Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྒྲུང་བ་གྲགས་ཅན་རྒྱ་རི་བློ་གྲོས་རྒྱལ་མཚན།

Posted on 2010-02-122010-02-12 By ཁ་བརྡ་ 45 Comments on བོད་ཀྱི་སྒྲུང་བ་གྲགས་ཅན་རྒྱ་རི་བློ་གྲོས་རྒྱལ་མཚན།

loriདེ་རིང་ཀུན་གླེང་གི་སྟེང་ལ་སྐུ་མགྲོན་དམིགས་བསལ་ཞིག་ཕེབས་འདུག སྐུ་མགྲོན་དེ། བོད་རྒྱ་འབྲེལ་མོལ་སྐོར་གྱི་སྒྲུང་བ་གྲགས་ཅན་རྒྱ་རི་བློ་གྲོས་རྒྱལ་མཚན་རེད་འདུག དེ་རིང་། ཁོང་གིས་བོད་རྒྱ་འབྲེལ་མོལ་སྐོར་ལ་སྒྲུང་མང་པོ་བཤད་སོང་། སྒྲུང་ཁ་ཤས་རིང་པོ་དང་སྒྲུང་ཁ་ཤས་ཐུང་ཐུང་བྱས་ནས་བཤད་སོང་། ངས་ཀྱང་ཁོང་གི་སྒྲུང་ལ་ཉན་པ་ཡིན། བོད་རིགས་གྲོགས་པོ་གཞན་དག་གིས་ཀྱང་ཁོང་གི་སྒྲུང་ལ་ཉན། ང་ཚོ་ཚང་མས་ཁོང་གི་སྒྲུང་ལ་ཉན་པ་ཡིན། སྒྲུང་སྙན་པོ་བྱུང་ཙང་། ཀུན་གླེང་གིས་ཁ་པར་གྱི་སྒོ་ཡང་བརྒྱབ་འདུག
སྒྲུང་མཁན་གྱི་སྒྲུང་བཤད་ཚར་གྲབས་ཡོད་དུས། གཞི་ནས་ཀུན་གླེང་གིས་ཁ་པར་སྒོ་ཕྱེས་སོང་། དྲི་བ་གཏོང་མཁན་གཅིག་ལ་གོ་སྐབས་ཕུལ་སོང་། སྒྲུང་མཁན་ལ་དྲི་བ་གཏོང་མཁན་དེ་རྡ་ལམ་ས་ལ་ནས་རེད། འོན་ཀྱང། ཁོང་ལ་དྲི་བ་གཏོང་རྒྱུའི་སྐར་ཆ་སུམ་ཅུ་མ་གཏོགས་མེད་ཟེར། དྲི་བ་གཏོང་མཁན་གྱིས་དྲི་བ་ཡག་པོ་ཞིག་ཀྱང་གཏོང་ཐུབ་མ་སོང་། སྒྲུང་མཁན་ལ་ལན་རྒྱག་རྒྱུའི་དུས་ཚོད་ཀྱང་བྱུང་མ་སོང་། སྒྲུང་མཁན་གྱི་གདོང་ལ་སྐྱིད་པའི་འཛུམ་ཞིག་བསྡུས་སོང་། ད་དུང་། རྗེས་མར་གོ་སྐབས་བྱུང་ན། སླར་ཡང་དེ་རིང་གི་སྒྲུང་དེ་བཤད་ཀྱི་ཡིན་ཟེར།
གཤམ་ནས་ཁོང་གི་སྒྲུང་ལ་ཉན་རོགས།

འདི་རུ་བསྣུན།

གསར་འགྱུར།

Post navigation

Previous Post: ཁ་བ་ཅན་ལ་འདུད་།
Next Post: ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།

Comments (45) on “བོད་ཀྱི་སྒྲུང་བ་གྲགས་ཅན་རྒྱ་རི་བློ་གྲོས་རྒྱལ་མཚན།”

  1. ཚངས་དབྱངས། says:
    2010-02-12 at 3:00 pm

    རྒྱ་རི་རིན་པོ་ཆེས་དབྱིན་ཇིའི་ནང་རྒྱ་ནག་གི་དཔོན་རིགས་རྣམས་arrogant ཆེན་པོ་འདུག སྤོབས་པ་མཐོན་པོ་འདུག་གསུངས། ཚིག་འདི་བོད་སྐད་ནང་”ང་རྒྱལ་”ཟེར་སྒྱུར་ན་ལེགས་པ་མེད་དམ་སྙམས། 

  2. Gedun says:
    2010-02-12 at 4:30 pm

    མགོ་ལ་སྟ་རེས་བརྒྱབ་པ་ནང་བཞིན་ནག་འཐོམས་མེར་ཕྱིན་སོང་། ད་ཡིན་ན། ཡིག་ཆ་ན་ཡོད་པ་དང་གསུངས་པ་གཉིས་མཐུན་མ་སོང་། ལོ་རྒྱུས་ཀྱི་སྐད་ཆ་ཡང་ཏན་ཏན་བསྡད་མ་སོང་། གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཡིན་ཞེས་གསལ་བསྒྲགས་བྱས་པ་དེ་ཚོ་ཚང་མ་རྫུན་མ་རེད་དམ་ད་ཡིན་ན། ཡིག་ཆའི་ཐོག་སྐད་ཆ་བཤད་པ་རེད་དམ་ཡང་ན་བོད་རྒྱའི་སྐོར་གྲོས་མོལ་བྱས་པ་རེད། འབྲོག་པས་གཟི་བཤད་པ་རེད་དམ་སྐུ་ཚབ་གྲོས་མོལ་བྱས་པ་རེད། ལན་བསྐྱལ་དུ་ཕྱིན་པ་རེད་དམ་བརྩད་རྒྱག་ཏུ་ཕྱིན་པ་རེད། མགོ་འཐོམས་སོང་དཱ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-12 at 4:49 pm

    ཉན་བཞིན་ཉན་བཞིན། འབྲོག་པའི་རྩྭ་ཐང་གི་རྒན ་པོ་ཞིག་གིས་རང་ཉིད་བུ་རབས་ཡིན་པར་གླེང་ནས་ཉིན་མ་ཕུད་པ་ལྟ་བུ་ཞིག་ལས་གང་ཡང་མཐོང་མ་སོང་། དངོས་ནས་ད་ནི་དུས་ཚོད་འཕྲོ་བརླག་གཏོང་བའི་སྐུ་ཚབ་དམ་རང་ཚབ་འདི་རིགས་ཀྱིས་དངོས་ནས་སྤོབས་པ་ལྡན་པ་དང་ལོ་རྒྱུས་ལ་བདེན་པ་བརྡར་ནས་བཤད་མི་ཐུབ་མཁན་ཞིག་དགོས་དོན་མི་འདུག་ལ། སྐད་ཆ་གང་བཤད་ཀྱི་བར་ནས་༧གོང་ས་མཆོག་ལག་པ་ཕྱི་ས་བྱེད་པ་ལས་གཞན་མང་བོ་ཞིག་མཐོང་གི་མི་འདུག ཚང་མ་ཁོང་གི་དགོངས་གཞི་ལྟ་བུ་འགྲོ་བཞིན་ཡོད་པ་ལྟ་བུ་ཞིག་བཤད་པ་དེ་གཏན་ནས་སེམས་པ་སྐྱོ་སོང་།

  4. རྩམ་དགའ་ says:
    2010-02-12 at 5:09 pm

    ཨ་ཨ་་་་རྒྱ་རི་ཚང་གི་སྐད་ཆ་འདི་ངས་ངོ་མ་ཧ་གོ་མ་སོང་། ང་བཟི་དྲག་པས་ཡིན་ནམ་གང་ལྟར་མིག་ཆུ་འཐོར་སོང་། རེ་བ་ཆུང་རེ་འགྲོ་སོང་། ངའི་ཕ་ཡུལ་གྱི་སྤུན་ཟླ་ཚོས་ཤེས་ན་སེམས་ཤུགས་ཕར་ངེས་ཡིན་ནམ།
    ང་བཟི་སོང་།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-12 at 5:45 pm

    ལོ་ཞིག་གི་ཚེ་ཐག་ཇེ་ཐུང་དུ་སོང་བའི་བོད་ཀྱི་སྐུ་མགྲོན་འདི་དག་གིས། དངོས་ནས་བོད་མི་རིགས་ཀྱི་དགོས་འདོད་ངོ་མ་དེ་དག་རྒྱ་གཞུང་ལ་ཞུ་ཐུབ་ཡོད་དམ། ཁག་པོ་འདུག ཕར་སོང་ནས་ཕྱིར་སླེབས་རྗེས། མི་རིགས་ཤིག་གི་ལས་དོན་ཟེར་དུས་དེ་འདྲའི་ལས་སླ་བོ་ཞིག་འགྲུབ་འགྲོ་བར་ང་ཚོས་ཀྱང་སྔ་ནས་རེ་བ་བརྒྱབ་མྱོང་ཡོད་པ་མ་རེད་ཟེར། དེས་ན་ལོ་ངོ་ག་ཚོད་ཅིག་གི་རྗེས་སུ་རེ་བ་རྒྱགས་དགོས་པ་རེད། ལོ་ངོ་ལྔ་བཅུ་ཕྱི་ལོག་དུ་ལུས་སོང་། ད་དུང་ག་ཚོད་འདུག་ངེས་རེད། ཨ་ཧ ཨཧཧཧཧཧཧ དོན་དག་གང་ལ་ཐུག་ཡང་ཆང་འཐུང་ནས་ཉིན་མ་མི་འཕུད་ཁོ་ཐག་ཡིན། དྲ་ཐོག་གི་སྤུན་ཟླ་ཚོ་དེ་ལྟར་སེམས་ལ་བཟུང་། ང་ཚོ་ད་དུང་ཤི་མེད་པ་རེད།

  6. བསྟན་འཛིན་ཉིན་བྱེད། says:
    2010-02-12 at 6:44 pm

    ཧ་ཧ་ཧ། རྩོམ་པ་པོ་ཁྱོད་བདེན་གྱི། སྤྱིར་གསར་འགྱུར་ལས་རིམ་ནི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་མ་གཏོགས་ཤེས་བྱའི་བརྒྱུད་ལམ་ཞིག་ག་ལ་ཡིན། དེ་འདྲ་སོང་ཙང་ཤེས་བྱ་དང་ལེགས་བཤད་ཅིག་ཤེས་འདོད་ན་གོམས་སྟབས་དང་པོ་ནི། གཟུགས་མཐོང་རླུང་འཕྲིན་ནང་བཏོན་བཞིན་པའི་གསར་འགྱུར་བལྟ་ཀློག་བྱེད་རྒྱུ་མཚམས་འཇོག་དགོས། དེའི་ཚབ་ཏུ་དཔེ་དེབ་བཀླག་དགོས། ཨ་རིའི་སྐད་ཡིག་ནང་གཟུགས་མཐོང་རླུང་འཕྲིན་ལ་ལྐུག་སྒམ་སྟེ། Idiot Box ཞེས་བརྗོད་ཀྱི་ཡོད་པ་དེར་བསམ་བློ་གཏོང་ཡག་ཡོད་པ་ཅིག་རེད། ཡིན་ནའང་མི་དཀྱུས་མ་ཕལ་མོ་ཆེས་ཤེས་བྱ་གཙོས་བྱ་བ་མཐའ་དག་ལས་སླ་པོའི་ངང་ནས་སྒྲུབ་ཐབས་བྱེད་ཀྱི་ཡོད་པས་དེ་འདྲ་ནི་ཡོང་ཐབས་མེད་པ་ཞིག་རེད།

    བོད་ཀྱི་གནས་བབ་ལ་འགྱུར་བ་གཏོང་དགོས་ན་དང་པོ་བོད་མི་མང་གི་བསམ་བློར་འགྱུར་བ་གཏོང་དགོས། དེ་འདྲ་ཡོང་བར་ང་ཚོར་ཚད་ལྡན་ཤེས་ཡོན་མི་སྣ་དགོས་ཀྱི་ཡོད། དེ་འདྲ་ནི་ད་ལྟ་ཡོད་པ་རེད།

  7. ཀརྨ་རྡོ་རྗེ་ says:
    2010-02-12 at 7:42 pm

    སྒྲུང་དང་སྒྲུང་མཁན།

    སྒྲུང་མཁན་ཁ་བརྡ་ཚང་པ་ཡིས། །
    ཨྰར་ཨེཕྷ་ཨྰེ་ཡི་མེ་ལོང་ནང་། །
    གླིང་སྒྲུང་འདན་མ་ངར་རབས་དང་། །
    ཚིག་མདའ་སྡེམ་འཁྱུག་སྟོན་སྟངས་འདུག །

  8. མདའ་ཚན་པ། says:
    2010-02-12 at 9:04 pm

    བོད་རེ་བས་ཕོངས། རྒྱ་དྭོགས་པས་ཕོངས་ཟེར་བ་ལྟར་བོད་མི་མང་པོ་ཞིག་གིས་བོད་དོན་འདི་ཚད་ག་ཚོད་ཅིག་ལ་སླེབས་ཡོད་མེད་མ་ཤེས་པར་རེ་བ་རྒྱག་རྒྱུ་མང་དྲགས་པས་གྲུབ་འབྲས་མ་སོན་པའི་སྐབས་སེམས་ཤུགས་རྦད་དེ་ཆགས་ཡོང་གི་ཡོད་པ་འདྲ་བོ་འདུག
    ང་ཚོས་ཤེས་དགོས་པ་དེ་བོད་རྒྱ་འབྲེལ་མོལ་འདི་གྲུ་བཞི་ཞིག་རེད་དམ། གྲུ་བཞི་ནར་མོ་ཞིག་རེད། ཡང་ན་ཟུར་གསུམ་མ་ཞིག་རེད་དམ་སྐས་དབྱིབས་ཤིག་རེད། དེ་མིན་ན་ཀ་ཟླུམ་ཞིག་གམ་ཡང་ན་འབིགས་ཟླུམ་ཞིག་རེད། ཡང་ན་ཟླུམ་གོར་ཞིག་གམ་ཅི་ཡིན་དེ་ཤེས་དགོས་པ་དང་། དེ་ཤེས་པ་ཡིན་ན་དེ་ནས་རྩིས་ཤིག་རྒྱབ་པ་ཡིན་ན་གཟུགས་གང་ཡིན་པ་དེའི་རྒྱ་ཁྱོན་ག་ཚོད་ཡོད་མེད་ཤེས་གི་རེད་ལ། དེ་ཤེས་པ་ཡིན་ན་དེ་ནས་ཁྱོད་ལ་སྡོམ་ཞིག་རྙེད་གི་རེད།
    ངས་མ་མཐའ་ཡིན་ནའང་ལོ་ལྔའི་རྒྱ་བོད་འབྲེལ་མོལ་གྱི་འབྲས་བུ་རྩིས་རྒྱབ་ཚར་ཡོད་པས་འདིའི་སྐོར་མང་པོ་བཤད་ནས་དུས་ཚོད་འཕྲོ་བརླག་ལ་གཏོང་འདོད་མེད།
    སྐུ་ཚབ་ཚོའི་སྐོར་བརྗོད་ན་ཤུགས་རིག་པའི་ཐོག་ནས་རྩིས་རྒྱག་དགོས་པར་སེམས། ཁོ་ཚོའི་ལྗིད་ཚད་ཀྱི་ཤུགས། མྱུར་ཚད་ཀྱི་ཤུགས། དེ་ནས་ས་གཞི་ལ་གཙུབས་བརྡར་གྱི་ཤུགས་ཏེ་རྒྱ་མིའི་སྲིད་བྱུས་དེ་ཚང་མ་ཤེས་པ་ཡིན་ན་དེ་ནས་ཆུ་ཚོད་རེར་རིང་ཚད་ག་ཚོད་འགྲོ་ཐུབ་གི་འདུག་ཤེས་མདོག་ཁ་པོ་རེད།
    དེ་མིན་ན་གཞི་རྩ་མེད་པའི་སྐད་ཆ་དང་གཞི་རྩ་མེད་པའི་སྐྱོན་བརྗོད་རེད། ད་རྩིས་ཤིག་རྒྱོབས་ལ་རྒྱ་རི་ལས་ལྗིད་ཚད་དང་མགྱོགས་ཚད་ཀྱི་ཤུགས་ཡག་ག་ཞིག་ཡོད་ན་ཁྲིད་ཤོག དེ་ནི་ཚན་རིག་དང་མཐུན་པའི་རྩིས་རེད།

  9. གཞིས་ལུས་བོད་པ། says:
    2010-02-12 at 10:28 pm

    རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་གྱིས་ཞེས་པ་གོ་བར་གྱིས་ཤིག གྲོགས་པོ་ཚོ། མི་རིགས་ཤིག་གི་བདེ་སྡུག་ནི། །ཉི་མ་བདུན་གྱིས་སེལ་ཐབས་དཀའ། །

  10. དགྲ་སྟ། says:
    2010-02-13 at 2:11 am

    མཆན་བུ་འགོད་མཁན་ཚོའི་ཞལ་ལ་ཉལ་ན་སྐུ་ཚབ་རྒྱ་རི་ཚང་སྒྲུང་བ་ཡིན་ཤག་རེད། སྒྲུང་གི་སྐོར་ལ་ཅང་བཤད་སྙིང་མི་འདུག ལོ་ལྔ་དྲུག་གི་གོང་ནས་བཤད་པ་ཡིན། བྲིས་པ་ཡིན། ད་སུན་བསྡད་ཡོད། ངའི་བསམ་པར་བོད་རྒྱ་ཞི་མོལ་འདི་ནི་ནང་སྙིང་སུས་ཀྱང་མི་རྟོགས་པའི་མེ་དཔུང་དམར་པོ་ཞིག་རེད། ད་མེ་དཔུང་འདི་ཉིད་ཀྱི་མཐའ་ལ་འགྲོ་འདོད་ཀྱང་མེད། རྒྱུ་མཚན་ནི། རང་དོན་དང་སྒེར་དོན་གཉིས་ཆ་ཡོད།

    གནད་དོན་གཞན་ཞིག་ཡོད་པ་ནི། ཀུན་གླེང་ཚང་གིས་ཁ་པར་སྒོ་བརྒྱབ་པ་དེ་རེད། ཀུན་གླེང་བོད་ཀྱི་ཀུན་གླེང་རེད། ཀུན་གླེང་གི་སྒོ་བོད་ལ་འབྱེད་དགོས་པ་རེད། མི་རེ་ཟུང་གི་གདོང་ལ་གཟས་ནས་སྒོ་བརྒྱབ་ཆོག་ཆོག་དེ་འདྲ་ཡིན་ན། དེ་ཡང་ཉི་མ་ཞིག་སྒྲུང་ཁང་ཞིག་ཆགས་རྒྱུར་ཐེ་ཚོམ་མི་དགོས་འདུག ང་ཚོས་གནད་ལུགས་མཁྱེན་པའི་སྒང་ནས་འདི་ཚོ་ལ་ཁ་རྡུང་བཏང་ན་རེད། མེ་སྟག་ཆུང་དུས་མ་བསད་ན་མེ་ཆེན་ཤོར་རྒྱུ་འཇིག་རྟེན་གྱི་ཆོས་ཉིད་རེད།

  11. བསྟན་འཛིན། says:
    2010-02-13 at 3:04 am

    ཀུན་གླེང་གིས་ཁ་པར་སྒོ་བརྒྱབ་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། སྐུ་མགྲོན་གྱི་གདོང་ལ་བལྟས་ནས་ཕྱག་ལས་གནང་ན་དེ་ཚོ་ཞབས་འདྲེན་རེད། བོད་མི་རིགས་ཀྱི་ཞབས་འདྲེན་རེད།
    ཀུན་གླེང་ཚང་གི་ནང་ན་ཡང་འདྲེ་ཁ་ཤས་ཡོད་ས་རེད། རྗེས་མ་བརྩད་གཅད་ནས་རྙེད་སོང་ན་དམངས་ལ་ཁྲོམ་བསྒྲགས་བྱེད་ཁོ་ཐག་ཡིན། ཞབས་འདྲེན་དེ་ཚོ།

  12. བསྟན་འཛིན། says:
    2010-02-13 at 3:08 am

    སྐུ་མགྲོན་དེ་རྒྱ་རི་རིན་པོ་ཆེ་ལྟ་བུ་དང་ཁོང་ཚོའི་ངོ་ཤེས་དེ་འདྲ་ཡིན་ན། དྲི་བ་གཏོང་མཁན་ཚོས་ཁ་པར་ག་ཚོད་བཏང་ན་ཡང་ཁ་པར་ཡག་པོ་ལེན་གྱི་མི་འདུག་ཟེར།
    འདི་ཚོ་ཞབས་འདྲེན་གྱི་ལས་ཀ་རེད།

  13. གཞིས་ལུས་བོད་པ། says:
    2010-02-13 at 4:33 am

    ཁ་པར་རྒྱག་མཁན་དེ་ཚོ་ཁ་བརྡ་དང་དུས་བབ་ཀྱི་དྲ་འབུ་དེ་ཚོ་ཡིན་ན་དེ་ལས་ཉོག་པ་མ་རེད་དམ།

  14. མིག་དམར་རྡོ་རྗེ། says:
    2010-02-13 at 11:59 am

    རྒྱ་མིས་བོད་མིའི་སྐུ་ཚབ་ངོས་ལེན་བྱེད་ཀྱི་མེད། སྐུ་ཚབ་གཉིས་ྋགོང་ས་མཆོག་གི་སྐུ་ཚབ་རེད། ྋགོང་ས་མཆོག་གི་དགོངས་གཞི་ལས་འགལ་བ་ཞིག་སྐུ་ཚབ་ཚོས་བསམ་དང་ཤོད་སྲིད་ཀྱི་མ་རེད། ང་ཚོས་ཁ་གཏད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་རྒྱུ་གལ་ཆེ། དབང་ཆ་འདྲ་མཉམ་དང་གཅིག་ཤོས་ལ་དཀའ་ཚེགས་བཟོ་ཐུབ་པའི་ནུས་པ་གཆིག་མཚུངས་སུ་ཡོད་ན་འདི་མཁས་མ་བླངས་ན་འདི་མཁས་ལེན་གྱི་མིན་ཟེར་རྒྱུའི་ནུས་པ་དང་བློ་ཁོག་ཅིག་ཡོང་རྒྱུ་ཡང་ང་ཚོའི་གནས་སྟངས་ཀྱི་ཆ་ནས་དེ་འདྲ་ཁག་པོ་རེད་སྙམ། སྐུ་ཚབ་ཀྱིས་མ་འགྲིགས་མ་འཐུས་གསུངས་མཁན་ཁྱེད་རྣམ་པ་སྐུ་ཚབ་གནང་ནས་ཕེབས་ན་ག་རེ་གསུང་གི་ཡིན། སྲིད་བྱུས་དང་ཐབས་ལམ་གསར་པ་ག་འདྲ་ཞིག་འདོན་རྒྱུ་ཡིན། བསམ་བློ་ཡག་པོ་གཏོང་དགོས་འདུག སྟུ་ངན་རྨོངས་སྤུ་ནང་ལ་རུག་ཟེར་བའི་དཔེ་ལྟར་གནང་རྒྱུ་མི་འདུག ལས་དོན་སྒྲུབ་མཁན་སུ་ཡིན་རུང་མ་འདེང་བ་དང་མ་འཇོན་པ་ཡོང་སྲིད། དེ་ལ་བསམ་ཚུལ་བརྗོད་རྒྱུ་གལ་ཆེན་པོ་རེད། ཡིན་ན་ཡང་ཙི་ཙིས་རམ་པ་ཟ་བར་ཟ་ལུགས་རྣམ་པ་བཅོ་བརྒྱད། ཨ་བྲ་ཐང་ལ་རྒྱུག་པར་རྒྱུག་ལུགས་རྣམ་པ་བཅོ་བརྒྱད་ཟེར་བ་བཞིན་ལུགས་མཐུན་གྱི་བསམ་ཚུལ་ཤོད་པ་ལས་གང་བྱུང་བཤད་ན་ནང་ཁུལ་མི་མཐུན་པའི་རྒྱུ་ལས་མེད། མཁྱེན་ལྡན་དྲྭ་གྲོགས་རྣམ་པས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པས་གསུང་རྒྱུ་གལ་ཆེར་མངོན་ལ། ངན་པའི་སྐྱེས་བུ་འཚོགས་གྱུར་ན། །འདྲི་མི་དགོས་གཏམ་ངན་ཐུ་ལུ་ལུ། །ཟེར་བ་ལྟར་མི་གནང་བའི་འབོད་བསྐུལ་སོར་བཅུའི་འདབ་མ་སྙིང་ཁར་བཀོད་ནས་ཞུ་བ་ལགས།

  15. དྲི་རྟགས says:
    2010-02-13 at 12:53 pm

    ད་མཐའ་གཅིག་ཏུ་སྐུ་ཚབས་ཀྱི་མ་འཇོན་རབས་བཤད་ན་མི་འགྲིགས་མོད
    འོན་ཀྱང་དེ་རིང་སྐུ་ཚབས་ཀྱི་སྐད་ཆ་ལ་གོ་རྒྱུ་ཅང་མེད་གི
    ཁ་རྩོད་རྒྱབ་ན་ཅང་ཕན་པ་མེད་གི་ཡ

  16. གཅན་བཟོད་རྒྱམ། says:
    2010-02-13 at 1:48 pm

    གོང་གི་འདྲ་པར་དེ་མཐོང་ཡོང་ན་སེམས་ན་ཡོང་གི བོད་ཕོངས་དུས་ད་འདི་མོ་འདིའི་བསྟན་པ་དར་གི་རེད།
    མ་གཞི་ནས་གླེང་སྟེགས་ནང་གི་ཨ་ཅག་ཁ་ཅེ་དེ་དང་པད་མ་རྡོ་རྗེ་ཟེར་བ་དེ་གཉིས་ཀྱིས་དྲི་བ་གཏོང་མི་ཤེས་ཀི མི་དེ་ཚོར་རང་སྲུང་གི་སྤྱང་གྲོང་ལྡན་པ་ལ་དཔེ་རེད། རྒྱ་རི་ཟེར་བ་འདིས་ཁ་སྔོན་ཟིག་ལ་ཡང་བོད་རྒྱའི་གནད་དོན་སྐོར་བཤད་སྐད་ཁོ་རང་༸གོང་ས་མཆོག་གི་ལ་དད་པ་ཡོད་མེད་དང་། བླ་སློབ་ཀྱི་འབྲེལ་ལ་ཡོད་མེད་སོགས་བཤད་ཀི་འདུག ཧ་ལམ་མ་སོང་ན་ཁོ་རང་དཀར་འདོདན་འདྲ་ཞིག་བྱེད་ཀིན་འདུག མི་འདིས་ཅིག་ཟོས་ཡོད་ས་རེད་པ།

  17. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-02-13 at 9:56 pm

    གྲོགས་པོ་ཚོ།། སྐུ་ཚབ་ཚོའི་མ་འཇོན་རབ་དང་མ་མཐུས་རབ་བཤད་བསམ་ན་ཁ་ཐུགས་༧་གོང་ས་མཆོག་ལ་ཞུས་ན་མ་རྟོགས་ཁག་འཀྲུ་ས་དང་ཁ་གཏང་ས་གཞན་མེད་ གང་ཡིན་ཟེར་ན་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་༧་གོང་ས་མཆོག་རང་གིས་ཐད་བསྐོས་ཡིན་པ་ལས་གཞན་སུ་གཅིག་གིས་འོས་ཤོགས་བསྡུ་བ་སོགས་བྱེད་མེད་ ད་དུང་རྒྱལ་ཁབ་གཉིས་ཀྱིས་བརྩོད་སྙོགས་སེལ་བ་ལ་ཕུན་ཚུན་ཐུགས་འཕྲད་ཁ་ཤས་བྱེད་པ་ཙམ་གིས་རེ་བ་བྱེད་ན་རང་ཉིད་ལྐུག་དང་བྱབ་ཆུང་ཡིན་པ་ལས་གཞན་གང་ དཔེར་ན་གང་ཟག་གཅིག་གིས་ལྟོ་གོས་ཀྱིས་དཀའ་ངལ་སེལ་བ་ལ་དཀའ་ལས་ཇི་ཙམ་ཡོད་མེད་ལ་ལྟོས་ན་གསལ་པོ་རེད།། གཞན་ལ་ལྟ་བའི་མིག་ཡོད་ཀྱང་ རང་ཉིད་ལྟ་བའི་མེ་ལོང་དགོས་

  18. མདའ་ཚན་པ། says:
    2010-02-13 at 10:11 pm

    མིག་དམར་རྡོ་རྗེ་དང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གཉིས་ཀྱི་བཤད་པ་དེ་ལ་རྒྱབ་སྐྱོར་ཡོད། མ་འགྲིགས་པ་བཤད་རྒྱུ་ཡོད་ན་རྒྱུ་མཚན་དང་བཅས་བཤད་ན་ཡག་པོ་འདུག དེ་མིན་ཁུངས་འཁྱོལ་ལ་མ་འཁྱོལ་བར་ངན་སྨྲས་བྱས་བསྡད་ན་ཆོ་མི་འདུག
    སྲིད་དོན་ཚོགས་པ་ཚོས་ཁ་གཏད་ཚོགས་པ་ཁག་གི་མི་སྣ་གལ་ཆེན་གྱི་སེམས་ཤུགས་དང་སྤྱི་ཚོགས་ནང་ཁོ་ཚོའི་མཐོང་གཅོག་ཐབས་ལ་སྲིད་དོན་གྱི་དྲིལ་བསྒྲགས་བྱེད་སྟངས་ནག་པོ་ཡོད་པ་དེ་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་མེད་པའི་སྨོན་ལམ་འདེབས།། གནས་ལུགས་རྒྱུ་མཚན་ཡོད་པའི་སྐྱོན་སེལ་ལ་རྒྱབ་སྐྱོར་ཡོད། དེ་ཡོངས་སུ་མ་ཚང་བའི་ངན་བཤད་ལ་རྒྱབ་སྐྱོར་མེད།

  19. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-02-13 at 10:19 pm

    ཀུན་གླེང་ཚང་གིས་བྱེད་བཏང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། མ་གཞི་ནས་མིའི་ངོ་ལ་ལྟོས་ནས་ལས་བྱེད་མཁན་དེ་འདྲ་གཞུང་གིས་ལས་བྱེད་པའི་ནང་ལ་མང་པོ་ཡོད་གུ་ ངོ་དགའ་དང་སྤྲེལ་ལས་ཁོ་ན་འཕྲབ་ནས་རང་གི་ལྟོ་གོས་དང་སྤུན་མཆེད་ཁོ་ན་བསམ་པ་ལས་མི་རིག་ཞིག་གི་ལས་བྱེད་པ་ཡིན་བསམ་པ་དུས་ནམ་ཡང་མེད་ དེ་ཚོ་བོད་མི་རིགས་ཀྱི་ཞབས་འདྲེན་རེད་ གོ་བསྐབ་བྱུང་ན་དེ་ཚོ་རྩ་མེད་གཏང་དགོས་པ་རེད།།

  20. མིའུ་ཕྲུག says:
    2010-02-14 at 2:46 am

    དྲྭ་གྲོགས་ཚོ་རྒྱ་རིས་དེ་རིང་༧རྒྱལ་མཆོག་བཅུ་བཞི་པའི་ཐུགས་རྗེ་བཀའ་དྲིན་ལས་བྷོད་ཆོལ་ཁ་གསུམ་གཅིག་གྱུར་ལས་དྲང་པོ་བཤད་ན་ལོ་རྒྱུས་ཐོག་གཅིག་མ་ཡིན་བ་ཞེས་བཤད་པ་འདྲ་བོ་ཞིག་བཤད་པ་གོ་སོང་བས་ངའི་རྣ་བ་འཁྲུལ་བ་རེད་དམ

  21. བསེ་རུ། says:
    2010-02-14 at 2:53 pm

    སྐུ་ཚབ་ཚོས་མི་འདང་ས་དང་མི་འཇོན་ས་ཡོད་ཆོག་པ་ཞིག་མ་རེད་དམ།
    ཡོད་ཚད་མཐུན་སྣང་གི་ཆོས་སུ་གྲུབ་ན་བོད་རྒྱ་ཞི་མོལ་ཡང་མི་དགོས་པ་རེད།
    མཐུན་སྣང་ཆོས་ཅན་ལ་རྩོད་གཞིས་དབེན་པའི་ཕྱིར་རོ།།

    དྲ་གྲོགས་ཚོ། ལས་ཀྱི་སྣེ་མོར་གཏོགས་པ་དང་ལས་ལ་ཞུགས་མཁན་ཞིག་གིས་མི་འགྲིག་པ་དང་མ་འཐུས་པ་ང་ཚོས་གླེང་གིན་གླེང་གིན་བསྡད་ན། ར་སྤུའི་འུར་རྡོ་ར་ཡི་མགོ་ཐོག་མི་ཕོག་པའི་ངེས་པ་མེད་པས། ཐོག་མར་རང་གིས་ཅི་འཇོན་ཅི་བྱས་ལ་ལེགས་པར་སོམས། རང་ཉིད་སྲང་ལ་བཏེགས་རྗེས་གཞི་ནས་གཞན་སྲང་ལ་འདེགས་དགོས།
    དེ་ནི་བློ་གཟུ་བོར་གནས་པའི་བྱེད་སྟངས་ཤིག་རེད་ལ། རང་ཉིད་ནས་འགོ་རྩོམ་སྟངས་ཤིག་ཀྱང་མ་རེད་དམ།
    ཁ་བརྡ་ཚང་ལ་ཡོང་ཐེངས་རེ་རེར་མཆན་བུའི་ཁྲོད་ནས་འགའ་ཞིག་གི་སྐད་ཆ་ཐལ་ཆ་ཆེ་དྲགས་ཀྱི་འདུག་སྙམ་བྱུང་། ང་ཚོ་ཚང་མ་ཤ་ཁྲག་རུས་གསུམ་གཅིག་ལས་གྲུབ་པ་ཞིག་རེད། ཡར་འཐེན་མར་འཐེན། ཕར་འཁྱོག་ཚུར་འཁྱོག་བྱེད་དྲགས་ན་རང་མཚང་རྗེན་པར་སྟོན་པའི་རྣམ་འགྱུར་ཙམ་ཕྱིར་མངོན་པ་ཞིག་རེད་སྙམ། དེ་རིགས་མི་ཡོང་བར་འབད་རོགས།།

  22. མི་རྐང་གླིང་བུ། says:
    2010-02-16 at 1:05 am

    འོ་རེད། ད་ངས་ཅིག་བཤད། སྐུ་ཚབ་ཤོག་ཟེར་བ་ཙམ་གྱིས་འགྲ་རྐྱང་བྱེད་རྒྱུ་འདི་མི་འགྲིག་གི། ང་ཚོའི་ངོས་ནས་དགོས་འདུན་ཞིག་འདོན་དགོས་ཀི། ཤི་ཚར་བ་དེ་ཚོ་ཤི་ཚར་ནི་རེད་། བསླངས་ཐུབ་རྒྱུ་མ་རེད། བཙོན་པ་དེ་ཚོ་གློད་ཤོག་མ་གཏོགས་སྐུ་ཚབ་ཡོང་རྒྱུ་མིན་ཞེས་བཤད་དགོས་ཀི
    ཁོང་ཚོའི་རྒྱ་སྤྱིའི་གནོན་ཤུགས་ལ་གཡོལ་ཆེད་དུ་ང་ཚོ་ཤོག་ཟེར། གྲོས་མོལ་བྱེད་གི་རྣམ་པ་སྟོན་ཀི
    འཛམ་གླིང་མི་མང་མགོ་འཁྲུག་བཅུག་གི
    ང་ཚོ་ག་དུས་ཡིན་ནའང་གྱོང་རག་ཡོང་གི།
    ཆ་རྐྱེན་ཞིག་ངེས་པར་འདོན་དགོས་ཀི་འདུག་ ད་དུང་ཤོག་ཟེར་ན་བཙོན་པ་གློད་རོགས་ལབ། བཙོན་པ་འདི་དག་ཅིག་མ་གླེང་ན་གཞིས་ལུས་བོད་པའི་སེམས་པ་འཁྱག་ལ་འབྱར་ཀི

  23. ཟླ་བ། says:
    2010-02-16 at 2:21 am

    རྒྱ་རི་རིན་པོ་ཆེས། འདི་ལྟར་སྒྲུང་བཤད་ནས་མི་ཚེ་རྫོགས་གི་རེད། བོད་མི་ཕལ་ཆེ་བས་ཀྱང་ཁོང་གི་སྒྲུང་ལ་ཉན་ནས་འདུག་གི་རེད།
    འདི་མ་འོངས་ལུང་བསྟན་འདྲ་ཞིག་ཡིན།

  24. ཟླ་བ། says:
    2010-02-16 at 2:24 am

    རྒྱ་རི་རིན་པོ་ཆེ་མ་གྲོངས་སྔོན་ལ། སྒྲུང་བཤད་མཁན་གསར་བ་ཞིག་གྲ་སྒྲིག་གནང་གི་རེད། དེས་མུ་མཐུད་དུ་མཇུག་སྐྱོང་གི་རེད།བོད་དོན་འདི་སྒྲུང་བཤད་མཁན་ཞིག་གི་ཁ་ལ་བལྟས་ནས་འདུག་དགོས་ན་དངོས་གནས་དཀའ་རྒྱུ་རེད། བོད་ནང་གི་བོད་མི་ཚོ་སྙིང་རྗེ།

  25. ཙན་དན་ལོ་མ། says:
    2010-02-16 at 4:07 am

    རྒྱ་རི་གཅིག་པོ་མ་རེད། བོད་བཙན་བྱོལ་སྤྱི་ཚོགས་དམངས་གཙོ་ཡང་དག་པ་ཡིན་རབས་ཤོད་ཀྱི་ཡོད་པ་རེད། དོན་གྱིས་དམངས་གཙོའི་མ་རེད། འོན་ན་བཙན་བྱོལ་སྤྱི་ཚོགས་ག་རེ་རེད་ཟེར་ན། བཙན་བྱོལ་སྤྱི་ཚོགས་བླ་གཙོའི་རང་ལུགས་ཆགས་ཡོད་པ་རེད། བཀའ་ཁྲི་དང་དམིགས་བསལ་སྐུ་ཚབ་གཙོའི་གནད་ཡོད་སྲིད་སྟེགས་ཡོང་རྫོགས་བླ་མའི་མིང་ཡོད་མཁན་ཚོས་བཟུང་ནས་མི་མང་ལ་གོ་སྐབས་སྤྲོད་ཀྱི་ཡོད་པ་མ་རེད། བོད་འདི་བླ་གཙོའི་སྲིད་ལུགས་གམངས་གཙོ་ཡང་དག་པར་ཁ་ཕྱོགས་རྒྱུ་གལ་ཆེ་བ་མཐོང་། འགྱུར་བ་འདི་ཐེབས་པ་ཡིན་ན་གཞི་ནས་བོད་ལ་རེ་བ་ཡོད་པ་རེད།

  26. ཙན་དན་ལོ་མ། says:
    2010-02-16 at 4:08 am

    ་་་་་་་་་་་་་བོད་འདི་བླ་གཙོའི་སྲིད་ལུགས་ནས་དམངས་གཙོ་ཡང་དག་པར་ཁ་ཕྱོགས་རྒྱུ་གལ་ཆེ་བ་མཐོང་།

  27. ཁ་བའི་མེ་ཏོག says:
    2010-02-18 at 11:54 am

    རེད་ཡ་ཁྱོད་བླ་གཙོའི་སྲིད་ལུགས་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་་་་ མགོ་རྒྱལ་བ་རིན་པོ་ཆེན་བརྩེ་པས་གདན་ས་ཁག་གི་བླ་སྤྲོས་ཡོངས་རྫོགས་སྲིདསྐྱོང་བ་ཡིན་ནམ་་་་་ དམངས་གཙོ་ཡང་དག་ཟེར་བ་གང་རེད་་་་་་ ཁྱོད་ཀྱི་དམངས་གཙོ་ཡང་དག་ཞིག་ཁ་ཕྱོགས་རྒྱུར་ན་འགྲིག་གི་རེད་་་་་་་་ ཆ་གཞི་བཀོད་སྒྲིག་གང་ཡོད་དམ་་་་་་་་་ དོན་མིན་དེ་འདྲ་ཤོད་ན་ཆག་མེད་སྨྱོས་གཏམ་རེད་ཨ་རོགས་

  28. ཁ་བའི་མེ་ཏོག says:
    2010-02-18 at 12:00 pm

    གལ་སྲིད་བོད་གཞུང་དེ་སྐྱར་སེར་ཨ་བ་ཞིག་གིས་འཛིན་ན་དེ་ནི་ལྟའི་མོ་ཡོད་ལེ་རེད་ཨ་རོགས་

  29. ཁ་བའི་མེ་ཏོག says:
    2010-02-22 at 12:04 pm

    ཟླ་བ་་་་་་ཁྱོད་བྲིས་པའི་་་་་བོད་མི་ཕལ་ཆེ་བས་ཀྱང་ཁོང་གི་སྒྲུང་ལ་ཉན་ནས་འདུག་གི་རེད།
    ཟེར་བ་ལ་ཁྱོད་ཀྱི་འབྲེལ་བཤད་གསལ་པོ་ཅིག་རྒྱག་རོགས་་་་་་གང་འབྱུང་ཤོད་ན་རིན་མེད་་་་ངས་ལྟས་ན་ཁྱོད་དང་ཁྱོད་འདྲ་བ་མང་དྲག་པའི་རྐྱོན་རེད་སྙམས་་་་ གང་ཡིན་ཟེར་ན་་་་ཨ་མཐུན་མཐུན་ཁ་མི་རུག་མི་ཐུན་གྱོད་ཁ་རྒྱག་མཁས་མང་དྲག་ན་སྤྱི་ཚོགས་རིགས་ལུགས་ཀྱི་དུག་དངོས་གནས་འདི་རེད་སྙམས་་་་་འདི་འདྲ་ཡིན་ཙམ་ཁྱོད་བསམ་བློ་བཞི་གསུམ་བཅུ་ཉིད་བཏོང་ནས་འདིར་མཆན་འབྲེ་བྱོས་ན་བཟང་་་་་་་

  30. ཐུབ་བསྟན་ཕྱོགས་གླང་། says:
    2010-02-25 at 7:22 pm

    ཙན་དན་ལོ་མ་ལགས། ༧གོང་ས་སྐྱབས་མགོན་ཆེན་པོར་གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་གུས་བརྩི་དང་། ཡིད་ཆེས་བློས་འགེལ་གཙང་མའི་ཐོག་ནས་རེ་སྐྱབས་ཞུ་གི་ཡོད་ཙང་ད་ཆ་དགུང་ལོ་ ༧༥ ལ་ཕེབས་ཟིན་ཡང་སྐུ་ངལ་གསོ་རྒྱུའི་དུས་ཚོད་ཙམ་ཡང་མེད་པར་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་ག་ཚོད་སྐྱོན་ཀྱི་ཡོད་པ་ཕྱི་ནང་ཚང་མའི་བློར་མངགས་སེམས་གསལརེད། དེ་ནི་༧ ཏཱ་ལའི་བླ་མའི་སྐུ་དབང་རྒྱུན་འཛིན་གནང་རྒྱུའི་ཐབས་ཤེས་མ་རེད་ད། བཀའ་དྲིན་བསམ་ཤེས་ཐུབ་ན་ཡག་པོ་རེད། སྐུ་དབང་མང་ཚོགས་ལ་གནང་སྟེ་བོད་ཀྱི་སྲིད་དོན་གྱི་ལས་འགན་གཙོ་བོ་འཁྱེར་མཁན་བཀའ་ཁྲི་མང་ཚོགས་ནས་འོས་འདེམས་ཀྱིས་ཟམ་གདོང་རིན་པོ་ཆེར་ཐོབ་པ་རེད། དེ་དམངས་གཙོ་མིན་ན་ག་རེ་རེད་དམ། ངས་ཀྱང་བཀའ་ཁྲི་སྐབས་གཉིས་པའི་འོས་ཤོག་ཟམ་གདོང་རིན་པོ་ཆེར་འཕེན་པ་ཡིན། དེ་ནི་ཟམ་གདོང་རིན་པོ་ཆེ་བླ་མ་ཡིན་པའི་རྒྱུ་མཚན་དང་། ལུང་ཚན་གཅིག་པ་དང་དགའ་ཉེ་ཡིན་པའི་རྒྱུ་མཚན་ལ་བལྟས་ནས་འོས་ཤོག་འཕེན་པ་མིན་ད། ཁོང་གི་ཤེས་ཡོན་ལ་བལྟས་ནས་འོས་ཤོག་འཕེན་པ་ཡིན། ང་ནི་ཆོས་ལུགས་རིས་མེད་ཡིན། སྐྱེས་ཡུལ་དབུས་ཡིན། ཟམ་གདོང་རིན་པོ་ཆེ་དང་སྒེར་གྱི་འབྲེལ་བ་རྩ་བ་ནས་མེད་དོ། སྔ་དུས་ཀྱི་བྱུང་རབས་ལ་བལྟས་ནས་སྤྱི་བཤད་བྱས་ན་དངོས་ཡོད་གནས་ཚུལ་དང་མཐུན་གྱི་ཨེ་ཡོད།

  31. གཞོན་ནུ་ཟླ་མེད says:
    2010-02-25 at 11:30 pm

    རེད་རེད། ངས་ཀྱང་ཟམ་གདོང་བླ་མ་འོས་བླུགས་པ་ཡིན། དེ་ནི་ལུང་ཚན་གཅིག་པ་ཡིན་པ་དང་བླ་མ་ཡིན་པའི་རྒྱུ་མཚན་མིན། ང་ཁོང་གི་ཚིག་གཅིག་ཀྱང་སློབ་མ་མྱོང་ལ་ཁོང་གི་མདུན་ནས་ཆོས་སློབ་འདོད་མེད། འོན་ཀྱང་ཆབ་སྲིད་ངོས་ཐད་ནས་བཤད་ན་ཁོང་ལས་ལྷག་པ་ཅིག་བཙན་བྱོལ་སྤྱི་ཚོགས་ནང་མ་རེག་པས་ཡིན། ཁོང་༧ གོང་ས་མཆོག་གི་ཐད་བསྐོས་མ་རེད། འདི་ལ་རྒྱ་ནག་གི་རྒྱབ་ཤ་དཀར་པོ་ན་ཡང་བཤད་རྒྱུ་གང་ཡང་ལྷག་མེད་ས་ནས་བོད་པ་གཅིག་གཉིས་ཅིག་གིས་གླེན་བཤད་རྒྱག་པ་ཡ་མཚན་རེད།

  32. གཞོན་ནུ་ཟླ་མེད says:
    2010-02-25 at 11:42 pm

    རྒྱ་རི་རྒྱགས་པ་ཡིན་ནོ་སྐྱོན་མེད་ཀི།
    རྒྱ་མོས་ཞབས་ཞུ་སྒྲུབ་ནོ་སྐྱོན་མེད་ཀི།
    རྒྱ་ཆེན་རྒྱས་པ་བྱས་ནོ་སྐྱོན་མེད་ཀི།
    རྒྱ་བོད་ཞི་མོལ་ཕྱག་ལས་དོན་ཆེ་ཀི།

    རྒྱ་ལྭ་བོད་ལྭ་བཀོན་ནོ་སྐྱོན་མེད་ཀི།
    རྒྱ་ཟས་སྣ་ཚོགས་ཟས་ནོ་སྐྱོན་མེད་ཀི།
    རྒྱ་དཔོན་སེམས་ཁམས་དཀྲུག་ནོ་སྐྱོན་མེད་ཀི།
    རྒྱ་བོད་གྲོས་མོལ་བྱས་ནོ་དོན་ཆེ་ཀི།

  33. མིག་དམར་རྡོ་རྗེ། says:
    2010-02-26 at 11:13 am

    ཟམ་གདོང་རིན་པོ་ཆེའི་མཁྱེན་རྒྱ་དང་མཛད་རྗེས་ལ་བལྟས་ནས་ངས་ཀྱང་འོས་འཕངས་པ་ཡིན། ང་རང་དབུས་ནས་ཡིན། ཟམ་གདོང་རིན་པོ་ཆེ་ཁྲིས་ནས་མཇལ་ཡང་མ་མྱོང་། རྗེས་མའི་འོས་བསྡུའི་སྐབས་བླུག་མི་ཆོག་པ་མ་གཏོགས་ཆོག་ན་ད་དུང་ཁོང་རང་ལ་འོས་འཕང་རྒྱུ་ཡིན་ལ། རྗེས་མའི་བཀའ་ཁྲི་དེ་མཁྱེན་རྒྱ་དང་བོད་ལ་ལྷག་བསམ་དཀར་བ། ྋགོང་ས་མཆོག་གི་དགོངས་གཞི་སྒྲུབ་མཁན་ཞིག་བཙལ་ནས་འོས་འཕེན་པ་ལས། ལུང་ཚན་གྱི་ཞེན་མགོ་ཆེན་པོ་དེ་འདྲ་ཞིག་ལ་ངའི་རྩ་ཆེའི་འོས་ཤོག་གཅིག་པོ་དེ་འཕྲོག་བརླག་མི་གཏོང་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན། དེ་དོན་ཚང་མས་དགོངས་བཞེས་ཡོང་བ་ཞུ།

  34. རྩམ་དགའ་ says:
    2010-02-26 at 2:39 pm

    རྒྱ་རི་རྒྱ་དཔོན་ཚོ་ལ་ཐུག་དང་ཐལ། །
    རྒྱ་བོད་བར་གྱི་སྐད་ཆ་བཤད་དང་ཐལ། །
    རྒྱ་ཟས་ཞིམ་པོ་ཉིན་འགའ་ཟས་དང་ཐལ། །
    རྒྱ་མོར་རྒྱོ་དང་མ་རྒྱོ་མ་ཤེས་ཐལ། །

  35. རྩམ་དགའ་ says:
    2010-02-26 at 2:44 pm

    མིག་དམར་རྡོ་རྗེ་ལགས་ལ་རྒྱབ་སྐྱོར་ཡོད།

  36. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-02-26 at 5:43 pm

    དགེ་སློང་དམག་དཔོན་བྱེད་པའི་དུས་ཡིན་ཙང་།། ངས་ཀྱང་ཟོམ་གདོང་བླ་མ་ལ་འོས་བླུགས་པ་ཡིན་ འོན་ཀྱང་ངས་ཁོང་གིས་འཇོན་ཐང་དང་ཆབ་སྲིད་གི་ཤེས་བརྒྱ་ཇི་ཙམ་ཡོད་མེད་གང་ཡང་ཤེས་གི་མེད་ ཡིན་ཡང་ང་ཚོའི་དགེན་ལགས་གིས་ཁོང་ཡག་པོ་ཡོད་གི་རེད་ཟེར་བ་ཙམ་གྱིས་ཚང་མའི་འོས་ཤོག་འཕེན་གི་རེད་ དེ་ཚོ་ཚང་མ་ངས་ནོར་སོང་ དགོངས་འདག་ཞུ།།

  37. གཞོན་ནུ་ཟླ་མེད says:
    2010-02-27 at 9:17 pm

    རྒྱ་རི་རྒྱོ་བ་ཡིན་མིན་མ་ཤེས་ཐལ།།
    རྒྱ་མོས་ཞབས་ཞུ་སྒྲུབ་རབས་མ་གོ་ཐལ།།
    རྒྱ་མཁར་ཆེན་པོ་པེ་ཅིན་གྲོང་ཁྱེར་ལ།།
    རྒྱ་བོད་ཆེད་དུ་ཐེངས་འགའ་འདུར་དང་ཐལ།།

  38. རྩམ་དགའ་ says:
    2010-02-27 at 11:16 pm

    ཨ་ཁུའི་རླིག་ཆུང་སྤུ་ཡི་གསེབ་ན་ཉལ། །
    ཨ་ཁུའི་མིག་ཟུང་མཛེས་མའི་རྐུབ་ལ་ཤོར། །
    ཨ་ཁུའི་སྐྱིན་པར་དྲི་མ་བཙོག་དང་ནོ། །
    ཨ་ནེ་ཆ་བོའི་སྣ་ཡིས་མི་ཧྲོན་གོ །

    ཨ་ཁུ་ཆ་བོས་ཁ་བཙོག་བཤད་དང་ན། །
    ཨ་ཅག་ཆ་བོ་དགའ་ནས་མྱོས་འགྲོ་གི །
    ཨ་བོ་དག་ནི་ཁོང་ཁྲོ་ལངས་འགྲོ་གི །
    ཨ་ཁུའི་ཁ་ལ་དོ་ཟླ་གང་ན་ཡོད། །

    ཧ་ཧ་ཧ།

  39. གངས་ལྷ says:
    2010-03-04 at 11:38 am

    རྒྱ་རི་རྒྱག་པ་རྒྱ་ཁོག་ཐུར་ཏུ་སོང་།།
    རྒྱ་སྐད་མ་ཤེས་རྒྱ་ཡིས་མགོ་སྐོར་ཐེབས།།
    རྒྱ་མོ་མཉམ་དུ་བསྡད་མེད་མི་ཤེས་ཀྱང་།།
    རྒྱ་བོད་འབྲེལ་ལམ་ཕྱོགས་ལ་ཨ་ཐང་ཆད།།

  40. ལྕམ་ཆུང་གཡུ་ལོ། says:
    2010-03-06 at 3:45 am

    ཁ་བརྡ་ཚང་ལ་མ་ཡོང་ཁ་ཤས་ཡིན།
    དྲ་འབུ་ཆ་བོ་འདི་ན་འཁོར་ཀོ་གི
    རྒྱ་རི་ཚང་གི་རྣ་ཅོག་ཚ་གོ་གི
    ཁ་སྟོང་ཚིག་སྟོང་ལས་བསྡད་ཡོད་ཀི
    ཨ་ཨ་ཁ་བརྡ་ཁང་དུ་མོ་སྐྱིད་པོ་ར།

  41. རྡོ་སེང་གེ says:
    2010-03-06 at 4:23 am

    བོད་མི་སུ་ཡིན་རུང་རྒྱ་གར་ནས་བལ་ཡུལ་དུ་ཕེབས་ཚེ་ངེས་པར་དུ་བལ་ཡུལ་མཆོད་རྟེན་རྒྱ་སྒོ་ཕྱི་ལོགས་མགྲོན་ཁང་དུ་སྡོད་ན་གཟབ་གཟབ་བྱེད་དགོས། དགུང་མོ་ལྟར་པ་ཉེན་རྟོག་པས་མགྲོན་ཁང་བསྔོགས་བཤེར་བྱས་ནས་བོད་པ་ཡིན་ཚེ་སྒོར་བདུན་སྟོང་རེ་འཕྲོགས་ནས་རྒྱ་གར་དུ་ཕྱི་འབུད་བྱེད་ཀྱི་འདུག

  42. རྡོ་སེང་གེ says:
    2010-03-06 at 4:39 am

    སྒྲུང་བཤད་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་ཡིན་རུང་། སྒྲུང་རྩོམ་མཁན་ཟམ་གདོང་རིན་པོ་ཆེ་རེད། ད་དུང་མུ་མཐུད་ནས་གོ་སྐབས་ལོ་ལྔ་རག་པ་ཡིན་ན་རྩོམ་སྒྲུང་དེ་ལས་སྙན་པ་ཞིག་བརྩམ་རྒྱུ་རེད།

  43. རྡོ་སེང་གེ says:
    2010-03-06 at 4:51 am

    ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་ལོ་བཅུ་དང་། བཀའ་ཁྲི་ལོ་བཅུ་གནང་པ་རེད། འཇོན་ཐང་ཡོད་ནས་དུས་ཚོད་དེའི་ནང་དུ་བསྟན་དགོས་པ་ལས་ད་དུང་བཀའ་ཁྲིའི་འོས་གཞིར་བཞག་དགོས་དོན་གང་ཡིན། རྒྱ་ནག་བཀའ་བཀོད་རྒྱུད་འཛིན་རིང་ལུགས་ཡིན་རུང་ད་ལྟ་འགོ་ཁྲིད་མཁན་དེ་མི་རབས་གསུམ་པར་སླེབས་ཡོད། བོད་པ་ད་དུང་ཡང་མི་རབས་དང་པོ་རྫོགས་མ་ཐུབ་པ་གང་ཡིན་ནམ། གོང་ས་མཆོག་གིས་བོད་པ་སྐྱབས་བཅོལ་བ་ཚོ་ལོ་སུམ་ཅུ་ཐུར་ཤོར་ཕྱིན་འདུག་གསུངས་ཡོད། མི་གཅིག་གིས་བཀའ་ཁྲི་ལོ་བཅུ་དང་། སྤྱི་འཐུས་ཚོགས་གཙོ་ལོ་བཅུ་བཅས་ལོ་ཉི་ཤུ་གནང་བ་ཡིན་ན་ཐུར་ཤོར་ལོས་འགྲོ། ད་དུང་ཡང་ཟམ་གདོང་རིན་པོ་ཆེ་ལ་འོས་འཕེན་འདོད་ཡོད་ན། གོང་ས་མཆོག་གིས་ད་ལོ་ཉི་ཤུ་ཐམ་པ་དེ་ཐུར་ཤོར་མ་གནང་བ་བྱེད་དགོས་གསུངས་པའི་དགོངས་གཞི་ཆུད་ཟོས་སུ་བཏང་པ་མ་ཡིན་ནམ།

  44. མིག་དམར་རྡོ་རྗེ། says:
    2010-03-06 at 10:31 am

    རྒྱ་རིས་མ་འགྲིག་མ་འཐུས་ཟེར་བ་འདི།།
    རྒྱ་རིས་སྤྱི་དོན་ལས་ཤིག་བྱེད་པའི་རྟགས།།
    རྒྱ་རིས་གང་ཡང་མ་བྱས་བསྡད་པ་ན།།
    རྒྱ་རི་ཡག་ཉེས་སྨྲ་བ་མང་དོན་མེད།།

  45. གཞོན་ནུ་ཟླ་མེད says:
    2010-03-07 at 5:25 pm

    ཟམ་གདོང་བླ་མ་བོད་ཀྱི་དཔོན་པོ་ལས།།
    ཟམ་པའི་འོག་ཏུ་སྡོད་པའི་ཟམ་གདོན་མིན།།
    ཟམ་གདོང་རྒྱ་བོད་གྲོས་མོལ་ཟམ་པ་ལས།།
    ཟམ་པ་གཅོད་པར་བྱེད་པའི་བསམ་སྟོང་མིན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme