Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དང་བླངས་དཔྱ་དངུལ་སྐོར་གྱི་གསལ་བསྒྲགས།

Posted on 2014-11-082014-11-08 By ཁ་བརྡ་ 35 Comments on དང་བླངས་དཔྱ་དངུལ་སྐོར་གྱི་གསལ་བསྒྲགས།

བསྟན་འཛིན་འཇམ་དཔལ་གྱིས་འོས་སྦྱོར་བྱས།
 

དང་བླངས་དཔྱ་དངུལ་ཆེད་ཕོགས་འབབ་སོགས་ངེས་པར་དུས་བཀག་ནང་མ་ཕུལ་ཚེ་ཡུལ་མིའི་ལས་འགན་མ་བསྒྲུབ་པར་ངོས་འཛིན་གནང་རྒྱུའི་གསལ་བསྒྲགས།

 
བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༥ ཉིན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་བཅས་སོ་སོར་བཏང་བའི་གསལ་བསྒྲགས་ནང་གསལ། ཀུན་གྱི་དགོངས་པར་མངའ་གསལ་བཞིན། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ནང་གསལ་ལྟར། དཔྱ་དངུལ་ནི་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་བརྩི་མཐོང་གི་མཚོན་བྱེད་དུ། མ་བསྐུལ་དང་བླངས་ཀྱིས་འབུལ་སྒྲུབ་དགོས་པ་ཡིན་པ་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ པར་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན།
བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དེའི་དོན་ཚན་ ༡༡ པའི་ནང་གསེས་ ༡ ནང། རྒྱ་གར་དང་། བལ་ཡུལ། འབྲུག་གསུམ་ནང་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱི་རང་གི་རྩ་ཕོགས་ཀྱི་བརྒྱ་ཆ་ ༤ འམ། སྒང་ཕོགས་ཀྱི་བརྒྱ་ཆ་ ༢ གང་མང་བ་དེ་འབུལ་དགོས།

རྩ་ཕོགས་དང་སྒང་ཕོགས་ཐ་སྙད་གསལ་ཁ་མེད་པ་ལས་དོད་དང་མཚན་དོད་ཐོབ་མཁན་རྣམས་ཀྱིས་ལས་དོད་དང་མཚན་དོད་འབབ་ནས་བརྒྱ་ཆ་ ༢་༧༠ འབུལ་དགོས།

ཉིན་གླའི་ཐད་ལས་ཁུངས་སམ་སྡེ་ཚན་གཅིག་གི་ནང་ཉིན་གྲངས་ ༣༡ ལས་མང་བ་ཞུ་སྤྲོད་བྱ་དགོས་རིགས་ནས་ཉིན་གླ་ཇི་ཐོབ་ཀྱི་འབབ་ནས་བརྒྱ་ཆ་ ༡ འབུལ་དགོས་ཞེས་དང་། ནང་གསེས་ ༢ པར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་ལོ་རེར་ཨ་སྒོར་ ༥༠ རེ་འབུལ་དགོས་ཞེས་ཁ་གསལ་ཡོད་པ་བཞིན་དཔལ་འབྱོར་ལས་ཁུངས་ནས་ས་གནས་རང་བདེན་ཚོགས་ཆུང་ཁག་སོགས་བརྒྱུད་ཡིག་ངག་གཉིས་ཐོག་ཕོགས་འབབ་སོགས་ཀྱི་བརྒྱ་ཆ་ཁྲིམས་མཐུན་བསྡུ་བཞེས་དགོས་སྐོར་ཞུས་དང་ཞུ་མུས་ཀྱང་།
ད་དུང་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནང་གཏན་འཇགས་དང་། ལས་དོད། ཉིན་གླ་བཅས་ཀྱི་ངོ་བོར་ཕྱག་ལས་གནང་མཁན་མི་ཉུང་བ་ཞིག་ནས་ཁྲིམས་དང་མཐུན་པའི་བརྒྱ་ཆའི་འབབ་ཇི་བཞིན་འབུལ་གྱི་མེད་པའི་སྙན་སེང་ཡོང་བཞིན་པ་དེས་ཕོགས་འབབ་བརྒྱ་ཆ་ཚུལ་བཞིན་ཆད་མེད་འབུལ་མཁན་རྣམས་ལའང་མིག་ལྟོས་ངན་པ་དང་གཞན་འགྲན་ནད་ལངས་བྱ་གཞི་ལྟ་བུ་ཆགས་གཞིར་སོང་། རང་བདེན་ཚོགས་ཆུང་སོ་སོའི་ཁྱབ་ཁོངས་ཀྱི་དགོན་སྡེ་གྲྭ་ཚང་དང་། ས་གནས་འགོ་འཛིན་ལས་ཁང་། སློབ་གྲྭ། མཉམ་འབྲེལ་ལས་ཁང་གཙོས་སྤྱི་སྒེར་ཚོགས་སྡེ་གང་དུའང་གླ་ཡོད་ལས་རིགས་ཡོད་མཁན་ཡོངས་ནས་ཁྲིམས་ཡིག་དགོངས་དོན་ཕོགས་འབབ་སོགས་ཀྱི་བརྒྱ་ཆའི་འབབ་ངེས་པར་འབུལ་དགོས་པའི་བདའ་འདེད་འཐུས་ནན་དགོས་རྒྱུ་དང་།

དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་རྣམས་ཀྱིས་ཀྱང་ཁྲིམས་ཡིག་ནང་གསལ་ལྟར་བདའ་འདེད་འཐུས་ནན་དགོས་རྒྱུ། ཅི་སྟེ་ཁྲིམས་ཡིག་ནང་གསལ་ཕོགས་འབབ་བརྒྱ་ཆ་མ་ཕུལ་ཚེ་བཅའ་ཁྲིམས་དོན་ཚན་ ༡༣ ནང་གསེས་ ༤ དགོངས་དོན་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པར་ངོས་འཛིན་གྱིས་ཁྲིམས་ཡིག་དོན་ཚན་ ༦ དགོངས་དོན་དཔྱ་ཁྲལ་རྐྱང་པའང་འབུལ་རྒྱུའི་ཐོབ་ཐང་གནང་རྒྱུ་མིན་པའི་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་༢༠༠༦ ཟླ་༧ ཚེས་༣ འཁོད་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ཀྱང་། ད་ཕན་ལག་ལེན་ཇི་བཞིན་འཁེལ་བ་བྱུང་མེད་པ་ད་རེས་རང་བདེན་ཚོགས་ཆུང་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་བཅས་ཚང་མས་ལག་བསྟར་ཐུབ་པ་དགོས་རྒྱུའི་བསྐྱར་ནན་ཞུ་རྒྱུ་མ་ཟད། མི་འབུལ་མཁན་རྣམས་ཀྱི་མཚན་གཞུང་དཔལ་འབྱོར་ལས་ཁུངས་སུ་ངེས་འབུལ་དགོས་རྒྱུ་དེ་དོན་དགོངས་འཇགས་ཞུ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།༽

གསལ་བསྒྲགས།

Post navigation

Previous Post: “མ་གཅིག་བདུན་ཕྲག”ལ་མཉམ་ཞུགས་གནང་རོགས།
Next Post: མེ་ལྕེའི་ཁྲོད་ཀྱི་བདག་གི་ནུ་བོ།

Comments (35) on “དང་བླངས་དཔྱ་དངུལ་སྐོར་གྱི་གསལ་བསྒྲགས།”

  1. ཅོ་རི་ཉི་མ། says:
    2014-11-08 at 3:44 am

    བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་དགོས་ཅེས་ཡོད་པ་དེ་རྩ་མེད་བཟོས། བོད་གཞུང་དང་བོད་རྒྱལ་ཁབ་ཀྱི་མིང་ཙམ་བཅའ་ཁྲིམས་ནང་དུ་མེད་པར་བཟོ་མཁན་ཚོས་ངོས་ནས་དང་བླང་བཅའ་ཁྲིམས་སྤྲོད་མིན་གྱི་ཐོག་ནས་བོད་ཀྱི་མི་ཡུལ་ཡིན་མིན་གྱི་ཚད་གཞིར་བཞག་པའི་ཐོབ་ཐང་མེད།

    བོད་ཀྱི་ཡུལ་མི་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ལ་བཅའ་ཁྲལ་སྤྲོད་དགོས་པའི་ཁྱབ་པ་མེད། རྡ་སའི་སྒྲིག་འཛུགས་དེ་ཚོགས་པ་ཞིག་རེད་མ་གཏོགས་སྲིད་གཞུང་ཞིག་མ་རེད། ཚོགས་པ་ཞིག་ལ་ཚོགས་དངུལ་སྤྲོད་པ་ཙམ་གྱིས་བོད་ཀྱི་ཡུལ་མི་ཡིན་པར་མི་འགྱུར་ལ། མ་སྤྲོད་པ་ཙམ་གྱིས་བོད་ཡུལ་མི་མིན་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད།

    མིག་སྟོན་ངན་པ་བཟོ་མཁན་ཁྱོད་རང་ཚོ་རེད། བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པ་རྩ་མེད་བཟོས། གཞུང་སྒྲིག་འཛུགས་བསྒྱུར། རང་བཙན་ལག་དེབ་དང་བླང་བཅའ་ཁྲིམས་ལ་བསྒྱུར། བོད་རང་བཙན་གྱི་འཐབ་རྩོད་རང་སྐྱོང་འཐབ་རྩོད་ལ་བསྒྱུར། འདི་དག་ཐམས་ཅད་ཁྱོད་རང་ཚོས་བྱས་པ་རེད། དམངས་གཙོའི་ལུགས་སྲོལ་རྡོག་རོལ་བཏང་ནས་བཟོས་པ་རེད། ད་་མཇུག་འབྲས་ངན་འཁོར་འོང་གི་རེད། གཏོར་མཁན་ཚོས་གཏོར་ལྟར་འཐོར་འགྲོ་གི་རེད་དོ།

    ༡་་་དང་བླང་བཅའ་ཁྲིམས་དགོས་ན་་་བཙན་བྱོལ་བོད་གཞུང་སླར་གསོ་བྱ་དགོས་ཡོད། དེ་མིན་ན་བཅའ་ཁྲིམས་སྤྲོད་ཀྱི་མིན།
    ༢་་་དང་བླང་བཅའ་ཁྲིམས་དགོས་ན། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པའི་དོན་ཚན་་སླར་གསོ་བྱ་དགོས་ཡོད། དེ་མིན་ན་བཅའ་ཁྲིམས་སྤྲོད་ཀྱི་མིན།
    ༣་་་དང་བླང་བཅའ་ཁྲིམས་དགོས་ན། བཙན་བྱོལ་མི་དམངས་ལ་དམངས་གཙོ་ཡང་དག་པའི་ལམ་ནས་སྤྱི་དོན་ཐག་གཅོད་ཆོག་པའི་དབང་ཆ་ཚད་ལྡན་སྤྲོད་དགོས་ཀྱི་ཡོད། དེ་མིན་ན་་བཅའ་ཁྲིམས་སྤྲོད་ཀྱི་མིན།

  2. ཅོ་རི་ཉི་མ། says:
    2014-11-08 at 3:56 am

    སྒེར་གཅོད་པ་ཚོས་བོད་མི་དམངས་ལ་དབང་ཆ་སྤུ་ཙམ་མ་སྤྲོད་པར་བཙན་བྱོལ་བོད་གཞུང་སྒྲིལ་འཛུགས་ལ་བསྒྱུར་པ་རེད། ༢༠༡༡ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་དམངས་མོས་འོས་ཐོབ་པ་རེད། དེ་ལ་རྩིས་མེད་བཏང་ནས་སྒྲིག་འཛུགས་ལ་བསྒྱུར་ཡོད། དམངས་གཙོ་རྡོག་རོལ་བཏང་ཡོད། མི་དམངས་ཀྱི་དབང་ཆ་ཕྲོགས་ཡོད།

    བོད་ཆེན་པོའི་རྒྱལ་ཁབ་དང་བོད་ཆེན་པོའི་སྲིད་གཞུང་གི་ཆེད་དུ་བོད་མི་ས་ཡ་མང་པོས་སྲོག་གི་འགྲོ་སོང་བཏང་ཡོད་པ་དེར་རྡ་སའི་སྒེར་གཅོད་པ་ཚོས་བརྗེད་མི་ཉན།

  3. ཅོ་རི་ཉི་མ། says:
    2014-11-08 at 4:24 am

    ༡་་་དང་བླང་བཅའ་ཁྲལ་དགོས་ན་་་བཙན་བྱོལ་བོད་གཞུང་སླར་གསོ་བྱ་དགོས་ཡོད། དེ་མིན་ན་བཅའ་ཁྲིམས་སྤྲོད་ཀྱི་མིན།
    ༢་་་དང་བླང་བཅའ་ཁྲལ་དགོས་ན། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པའི་དོན་ཚན་་སླར་གསོ་བྱ་དགོས་ཡོད། དེ་མིན་ན་བཅའ་ཁྲིམས་སྤྲོད་ཀྱི་མིན།
    ༣་་་དང་བླང་བཅའ་ཁྲལ་དགོས་ན། བཙན་བྱོལ་མི་དམངས་ལ་དམངས་གཙོ་ཡང་དག་པའི་ལམ་ནས་སྤྱི་དོན་ཐག་གཅོད་ཆོག་པའི་དབང་ཆ་ཚད་ལྡན་སྤྲོད་དགོས་ཀྱི་ཡོད། དེ་མིན་ན་་བཅའ་ཁྲིམས་སྤྲོད་ཀྱི་མིན།་་་ཞེས་བྱོས་རོགས། སྒོར་གཅོད་པ་ཚོའི་བྱས་སྟངས་སྡུག་སྐྱ་དེ་དག་དྲན་འོང་དུས་ཁོང་ཁྲོ་ལངས་ནས་ཚིག་གི་དག་ཆ་ཡང་ནོར་ཤོར་འགྲོ་གི་འདུག་པས་དགོངས་འགལ་མེད་པ་བྱོས། ཁྱོད་ཚོ་ལ་ལས་འབྲས་ངན་པ་ཞིག་འཁོར་ངེས་ཡིན།

  4. བདེན་པའི་ཕོ་ཉ་ says:
    2014-11-08 at 4:28 am

    ཅོ་རི ་དང་བླང་དཔྱ་དངུལ་བསྡུ་བབ་རྣམས་བསྡུ་དགོས་པའི་གསལ་སྒྲགས་ལས་ཁྱོད་ཀྱི་བཤད་པ་ལྟར་་དག་བླང་བཅའ་ཁྲིམས་མ་རེད་ལ་དང་བླང་བཅའ་ཁྲིམས་ཟེར་བ་གོ་བ་ཐོག་མ་ཡིན་ཡི་གེ་ཡག་པོ་ཀློག་གོ་བ་ཡག་་པོ་ལེན་ནས་མཆན་བུ་བྲིས་ཧ་གོ་སོང་བས་བོང་བུ་།།

  5. གནམ says:
    2014-11-08 at 4:57 am

    དང་བླང་དཔྱ་དངུལ། དང་བླང་བྱས་ནས་སྤྲད་ཡ་ཡིན། ངའི་དང་བླང་གི་མ་དངུལ་གྱིས་བོད་བཙན་བྱོལ་བའི་སྲོག་རྩ་ཉིན་གཅིག་གི་ཇེ་རིང་ལ་གཏོང་ཐུབ་ན་ཡང་དགའ་ནི་ཡིན།
    ང་མ་ཤི་བར་དུ་བཙན་བྱོལ་འདི་མཐོར་སོང་ན་ང་ཤི་དུས་ཡང་སྲོག་ཆད་ས་མ་རེད། སྤྲད་ཐག་ཆོད་སྤྲད་ཡ་ཡིན། སོ་སོ་ཤི་དུས་སེམས་བདེ་ནས་མྱིག་བཙུམ་ཐུབ་པར་རེ་བ་དང་འདོད་པ་ཆེན་པོ་ཡོད། དམྱལ་བ་ལས་ཀྱང་སྐྲག་ས་དེ། བོད་བཙན་བྱོལ་དབུས་ལ་ཉམས་རྒུད་འདྲ་ཡོང་དོགས་པ་དེ་ཁ་ན་ཡིན་ནོ།

  6. ཅོ་རི་ཉི་མ། says:
    2014-11-08 at 5:05 am

    བཙན་བྱོལ་བོད་གཞུང་རྩ་མེད་བཟོ་མ་ཐུབ་ན་ཁྱོད་ཤི་དུས་མིག་བཙུམ་ཐུབ་མདོག་མི་འདུག་ག བོད་རྒྱལ་ཁབ་ཟེར་བའི་མིང་ཙམ་བཅའ་ཁྲིམས་ནང་དུ་མཐོང་ཡ་མེད་པ་མ་བཟོས་ན་ཁྱོད་ཚོ་གཉིད་ཁུག་ཐུབ་མདོག་མེད་པར་འདྲ།

    ད་དུང་་་ཉམ་ཆུང་མི་དམངས་ཀྱི་ཉལ་ས་གཏོར་གྱི་ལྷག་བསྡད་འདུག་ག གྲལ་སྒྲིག་བྱེད་བཞིན་ཡོད་ཀྱི་རེད། ང་ཚོས་ངོས་ནས་ཀྱང་སེམས་ལ་གྲལ་སྒྲིག་བྱེད་བཞིན་ཡོད།

  7. ཁྱུང་དཀར། says:
    2014-11-08 at 6:01 am

    ཅོ་རིའི་སྐད་ཆ་བཤད་སྟངས་ནི་རང་བཙན་ཁ་འཁྱེར་གྱིས་ནང་ཁུལ་གཏོར་བཤིག་གཏོང་བའི་ལས་བསྐོས་དང་འདྲ་སེ་འདུག་པས་རང་ཞེན་དང་སྒྲིག་འཛུགས་བརྩི་བཀུར་ཡོད་པ་རྣམས་ཀྱིས་གཟབ་པར་འཚལ། མདོར་དེད་ན་༧ གོང་ས་མཆོག་གིས་ལ་དྭགས་དང་ཨི་ཊ་ལིའི་བཀའ་སློབ་ནི་འདིའི་རིགས་ལ་གནང་ཡོད། ད་དུང་འདི་ལྟ་བུའི་མི་ཁ་ཤས་མིང་འདོན་ཡང་གནང་ཡོད།

  8. སྤེན་ཚེ་ says:
    2014-11-08 at 6:18 am

    ཅོ་རི་ལགས་ངས་བལྟས་ན་ཁྱེད་རང་ན་ཚ་གཞན་ཞིག་ན་ཡི་ཡོད་པ་འདྲ་་ད་དྲྭ་གྲོགས་ཚོ་ཐུགས་གཟབ་གནང་དགོས་འདུག་

  9. ཅོ་རི་ཉི་མ། says:
    2014-11-08 at 6:22 am

    གཞུང་གཏོར་བ་དང་རང་བཙན་དགྲ་ལངས་ཕྱོགས་ཁག་ཚོས་གཟབ་གཟབ་བྱོས་ཨ། འདས་ཟིན་པའི་བོད་མི་རྒྱལ་གཅེས་པ་ས་ཡ་མང་པོའི་རྣམ་ཤེས་རྡོ་རྡུང་བཏང་མཁན་དང་བོད་ཆེན་པོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ཀྱི་རྨང་གཞི་གཏོར་མཁན་ཚོ་ལ་ལས་འབྲས་ངན་པ་འཁོར་འོང་གི་རེད་ད།

    ནང་ཁུལ་གཏོར་བཤིག་བཏང་མཁན་དང་སྤྱིའི་རྒྱུ་སྒེར་བདག་བྱེད་མཁན་སུ་ཡིན་ངོ་ཤེས་པ་བྱོས་ཤོག་ཨ།

  10. ཅོ་རི་ཉི་མ། says:
    2014-11-08 at 6:26 am

    ཨ་ཙིས་་་སྤེན་ཚེ་རྒྱག་པ་ཡང་ཕེབས་བྱུང་། ན་ཚ་ཡོད་པའི་མ་ཚོད་སྙིང་ནད་ཡོད་ད། བོད་ཆེན་པོ་རྒྱལ་ཁབ་ཀྱི་མིང་ཙམ་ཡང་བཅའ་ཁྲིམས་ནང་དུ་མེད་པ་བཟོ་མཁན་ཚོས་ང་ལྟ་བུའི་བོད་མི་ཉམ་ཆུང་ཁྲི་སྟོང་མང་པོའི་སྙིང་ལ་ན་ཚ་བཟོས་ཡོད་ད། དེར་ཤེས་པར་བྱོས།

  11. བོད་པ་ལྷ་སྲས། says:
    2014-11-08 at 6:36 am

    རྣམ་པ་ཚོར་དགོངས་པ་མ་འཚོམ་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། སྐབས་དོན་འབྲེལ་མེད་ཀྱི་གནས་ཚུལ་ཞིག་གཤམ་དུ་བྲིས་ཡོད། འོན་ཀྱང་ཚང་མས་ངེས་པར་ཤེས་དགོས་གལ་ཆེ་སྟབས་འདིར་བཀོད་ཡོད། དོལ་རྒྱལ་གྱི་དྲྭ་ཚིགས་སུ་ས་ཆེན་ཀུན་དགའ་སྙིང་པོ་དང་། ༸ས་སྐྱ་གོང་མ་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེ། རི་རྫོང་རིན་པོ་ཆེ་སོགས་དོལ་རྒྱལ་བསྟེན་གྱི་ཡོད་ལུགས་བཀོད་འདུག ཧམ་བཤད་ནམ་མཁར་མི་བཤོངས་པ་འདི་འདྲ་ངེད་བོད་མི་ཚང་མས་ཤེས་དགོས་ཆེ།
    དྲྭ་ཐག་འདིར་ཡོད་པས་གཟིགས་པར་ཞུ།
    http://www.dorjeshugden.com/category/great-masters/

  12. གངས་ལྡོམ། says:
    2014-11-08 at 7:16 am

    བདག་གིས་ད་ལོ་བར་དུ། དང་བླངས་དཔྱ་དངུལ་ཉུང་ཉུང་དེ་ལོ་ལྟར་ཕུལ་ཟིན་ཡོད་ལ།
    མ་འོངས་པ་ཡང་དབུལ་ངེས་ཡིན། འདི་ནི་ངའི་ལས་འགན་ཡིན་བསམ་གི།

    ཡིན་ནའི། རྡ་རམ་ས་ལའི་ཕན་མེད་གད་སྙིགས་ལས་ཁུངས་དང་བདེ་དོན་གཉིས་མཉམ་འབྲེལ་ཐོག་ནས་མི་མང་གི་ལག་ནས་དངུལ་འཕྲོག་གི་ཡོད་ཙང་སྐྱིད་པོ་མི་འདུག

  13. ལུང་རྟོགས། says:
    2014-11-08 at 12:53 pm

    དོལ་ཚོགས་ལ་ཡ་མ་བྱས་ན་བཟང་། ཁོ་ཚོ་ལ་ངོ་ཚ་དང་རྒྱུ་འབྲས་ཞེས་པ་ཞིག་མེད་པ་ཚང་མས་ཤེས་གསལ་རེད། ཁྱི་ཁ་བཀྱག་ན་སྐྱག་དྲི་ལས་ཅི་ཡང་མེད།

  14. མངའ་རིས་འཕྲིན་ལས། says:
    2014-11-08 at 1:10 pm

    རང་བཙན་མ་དངུལ་སྔར་ཡང་ཕུལ་ཟིན་ལ་ད་དུང་མུ་མཐུད་ནས་ཕུལ་དང་ཕུལ། རེད་དེ་མི་རིགས་དང་རྒྱལ་ཁབ་ལ་ཕན་པ་ཞིག་མེད་ཚེ་མི་འཁྱམས་ཁ་ཤས་ཤིག་གིས་ཟླ་ཕོག་ལ་ཞལ་འདེབས་སྤྲོད་ཡས་འདོད་པ་མེད། དཔལ་ལྡན་མི་དབང་སྲིད་སྐྱོང་གཙོས་པའི་བོད་གཞུང་གི་དབུ་ལས་ཚང་མས་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་ཕན་པའི་ཕྱག་ལས་ཤིག་གནང་ན་བཅའ་དངུལ་སྡུ་བར་གང་ཡོད་ཡིན་དང་ཡིན། མི་སྒེར་དང་ཆོས་ལུགས་པའི་གཡོ་འོག་ལ་མ་ཚུད་པའི་ཐོག་ནས་དུས་སྐབས་དང་བསྟུན་ཏེ་མི་རིགས་ལ་ཕན་པའི་ཕྱག་ལས་གནང་རྒྱུ་གལ་ཆེ། དེ་མིན་ལྷ་འདྲེའི་རྩོད་པ་དང་། པར་བཞག་དང་མ་བཞག་གི་རྩོད་པ་སོགས་ཐབས་སྐྱོ་བོའི་ཕྱག་ལས་དེ་ཚོ་ནམ་ཡང་མ་གནང་རོགས།

  15. བློ་བཟང་རིག་འཛིན། says:
    2014-11-08 at 1:48 pm

    བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པའི་བཙན་བྱོལ་བོད་མི་མང་ཆེ་བ་ཞིག་རྒྱལ་ཁབ་དང་ས་གནས་གང་དུ་ཡོད་ཀྱང་ལས་མེད་རེད། གལ་ཏེ་ངལ་རྩོལ་ལས་ཀ་ཙག་ཙིག་རེ་ཡོད་མཁན་ཡིན་ནའང་གླ་ཆ་ཉུང་བའི་ཐོག་ལ་དཔྱ་ཁྲལ་གཉིས་རེ་སྤྲད་དགོས་ཀྱི་ཡོད་རེད། སོ་སོ་སྡོད་གནས་སྲིད་གཞུང་ལ་ལས་ཀའི་ཡོང་བབས་དང་བསྟུན་ནས་དཔྱ་ཁྲལ་ཞིག་ལོས་སྤྲད་རེད། མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར། རྗེས་ལུས་ཡང་ལུས་སུ་གྱུར་བའི་བོད་མི་རྣམས་ལ་འཕྲད་པའི་དཀའ་ངལ་འདི་སུས་ཀྱང་སེལ་མི་ཐུབ་པར་སྙམ།

  16. རྒྱང་མིག says:
    2014-11-08 at 4:37 pm

    “ནང་གསེས་ ༢ པར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཕོགས་ཡོད་རྣམས་ཀྱིས་ལོ་རེར་ཨ་སྒོར་ ༥༠ རེ་འབུལ་དགོས་ཞེས་ཁ་གསལ་ཡོད་པ་བཞིན་” ཞེས་འཁོད་འདུག་པ་དེ་ལྟར་ཡང་།
    ཨ་རི་ལྟ་བུར་མཚོན་ན། གཏན་འཇགས་དང་འཕྲལ་སེལ་ལ་མ་ལྟོས་པར་ལས་ཡོད་བོད་མི་རེར་ཨ་སྒོར་༩༦ རེ་བསྡུ་ལེན་བྱེད་ཀྱིན་ཡོད་པ་དེ་ཅི་ཡིན་ནམ།

    དེ་བས་ཀྱང་ཁྱད་མཚར་ཞིག་ལ། རང་ལོ་བཅོ་བརྒྱད་མ་སོན་པའི་ཕྲུ་གུ་དང་ལོ་གཞོན་རྣམས་ཀྱི་ས་ནས་ཀྱང་དཔྱ་ཁྲལ་བསྡུ་ལེན་བྱེད་ཀྱིན་ཡོད་པ་དེ་ཡིན། ཕྲུ་གུའི་ས་ནས་དཔྱ་ཁྲལ་བསྡུ་ལེན་བྱེད་པའི་གཞི་རྩའི་སྲོལ་ཡིག་དེ་བཅའ་ཁྲིམས་སོགས་གང་ཞིག་ཏུ་ཡོད་པ་ཡིན་ནམ།

    དེ་དག་མཁྱེན་མཁན་རེ་ཡོད་ན་ལན་གསལ་ཞིག་གནང་རོགས་ཞུ།

  17. ནད་མེད་ཚེ་རིང་། says:
    2014-11-08 at 4:53 pm

    དྭང་བླངས་ཟེར་ན་སུ་རུང་ནས་གནོན་ཤུགས་མེད་པར་རང་ཉིད་ནས་གང་འདོད་བྱ་བར་ཟེར། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་ནས་དྭང་བླངས་དཔྱ་ཁྲལ་འབུལ་ཞེས་འབོད་ནའང་བསྡུ་ཆ་གཏན་འབེབས་ལྟར་དངུལ་འབུལ་དགོས་པ་ཡིན། གལ་ཏེ་དྭང་བླངས་ཡིན་ན་བོད་མི་རང་ཉིད་ནས་ལྷག་བསམ་དང་དཔལ་འབྱོར་གནས་སྟངས་ལ་གཞིགས་ཏེ་འབུལ་དགོས་པ་ལས། བོད་རིགས་དཔྱ་དངུལ་མ་འབུལ་མཁན་བོད་མི་ཡུལ་མིའི་ལས་འགན་མ་འཁུར་མཁན་ཞིག་ཡིན་པ་ངོས་འཛིན་ཞུ་ཐབས་མེད། གང་ལ་ཞེ་ན་བོད་མི་འགའ་རེ་ནས་དྭང་བླངས་དཔྱ་དངུལ་མ་འབུལ་ཀྱང་བོད་ཀྱི་བསྟན་པ་ཆབ་སྲིད་སླད་དྭང་བླངས་དཔྱ་དངུལ་འབུལ་མཁན་བོད་མི་ལས་ལྷག་ཕྱག་ལས་གནང་མཁན་མི་ཉུང་བ་ཡོད། དེར་བརྟེན་བཅའ་ཁྲིམས་ནང་དྭང་བླངས་ཞེས་པའི་ཚིགས་འདིར་འགྱུར་བ་གཏོང་ནས་མིང་དོན་མཚུངས་པའི་མིང་མདོག་དགོས་པར་གལ་ཆེ་མཐོང་། ད་བར་རང་ཉིད་ཙམ་མ་ཟད་ནང་མི་ཆ་ཚང་གི་དཔྱ་དངུལ་མ་ཆད་བར་ལྷག་བསམ་རྣམ་དག་ཐོག་ནས་འབུལ་མུས་ཡིན། ད་ཆ་བཙན་བྱོལ་སྒྲིག་འཛུགས་སྲིང་སྐྱོང་གཙོས་པའི་ཕྱི་དྲིལ་བཀའ་བློན་དང་འཕྲོད་བསྟེན་བཀའ་བློན་གཉིས་ཀྱི་ཕྱག་ལས་ལ་བལྟོས་དང་ཐབས་སྐྱོ་བོ་དེ་འདྲ་གནང་གི་འདུག བོད་མི་ཡིན་ཟེར་ནས་བོད་ཡིག་འབྲི་ཀློག་ཕར་བཞག་ བོད་སྐད་ཆ་ཚང་བ་གསུང་ཐུབ་ཀྱི་མེད་པ། སྐབས་རེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་རྫོགས་པ་རེད་པས། ད་དུང་ང་ཚོ་མཛད་གཙོ་རྣམ་པ་ནས་རྒྱ་གཞུང་ནས་བོད་ཀྱི་ཆོས་དང་སྐད་ཡིག་ རིག་གཞུང་རྩ་མེད་བཟོ་བཞིན་འདུག་སྡུག་སྐད་རྒྱབ་ཀྱི་ཡོད། དང་ཐོག་ང་རང་ཚོའི་འགོ་ཁྲིད་ཚོར་གཟིགས་དགོས་སྙམ། རང་དབང་ཡུལ་ནང་འཚར་ལོངས་བྱས་ཀྱང་རང་གི་སྐད་ཆ་ཚང་བ་བཤད་མི་ཐུབ། ཧ་ཅང་བློ་ཕམ་རེད།

  18. གནམ says:
    2014-11-08 at 5:39 pm

    ད་ཁྱེད་རང་ཚོ་དང་བླང་སྤྲད་འདོད་མེད་མཁན་ཚོས་ཡས་བཤད་མ་སྡོད། བོད་མིའི་དང་བླང་དཔྱ་དངུལ་ནི་གནས་སྐབས་ཀྱི་གོང་དཔོན་འགའ་ཤས་ཞིག་གི་བྱ་སྤྱོད་ལ་གཞུགས་ནས་ཐག་གཅོད་བྱེད་འདོད་བྱས་ན་ཚང་མ་ཚར་བ་རེད།

    བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་ནི། མི་ཡག་པོ་དང་སྡུག་པོ། དུས་སྐྱིད་པོ་དང་རྒུད་པོ་ནམ་ཡིན་ལ་གནས་ཐུབ་པ་བྱེད་པའི་ཕུག་མདུན་དགོས་བ་རེད། མི་དང་དུས་འགྱུར་འགྲོ་ནི་རེད། བོད་བསྟན་པ་ཆབ་སྲིད་གནས་ཐུབ་པ་དགོས་བ་རེད། སྔ་མ་ཚོས་ཕྱི་མ་ཚོའི་ལག་པར་བཞག་ཐུབ་པ་བྱེད་དགོས་བ་རེད།

    གངས་ཅན་པའི་བདེ་སྡུག་ལ། ལྷག་བསམ་དང་ཞེན་ཁོག་ནི་སུ་གཅིག་གིས་བྱ་བ་ག་རེ་བྱས་ན་ཡང་བར་ཆོད་མི་ཐུབ་པའི་བརྟན་བརླིང་གི་དམ་བཅའ་དགོས་བ་རེད། གོ་སོང་ངམ། རི་བོ་གངས་ཅན་པའི་བོད་མི་ཚོ།

  19. ལུང་རྟོགས། says:
    2014-11-09 at 3:33 am

    གནམ་རྒན་མས་སྐད་ཆ་གསེར་འདྲ་ཞིག་བཤད་སོང་། དཔྱ་ཁྲལ་འབུལ་བ་ནི་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་གྱི་ཀུན་ནས་སློང་སྟེ་ཡོང་དགོས་པ་ལས། སྒྲིགའཛུགས་ཀྱི་ལས་བྱེད་ཁ་ཤས་ཀྱི་བཟང་ངན་ལ་ལྟས་ནས་ཐག་གཅོད་བྱེད་རྒྱུ་ཞིག་མ་རེད།

  20. ཅོ་རི་ཉི་མ། says:
    2014-11-09 at 4:10 am

    སོ་སོའི་རྒྱལ་ཁབ་ལ་ལྷག་བསམ་ཡོད་མཁན་གྱི་མི་ཞིག་ཡིན་ན་བཅའ་ཁྲིམས་ནང་གི་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པའི་མིང་ཚིག་ནག་བསུབ་བཏང་དུས་ཁ་ཞིག་གྲགས་མདོག་ཁག་པོ་རེད་བ། ངོ་རྒོལ་ཞིག་བྱེད་མདོག་ཁག་པོ་རེད་བ། དེ་ལས་ལྡོག་ཏུ་དགའ་བསུའི་ལག་པ་རྡབ་མཁན་ཞིག་ལ་བོད་རྒྱལ་ཁབ་ལ་ལྷག་བསམ་ཟེར་བ་སྤུ་ཙམ་མེད་པར་གཏན་ཚིགས་རིག་པས་གྲུབ།

  21. ཅོ་རི་ཉི་མ། says:
    2014-11-09 at 4:28 am

    ཁྱོད་ཚོས་བཙན་བྱོལ་བོད་གཞུང་མི་འདོད། བོད་རང་བཙན་མི་འདོད། བོད་རྒྱལ་ཁབ་མི་འདོད། རྒྱལ་ཁབ་མི་དགོས་ན་འབངས་མི་ཡོང་ཐབས་ཨེ་ཡོད། སྲིད་གཞུང་མི་དགོས་ན་མི་སེར་ཡོང་ཐབས་ཨེ་ཡོད། སྔ་མ་ཚོས་ཕྱི་མའི་ལག་པ་བཞག་ཐུབ་དགོས་པར་བདེན་ན་་་་ག་རེ་འཇོག་དགོས་རེད་དམ། སྲིད་གཞུང་འཇོག་དགོས་པ་ཨེ་རེད། རྒྱལ་ཁབ་འཇོག་དགོས་པ་ཨེ་རེད། ག་རེ་འཇོག་དགོས་རེད་དམ། སྣང་བ་མ་འགྲོ་བའི་སྐད་ཆ་འདི་འདྲ། སྒྲིག་འཛུགས་སྤྲང་ཕོར་འདྲ་ཞིག་མ་གཏོགས་ལྷག་མ་སོང་འདི་ཁྱོད་ཚོའི་ཡིན་ཟེར་དགོས་པ་ཨེ་རེད

  22. གནམ says:
    2014-11-09 at 5:54 am

    སྐྱེས་བུ་ཕྱི་མ་ཚོའི་ལག་པར་(བདེན་པའི་འཐབ་རྩོད། ཆོལ་གསུམ་འཆམ་མཐུན།)འཇོག་དགོས་ལེ་རེད། ཆོལ་གསུམ་རྡོག་རྩ་གཅིག་དུ་ཡོད་དུས། སྨད་དགྱ་ནག་གི་མ་ཚད་ལྷོ་འཛམ་བུ་གླིང་ཟ་བཞག་ན་ཡང་འགྲིག་གི་རེད་ལོ།

    ༼དགྲ་རུ་ལང་ནས་དམག་ཟེར་བ་འདི་ག་དུས་ཡིན་ན་ཡང་རྒྱག་ཆོག་ཆོག་ཞིག་རེད། ཡིན་ན་ཡང་མི་དམངས་ལ་རྡབ་གསིག་མི་ཡོང་བའི་ཁེ་དབང་ཡང་ག་དུས་ཡིན་ན་སྲུང་དགོས་བ་ཞིག་ཡིན་པ་རེད།༽ གོ་ཨེ་བྱུང་། དང་པོ་ཅི་རི་རང་གིས་ཆོས་ཀྱི་རྩ་བར་དུག་གསུམ་སྤང་བྱ་ཡིན་པ་མ་ཤེས་བར་གྲྭ་ལོག་བྱས་བ་རེད། ད་ཡང་སྲིད་ཀྱི་རྩ་བ་དུས་གསུམ་གྱི་འཁོར་འགྲོས་ཡིན་པ་མ་ཤེས་བར་སྲིད་ལོག་བྱས་ན་ག་འདྲ་རེད། ཧ་ཧ་ཧ།

  23. ཅོ་རི་ཉི་མ། says:
    2014-11-09 at 6:15 am

    བདེན་པའི་འཐབ་རྩོད་འཇོག་དགོས་རེད་ཨེ། ལོ་རྒྱུས་ལ་རྫུན་བཤད་བྱས། བདེན་པའི་ལོ་རྒྱུས་ཀྱི་རྡོ་རིང་ལ་རྡོག་རོལ་བཏང་མཁན་ཚོས་བདེན་པའི་འཐབ་རྩོད་ཤིག་ཕྱི་མའི་མི་རབས་ཚོའི་ལག་ཏུ་འཇོག་གྱི་ཞིག་ཅང་ལྷག་མདོག་མེད།

    མྱི་ཆེན་བླ་མའི་རྫུན་བཤད་མཁན་ཚོས་གྲྭ་པ་ཡིན་མདོག་མདོག་བྱེད་བཞིན་འདུག་ག ང་ཅོ་རི་གཅིག་པོ་གྲྭ་ལོག་ཡིན་དོན་ག་རེ་རེད་ཨ། བཙན་བྱོལ་བོད་གཞུང་བསྒྱུར། རང་བཙན་དོར། མནའ་གན་མཐུ་བོ་ཆེན་སྐྱག་པ་ཟ་ཟ་བྱེད་མཁན་ཚོ་སྲིད་ལོག་མིན་ན་ཅོ་རི་སྲིད་ལོག་ཡིན་མདོག་མེད་ད།

  24. ཅོ་རི་ཉི་མ། says:
    2014-11-09 at 6:27 am

    ཨོ་་ཧཧཧ སྲིད་ཀྱི་རྩ་བ་དུག་གསུམ་རེད་ཨེ། དེར་ཤེས་ན་ཨོ་ཙི་རེད། ཡིན་ཀྱང་ཁྱོད་ཚོས་སྲིད་ཀྱི་རྩ་བ་གཉིས་ཕན་རེད་ཟེར་བཞིན་ཡོད་པར་མིན་ནམ། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་ཀྱི་རྩ་བ་གཉིས་ཕན་གྱི་བསམ་བློའི་ཐོག་ཏུ་བཙུགས་ཡོད་པར་མིན་ནམ།

    དུག་གསུམ་བདག་འཛིན་གྱི་ཐོག་ཏུ་སྲིད་ཀྱི་རྩ་བ་བཙུགས་ཡོད་ན་འཇིག་རྟེན་འཁོར་བའི་འགྲོ་སྟངས་རེད། སྐྱ་མིན་སེར་མིན་ཚོས་ཆོས་མིན་སྲིད་མིན་ཞིག་བཤད་བསྡད་ཀྱི་ཡོད་པ་མིན་ནམ།

  25. ལུང་རྟོགས། says:
    2014-11-09 at 7:02 am

    ལོག་བཤད་མཁན་པོ་ཚོས་ནམ་ཡང་ལོག་བཤད་ལས་མི་ཤེས་པ་ཀུན་གསལ་རེད། དཔེར་ན་དོལ་ཚོགས་བཞིན། མི་འདི་ཚོས་རྫུན་མ་ཅིག་ཐེང་བརྒྱ་ལ་བཤད་ན་བདེན་པ་ཆགས་འགྲོ་ཞེས་པའི་མའོ་རྒད་པོའི་རིག་པ་དེ་གཏོང་ཁུལ་བྱེད་ཀྱི་འདུག་ཀྱང་། དེང་སང་དུས་རབས་ཉེར་ཅིག་པའི་མི་ཚོ་མགོ་སྐོར་རྒྱུ་ལས་སླ་པོ་དེ་འདྲ་མེད་པ་རེད།

  26. ཀརྨ་བློ་གསལ་ says:
    2014-11-09 at 8:43 am

    བློ་མཐུན་ཅོ་རི་ལགས་ཀྱིས་གསུངས་པ་དེ་ག་རང་རེད། གཞུང་དོར་རྗེས། ད་ཁྲལ་ཟེར་བ་ཞིག་ཕུལ་མཁན་ཡོག་མ་རེད། མང་ཚོགས་དཀའ་ངལ་ཅན་ཚོར་སྐྱོབ་དངུལ་ཕྲན་བུ་རེ་སྤྲད་ཐུབ་མཁན་ཡོད་ན་ཡག་པོ་རེད།

  27. བདེན་པའི་ཕོ་ཉ་ says:
    2014-11-09 at 9:13 am

    དྲ་འབུ་ཉོན་ཨང་གཞུང་དོར་མེད་རེད་ཕྱི་ནང་གི་རྒྱུ་སྐྱེན་མང་དག་ལརྟེན་སྒྲིག་འཛུགས་ལ་སྒྱུར་དགོས་བྱུང་བ་རེད་བོད་ཀྱི་བདེན་མཐའ་གསེལ་ན་ཡང་སྤྱི་མཐུན་རྒྱལ་ཁབ་ནང་གནས་རྒྱུ་རེད་

  28. གནམ says:
    2014-11-09 at 9:49 am

    ཀརྨ་བློ་གསལ་གྱི་བློ་མཐུན་ས་དང་མཐུན་ནི་གཉིས་ཀའི་ཀླད་རྩ་ན་སྐྲན་ཞིག་ཡོད་པ་ཐག་གི་ཆོད། ཁྱི་རྐུན་འོ་ཟོ་ཁ་ན་འཆམ་ཟེར་བ་དང་གཅིག་པ་རེད། སྐྱེས་ནིའི་ཉིན་མར་ཨ་ཕས་བསངས་བཏང་མེད་པ་འདྲ།

  29. ཅོ་རི་ཉི་མ། says:
    2014-11-09 at 9:53 am

    ཉམ་ཆུང་དང་དྲང་བདེན་གྱི་རྒྱབ་ལངས་པ་བློ་མཐུན་ཀརྨ་བློ་གསལ་ཕེབས་པར་ལེགས། མུ་མཐུད་ནས་དྲང་བདེན་དང་ཉམ་ཆུང་གི་རྒྱབ་ལང་བྱེད་ཐུབ་པའི་རེ་བ་ཡོད།

  30. ལུང་རྟོགས། says:
    2014-11-09 at 8:47 pm

    ཧམ་པ་རི་ལས་ཆེ་བ་བཤད་མཁན་གྱི་དྲང་བདེན་དང་། རང་གི་རྩ་བའི་བླ་མའི་མགོ་བོ་རྡུང་མཁན་གྱི་ཉམ་ཆུང་དེ་ཚོའི་ཀླད་པའི་ནང་ན་དབང་རྩ་ཞིག་ཚང་མེད་པའམ་འཁྲུག་སོང་བ་ཏན་ཏན་རེད།

  31. བདེན་པའི་ཕོ་ཉ་ says:
    2014-11-09 at 9:26 pm

    ལུང་རྟོགས་ལརྒྱབ་སྐྱོར་ཡོད་དྲ་འབུ་ཁ་ཤད་དངོས་གནས་ཀླད་རྩ་ཚང་མེད་པའམ་ཡང་ན་ཀླད་འབུ་ཡོད་པ་འདྲ་།

  32. ཇུས་ཏོག says:
    2014-11-10 at 9:48 am

    གཞུང་སྒོ་རྒྱབ་མ་རྒྱབ་ཀྱི་གནད་དོན་མ་རེད་་བོད་ཀྱི་ཡུལ་མི་ཡིན་ན་དཔྱ་ཁྲལ་
    འབུལ་དགོས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་་དུ་གསལ་བའི་
    བོད་ཀྱི་ཡུལ་མིའི་ལས་འགན་རེད་བཅའ་ཁྲལ་མ་ཕུལ་ན་བོད་ཀྱི་ཡུལ་མིའི་ལས་
    འགན་མ་འགྲུབ་པའི་གསལ་བསྒྲགས་གནང་དགོས་པ་དེ་དབུས་་བོད་མིའི་སྒྲིག་
    འཛུགས་ཀྱི་དཔལ་འབྱོར་ལས་ཁུང་གི་ཐུགས་འགན་ཡིན་པའི་ངོས་འཛིན་ཡང
    ཞུ་གི་ཡོད་།

  33. BONPO says:
    2014-11-11 at 5:45 am

    དོན་ཚན་འདི་དང་འབྲེལ་མེད་ཅིག་གླེང་དགོས་བྱུང་སོང་བས་དྲྭ་གྲོགས་རྣམ་པར་དགོངས་འགལ་མེད་པ་ཞུ། །
    དཔལ་ལྡན་ཁ་བརྡ་ཚང་ལགས། ། སྐར་ཁུང་ནང་དུ།

    བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ།(བཞི་པ།)
    སྐར་ཁུང་རྩོམ་སྒྲིག་པ། | 06/11/2014 | ཞར་བཀོད་།
    (རྒྱལ་དབང་ལྔ་བ་དང་སླར་གཅིག་གྱུར་བྱས་པའི་ཁོང་གི་བོད།)
    མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས།
    དོན་བཙན་གྱིས་བསྒྱུར།

    ཞེས་པའི་ནང་དུ་་་་་༼༡༦༦༢་ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་༩༣་སྟེང་དགོངས་པ་རྫོགས་ཤིང་རྒྱལ་དབང་ལྔ་བས་དེ་མ་ཐག་དེའི་ཡང་སྲིད་འཚོལ་བའི་ལུགས་གསར་དུ་བཙུགས། ཁོང་གིས་གདན་ས་གསུམ་གྱི་དགེ་འདུན་ཚོར་ཁོང་རང་གིས་ལྗགས་རྩོམ་མཛད་པའི་སློབ་དཔོན་མྱུར་འབྱོན་གསོལ་འདེབས་བསྐྱོར་བའི་བཀའ་བསྒྲགས་པས་༡༦༦༧་ལོར་ཡང་སྲིད་བེ་རུ་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་དེ་ནི་བོན་གྱི་ཆོས་རྒྱུད་ཆེན་པོ་ལྔའི་ཡ་གྱལ་ཞིག་རེད། ཁོང་གིས་དམིགས་བསལ་གྱི་ཆོས་རྒྱུན་འདི་དང་ཞི་མཐུན་གནས་པ་མཚོན་ཕྱིར་ཕྱིས་ཀྱི་བཀའ་ཡིག་ཁྲོད་དུ་བོན་ཆོས་ཉིད་བོད་གངས་ཅན་གྱི་གཞུང་འབྲེལ་གྱི་ཆོས་རྒྱུན་ཞིག་ཏུ་ངོས་འཛིན་མཛད།༽

    འདིར་་་ཡང་སྲིད་བེ་རུ་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་་་་བྲིས་འདུག་པས་་་་ཡང་སྲིད་འཁྲུངས་ས་དེ་་་་བྲུ་ཚང་ཁྱིམ་རྒྱུད་་་ཡིན་པ་ཡོད་བེ་རུ་ཨ་ཡིན་ན། །

  34. ཇུས་ཏོག says:
    2014-11-12 at 9:58 pm

    དཔྱ་ཁྲལ་ཟེར་བའི་ཐ་སྙད་དེ་རྒྱལ་དོན་དཔྱ་ཁྲལ་ལ་བསྐྱར་བཅོས་གནང་ན་དངུལ་འབུལ་མཁན་མང་བ་དང་་ཀ་ར་ཀོ་རེ་བཤད་མཁན་མེད་པ་སོགས་དབུས་བོད་
    མིའི་སྒྲིག་འཛུགས་་དང་མི་མང་དང་བཅས་ཚང་མར་ལས་་བདེ་བ་དང་་ག

    ནང་
    བདེ་ཡོང་གི་མ་རེད་དམ་།

  35. ནད་མེད་ཚེ་རིང་། says:
    2014-11-21 at 5:18 pm

    ཇུས་ཏོག་ལགས། རྙོག་འདྲ་ཟེར་ན་འདྲ་གང་ལྟར་ཚིག་དཔྱ་ཁྲལ་ཟེར་བ་དེ་རེད། དཀའ་རྙོག་མེད་པ་བཟོ་འདོད་ན་དྭང་བླངས་དཔྱ་ཁྲལ་ཚབ་ཏུ་རྒྱལ་གཅེས་མ་དངུལ་ཞེས་འབོད་ན་ཅི་འདྲ་གདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme