུལ་སྡུད། དོན་ངོ་མ་རང་དང་བློ་ཐག་ཉེ་བ་དང་ལྟ་བ་གཅིག་པ་ཁ་ཅིག་སྐད་བཏང་བ་དེ་དྲང་པོ་མ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-11-13 at 7:44 am

    ་་་་་་་ དྲང་མོར་བཤད་ན་ཁོ་ཚོ་ནི་ཚོགས་འདུ་བཀོད་སྒྲིག་བྱེད་མཁན་ཡིན་པ་ལས་རྩོམ་ཡིག་ཁྲུན་ཐག་གཅོད་མཁན་དུ་ཧ་ཅང་མི་འོས་ཏེ། གང་ཡིན་ཞེ་ན། ཁོ་ཚོ་ལ་མ་མཐའི་ཚད་ཐིག་བོད་ཡིག་གི་དག་ཆ་ཙམ་ཡང་མེད་པས་ཕྱིར་རོ། ་་་་་་་་

  3. གནམ says:
    2014-11-13 at 9:39 am

    ངོ་ཤེས་དང་རྒྱབ་མདུན་ལ་གསལ་ཆ་ཡོད་པ་དག་གདན་ཞུ་བ་ལས། མཁས་བ་ཡིན་ཟེར་ཚད་ལ་སྣེ་ལེན་ཞུ་དགོས་བ་མ་རེད། ག་རེ་ཁྲབ་ཡོང་སུས་ཤེས།
    ཡི་གེ་མི་ཤེས་བའི་ཤེས་ལྡན་པ་དང་། དག་ཆ་མི་ཤེས་བའི་ཤེས་ལྡན་པ་ནི། ས་སྟེང་ན་མང་ངོ། དེ་དག་ལ་གུས་བ་ཆེན་པོ་ཡོད།
    དེང་སང་བཀའ་བསྟན་ལ་སོགས་པར་ཚིག་འབྲི་གཅིག་གི་དོན་འགྲེལ་མི་ཐུབ་པ་དང་། རྒྱལ་སྤྱིའི་ཆབ་དཔལ་ཆོས་སྲིད་ལ་རྣ་ཐོས་ཙམ་ཡང་མེད་པར།
    སྟོན་མཇུག་ལ་ལོ་མ་འཐོར་སོང་ཟེར་བ་འདྲ་མོ།
    ཁྱེད་མེད་ན་ང་སྟོང་པ་རེད་ཟེར་བ་འདྲ་མོ།
    ངས་འཚོལ་བཞིན་པ་དེ་བརྙད་མ་སོང་ཟེར་བ་འདྲ་མོ།
    ང་རྒྱལ་དང་ལ་རྒྱ་ལག་ན་ཡོད་ཟེར་བ་ལྟ་བའི་རང་མོས་ཁ་ཆག་མ་ཞིག་འབྲི་ཐུབ་པ་ནས་ཤེས་ལྡན་པ་དང་མཁྱེན་ལྡན་པར་སྣང་བ་ནི། བསམ་བློ་འཁུར་ཕྱོགས་རྦད་དུ་ཡོངས་སུ་ནོར་བ་རེད།
    མྱིང་ཡོད་ནི། ཁ་བདེ་ནི། གཞུང་དྲང་ནི། ཐུགས་དཀྱེལ་ནི། ལྷག་བསམ་དཀར་ནི་ཡོད་ན་འགྲིག་པ་རེད། ཡིན་གཅིག་ཀ་ཁ་དང་དག་ཆ་དགོས་བ་ཡོད་པ་མ་རེད། ཕར་སོང་ནས་གཞུང་ཆེན་རྩོམ་རྒྱུ་ནི་མ་རེད། ངུ་སྐད་ཤོར་དགོས་ས་དང་མི་དགོས་ས་ཤེས་ན་བཟང་ནི་རེད།

  4. རིག་ཡག། says:
    2014-11-14 at 11:02 am

    སོ་སོའི་ཡིད་མ་རངས་བའི་ལས་ཀ་རེ་བྱུང་ཚེ་ཐད་ཀར་ཚོགས་པ་ལ་བསྐྱོན་བརྗོད་དང་དམའ་འབབས་ཀྱི་མཐའ་ན་ཚོགས་པ་དེའི་རྒྱབ་ལྗོང་ཡག་པོ་མིན་པ་སོགས་ཀྱི་སྐད་བརྒྱབ་པ་ནི་འདོར་ན་རང་ཉིད་གྱི་བློ་སྒོ
    ཆུང་ཆུང་ཡིན་ཞེས་ཕྱི་ལ་བསྒྲགས་པ་མ་ཡིན་ནམ།

  5. གསང་ཉུལ་བ། says:
    2014-11-17 at 9:36 pm

    གནམ་ལགས་ཀྱིས་་་་་ང་རྒྱལ་དང་ལ་རྒྱ་ལག་ན་ཡོད་ཟེར་བ་ལྟ་བའི་རང་མོས་ཁ་ཆག་མ་ཞིག་འབྲི་ཐུབ་པ་ནས་ཤེས་ལྡན་པ་དང་མཁྱེན་ལྡན་པར་སྣང་བ་ནི། བསམ་བློ་འཁུར་ཕྱོགས་རྦད་དུ་ཡོངས་སུ་ནོར་བ་རེད།
    མྱིང་ཡོད་ནི། ཁ་བདེ་ནི། གཞུང་དྲང་ནི། ཐུགས་དཀྱེལ་ནི། ལྷག་བསམ་དཀར་ནི་ཡོད་ན་འགྲིག་པ་རེད། ཡིན་གཅིག་ཀ་ཁ་དང་དག་ཆ་དགོས་བ་ཡོད་པ་མ་རེད། ཕར་སོང་ནས་གཞུང་ཆེན་རྩོམ་རྒྱུ་ནི་མ་རེད། ་་་་་ཅེས་ཟེར། ཁྱོད་ཀྱིས་ཁོ་ཚོ་ཕར་སོང་ནས་ཅི་ཞིག་བྱེད་དགོས་པ་དང་ཅི་ཞིག་གི་ཐོག་ན་ཕར་འགྲོ་གི་ཡོད་མེད་ཤེས་ཀྱི་མེད་པ་འདྲ། ཡི་གེའི་དག་ཆ་མེད་ན་རྩོམ་ཡིག་ཅི་ལྟར་འབྲི། ཚོགས་འདུ་ལ་འགྲོ་མཁན་མང་པོ་ཞིག་རྩོམ་ཡིག་སྒྲོག་སྦྱང་བྱེད་དུ་འགྲོ་གི་ཡོད་པ་རེད། དེ་གཅིག་བྱོས། ཕར་སོང་ནས་གཞུང་ཆེན་རྩོམ་རྒྱུ་མ་རེད་མོད། ཕར་མ་སོང་གོང་ལ་གཞུང་ཆེན་རྩོམ་དགོས་ནི་རེད་ཡ། འདི་ལ་དག་ཆ་མེད་ན་ཅི་ལྟར་འབྲི། དོན་དག་དེ་དག་གི་རྐྱེན་གྱིས་ལྷག་བསམ་དཀར་བ་དང་མྱིང་ཡོད་ནི་ཐུགས་དཀྱེལ་ཆེ་བ་སོགས་ལ་འབྲེལ་བ་དེ་ཙམ་མེད་པ་རེད། ཚོགས་འདུ་ལ་དགོས་ངོ་མ་ནི་རྩོམ་ཡིག་ལེགས་པོ་ཞིག་ལས་མི་མྱིང་ཆེན་ཞིག་དགོས་པ་མ་རེད་མོད། ད་འདི་ལྟར་བལྟས་སོང་དུས་ཁོ་ཚོས་ལས་ཀ་ག་འདྲ་ཡིན་མིན་གཞུག་ནས་ལྟ་ཆོག་གི་རེད། ད་དུང་ཟུར་ཞུགས་པའི་བརྡ་ལན་གཞི་ནས་འབྱོར་རྒྱུ་རེད། ཟུར་ཞུགས་པ་དག་ནི་ཚོགས་འདུ་གོ་སྒྲིག་བྱེད་མཁན་དག་ལ་་མཚོན་ན་ཅི་ཙམ་མང་རུང་ཁོ་ལ་དཀའ་ངལ་དང་གནོད་སྐྱེལ་གི་མ་རེད། ཟུར་དུ་འདུག་རྒྱུ་ཡིན་པ་དང་མགྲོན་ཁང་སོགས་ལའང་རང་ངོས་ནས་ཐོ་འགོད་བྱེད་གི་རེད། ད་གང་ལྟར་འདི་རྩོད་དགོས་པ་མ་རེད། མ་འོངས་པའི་ཟླ་འགའི་ནང་ལ་གསལ་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme