Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།

Posted on 2014-11-112014-11-12 By དགེ་རབ་ 10 Comments on འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།

Kerouac_by_Palumboའཇེག་ ཁེ་རོ་ཨེག་ (Jack Kerouac) ནི་མིང་གྲགས་ཅན་གྱི་སྒྲུང་ “ལམ་དུ་” (On the Road) ཞེས་པ་རྩོམ་པ་པོ་ཡིན་པ་དང་། སྒྲུང་རྩོམ་འདི་ནི་ ༡༩༥༠ ང་གྲངས་ནང་བྱུང་བའི་ “བྷི་ཊི་མི་རབས་” (Beat Generation) ཞེས་པ་དེའི་ཚབ་མཚོན་རྩོམ་ཡིག་ཅིག་ཆགས་པ་རེད། བྷི་ཊི་མི་རབས་ཞེས་པའི་མིང་འདི་ཡང་ཁེ་རོ་ཨེག་ཁོང་གིས་བཏགས་པ་ཡོད་པ་དང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཙམ་ལ་བྱུང་བའི་མི་ཐོག་དེར་གོ དེའི་ནང་དོན་གྱི་ཆ་ནས་རོལ་དབྱངས་ཀྱི་འདེགས་འབེབས་ཀྱི་སྒྲ་དང་དེ་བཞིན་ཆོས་ལུགས་ཀྱི་བདེ་བ་ཆེན་པོ་ལྟ་བུ་སོགས་ཀྱི་གོ་དོན་སྣ་ཚོགས་ཡོད་འདུག ཁེ་རོ་ཨེག་ནི་སྙན་ངག་པ་དང་རྩོམ་པ་པོ། གསར་འགོད་པ་བཅས་ཡིན་པ་རེད།

ཁེ་རོ་ཨེག་སྐྱེ་སའི་ཁང་པ།
ཁེ་རོ་ཨེག་སྐྱེ་སའི་ཁང་པ།

ཁེ་རོ་ཨེག་ ༡༩༢༢ ལོའི་ཟླ་བ་གསུམ་པའི་ཚེས་ ༢༢ ཉིན་ཨ་རིའི་མངའ་སྡེ་མཱ་སེ་ཆུ་སེ་ཊེ་(Massachusetts)ཞེས་པའི་ནང་ལཱོ་ཝེལ་ཞེས་པའི་གྲོང་དུ་སྐྱེས་པ་རེད། ཁོང་གི་ཕ་མ་གཉིས་ནི་ཁེ་ན་ཌའི་ཁུའེ་བྷེག་ཅེས་པ་ནས་གཞི་སྤོར་གྱིས་ཡོང་ཞིང་། ཁོང་གི་སྐྱེས་མིང་ལ་Jean-Louis Lebris de Kerouac ཞེས་འབོད། ཁེ་རོ་ཨེག་གིས་ཁྱིམ་དུ་ཧྥ་རན་སིའི་སྐད་སྨྲ་བ་དང་སློབ་གྲྭ་ནས་ཨིན་སྐད་བཤད་དེ་འཚར་ལོངས་བྱུང་བ་རེད། ཁེ་རོ་ཨེག་གི་ཕ་དེས་པར་ཁང་ཞིག་བཙུགས་གཉེར་བྱེད་ཀྱིན་ཡོད་པ་རེད་ལ། ས་གནས་དེའི་ཚོང་པ་མིང་ཅན་ཞིག་ཡིན་པ་རེད། ཁེ་རོ་ཨེག་ལོ་ ༤ ཡིན་དུས་རང་གི་གཅེན་པོ་ལོ་དགུ་ལ་སོན་པ་ཞིག་ནད་དབང་གིས་གྲོངས་པ་དང་། ཁོང་གི་ཁྱིམ་གྱིས་ཡེ་ཤུའི་ཁེ་ཐོ་ལིག་ཆོས་ལུགས་ལ་བརྟེན་ནས་བུ་གྲོངས་པའི་མྱ་ངན་བསངས་ཐབས་བྱས་པ་རེད།

ཁེ་རོ་ཨེག་ལོ་ཆུང་སྐབས་དེབ་བཀླག་རྒྱུ་དང་རྩེད་མོ་གཉིས་ལ་དགའ་བོ་ཡོད། ཁོང་གིས་ “ཨ་རིའི་ནང་གི་སྒྲུང་རྩོམ་རླབས་ཆེན་”ཞིག་གི་རྩོམ་པ་པོ་བྱེད་རྒྱུའི་འདུན་པ་ཡོད་ནའང་། ཨ་རིའི་རྐང་རྩེད་སྤོ་ལོ་ལ་བརྟེན་ནས་ཁོ་མཐོ་རིམ་སློབ་གྲྭར་འགྲོ་ཐུབ་པ་བྱུང་བ་རེད། འཛམ་གླིང་གི་དཔལ་འབྱོར་ཉམས་ཉེས་ཆེན་པོ་ the Great Depressionཞེས་པ་སླེབས་ཉེར་ཡོད་པ་དང་སྟབས་ཅིག་ཏུ་ཁེ་རོ་ཨེག་གི་ཁྱིམ་དུ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་རེད། ཁོང་གི་ཕ་ཡིས་ཆང་དང་ཤོ་རྩེད་ལ་བརྟེན་པ་དང་མ་ཡིས་ས་གནས་ཀྱི་ལྷམ་བཟོ་ཁང་ཞིག་ཏུ་ལས་ཀ་བྱས་ཏེ་ཁྱིམ་ཁ་གསོ་ཐབས་བྱས་པ་རེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ ༡༩༣༦ ལོར་ཆུ་ལོག་ཡོང་བ་བརྟེན་ནས་ཁེ་རོ་ཨེག་གི་ཕའི་པར་ཁང་དེ་བཤིག་པ་རེད། ཁོང་གི་ཁྱིམ་ནི་རྒུད་པ་ནས་རྒུད་པར་གྱུར་པ་མ་ཟད། རང་གི་ཕ་དེ་ཆང་རྐྱལ་ཞིག་ཏུ་གྱུར་ནས་ཁྱིམ་ཚང་དབུལ་ཕོངས་སུ་གྱུར་པ་རེད། སྐབས་ཐོག་དེ་ལ་ཁེ་རོ་ཨེག་ནི་རང་གི་མཐོ་རིམ་སློབ་གྲྭའི་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩེད་མོ་བ་ཡིན་པ་དང་། ཁོའི་ལས་ཀ་ནི་སྤོ་ལོ་བཟུང་སྟེ་རྒྱབ་ནས་མདུན་རྒྱུགས་བྱེད་མཁན་དེ་ཡིན་པ་རེད།

ལམ་དུ་ཞེས་པའི་སྒྲུང་རྩོམ་ཤོག་དྲིལ་རིང་མོ།
ལམ་དུ་ཞེས་པའི་སྒྲུང་རྩོམ་ཤོག་དྲིལ་རིང་མོ།

༡༩༣༩ ལོར་མཐོ་རིམ་སློབ་གྲྭ་མཐར་ཕྱིན་པ་དང་མཉམ་དུ་ཁོ་རང་གི་རྐང་རྩེད་སྤོ་ལོའི་རྩེད་རྩལ་ལ་བརྟེན་ནས་ཁོ་ལུམ་བྷི་ཡ་སློབ་གྲྭ་ཆེན་མོར་སློབ་འཇུག་གི་སློབ་ཡོན་ཐོབ་པ་རེད། འོན་ཀྱང་དེའི་གྲ་སྒྲིག་གི་ཆེད་དུ་ཁོང་ནིའུ་ཡོག་གི་བྷི་རོ་ཀི་ལིན་ཞེས་པའི་ས་གནས་སུ་གྲ་སྒྲིག་སློབ་གྲྭ་ལ་ལོ་གཅིག་འདུག་དགོས་བྱུང་ཡོད། དེར་བརྟེན་རང་ལོ་བཅུ་བདུན་སྟེང་ཁོང་ནིའུ་ཡོག་ཏུ་གཞི་སྤོར་བྱས་པ་རེད། དེ་མ་ཐག་ཁོང་གིས་གྲོང་ཁྱེར་ཆེན་པོ་ཡི་ཉམས་མྱོང་ཧ་ཅང་མང་པོ་རྒྱུས་ལོན་བྱས་པའི་ཁྲོད་ནས་ཧ་ཅང་ཤུགས་རྐྱེན་ཐེབས་པ་དེ་ཇེ་ཛི་ (Jazz)ཞེས་པའི་རོལ་དབྱངས་དེ་ཡིན་པ་རེད། སྐབས་འདི་ལ་ཁེ་རོ་ཨེག་གིས་སློབ་གྲྭའི་ཚགས་པར་སྟེང་སྒྲུང་ཐུང་དང་གསར་འགྱུར་འབྲི་མགོ་བརྩམས་པ་རེད།

༡༩༤༠ ལོར་ཁེ་རོ་ཨེག་གིས་རྩེད་མོའི་སློབ་ཡོན་ལ་བརྟེན་ནས་ཁོ་ལུམ་བྷི་ཡ་སློབ་གྲྭ་ཆེན་མོའི་ལོ་རིམ་དང་པོ་བཏོན་པ་རེད། འོན་ཀྱང་རང་གི་རྩེད་མོ་ཐོག་མ་རྣམས་རྩེས་སྐབས་སུ་རྐང་པ་ཆག་པ་དང་། དེའི་རྐྱེན་བྱས་ནས་རྩེད་མོའི་དུས་ཚིགས་དེར་རྩེད་མོ་རྩེས་མ་ཐུབ། རྗེས་སུ་རང་གི་རྐང་པ་སོས་ཡོད་མོད་རུ་ཁག་གི་མགོ་གཙོ་དགེ་རྒན་དེས་འཆར་ལོར་ཡང་རྩེད་མོ་རྩེ་རུ་འཇུག་རྒྱུའི་ཁས་ལེན་མ་བྱས་པ་རེད། དེར་བརྟེན་ཁེ་རོ་ཨེག་གིས་རུ་ཁག་དང་སློབ་གྲྭ་གཉིས་ཀ་མཚམས་འཇོག་བྱས་ནས་སློབ་གྲྭ་དང་ཁ་གྱེས་པ་རེད། དེ་ནས་ཁོས་རང་གི་ལྟོ་གོས་འགྲོ་ཕྱིར་ལས་ཀ་སྣ་ཚོགས་ལ་འཐམས་པ་རེད། མཚམས་རེར་རླངས་འཁོར་གྱི་སྣུམ་བཙོངས་མཁན་དང་གཞན་དུ་ཁང་པའི་འཛུགས་སྐྲུན་གྱི་ལས་ཀ་བྱས་པ་རེད། མཐའ་མ་དེར་ཁེ་རོ་ཨེག་གིས་རང་ཉིད་དམག་ཁོངས་སུ་འཛུལ་རྒྱུའི་ཐག་གཅོད་བྱས་པ་རེད། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཞུགས་ཏེ་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཁྲུག་རྒྱག་ཆེད་ཡིན་པ་རེད། ༡༩༤༣ ལོར་ཁོང་ཨ་རིའི་མཚོ་དམག་གི་ཁོངས་སུ་ཞུགས་ཏེ་ཉིན་བཅུ་ཡི་རྗེས་སུ་ “སེམས་ཁམས་མི་བདེ་བའི་”ནད་རྟགས་ལ་བརྟེན་ནས་ཁོང་དམག་ཁོངས་ནས་བཏོན་པ་རེད།

དམག་ཁོངས་ནས་ཐོན་རྗེས་ཁོ་སླར་ཡང་ནིའུ་ཡོག་ལ་ལོག་པ་དང་། དེར་རང་གི་གྲོགས་པོ་འགའ་དང་བཅས་རྩོམ་རིག་གི་ལས་འགུལ་ཞིག་མགོ་འཛུགས་རྒྱུ་ཡིན་པ་རེད། དེ་ནས་ཁོ་ལུ་བྷི་ཡ་སློབ་གྲྭ་ཆེན་མོའི་སློབ་མ་ཨ་ལེན་ གྷིན་སི་བྷག་(Allen Ginsberg)དང་། ཝིལ་ལམ་ བྷི་རོའོ་སི་ (William Burroughs)གཉིས་དང་གྲོགས་པོ་བསྒྲིགས་པ་རེད། ཁོང་ཚོ་གསུམ་ནི་ བྷི་ཊི་མི་རབས་ཞེས་གྲགས་པའི་རྩོམ་པ་པོ་རྣམས་ཀྱི་མགོ་ཁྲིད་དུ་འགྱུར་རྒྱུ་ཡིན་པ་རེད།

༡༩༤༠ ཞེ་གྲངས་ནང་ནིའུ་ཡོག་གྲོང་ཁྱེར་དུ་སྡོད་སྐབས་དེར་ཁེ་རོ་ཨེག་གིས་རང་གི་སྒྲུང་རྩོམ་ཐོག་མ་ “གྲོང་དང་གྲོང་ཁྱེར་” ( Town and City) ཞེས་པ་དེ་བརྩམས་པ་རེད། དེབ་འདི་ནི་རང་རྣམ་གཙོ་ཆེར་བརྗོད་པ་ལ་བརྟེན་ནས་གྲོང་དང་གྲོང་ཁྱེར་གྱི་ཁྱད་པར་བརྗོད་པ་ཞིག་ཡིན་པ་རེད། སྒྲུང་རྩོམ་འདི་ རང་གི་གྲོགས་པོ་གྷིན་སི་བྷག་གི་དགེ་རྒན་ཚོའི་རོགས་རམ་ལ་བརྟེན་ནས་ ༡༩༥༠ ལོར་པར་སྐྲུན་བྱས་པ་དང་། སྒྲུང་རྩོམ་འདི་ལ་བསྐྱར་ཞིབ་ཀྱང་ལེགས་པོ་ཐོབ་མོད་དེས་ཁེ་རོ་ཨེག་སྙན་གྲགས་ཅན་དུ་བསྒྱུར་མེད།

ཁེ་རོ་ཨེག་གི་སྐབས་དེའི་གྲོགས་པོ་གཞན་པ་ཞིག་ནི་ ནིལ་ ཁེ་སེ་ཌེ་(Neal Cassady)ཡིན། ཁོང་གཉིས་མཉམ་དུ་ཨ་རིའི་ཤར་ནུབ་ཏུ་འགྲུལ་བསྐྱོད་ཐེངས་འགའ་བྱས་ཤིང་། དེ་ཡང་ ཆི་ཁ་གོ་དང་། ལོ་སི་ཨན་ཇེ་ལེ་སི། ཌེན་ཝར། མེག་སི་ཁོ་གྲོང་ཁྱེར་སོགས་ལ་ཕྱིན་པ་རེད། འགྲུལ་བསྐྱོད་འདི་དག་ནི་ཁེ་རོ་ཨེག་གི་སྒྲུང་རྩོམ་གྲགས་ཆེན་ “ལམ་དུ་” ཞེས་པ་དེའི་བརྗོད་བྱ་ཡིན་པ་རེད། སྒྲུང་རྩོམ་འདི་ནི་འཁྲིག་སྤྱོད་དང་། དུད་ནག ཇེ་ཛི་རོལ་དབྱངས་བཅས་ཀྱིས་ཁེངས་པའི་ལམ་གྱི་འགྲུལ་བཞུད་སྐོར་ཡིན་པ་དེ་དག་ཧ་ལམ་དངོས་ཡོད་བརྗོད་པ་ཞིག་ལས་རྟོག་བཟོ་བྱས་པ་ཉུང་ཉུང་ཡིན་པ་རེད། ཁོང་གིས་སྔར་བྲིས་ཡོད་པའི་ཟིན་ཐོ་རྣམས་སྤྱད་དེ་སྒྲུང་རྩོམ་འདི་ ༡༩༥༡ ལོའི་ཟླ་བ་བཞི་པའི་ནང་བདུན་ཕྲག་གསུམ་གྱི་རིང་བྲིས་ཚར་བ་དང་། ཤོག་དྲིལ་ནར་མོ་ཁྲུ་ ༡༢༠ ཡོད་པ་ཞིག་གི་སྟེང་བྲིས་པ་རེད།

འོན་ཀྱང་དཔེ་སྐྲུན་ཁང་དག་གིས་ཁེ་རོ་ཨེག་གི་ཤོག་དྲིལ་ནར་མོ་གཅིག་གི་སྟེང་བྲིས་པའི་བཅོས་སྒྲུང་འདི་པར་སྐྲུན་མ་བྱས་པར་ལོ་དྲུག་འགོར་པ་རེད། ༡༩༥༧ ལོར་འདི་པར་སྐྲུན་བྱས་སྐབས་དེ་མ་ཐག་ཏུ་སྙན་གྲགས་རྒྱས་པ་རེད། ནིའུ་ཡོག་དུས་བབ་ཀྱི་བསྐྱར་ཞིབ་ཅིག་ཏུ་འདི་ལྟར་བྲིས་ཡོད། “ལོ་རབས་ཉི་ཤུ་བའི་ནང་བྱུང་བའི་སྒྲུང་རྩོམ་གྱི་ཁྲོད་ནས་ཧེ་མིང་ཝེ་ཡི་ “ཉི་མ་ཡང་འཆར།”(The Sun Also Rises)ཞེས་པ་ནི་ “བོར་བའི་མི་རབས་” (Lost Generation)ཀྱི་ཚབ་མཚོན་ཡིན་པ་ཇི་བཞིན། “ལམ་དུ་”ཞེས་པའི་སྒྲུང་རྩོམ་འདི་ “བྷི་ཊི་མི་རབས་” (Beat Generation)ཀྱི་ཚབ་མཚོན་དུ་འགྱུར་རྒྱུ་ཉག་ཅིག་རེད།”ཅེས་བྲིས་ཡོད་པ་ལྟར་རེད། ཡང་ཁེ་རོ་ཨེག་གི་དགའ་རོགས་ཇོ་ཡེ་སི་ ཇཱོན་སཱོན་གྱིས་བཤད་པ་ལྟར། “ཇེག་མིང་སྐམ་ཞིག་གཉིད་དུ་སོང་བ་དང་། ཡར་ལངས་དུས་སྙན་གྲགས་ཅན་རེད།” ཅེས་པ་ལྟར་རེད།

“ལམ་དུ་”ཞེས་པའི་སྒྲུང་རྩོམ་འདི་གློག་བརྙན་དུ་བཟོ་རྒྱུའི་སྐད་ཆ་སྔོན་ནས་བྱུང་མོད་མཐའ་མ་དེར་ ༢༠༡༢ ལོར་གློག་བརྙན་དུ་ཕབ་པ་རེད། པར་ཁང་དང་ཚགས་པར་སོགས་ཀྱིས་སྒྲུང་རྩོམ་འདི་ནི་དུས་རབས་ཉི་ཤུ་བའི་ནང་གི་ཨིན་སྐད་ཀྱི་གྲགས་ཅན་བརྒྱ་ཡི་ཁོངས་སུ་བགྲངས་ཡོད་པ་རེད། སྒྲུང་གཏམ་འདིའི་བརྗོད་གཞི་ནི་སྔར་ཞུས་ལྟར། ཁེ་རོ་ཨེག་རོགས་པ་དང་བཅས་ཨ་རིའི་ཤར་ཕྱོགསནས་ནུབ་ཕྱོགས་བར་དུ་འགྲུལ་བསྐྱོད་བྱས་སྐབས་ཀྱི་གནས་ཚུལ་ཡིན་པ་དང་། ཁོང་གིས་ བཅོས་སྒྲུང་ལམ་དུ་ ཞེས་པའི་མཇུག་རྩོམ་དུ་ཚིག་ལྷུག་འདི་བྲིས་ཡོད་པ་རེད།

དེ་ལྟར་ཨ་མི་རི་ཀའི་ནང་ཉི་མ་ནུབ་དུས་ ང་གཙང་པོའི་གྲུ་སྟེགས་ཆག་རོའི་སྟེང་བསྡད་ནས་ནིའུ་ཇར་སིའི་(New Jersey)སྟེང་གི་ནམ་མཁའ་རིང་མོ་རིང་མོ་དེ་ལ་ལྟ་བཞིན་ ཨ་རིའི་ནུབ་ཀྱི་མཚོ་ཁ་ལ་ཐུག་གི་བར་བརྐྱངས་ཤིང་བློ་ཡུལ་ལས་འདས་པའི་ས་གཞི་འབུར་མ་གཅིག་གི་ནང་བཏུམས་པའི་ས་རྒོད་ཡོད་ཚད་ཚོར། ཨེ་ནས། ས་གཞི་རྒྱ་ཁྱོན་ཆེན་པོ་དེའི་ནང་རྨི་ལམ་གཏོང་བཞིན་པའི་མི་ཚང་མ་དང་དེར་འགྲོ་བའི་ལམ་ཁ་ཡོད་ཚད་ཚོར། ཨེ་ནས། ད་ལྟ་ ཨ་ཡེ་བ( Iowa)འི་ནང་བྱིས་པ་ཚོ་ངུ་རུ་འཇུག་པའི་ས་ཆ་དེ་ན་བྱིས་པ་ཚོ་ཏན་ཏན་ངུ་བཞིན་ཡོད་པ་ངས་ཤེས། ཨེ་ནས། དོ་ནུབ་ སྐར་མ་རྣམས་ཤར་ཡོང་གི་རེད། དཀོན་མཆོག་ནི་དོམ་ཕཱོ་(Pooh Bear)[འདི་ནི་ཨ་རིའི་བྱིས་སྒྲུང་གི་མི་སྣ་གྲགས་ཅན་ཞིག་རེད།]་ཡིན་པ་ཁྱེད་ཀྱིས་མི་ཤེས་སམ། ས་སྲོད་ཀྱི་སྐར་མས་རང་གི་འོད་ཆེམས་ཆེམས་དེ་དག་རྒྱ་ཆེ་བའི་རྩྭ་ཐང་[ཨ་རིའི་དཀྱིལ་དུ་ཡོད་པའི་རྩ་ཐང་ལ་གོ]སྟེང་བསྣར་བཞིན་འཛགས་བཞིན་ཡོད། དེ་མུན་པ་མུན་ནག་མ་ཆགས་ཀྱི་སྔོན་ཙམ་ལ་ཡིན་ཞིང་། མུན་པ་མུན་ནག་གིས་ས་གཞི་བྱིན་གྱིས་རློབ། གཙང་པོ་ཚང་མ་ཇེ་ནག་ཏུ་གཏོང་། རི་རྩེ་རྣམས་གཡོགས། མཚོ་ཁ་མཐའ་མ་དེ་ལྟེབ་ནས་བཏུམས་ཡོང་། དེ་ནས། གྱོན་པ་ཧྲུལ་པོ་ཇེ་རྙིང་ལ་ཕྱིན་པ་ཤེས་པ་མ་གཏོགས་གཞན་སུ་གཅིག་གིས་ སུ་གཅིག་གིས་ སུ་གང་ལ་ཅི་ཞིག་འབྱུང་རྒྱུ་ཡིན་པ་དེ་མི་ཤེས། ངས་ཌིན་ མོ་རེ་ཡ་ཊེ་བསམས། མཐའ་ན་གཏན་ནས་མ་རྙེད་པའི་ཌིན་ མོ་རེ་ཡ་ཊེ་ཕ་རྒན་དེ་ཡང་བསམས། ངས་ཌིན་ མོ་ རེ་ ཡ་ ཊེ་བསམས།
So in America when the sun goes down and I sit on the old broken-down river pier watching the long, long skies over New Jersey and sense all that raw land that rolls in one unbelievable huge bulge over to the West Coast, and all that road going, all the people dreaming in the immensity of it, and in Iowa I know by now the children must be crying in the land where they let the children cry, and tonight the stars’ll be out, and don’t you know that God is Pooh Bear? the evening star must be drooping and shedding her sparkler dims on the prairie, which is just before the coming of complete night that blesses the earth, darkens all rivers, cups the peaks and folds the final shore in, and nobody, nobody knows what’s going to happen to anybody besides the forlorn rags of growing old, I think of Dean Moriarty, I even think of Old Dean Moriarty the father we never found, I think of Dean Moriarty.

གོང་གི་ཚིག་ལྷུག་འདི་བཅས་པ་ཁོང་གིས་བཀླགས་པའི་དྲ་བརྙན་འདི་ན་འདུག

“ལམ་དུ་”ཞེས་པའི་སྒྲུང་རྩོམ་བྲིས་ནས་པར་འདེབས་ཀྱི་བར་དེར་ལོ་ངོ་དྲུག་འགོར་ཅིང་། སྐབས་ཐོག་དེར་ཁོང་ནང་ཆོས་ལ་སློབ་གཉེར་ཚོད་ལྟ་བྱས་པ་དང་བཅོས་སྒྲུང་ཡང་མང་པོ་བྲིས་པ་མ་ཟད། འགྲུལ་བཞུད་རྒྱ་ཆེར་བྱས་པ་རེད། སྐབས་དེར་པར་སྐྲུན་བྱས་པའི་སྒྲུང་རྩོམ་ཞིག་ནི་ ༡༩༥༨ ལོར་པར་བཏབ་པའི་ “ཆོས་ཀྱི་སློང་མོ་བ།” (The Dharma Bums)ཞེས་པ་དེ་རེད། འདི་ནི་རི་ཁྲོད་ཅིག་ཏུ་ཆོས་འཚོལ་བའི་སྐོར་གྱི་གཏམ་རྒྱུད་བརྗོད་གཞིར་བྱས་ཡོད་པ་རེད། དེའི་རྗེས་ནས་སྒྲུང་རྩོམ་བདུན་ཙམ་ཞིག་བསྟུད་བསྟུད་དུ་པར་བཏབ་པ་རེད། དེའི་རྗེས་ཀྱི་ལོ་ཟླ་དག་གི་ནང་དུ་ཁོང་གིས་སྙན་ངག་ཀྱང་བྲིས་པ་རེད།

ཁོང་གིས་རྩོམ་ཡིག་འབྲི་བ་དང་དཔར་སྐྲུན་བྱས་པའི་གྲངས་འབོར་མང་མོད་“ལམ་དུ་”ཞེས་པའི་སྒྲུང་རྩོམ་གྲགས་ཆེན་དེ་འདྲ་བ་ཞིག་མ་བྱུང་བ་རེད། དེ་ནས་ཁོང་སྒེར་གྱི་མི་ཚེ་ཡང་ཆང་དང་མྱོས་རྫས་ཀྱི་དབང་འོག་ཏུ་ཤོར་བ་དང་། གཉེན་སྒྲིག་ཐེངས་གསུམ་ཙམ་བྱས་པ་རེད། མཐར་ ༡༩༦༩ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་རང་ལོ་ ༤༧ སྟེང་ཨ་རིའི་ཧྥི་ལོ་ཪེ་ཌ་མངའ་སྡེའི་ནང་གྲོངས་པ་རེད།

འགྱུར་རྩོམ།

Post navigation

Previous Post: ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དྲུག་པ།
Next Post: དངོས་ནས། ཡུལ་ལ་ལོག་འདོད། ༼གཞས་ཚིག༽

Comments (10) on “འཇེག་ ཁེ་རོ་ཨེག་ངོ་སྤྲོད་མདོར་བསྡུས།”

  1. བྱ་སྒྲོ་དཀར་པོ་ says:
    2014-11-12 at 2:32 am

    གོ་བདེ་ཁུངས་ལྡན་གྱི་ངོ་སྤྲོད་གནས་བསྡུས་འདི་ཧ་ཅང་ལེགས། ཐུགས་རྗེ་ཆེ། ཆ་ཚང་བཀླགས་པ་ཡིན།

  2. ཐུབ་པ། says:
    2014-11-12 at 4:08 am

    ག་རེ། དགེ་རབ་ཟེར་བ་འདི་པ་རེད་པ་རེད། པ་རེད། པ་རེད། པ་རེད།
    པ་རེད། པ་རེད། པ་རེད་ཅེས་བོད་ཀྱི་སྡེབ་སྦྱོར་ཉམས་པ་རྩོམ་རྩལ་ཉམས་པའི་འབྲི་སྟངས་ཤིག་སྤྱད་འདུག
    འདི་བུ་གུ་ལ་བཤད་པའི་སྒྲུང་ཞིག་ཡིན་ས་རེད། ཕལ་ཆེར་བུ་གུ་བོད་ཡིག་མི་ཤེས་མཁན་ལ་སྒྲུང་འདི་བཤད་རྗེས་མི་ཞིག་གིས་ཡིག་ཐོག་ཏུ་ཕབ་པ་ལྟ་བུ་ཞིག་འདུག

    པ་རེད། པ་རེད།
    འདི་ལ་དོ་སྣང་རེ་བྱེད་ཐུབ་ན་ལེགས

  3. རྒྱང་མིག says:
    2014-11-12 at 10:39 am

    འགྱུར་རྩོམ་ཁ་གསལ་གོ་བདེ་ཞིག་སླེབས་འདུག་པར་ཐུགས་རྗེ་ཆེ་ཞུ། ངོ་སྤྲོད་མི་སྣ་དེའི་སྒྲུང་ཡང་སྙན་པོ་བྱུང་སོང་།

  4. བོན་གསར། says:
    2014-11-12 at 2:11 pm

    དགེ་འདུན་རབ་གསལ་ལགས།

    Jack Kerouac ཞེས་པར། ཇག་ ཁེར་རོག ཞེས་ཕབ་ན་ཇི་འདྲ་རེད། ཇེག་ཟེར་ན། Jeckལྟ་བུར་ཕབ་དགོས་སྣང་།

  5. ཀླུ་སྨྱོན། says:
    2014-11-12 at 4:37 pm

    Jack—ཇ་ཁུ།
    Kerouac—ཁེ་རོ་ཁུ།
    དབྱིན་མིང་བོད་ཡིག་ཏུ་འབྲི་བར་དཀའ་ངལ་ཡོད་མཁན་ཚང་མས་ང་དགེ་རྒན་དུ་བསྟེན་ན་ལེགས།

  6. གནམ says:
    2014-11-12 at 4:42 pm

    ལྷ་ས་བས། རྗ་ཁི། ཁེ་རོ་ཝ་ཁི།
    ཨ་མདོ་བས། རྗ་ཁི། ཁེ་རོ་བ་ཁི།
    (jack kerouac) འོག་གི་དྲ་ཐོག་འདི་ནས་ཀློག་སྟང་ལ་ཉན་ཡག་བྱས་ནས་བསྒྱུར་ན་ཡག་པོ་ཡོད་རེད་མ་གཏོགས། རང་རང་སོ་སོའི་ལྕེ་ལུའི་འགུག་ལ་བབ་པའི་སྒྲ་སྦྱོར་ལ་ཡག་པོ་མཐོང་མ་སོང་། jack ལ་ཇེག་དང་ཇག་འདྲ་བོ་བྲིས་ན་ཡག་པོ་མེད། jack ནི་དབྱིན་ཡིག་ན་སྒྲ་མཚམས་གཉིས་ལ་བཅད་ཡོད་པ་རེད།
    http://www.oxfordlearnersdictionaries.com/definition/english/jack-kerouac

  7. དགེ་རབ་ says:
    2014-11-12 at 6:48 pm

    ངས་ཇེག་གི་ལ་སྔོན་འཇུག་ཅིག་བསྣན་ཡོད། དེ་ནས་འགྱུར་བ་གཏོང་གི་མིན། ཁྱེད་ཅག་གི་རྩོད་པའི་གྲུབ་འབྲས་ཀྱང་སྔོན་འཇུག་དེ་ཡིན། ང་ནི་རྩོད་པ་འདིའི་གྲས་ལ་དྲུད་ཀྱང་མི་ཡོང་། དེ་ནི་ཨིན་ཇིའི་གཏམ་དཔེར་ས་ཆ་དེ་ལ་སོང་ཟིན། བྱ་བ་དེ་ཡང་བྱས་ཟིན་ཞེས་པ་ལྟར་གྱི་ཉམས་མྱོང་གིས་ཡིན་ནོ།། རྩོད་པ་ལས་ ལས་ཀ་ཆུང་ཆུང་ཤིག་འདྲ་འདྲ་ཞིག་ཡིན་ཀྱང་དེ་བྱེད་རྒྱུ་འདམས་ངེས་ཡིན་ནོ།། རྩོད་པ་གང་ཡོད་ཀྱང་དེའི་ཐོབ་ཐང་དང་རྒྱལ་ཁ་ཚང་མ་ཁྱེད་རང་རྣམ་པར་འབུལ་ལོ།།

  8. BONPO says:
    2014-11-12 at 6:54 pm

    འཇག་ ཁེ་རོ་ཨེག

  9. BONPO says:
    2014-11-12 at 6:57 pm

    འཇེག་ ཁེ་རོ་ཨེག འདི་རང་ཡག་ས་རེད། དགོངས་དག། །

  10. གཟུགས་མཛེས་མ། says:
    2014-11-13 at 11:16 pm

    དུས་ཚོད་རིང་པོ་ཞིག་གི་རྗེས་ལ་ཁ་བརྡ་ཚང་ནང་མགོ་ཞིག་རྒྱུས་རུ་ཡོང་ཡིན་པར་ཁྱེད་རྣམ་པ་ད་ལྟའང་ཐ་སྙད་རྐྱང་པར་བརྩོད་ནས་བསྡད་འདུག
    ས་པཎ་གྱིས་ཐ་སྙད་ལ་མ་རྩོད་དོན་ལ་རྩོད་གསུངས་པ་ལྟར་འཇེག་གང་ཇ་ཀུ་འམ་ཇེག་གམ་ཇེཀ་བཅས་ལ་ཁྱེད་པར་གང་ཡང་མེད།
    གཙོ་བོ་དེ་འཇེག་གིས་བྲིས་པའི་རྩོམ་རིག་དེ་དག་བོད་མིའི་སྟེང་ཤེས་དགོས་པ་རེད།་་་བྱུང་ན་ཁོང་གི་རྩོམ་དེ་དག་བོད་ཡིག་ཐོག་ཕབ་བསྒྱུར་བྱུང་ཚེ་ཤིན་ཏུ་ལེགས།
    གོ་ཐོས་ལ་“བྷི་ཊི་མི་རབས་” (Beat Generation)་དེ་བོད་པའི་ཐོལ་བྱུང་སྙན་ངག་དང་གཅིག་མཚུངས་རེད་ཅེས་གོ་བྱུང་དེ་འདྲ་ཨེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme