Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་ལོ་ ༢༡༣༦ ལོར་སྙན་ངག་གླེང་བ།

Posted on 2014-11-10 By ཁ་བརྡ 2 Comments on བོད་རྒྱལ་ལོ་ ༢༡༣༦ ལོར་སྙན་ངག་གླེང་བ།

རས་པ།

—རྡ་རམ་ས་ལའི་”ས་མཐའི་ཁ་བརྡ་”ཞེས་པའི་མཉམ་འཛོམས་སྟེང་བཏོན་པའི་བསམ་ཚུལ་ཅིག

གལ་སྲིད་སྙན་ངག་ནི་བུད་མེད་ཅིག་ཡིན་པའི་དབང་དུ་བཏང་ན་ང་ཚོས་དེ་ལ་ཡག་རབས་རྒྱན་རབས་ཀྱི་སྐད་ཆ་མང་དག་ཅིག་བཤད་པའི་དགོས་པ་ཡོད་སྲིད་མོད། སྙན་ངག་ནི་བུད་མེད་མ་ཡིན་པར་བུད་མེད་ དང་བཅས་པའི་འཚོ་བའི་དགོས་མཁོ་ཞིག་ཡིན་པས་དགོས་མཁོ་དེ་མི་སྡེའི་འཚོ་བའི་ཁྲོད་ཇི་ལྟར་མུ་མཐུད་དུ་འཇུག་རྒྱུ་ཡིན་མིན་གླེང་བ་རྩ་བའི་གནད་འགག་ཡིན། དེ་ཡི་རྐྱེན་གྱིས་ཁོ་བོས་སྙན་ངག་ནི་འཛིན་སྐྱོང་ནས་གླེང་བར་བསམ་སྟེ། དེ་ཡང་ཧ་ཅང་ཉམས་ཆུང་བའི་བཙན་བྱོལ་བའི་འཚོ་བ་འདི་བཞིན་དུ་གླེང་བར་འོས། གྲོགས་པོ་མི་ཉུང་བ་ཞིག་གིས་འཛིན་སྐྱོང་ཞེས་པའི་ཚིག་འདི་གོ་བའི་ཚེ་ཆབ་སྲིད་ཅེས་པའི་ཡོངས་ཁྱབ་རིག་གནས་ཀྱི་འཛིན་སྐྱོང་དེ་ཐུགས་དགོངས་སུ་འཆར་སྲིད་མོད། དེ་ལ་གུས་པས་སྣང་བ་ཅི་ཡང་མི་གཏོང་བར་མུ་མཐུད་ནས་སྙན་ངག་འཛིན་སྐྱོང་གི་གཏན་ཚིགས་རྒྱས་སྤྲས་བྱེད་པར་མོས་པ་ཧ་ཅང་ཆེ། བཙན་བྱོལ་སྤྱི་ཚོགས་ཁྲོད་སྙན་ངག་གམ་སྒྱུ་རྩལ་རྩོམ་རིག་ལ་ཆེ་མཐོང་མེད་པ་དང་། སྒྱུ་རྩལ་རྩོམ་རིག་གིས་མིའི་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པར་ལྟ་བའི་ལྟ་ཚུལ་ཐོན་པ་ལ་ཁོ་བོས་རང་རེའི་སྤྱི་ཚོགས་ལ་རྒྱུས་མེད་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་ཅིང་། དེ་ཡི་རྒྱུ་མཚན་ནི་མ་མཐའ་ཡང་སྒྱུ་རྩལ་རྩོམ་རིག་གི་ཆེད་དུ་མཉམ་འཛོམས་བྱེད་ཐུབ་པའི་མིག་ཁག་ཅིག་མངོན་སུམ་འཛེམས་མེད་ཀྱིས་ཡོད་པས་ཡིན།

གལ་སྲིད་རང་རེའི་ཚོགས་སྡེ་འདི་ནི་སྒྱུ་རྩལ་རྩོམ་རིག་དང་ཁ་བྲལ་ན་སྐད་ཡིག་དང་སྐད་ཆའི་མཛེས་པ་ཟེར་བ་རི་མགོ་མཐོན་པོའི་ན་བུན་བཞིན་རིམ་པར་ཡལ་འགྲོ་རྒྱུ་ཡིན་པའི་བསམ་བློ་གཏོང་སྟངས་ཤིག་ཁོ་བོར་ཡང་ཡང་སླེབས་ཀྱི་འདུག སྤྱི་ཚོགས་སྐད་བརྡ་རིག་པའི་ངོས་ནས་བཤད་ན་སྐད་ཆ་ནི་མཛེས་པ་ནས་མཛེས་པར་ཕྱོགས་ཤིང་། སྐད་ཆའི་མཛེས་པ་ནི་སྒྱུ་རྩལ་རྩོམ་རིག་གི་བརྗོད་ཐབས་ཀྱི་མཛེས་པ་དེ་ཉིད་རིམ་པ་གཉིས་པར་བགྲོད་པ་ཞིག་ཡིན། སྒྱུ་རྩལ་རྩོམ་རིག་གི་མཛེས་པ་ཡིས་མི་དང་མིའི་དབར་གྱི་འབྲེལ་ལམ་རྒྱུན་གནས་ལ་ནུས་པ་བླ་ན་མེད་པ་ཐོན་ཡོད། འབྲེལ་ལམ་རྒྱུན་གནས་ཀྱི་ནུས་པ་འདི་ནི་སྒྱུ་རྩལ་རྩོམ་རིག་ལ་བརྟེན་ནས་བྱུང་ཞིང་། སྐད་ཆའི་བཤད་ཐབས་ཀྱི་ནུས་པ་དེའང་སྒྱུ་རྩལ་རྩོམ་རིག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པ་ལས་འབྱུང་གི་ཡོད། འདི་དག་ནི་སྙན་ངག་ངོས་ནས་བཤད་ན་ཆ་ཤས་ཤིག་ཡིན་ཞིང་། སྙན་ངག་ཟེར་བའི་རིག་གནས་འདི་གླེང་དགོས་ན་ཐད་ཀར་བསམ་པའི་དཔལ་ཡོན་གྱི་ཁོར་ཡུག་དེ་རུ་འགྲེལ་བ་འཛུགས་དགོས། སྙན་ངག་ནི་བསམ་པའི་དཔལ་ཡོན་ཁྲོད་ཀྱི་གལ་ཆེའི་གོ་གནས་འཛིན་པའི་རིག་གནས་མ་ལག་ཅིག་ཡིན་པས་འདི་ཡི་འཛིན་སྐྱོང་སྤྱི་ཚོགས་ཁྲོད་ཕྱིར་འདོན་བྱེད་པ་ལའང་འཛིན་མཁན་དག་གི་བསམ་པའི་དཔལ་ཡོན་ལ་ངོས་འཛིན་གསལ་བོ་དགོས་པ་ཧ་ཅང་གལ་ཆེན་ཡིན།

ང་ཚོས་སྙན་ངག་དང་སྒྱུ་རྩལ་རྩོམ་རིག་སྤྱི་ཚོགས་ཐོག་བཀྲམ་ཐུབ་པ་དང་། དེ་ཡི་ཁོར་ཡུག་རྒྱ་བསྐྱེད་དགོས་ན་གཙོ་བོ་མི་སྒེར་སོ་སོའི་ངོས་ནས་སྒྱུ་རྩལ་རྩོམ་རིག་གི་ལྟ་བ་གསལ་འདོན་བྱེད་ཐུབ་དགོས་ཤིང་། མི་སྒེར་སོ་སོའི་ལྟ་བ་ནི་ད་གཟོད་སྒྱུ་རྩལ་རྩོམ་རིག་རྒྱུན་གནས་དང་། གོང་འཕེལ། སྲོག་ཤིང་ཡོད་པ་ཅན་དུ་བགྲོད་པའི་ཁྱབ་བསྒྲགས་ཡིན། ལྟ་ཚུལ་འདི་ཡི་ངོས་ནས་བཤད་ན་”ས་མཐའི་ཁ་བརྡ་”ནི་ང་ཚོའི་མི་སྒེར་སོ་སོའི་སྒྱུ་རྩལ་ལྟ་ཚུལ་གསལ་འདོན་བྱེད་རྒྱུ་ནས་མགོ་བརྩམ་ན་ཡང་དག་པ་ཡིན། བོད་ཀྱི་སྒྱུ་རྩལ་རྩོམ་རིག་ནི་རང་གི་ལོ་རྒྱུས་ངོས་ནས་ཀྱང་ཡུལ་མི་དག་གིས་རང་བཞིན་གྱིས་ངོས་ལེན་བྱས་པ་ཞིག་ཡིན་པ་ལས། ངོས་ལེན་བྱེད་ཆེད་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པར་ལས་རིམ་དེ་འདྲ་བྱུང་མྱོང་མེེད། ཚུལ་འདི་ནི་ང་ཚོས་གནའ་བོའི་ཡར་ཀླུང་གི་རས་པའི་ཚོགས་སྙན་ངག་འཚོ་བའི་ཁྲོད་དུ་སྤྱི་ཚོགས་ལ་ཇི་ལྟར་མཉམ་ཞུགས་གནང་བའི་ལོ་རྒྱུས་ལ་ཕྱིར་རྟོག་གནང་ཚེ་གསལ་མཁྱེན་ཡོང་ངེས།

དུས་ཕྱིས་སུ་༸རྗེ་བཙུན་མི་ལ་རས་པ་དང་། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སོགས་ཀྱིས་སྒྱུ་རྩལ་རྩོམ་རིག་གི་ལམ་ཁ་དེ་རྒྱུན་འཛིན་གནང་ཡོད་ནའང་༼སྙན་ངག་མེ་ལོང་མ་༽བོད་བསྒྱུར་རྗེས་ནས་བོད་ཀྱི་སྙན་ངག་གིས་རང་བྱུང་གི་རྣམ་པ་དེ་དོར་ནས་རིག་གཞུང་གཅིག་གི་ཁོར་ཡུག་གི་སྙན་ངག་ཏུ་སོང་ཡོད་པ་དང་། དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ཁྱབ་བསྒྲགས་རིག་གནས་དང་། ཆོས་ལུགས་པའི་མངོན་འདོད་རྒྱུད་བསྒྲགས་ཀྱི་ལམ་ཁ་ལྟ་བུ་ཞིག་ཏུ་གྱུར་ཡོད། འདི་ལས་ང་ཚོས་ཚོར་ཐུབ་པ་ནི་༼སྙན་ངག་མེ་ལོང་མ་༽བོད་དུ་དར་བ་ནས་བོད་ཀྱི་རྩོམ་པ་པོ་རྣམས་ནས་རྩོམ་པ་པོའི་དམིགས་བསལ་གཤིས་ཀ་དོར་ནས་རིག་གནས་གཅིག་ཁྱབ་སྤེལ་མཁན་གྱི་རྣམ་དཔྱོད་འོག་ཏུ་ཚུད་སོང་བ་དེ་རེད། ༼སྙན་ངག་མེ་ལོང་མ་༽རང་ངོས་སུ་བལྟས་ཚེ་སྙན་ངག་འདི་དག་ནི་༼སྙན་ངག་མེ་ལོང་མའི་༽ཤུགས་རྐྱེན་ཡིན་པར་ངོས་འཛིན་མི་བྱེད་པར་རང་རེའི་ཡུལ་གྱི་རྩོམ་པ་པོ་རྣམས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའི་བསྟོད་རྩོམ་དེ་དག་ལས་འདའ་མ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡིན།

༼སྙན་ངག་མེ་ལོང་མ་༽ས་མཚམས་དབྱེ་འབྱེད་ཀྱི་མཚམས་ཚིགས་སུ་བཞག་པ་ནི་༼སྙན་ངག་མེ་ལོང་མས་༽བོད་ཀྱི་སྙན་ངག་གི་བསམ་བློ་དང་ཚོར་བ་སོགས་སུ་ཤུགས་རྐྱེན་ཐེབས་པར་བརྗོད་པ་མ་ཡིན་པར་བོད་ཀྱི་སྙན་ངག་གིས་ཕུལ་དུ་བྱུང་བའི་རང་བྱུང་གི་རྣམ་པ་ནས་མགོ་བརྩམས་ཏེ་སྙན་ངག་བསླབ་གཞི་ཅན་དུ་སླེབས་སྐབས་སྙན་ངག་ཆོས་ལུགས་སུ་གྱུར་བར་བློ་ཕམ་སྐྱེས་པས་ཡིན། ཡིན་ནའང་། འབྲི་ཐབས་ཀྱི་ཆ་ནས་བཀའ་དྲུང་ཤེལ་དཀར་གླིང་བ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཁ་ཤས་ཀྱིས་ཚགས་ཡངས་པའི་སྙན་ངག་བྲིས་ཡོད་ཅིང་། འདི་དག་ནི་སྔ་རབས་བོད་ཀྱི་སྙན་ངག་པའམ་གཞུང་ལུགས་སྨྲ་བ་དེ་དག་ལ་རྒྱུན་འཛིན་དང་གསར་གཏོད་ཀྱི་ཁྱད་ཆོས་གཉིས་འཛོམས་སུ་ཁ་ཕྱོགས་ཏེ་ང་ཚོར་སྙན་ངག་བྱུང་བའི་ཁྲོད་ཀྱི་ལེགས་སྐྱེས་གལ་ཆེན་ཆགས་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་ནས་བྱུང་བའི་བོད་ཀྱི་སྙན་ངག་གིས་ཕྱི་རབས་པའམ་དེང་གི་རྩོམ་འབྲི་བ་རྣམས་ལ་རྩོམ་རིག་གསར་བའི་བྱུང་བ་གླེང་སྐབས་ལོ་ངོ་ཁ་ཤས་ཀྱི་སྣོན་པ་རྒྱབ་ཡོད་མོད། རང་རེའི་རྩོམ་ཡིག་མང་དག་ཅིག་ནི་རྩོམ་རིག་གི་གཤིས་ཀའི་ངོས་ནས་བཤད་ཚེ་འཚོ་བའི་ཁྲོད་ཀྱི་རྒྱུན་གནས་བྱ་སྤྱོད་བསྐྱར་འགོད་བྱས་པ་ཞིག་དང་། འཚོ་བའི་ཁྲོད་ཀྱི་གནད་དོན་ཡིག་ཐོག་ཏུ་ཕབ་པ་ཞིག་ལས་ངོས་འཛིན་གསར་བ་དང་། ཀློག་པ་པོར་དྲི་བ་གསར་བ་སླེབས་པ། བརྗོད་ཐབས་གསར་བའི་འཕེལ་རྒྱས་བཅས་ལ་དོ་སྣང་གནང་མེད་པའི་ཚད་དུ་ཡོད། དེའི་རྐྱེན་གྱིས་ཚོར་བ་གསལ་བོ་ཡིན་པའི་ཚོགས་སྡེ་ཁྲོད་དུ་སྒྱུ་རྩལ་རྩོམ་རིག་ལའང་སྤྱི་ཡོངས་མཉམ་འཇུག་གི་རྒྱུན་གཤིས་ཆགས་ཤིང་། རང་ཉིད་ཀྱི་ཟུར་བཏོད་ཁྱད་ཆོས་གསལ་བོར་མངོན་མ་ཐུབ་པ་དེ་ནི་སྒྱུ་རྩལ་རྩོམ་རིག་གི་འཛིན་སྐྱོང་འཐུས་ཤོར་ཆེ་ཤོས་དང་། རྩོམ་པ་པོ་རེ་རེས་རང་ཉིད་ཀྱི་རྣམ་དཔྱོད་ལ་ཉམས་ཉེས་བཏང་བ་ཁོ་ནར་ཐུག་འདུག

ངས་བསམ་པ་ལ་རང་རེའི་སྤྱི་ཚོགས་འདིའི་ནང་དུ་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་གསལ་བོ་དང་། བརྗོད་ཐབས་གསར་བ། ངོས་འཛིན་བརྟན་པོ་བཅས་སླེབས་ཐུབ་པ་ཡིན་ན་ད་གཟོད་སྒྱུ་རྩལ་རྩོམ་རིག་ལ་རང་བཞིན་གྱིས་མོས་པ་ཅན་ཐོན་ཞིང་། མོས་པ་དེ་ནི་འདུན་པ་དང་། ལེགས་བཅོས། གསར་གཏོད་སོགས་ཀྱི་ཕུལ་དུ་བྱུང་བའི་སྔོན་འགྲོ་ཡིན། འདི་ནི་བརྗོད་ཐབས་གཞན་བྱས་ན་སྒྱུ་རྩལ་རྩོམ་རིག་གིས་མི་རྣམས་ལ་ཚོར་བ་ཅི་སླེབས་དངོས་སུ་མྱང་དུ་བཅུག་སྟེ་རང་མོས་ཀྱིས་གདམས་ཀ་བྱེད་པར་ནུས་པ་འདོན་རྒྱུ་དེ་ཡིན། ང་ཚོས་སྒྱུ་རྩལ་རྩོམ་རིག་མི་རྣམས་ཀྱི་སེམས་སུ་དྲིལ་བསྒྲགས་ཀྱི་རྣམ་པ་སྤྱད་ནས་ཚུར་བོས་པ་ཡིན་ན། མི་དེ་དག་ལ་སྒྱུ་རྩལ་རྩོམ་རིག་གི་མྱོང་རྒྱུས་ཟབ་པའི་བག་ཆགས་སླེབས་མི་ཐུབ་པ་མ་ཟད། ཐ་ན་ཁོ་ཚོ་སྒྱུ་རྩལ་རྩོམ་རིག་གི་ཀློག་པ་པོ་ཙམ་ཡང་འཁྱོངས་མི་ཐུབ་པ་ཡིན། ཡིན་ནའང་། སྒྱུ་རྩལ་རྩོམ་རིག་གིས་སྤྱི་ཚོགས་ལ་མཉམ་ཞུགས་བྱེད་དགོས། བཤད་སྟངས་འདི་ནི་སྤྱི་ཚོགས་ལ་ཡོངས་སུ་བསྟུན་དགོས་པར་གོ་བ་བླངས་ཚེ་རྩོམ་པ་པོའི་གསར་གཏོད་ཀྱི་ཧམ་སེམས་ལ་དོ་ཕོག་འབྱུང་རྒྱུ་ཡིན་པ་ཀུན་གྱིས་མཁྱེན་ངེས་རེད།

སྙན་ངག་མཁན་ཐའེ་ཀོར་ལགས་ཀྱིས་རང་བྱུང་ཁོར་ཡུག་གི་མཛེས་པ་སྤྱད་ནས་མི་རྣམས་ཀྱི་སེམས་སུ་འཛུལ་བ་དང་། རང་བྱུང་ཁོར་ཡུག་གི་མཛེས་པ་གཅིག་པུ་ད་གཟོད་ཁོང་གི་བྱེད་ཐབས་དང་མངོན་མཚོན་ཐ་སྙད་དུ་བླངས་ཡོད་པ་དང་། ལྷག་པར་ཏུ་སྙན་ངག་མཁན་ཐའེ་ཀོར་ལགས་ནས་རྒྱ་གར་རང་གི་གནའ་བོའི་ངོས་འཛིན་ལྟ་ཚུལ་དང་སྒེར་གྱི་ལྟ་སྟངས་གཉིས་ཟུང་འབྲེལ་གྱིས་སྙན་ངག་གི་རྒྱས་སྤྲས་མཛད་པ་ནི་ཁོང་རྩོམ་པ་པོའི་མིང་མཛོད་ནང་དུ་མ་ནུབ་པར་ཡུན་རིང་གནས་ཐུབ་ཡོད་པའི་རྒྱུ་མཚན་གསལ་བོ་དེ་ཡིན། གཞན། ཧྥ་རིན་སའི་སྙན་ངག་པ་བྷོ་རྡི་ལེར་ལགས་ནས་བྱ་དངོས་དག་ལ་འགྲེལ་བཤད་གསར་བ་བསྐྱོན་ནས་མི་རྣམས་ཀྱི་ཀླད་པའི་བར་སྟོང་དུ་དྲི་རྟགས་བཞག་པ་ནི་ང་ཚོའི་མིག་དཔེ་ལྟ་ཡུལ་ཡིན་འོས་ཤིང་། ཁོང་གི་འདམ་སྙིགས་གསེར་བསྒྱུར་གྱི་རིག་པ་ནི་རང་རེ་རྣམས་སྤྱི་ཚོགས་ཞེས་ཕལ་བ་རྣམས་ཀྱི་བློ་ཡུལ་དུ་མི་ཤོངས་པ་དེ་རུ་འཇུག་པའི་ཐབས་ཡང་དག་པ་ཞིག་ཏུ་བསམ། འདི་ལྟ་བུའི་སྙན་ངག་གི་ཡིད་འགྱུ་གསལ་འདོན་སྒྱུ་རྩལ་ནི་རང་ཅག་ལ་ཧ་ཅང་གི་རྒྱུས་མེད་མ་ཡིན་པར་རང་རེའི་སྙན་ངག་གི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཞིག་ཏུའང་གྱུར་ཡོད།

གནའ་བོའི་བོད་ཀྱི་སྙན་ངག་ཁྲོད་ཚོར་བ་རང་བྱུང་ཁམས་སུ་སྤེལ་བ་དང་། རང་བྱུང་ཁམས་ཚོར་བར་བསུས་པའི་ཕུལ་དུ་བྱུང་བའི་ཚོར་བརྗེས་ལག་ཐབས་ཀྱི་སྒྱུ་རྩལ་མངའ་བའི་སྙན་ངག་”ང་ཡི་ཆུང་འདྲིས་བྱམས་པ།། རྫ་རིའི་འོག་གི་ཆུ་རེད།། ཆུ་སྒྲ་ཤང་ཤང་མ་གཏོགས།། ཆུ་རྒྱུན་མཐོང་རྒྱུ་མི་འདུག །”ཅེས་པ་ལྟ་བུ་ཡོད་ཅིང་། འདི་ལྟ་བུའི་སྙན་ངག་གིས་ང་ལ་སྒྱུ་རྩལ་རྩོམ་རིག་གི་ཀློང་ཁམས་ཆེན་མོར་མྱུར་དུ་བགྲོད་པའི་རྨི་ལམ་ཡང་ཡང་གཏོང་དུ་འཇུག་པ་མ་ཟད། འདི་ལྟ་བུའི་སྙན་ངག་འཛིན་སྐྱོང་གི་གཏན་ཚིགས་ལ་བསམ་བློ་བཏང་ནས་”ང་ཚོའི་”གཤིས་ཀ་ལ་ཟུར་བཏོད་ཀྱི་ཁྱད་ཆོས་བསྐྲུན་རྒྱུར་གལ་འགངས་ཆེ་བའི་བསམ་ཚུལ་བསྐྲུན་ཡོང། ཡིན་ནའང་། འདི་ནི་རྩོམ་འབྲི་བར་བློ་མོས་ཡོད་པ་ཞིག་གིས་ཧམ་སེམས་ཀྱི་ངོས་ནས་བཤད་པ་ལས་གུས་པོ་རང་ཉིད་ལ་ད་དུང་འབད་བརྩོན་གྱི་ཡུལ་དུ་ལྷགས་ཡོད།

[གསལ་བཤད།] འདི་ནི་ཕྱི་ལོ་ ༢༠༠༩ ལོའི་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་ཡུལ་གྱར་རྩོམ་པ་པོ་ཁག་ཅིག་གི་འདུ་འཛོམས་”ས་མཐའི་ཁ་བརྡ་”ཞེས་པའི་འཛོམས་ཐེངས་གསུམ་པའི་སྐབས་སུ་བསམ་ཚུལ་སྙན་སྒྲོན་ཞུས་པའི་མ་ཟིན་ཞིག་ཡིན།

 

བསམ་ཚུལ།

Post navigation

Previous Post: དཔེ་ཆ་ཀློག་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སྒྲུབ་པ་ཡིན།
Next Post: གླུ་མ་ཕུར་བུ་ལྷ་མོའི་གླུ་གཞས་མཚན་ཚོགས།

Comments (2) on “བོད་རྒྱལ་ལོ་ ༢༡༣༦ ལོར་སྙན་ངག་གླེང་བ།”

  1. གནམ says:
    2014-11-10 at 8:09 am

    མ་གོ་ཐལ། ཅིག་བཤད་ནི་ཡོད་རྒྱུ་རེད། མེ་ལོང་མས་ཅང་མི་རིག་གི། ཐེ་ཀོར་དང་བྷོ་རྡི་ལེར་གཉིས་ལས་རྐུ་བཤུས་རྒྱོབས་ལབ་གི་ཡོད་པ་ཨེ་རེད། ཨེ་ཡིན།
    སྒྱུ་སྩལ་བ་ཞིག་བྱེད་འདོད་ན། དང་པོ་རང་ཉིད་སྤྲང་པོའི་མི་ཚེ་ལ་ལོངས་སྤྱོད་པའི་འདོད་པ་དང་བློ་སྤོབས་ཡོད་དགོས་བ་རེད། སྒྱུ་སྩལ་བ་དང་ཡི་གེ་བ་གཉིས་ཁ་ཁ་རེད། ཡི་གེ་བ་ཡིན་ཚད་སྒྱུ་སྩལ་བ་ཡིན་མི་དགོས།

    ཡི་གེ་ནི་འཚོ་བའི་ལག་ཆ་ཞིག་ཡིན། སྒྱུ་སྩལ་ནི་དུང་པའི་ཁ་ཕྱོགས་ཤིག་ཡིན།

    ༼གུས་པོ་རང་ཉིད་(ལ)་ད་དུང་འབད་བརྩོན་གྱི་ཡུལ་དུ་ལྷགས་ཡོད།༽ ལ་དོན་དེ། ཐེཀོར་གྱི་འབྲི་ཚུལ་རེད་དམ། བྷོ་རྡི་ལེར་གྱི་རེད། མེ་ལོང་མ་ན་དེ་འདྲ་ཞིག་མེད་ཚོད་ཡིན། ཧ་ཧ་ཧ།

  2. རིག་ཡག says:
    2014-11-10 at 10:18 am

    ཡག་གི་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme