Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་ནེའུ་ཡོག་བོད་མིར་བཀའ་སློབ་གནང་བ།

Posted on 2014-11-062014-11-06 By ཁ་བརྡ་ 10 Comments on ༧གོང་ས་མཆོག་གིས་ནེའུ་ཡོག་བོད་མིར་བཀའ་སློབ་གནང་བ།

གློག་བརྙན་།

Post navigation

Previous Post: རྦབ་སྒྲ་དང་ང༌།
Next Post: སྟོན་མཇུག

Comments (10) on “༧གོང་ས་མཆོག་གིས་ནེའུ་ཡོག་བོད་མིར་བཀའ་སློབ་གནང་བ།”

  1. ཅོ་རི་ཉི་མ། says:
    2014-11-06 at 5:14 am

    ཤཀྱའི་ཆོས་ལུགས་ནང་གི་སེམས་ཁམས་རིག་པའི་རྣམ་བཞག་དེ་དག་འཛམ་གླིང་གི་མཐོ་སློབ་ཡོད་ཚོད་ཀྱི་ནང་དུ་སློབ་ཁྲིད་བྱ་དགོས་པར་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་བྱུང་བ་ཡིན་ན་བོད་མི་རིགས་ལ་ཁེ་ཕན་ག་རེ་རེག་ག་རེད་དམ།

    ལྷག་པ་ཏུ་འཛམ་གླིང་མི་དམངས་ལ་ཕན་ཐོགས་ག་རེ་ཡོང་གི་རེད་དམ། གལ་སྲིད་འཛམ་གླིང་གི་མཐོ་སློབ་ཁག་གི་ནང་དུ་སེམས་ཁམས་རིག་པའི་རྣམ་བཞག་སློབ་ཁྲིད་བྱས་པ་ཡིན་ན་འཛམ་གླིང་མི་དམངས་ཀྱང་བོད་མི་དམངས་ནང་བཞིན་ཆགས་མི་འོང་ངམ། བོད་མི་དམངས་ལྟ་བུ་ཆགས་སོང་ན་སྡུག་བསྔལ་མ་གཏོགས་བདེ་སྐྱིད་མེད་པ། ནང་འཛིང་མ་གཏོགས་མཐུན་ལམ་མེད་པ།

    གལ་སྲིད་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ལ་ཞི་བདེ་དང་མཐུན་ལམ་བསྐྲུན་གྱི་ཞལ་འདེབས་ཞུ་དགོས་ཀྱི་ཡོད་པར་ཁ་ཞེ་གཉིས་མེད་ཡིན་ན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ལ་ཞི་བདེ་དང་མཐུན་ལམ་བསྐྲུན་དགོས་ཀྱི་ཡང་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཨེ་རེད།

    ཡིན་ན་རང་ཉིད་ག་པ་ཕེབས་ན་དེ་རུ་བོད་མི་རྣམས་ལ་ཞི་བདེ་མེད་པ་དང་། མཐུན་ལམ་མེད་པ། གཅིག་གིས་གཅིག་ལ་ངོ་རྒོལ་དང་འདྲེ་འབོད། ཁ་ངན་དང་ཚིག་ངན། དཔུང་པ་ཕྱར་རེས་བྱས་ནས་བོད་མི་རིགས་ནང་ཁུལ་དུ་མཐུན་ལམ་དང་ཞི་བདེ་རྨང་ནས་གཏོར་གྱི་ཡོད་པ་འདིའི་དཀའ་རྙོག་སེལ་དགོས་པ་མིན་ནམ།

    འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བོད་མི་རིགས་ནང་ཁུལ་དུ་ཞི་བདེ་དང་མཐུན་ལམ་མེད་པར་མཐོང་བཞིན་དུ་འཛམ་གླིང་མི་དམངས་ལ་ཞི་བདེ་དང་མཐུན་ལམ་བསྐྲུན་དགོས་རབས་གསུངས་བསྡད་ན་ལུགས་མཐུན་ཞིག་རེད་དམ།

    ཤཀྱའི་ཆོས་ལུགས་པའི་སེམས་ཁམས་རིག་པའི་རྣམ་བཞག་སློབ་གཉེར་བྱེད་མཁན་གྱི་ཆོས་པ་ཚོས་བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་རྨང་ནས་གཏོར་གྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན། ད་་རིག་གནས་དེ་ཉིད་འཛམ་གླིང་མི་དམངས་ལ་སློབ་ཁྲིད་བྱེད་ནས་འཛམ་གླིང་མི་དམངས་ཡང་བོད་མི་དམངས་ལྟ་བུ་བཟོ་བརྩིས་ཡིན་ནམ། སེམས་ཁམས་རིག་པའི་རྣམ་བཞག་འདིས་ཞི་བདེ་དང་མཐུན་ལམ་བསྐྲུན་ཐུབ་ཀྱི་ཡོད་ན་བོད་མི་རིགས་ཀྱིས་མི་ལོ་སྟོང་གི་རིང་དུ་སློབ་སྦྱོང་བྱས་པ་རེད། ད་ལྟ་ཡོད་བཞིན་པའི་བོད་མི་རིགས་ཀྱི་ཞི་བདེ་དང་མཐུན་ལམ་གྱི་མདོག་རྒྱབ་རང་གཞན་ཚང་མས་མཐོང་གསལ་ཡིན་པ། འགྲོ་བ་མིའི་རིགས་ཀྱི་ནང་ནས་གྲལ་མཐའ་རུ་ལྷུང་ནས་ཡོད་པ། ཞི་བདེ་མེད་མཁན། མཐུན་ལམ་མེད་མཁན་བོད་པ་ཡིན་པ།

    དགོངས་འགལ་མེད་་པ་བྱོས། མྱོང་དངོས་དངོས་གྲུབ་ཀྱི་སྐད་ཆ་ཞིག་བཤད་ཐལ་སོང་།

  2. ཁྱུང་སེ། says:
    2014-11-06 at 7:59 am

    རེད་རེད་ཅོ་རི་ལགས་ཀྱིས་གསུངས་པ་ལྟར། ནང་ཆོས་ལས་བཤད་པ་ནང་བཞིན་ལག་བསྟར་བྱས་པ་ཡིན་ན་དངོས་གནས་ཕན་ཐོགས་ཡོང་སྲིད། དེ་མིན་ནང་ཆོས་ཀྱི་རྗེས་འཛིན་འདི་དག་ནི་ཆོས་ལུགས་ཀྱི་ཆགས་སྡང་ཆེ་བ། རང་ཤེད་ཆེ་བ། མི་མགོ་བསྐོར་ལ་མཁས་པ། ཁ་ཕྱིར་ཕྱོགས་ནས་རྫིག་གཏམ་བཤད་པ་ལས་དོན་དངོས་ཀྱི་ལག་ལེན་སྟོང་པ་ཞིག་རེད། དཔེར་ན། ཆོས་ལུགས་ཀྱི་ཆགས་སྡང་ཆེ་ཚུལ་ནི། བོད་འདིར་ཤག་བསྟན་བྱུང་བ་ནས་བཟུང་སྟེ། ཆོས་ལུགས་ཕན་ཚུན་དབར་ལ་ཁྱོད་ཤི་ང་གསོན་གྱི་དམག་ཁྲུགས་མང་དུ་བྱུང་བར་མ་ཟད། སོ་སོའི་ཆོས་ལུགས་ཁྱབ་བདལ་གཏོང་ཕྱིར་དང་པོ་གནའ་བོའི་བོད་མིའི་ཤེས་རིག་མེད་པར་བཟོས། དེ་ནས་ནང་ཁུལ་དུ་དམག་ཁྲུགས་བྱུང་ནས་རྒྱལ་ཁབ་གཞན་གྱི་དམག་མི་ནང་དུ་དྲངས་ནས་བོད་མི་མང་པོར་ཁྲག་གི་འཁོར་ལོ་བསྐོར། དཔེར་ན། དགེ་ལུགས་ཀྱིས་རྒྱ་ནག་གི་དམག་མི་དྲངས་ནས་བོད་ཀྱི་གདོད་མིའི་ཆོས་ལུགས་མེད་པར་བཟོས། དེ་ནས་ས་སྐྱས་སོག་དམག་གདན་དྲངས་ནས་བོད་ཀྱི་རྩ་ཆེའི་རིག་དངོས་མང་པོ་རྩ་གཏོར་བཏང། དེ་ནས་བཀའ་རྒྱུད་ཀྱི་གོར་དམག་དྲངས་པ་ལས་སོགས་བཤད་ཕོད་པ་ཞིག་ག་ནས་ཡོད།

  3. སྤྱང་ཤོག says:
    2014-11-06 at 10:13 am

    ངས་དུས་རྒྱུན་ཁ་བརྡ་དྲ་བ་འདིའི་ནང་མཆན་འབྲི་མཁན་ནང་ནས་ཅུང་དོག་སྣང་བྱེད་ཡུལ་ཅོང་རི་ལགས་ཀྱི་མཚན་བུ་གང་མཚམས་ཞིག་ལ་དྲང་བདེན་དང་ཕྱོགས་རིས་ཀྱི་རྨོངས་དད་མེད་པ་ཞིག་མཐོང་ཙམ་བདག་བློ་ཉེ། གོང་གི་མཆན་བུ་འདིས་ཁོང་ཡང་ད་དུང་ལྷ་འདྲེའི་རྨོངས་དད་ཀྱི་ནད་སྙིང་ལས་ཐར་མེད་པ་མངོན་བྱུང་། སྤྱི་ཡོངས་ནས་དུས་སྐབས་འདི་ལ་བོད་མི་རིགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་རྨང་གཞི་བླ་མ་ཁོང་གི་བསྐྲུན་གནང་བ་ལ་བདག་གི་ཡིད་ཆེས་ཞུ་བཞིན་ཡོད།།

  4. ཅོ་རི་ཉི་མ། says:
    2014-11-06 at 10:36 am

    སྤྱང་ཤོག་ལགས་ཀྱིས་བཀའ་མོས་གསུངས་སྟངས་འདི་དེང་སང་བཙན་བྱོལ་ནང་གི་མི་སྤྱང་ཤོས་དེ་དག་གིས་བཤད་བསྡད་པའི་བཀའ་མོས་རེད། རྒྱལ་བ་རིན་པོ་ཆེན་བོད་མི་རིགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་རྨང་གཞི་བླ་མ་ཁོང་གི་བསྐྲུན་གནང་མཁན་དང་། ཁོང་ཡོད་ན་བོད་ཡོད་པ། ཁོང་མེད་ན་བོད་ཚར་འགྲོ་བ་སོགས་བཤད་མཁན་དེ་དག་སྤྱང་པོ་རེད། སྤྱང་ཤོས་རེད།

    སྐད་ཆ་དེ་འདྲ་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱལ་བ་རིན་པོ་དགའ་ཡ་ཆེད་དུ་རེད། སོ་སོ་ལ་གོ་གནས་འདྲ་དང་དངུལ་དངོས་ཀྱི་ཁེ་ཕན་འཐོབ་ཆེད་དུ་རེད། སྤྱང་པོས་བཤད་སྟངས་རང་རེདྲ་་ཧཧ

  5. བསྟན་འཛིན། says:
    2014-11-06 at 12:27 pm

    རང་ཉིད་ཀྱི་སྙན་གྲགས་དང་ཁེ་ཕན་ལ་ཐུག་དུས་ནང་ཆོས་དང་བླ་མ་གང་གིས་མི་རིགས་ཀྱི་མདུན་ལམ་དང་སྤྱི་ཚོགས་ཀྱི་མཐུན་ལམ་ལ་འགན་ཁུར་ནི་མ་རེད། དེ་ལས་ལྡོག་སྟེ་རང་ཉིད་དཀར་འདོན་དང་བཟང་ཁ་ཡོད་ཚོད་རང་གི་ལེན་རྒྱུ་དང་། ངན་ཁག་ཡོད་དགུ་གཞན་ལ་གཡོག་རྒྱུའི་བྱ་ཐབ་རེ་སྤྱོད་བཞིན་པ་འདི་དག་གིས་མི་ཤེས་རྒྱུ་ཅི་ཡོད།

  6. བློ་བཟང་རིག་འཛིན། says:
    2014-11-06 at 3:15 pm

    འདི་ནས་ཡང་ངས་ཅོ་རི་ལ་རྒྱབ་སྐྱོར་བྱས་ཡོད། ཞི་བདེ་ཟེར་བ་དེ་ཁ་འཇམ་པོ་བཤད་ནས་ཡོང་ཡ་ཞིག་མ་རེད། བཙན་པོ་འབུར་འཇོམས་དང་ཉམ་ཆུང་སྐྱོབ་གཉེར་བྱས་ནས་མཐོ་དམན་འདྲ་མཉམ་དང་རང་དབང་འདྲ་མཉམ་སོགས་མདོར་ན་བཙན་པོས་ཉམ་ཆུང་ཁྱུར་མིད་དུ་མི་གཏོང་བ་དང་། ཉམ་ཆུང་གིས་རང་རང་གི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པའི་དགོས་འདུན་ཚང་བ་ཞིག་བྱུང་ན་དེ་རེད། དེ་མིན་ཆོས་ལུགས་ཀྱི་དབང་ཚད་བེད་སྤྱོད་བཏང་ནས་ཁ་བཤད་སྙན་སྙན་དང་ཁོག་པ་ཁྲ་ཁྲ་བྱས་ནས་ནུས་མེད་དང་ཉམ་ཆུང་མགོ་གནོན་དང་མཐོན་པོ་དང་བཙན་པོ་ལ་ངོ་དགའ་འཁྲབ་ཤེས་པ་ཙམ་གྱིས་ཞི་བདེ་ཞིག་སྐྲུན་མི་ཐུབ་པ་རེད་འདུག་སྙམ།

  7. ཚེ་རིང་། says:
    2014-11-07 at 7:54 am

    མི་སྣ་གསུམ་གླེང་བྱུང་།
    སྤྱི་ལོ ༢༠༡༣ ཟླ ༥ བའི་ཚེས ༢༩ ཉིན་དྲ་ལམ harrispoal འདིས་གསལ་བསྒྲགས་གནང་བ་ལྟར་ན་མང་ཚོགས་ལ་རང་ཉིད་འཛམ་གླིང་གི་ཆེས་དགའ་སའི་མི་སྣ་སུ་ཡིན་སྐོར་གྱི་བསམ་ཚུལ་བསྡུ་ལེན་བྱས་ནས་དངོས་བཞུགས་ཀྱི་རླབས་ཆེན་མི་སྣ་གསུམ་བཀོད་ཡོད། སྤྱི་ཟླ ༥ བའི་ནང་ནས་ཧྥ་རན་སི་དང་ཨ་མི་རི་ཀ་སོགས་རྒྱལ་ཁབ་འགའ་ཞིག་གིས་བྱ་འགུལ་ཞིག་སྤེལ་ཏེ་རང་ལོ་བཅོ་བརྒྱད་ཡན་གྱི་མི་སྣ་དག་གིས་བསམ་ཚུལ་བསྡུ་ལེན་འོག ༧གོང་ས་མཆོག་དང་། བླ་ཆེན་པོ་རི་སི་སི་མཆོག སྲིད་འཛིན་ཨོ་བྷ་མ་བཅས་ནི་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་དང་དགའ་མོས་ཆེ་ཤོས་ཀྱི་མི་སྣར་ངོས་འཛིན་བྱས་འདུགཨ་རིའི་ནང་བསམ་ཚུལ་བསྡུས་པའི་གནས་ཚུལ་ལ་གཞིགས་ན་མི་བརྒྱ་ཆ ༦༤ཡིས་གོང་ས་མཆོག་ལ་སྙན་གྲགས་དང་དགའ་མོས་ཡོད་ཅེས་གདམས་ཡོད། དེ་ནས་བླ་ཆེན་པོ་རི་སི་སི་ལ་མི་བརྒྱ་ཆ ༦༡ ཡོད་པ་དང་། དེ་བཞིན་སྲིད་འཛིན་ཨོ་བྷ་མར་མི་བརྒྱ་ཆ ༥༡ བཅས་ཀྱི་ཆ་སྙོམས་ལ་གཞིགས་ན་ཆེས་དགའ་མོས་བྱེད་ས་ནི ༧གོང་ས་མཆོག་ཡིན་པ་རང་བཞིན་གྱིས་འཕགས་སོང་། དེ་ཕྱིར་གསར་འགྱུར་དག་ན་འཛམ་གླིང་སྟེང་གི་ཆེས་དགའ་སའི་མི་སྣ་གསུམ་ཞེས་བརྗོད་ཀྱིན་ཡོད། གཞན་ལས་བཤུ།

  8. BONPO says:
    2014-11-08 at 8:29 pm

    ༧གོང་ས་མཆོག སྐྱབས་མགོན་མཆོག ང་ཚོས་ཁྱེད་ལ་དགའ། སྙིང་ནས་དགའ། ཁྱེད་ཀྱིས་ཐུགས་རྗེས་ནམ་ཡང་མ་དོར་ཅིག །

  9. ཨ་ནུ་ཐང་བསོད་ནམས། says:
    2014-11-09 at 6:39 pm

    རྣམ་དཔྱོད་ཅན་གྱི་ཅོ་རིའི་ངའི་སེམས་ན་ཡོད་པ་ལག་ཏུ་བྲིས་འདུག ཐུགས་རྗེ་ཆེ།

  10. ཨ་ནུ་ཐང་བསོད་ནམས། says:
    2014-11-09 at 6:45 pm

    བོད་མི་ཚོས་རང་ཉིད་ཀྱི་ཆེད་དུ་ནང་ཁུལ་གྱི་དཀའ་ངལ་ཀུན་བདེན་པ་གཞི་ལ་བཞག་ནས་སེལ་རྒྱུ་ནི་ཧ་ཅང་གི་གནད་དུ་མཐོང་། དེ་བརྟེན། དྲང་ཚིག་ཆེ་བའི་བོད་མི་དང་ཚོགས་པ་ཁག་ཅིག་གིས་གཟིགས་མོ་བལྟས་ནས་མ་བཞུགས་པ་གནས་ཚུལ་སྡུག་ནས་སྡུག་ཏུ་མ་ཆགས་གོང་སྐུ་མདུན་དང་དོལ་རྒྱལ་གཉིས་ཀྱི་གཟུ་དཔང་གནང་ནས་བར་འདུམ་བྱས་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme