Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅིག་པ་ཉིད། (བོད་འབྱོར།)

Posted on 2014-11-052014-11-05 By ཁ་བརྡ་ 7 Comments on གཅིག་པ་ཉིད། (བོད་འབྱོར།)

གངས་ལྷ།

 
ཀོ་ཉོ་པགས་ཚོང་བྱེད་པའི་གྲྭ་འཁྱམས་དང་།།
ཁྲེ་ཉོ་འབུ་ཚོང་གནང་བའི་བན་དྲག་གཉིས།།
ས་ཉོ་ཁང་ཚོང་མཁས་པའི་བླ་བྲང་གསུམ།།
ཆོས་རྨོངས་སྐྱེ་བོའི་མཐོང་ཚུལ་མི་གཅིག་རུང་།།
ཐུབ་པའི་རིང་ལུགས་བཤིག་ལ་གཅིག་པ་ཉིད།།

དཀོར་ཁས་ཁྱིམ་ཚང་གསོ་བའི་བླ་མ་དང་།།
འབུལ་ཟོག་བཤས་ལ་འབེབ་པའི་གཉེར་པ་གཉིས།།
རྟེན་འཚོང་ཁྱི་ཚོང་མཁས་པའི་དགེ་དྲག་གསུམ།།
ཕལ་པའི་སྣང་རོར་མཛད་རྣམ་མི་མཚུངས་མོད།།
དམ་པའི་ཆོས་དང་མི་མཐུན་གཅིག་པ་ཉིད།།

མགྲོན་ཁང་གྲོང་དུ་བཞེངས་པའི་བླ་ཆེན་དང་།།
མགོན་ཁང་སྲང་དུ་འདེབས་པའི་གྲྭ་ཚང་གཉིས།།
སློང་ཡིག་སྐེ་ལ་འདོགས་པའི་སེར་སྤྲང་གསུམ།།
གདན་དང་སྒོར་གྱི་རྩེགས་རིམ་མི་འདྲ་ཡང་།།
རེ་བ་དངུལ་ལ་འཆང་ཚུལ་གཅིག་འདྲ་ཉིད།།

སྙན་ངག

Post navigation

Previous Post: རང་བཞིན་བརྗོད་པའི་རྟོགས་བརྗོད་པདྨ་དཀར་པོ།
Next Post: ངའི་ནང་མིའི་འཐབ་རྩོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

Comments (7) on “གཅིག་པ་ཉིད། (བོད་འབྱོར།)”

  1. ཚོགས་ཆེན། says:
    2014-11-05 at 12:20 pm

    དཔེ་ཡག་པོ་གསུངས་འདུག་དངོས་ཡོད་གནས་ཚུལ་རེད།

  2. རྟེན་འབྱུང་། says:
    2014-11-05 at 3:12 pm

    སྐྱོན་ཚང་མ་ལ་ཡོད་ཡོད་པ་རེད། སྐྱོན་བརྗོད་གནང་འདོད་ན་གནའ་རྒྱའི་ཚེ་ལོ་ནང་བཞིན་རྒན་གཞོན་བར་གསུམ་དང་། གནའ་མ་མག་པ། མི་སྐྱ་གསར་བུ་གསར་མོ་ཚོ་ཚང་མའི་སྐྱོན་བརྗོད་ན་དྲང་བདེན་ཆགས་རྒྱུ་ལས་གྲྭ་བ་གཅིག་པོ་སྐྱོན་བརྗོད་གནང་བསྡད་ན་དེ་ནི་ཕྱོགས་སུ་ལྷུང་བའི་སྐྱོན་འདུག།

  3. དགེ་འདུན་རྒྱ་མཚོ། says:
    2014-11-05 at 10:56 pm

    ༄༅། གཞན་གྱི་རྗེས་མ་ཆོད་ན་ཕྲག་དོག་གི་སྐད་ཆ་བཤད་ནས་ཕན་གྱི་མ་རེད། དེང་སང་བོད་ཕྱི་ནང་གཉིས་ན་ཕྲག་དོག་གི་སྐད་ཆ་བཤད་མཁན་འགའ་ཤས་འདུག མིག་ཚ་ན་སྡུག་གྱོང་རེད་བསམ་སོང་། དུས་རབས་འདི་འགྲན་རྩོད་ཀྱི་དུས་རབས་ཤིག་རེད། སྔུན་ལ་མ་ཟིན་ན་ཡང་རྗེས་ལ་མ་ལུས་པ་བྱེད་དགོས་པ་རེད། སྒྱུད་ལུག་པ་དང་ལེ་ལོ་ཅ་་ཚོའི་སྐྱོ་ངག་ལ་ཕྱི་ལྟས་མ་བྱེད། བཟང་ངན་གང་གིས་ཀྱང་མདུན་ནས་མདུན་དུ་བསྐྱོད། བླ་བྲང་དང་། གྲྭ་རྐྱང་གང་ཡིན་ཡང་དམངས་དང་མཉམ་དུ་འཚོ་དགོས་པ་གཅིག་པ་ཡིན་པས་ལྟོ་སྲོག་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་པ་མ་བརྗེད་རོགས། དེས་ཕྱིར་གཞན་ལས་ངེས་པར་དུ་རྣམ་པར་རྒྱལ་ཐབས་ལ་འབུངས་ཤིག

  4. གཡུ་བྲག་པ says:
    2014-11-05 at 11:44 pm

    ༄༅། །བོད་ཀྱི་གྲྭ་བའི་སྐོར་གྱི་དྲིས་ལན། །
    2014-11-06 羊兄乐园

    དྲི་བ།
    དགེན་བན་ཤུལ་ལགས་ལ་བཀའ་འདྲི་ཞིག་ཡོད། དེང་སྐབས་བོད་ཀྱི་གྲྭ་བ་རྣམས་ཀྱི་གཤིས་སྤྱོད་མི་སྐྱ་ལས་སྡུག་པས་དོན་དངོས་སུ་ཁོ་ཚོ་བོད་ལ་དགོས་སམ་མི་དགོས། ལོ་རྒྱུས་དང་སྦྱར་ཏེ་བཀའ་ལན་ཕྱག་སྟོན་གནང་རོགས་ཞུ་ཞུ། དྲི་བ་འདྲི་མཁན་བཟོད་རྒྱམ་ཡིན།

    དྲིས་ལན།
    བོད་ཀྱི་རབ་བྱུང་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ་ཞིག་ཡིན་ལ། རབ་བྱུང་བའི་གང་ཟག་གི་ཐོག་མ་སྦ་ཁྲི་གཟིགས་དང་རབ་བྱུང་བའི་སྡེ་ཐོག་མ་སད་མི་མི་བདུན་བྱ་བ་དེ་ཡིན། ཁོང་རྣམས་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བླ་ནས་འཚོ་བ་སྦྱར་ཞིང་བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་པར་བརྐོས་ནས་ཆེ་མཐོང་བྱས་པའི་ཤུགས་རྐྱེན་གྱིས་ཕྱིས་སུ་བོད་ཀྱི་རབ་བྱུང་བའི་གྲངས་ཀ་མང་ནས་མང་དུ་འཕེལ་འགོ་བརྩམས་ཡོད། ཡིན་ནའང་སྐབས་དེ་དུས་སུ་མི་རྣམས་ལས་རིག་པ་རྣོ་ཤོས་དང་བྱད་གཟུགས་ཡག་ཤོས་གདམས་ནས་རབ་བྱུང་བ་བྱེད་པའི་ཆ་རྐྱེན་ཡོད་སྟབས་ཆོས་ལ་སློབ་སྦྱོང་དང་འདུལ་འཛིན་ཡང་དག་པ་མང་པོ་བྱུང་བཞིན་ཡོད། དཔེར་ན་སྐབས་དེ་དུས་སུ་རྒྱ་གར་ནས་ཤིང་ཏ་ལའི་ལོ་མའི་གླེགས་བམ་ལྔ་བརྒྱ་ཤིང་རྟར་དྲུད་ཡོང་ཏེ་བསམ་ཡས་སྒྲ་བསྒྱུར་གླིང་ནས་ལོ་ཙཱ་བྱས་ཏེ་སུས་ཀྱང་འགྲན་བཟོད་དཀའ་བའི་བཀའ་བསྟན་སོགས་བྱུང་བ་ལྟ་བུ་ཡིན། དེ་ནས་རིམ་བཞིན་མི་རྣམས་ཀྱིས་མཐའ་བཞི་ལ་དམག་རྒྱག་པའི་ལས་ཀ་དེ་མི་འདོད་པར་བསམ་ཡས་སོགས་སུ་རབ་བྱུང་བ་བྱེད་པའི་འདོད་པ་དེ་རེ་བ་མཐར་ཐུག་ཅིག་ལ་བརྩིས་ཡོད། དེའི་ཉེར་ལེན་གྱིས་རྒྱལ་པོ་འུ་དུམ་བཙན་པོའི་སྐུ་ཚེའི་སྨད་ལ་སླེབས་དུས་སུ་ཧ་ལམ་སྐྱེ་ཕོ་ཚང་མ་བསམ་ཡས་ལ་འཚེང་ཁ་བྱེད་པའི་ཚོད་རེད། དེ་ལ་དམིགས་ནས་རྒྱལ་པོ་འུ་དུམ་བཙན་པོས་ཀྱང་རབ་བྱུང་བའི་གྲངས་ཀ་ལ་ཚོད་འཛིན་ཅུང་ཟད་བྱེད་པའི་དགོངས་པ་བཞེས་པ་རེད། དེར་སྔགས་མཁན་ལྷ་ལུང་དཔལ་རྡོར་དང་སྣུབས་སངས་རྒྱས་ཡེ་ཤེས་སོགས་སྔགས་པ་རྣམས་ཐུགས་ཧ་ཅང་མ་རངས་ནས། འུ་དུམ་བཙན་པོའི་མགོ་ན་རྭ་ཡོད་ཚུལ་དང་བདུད་ཀྱི་སྤྲུལ་བ་ཡིན་ཚུལ་སོགས་སྨྲས་ནས་བསྟན་པ་སྣུབས་པ་རེད་ཅེས་བསྙད་བཏགས་ཏེ་མི་འབངས་རྣམས་ལ་ཁྱབ་བསྒྲགས་བྱས་པ་རེད། དེར་མ་ཟད་ལྐོག་ནས་བཙན་པོ་བཀྲོང་བའི་གྲོས་བྱས་ཏེ་སྣུབས་ཆེན་བལ་ཡུལ་ལ་མཐུ་སྦྱངས་དུ་སོང་བའི་ལོ་རྒྱུས་ཡོད། ཡིན་ནའང་བཙན་པོ་འུ་དུམ་དར་མས་རབ་བྱུང་བའི་གྲངས་ཀར་ཚོད་འཛིན་བྱས་པ་ཙམ་མ་གཏོགས་བསྟན་པ་རྩ་མེད་དུ་སྣུབས་པའི་འཆར་གཞི་མེད་པ་ནི་སྐུ་ཚེའི་སྟོད་ཀྱི་ཆོས་དར་བའི་སྨོན་ལམ་དེ་དག་ལ་བལྟས་ནའང་ཤེས་པ་རེད། གང་ལྟར་སྐབས་འདི་དུས་སུ་རབ་བྱུང་བའི་གྲངས་ཀར་ཚོད་འཛིན་བྱས་པ་ཙམ་ལས་དེ་དག་གི་སྤྱོད་པ་འཆལ་བ་དང་འདུལ་བ་དོར་ནས་ཚོད་འཛིན་བྱས་པ་ཞིག་མིན་མོད། འུ་དུམ་བཙན་པོས་མ་འོངས་བར་དེའི་སྔ་ལྟས་ཡོད་པར་དགོངས་པ་བཞེས་མེད་དམ་སྙམ།
    དེ་ནས་འུ་དུམ་བཙན་པོ་བཀྲོངས་རྗེས་སུ་བོད་སིལ་བུར་འཐོར་ཏེ་གཅིག་གྱུར་མགོ་བདག་མེད་སྟབས་གང་དྲན་དྲན་བྱས་ཏེ་ལ་སྟོད་ཨ་ཙ་ར་དམར་པོ་དང་ཨར་ཚོ་བན་དེ་བཅོ་བརྒྱད་སོགས་བྱུང་ནས་རབ་བྱུང་བའི་སྤྱོད་པ་འཆལ་བ་དང་འདུལ་བ་རྨང་མེད་དུ་ཉམས་ཏེ་སྦྱོར་སྒྲོལ་སོགས་བྱུང་ནས་ལྷ་བླ་མ་ཡབ་སྲས་དང་ཇོ་བོ་ཡབ་སྲས་སོགས་ཀྱིས་རྣམ་པར་བཀག་ནས་ལམ་ཡང་དག་ཏུ་བཙུད་པ་དེ་རེད། འདི་ལ་བལྟས་ན་འུ་དུམ་བཙན་པོའི་རབ་བྱུང་བའི་གྲངས་ཀར་ཚོད་འཛིན་གནང་བའི་དགོངས་པ་དེའང་ཅུང་ཟད་རྟོགས་ཐུབ་བམ་སྙམ། ལོ་རྒྱུས་ལས་བྱུང་བའི་རབ་བྱུང་བའི་གནས་ཚུལ་མདོར་བསྡུས་ཙམ་ནི་འདི་འདྲ་རེད།
    དིང་སང་ཡང་དེའི་རྒྱུན་མུ་མཐུད་ནས་སྐྱོང་དང་སྐྱོང་མུས་སུ་ཡོད་མོད། ས་དང་རྡོ་ཡི་གསེབ་ན་གསེར་རྣམས་བག་ལ་ཉལ་བའི་ཚུལ་དུ་ཡོད་པ་བཞིན་བསླབ་གསུམ་མིག་འབྲས་བཞིན་སྲུང་བའི་རབ་བྱུང་བ་མེད་པ་ནི་མི་སྲིད་པས་ང་ཚོས་ཀྱང་བླང་དོར་ཡོད་པའི་སྒོ་ནས་བོད་ཀྱི་རབ་བྱུང་བ་རྣམས་ལ་གདེང་འཇོག་བྱེད་འོས་སོ་སྙམ། ད་ལྟ་བོད་ལ་ལྷག་བསྡད་ཡོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་རིག་གཞུང་འདི་ཙམ་རེད། གལ་ཏེ་འདི་ཡང་མེད་ན་མི་རིགས་འདི་ལ་ངོམ་ཆོག་པ་དང་དེའི་ངོ་བོ་སྲུང་ཐུབ་པའི་རིག་གཞུང་གང་ཡང་ལྷག་མེད་པ་རེད། གལ་ཏེ་འདི་ལ་སློབ་སྦྱོང་བྱེད་དགོས་ན་འདུལ་འཛིན་རབ་བྱུང་བའི་སྡེ་མེད་ཚེ་མི་སྐྱ་ཞིག་གིས་གང་ཡང་མི་ལྕོག་པ་མནའ་བསྐྱལ་ནས་ཐག་བཅད་ན་ཆོག་གི་རེད། དེས་ན་ང་ཚོས་ཀྱང་མཐའ་གང་ལའང་མ་ལྷུང་བར་ཡང་དག་པའི་རབ་བྱུང་འདུལ་འཛིན་བ་རྣམས་ལ་གུས་བཀུར་དང་རྒྱབ་སྐྱོར་བྱེད་འོས་ཏེ། ཁ་ཅིག་གི་སྤྱོད་པ་དང་འདུལ་བ་ཉམས་ན་ཡོད་ཚད་ཉམས་དགོས་པའི་དོན་དག་ཁྱོན་ནས་མེད་མོད། འཇིག་རྟེན་ཁྱིམ་པ་དང་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པའི་རབ་བྱུང་བའི་གཟུགས་བརྙན་དེ་དག་དང་རྒྱང་དུ་བཀྱེད་པ་ནི་ཐབས་ཡག་ཤོས་ཤིག་རེད་བསམ་ཡོད།
    མདོར་ན་བོད་ལ་ད་ལྟའི་དུས་སུ་སྤུས་གཙང་གྲལ་དག་པའི་རབ་བྱུང་འདུལ་འཛིན་པའི་སྡེ་ཞིག་མེད་ན་ང་ཚོའི་རིག་གཞུང་ཉམས་པར་ཐེ་ཚོམ་ཅི་ཡང་མེད་པས། ཕྱིས་སུ་ཕྱི་རྐྱེན་ནང་རྐྱེན་རྐྱ་འཐབ་པའི་རབ་བྱུང་འདུལ་འཛིན་པ་ཡོད་ཚད་ལ་སྡང་བའི་དམིགས་པ་དེ་ནི། རང་གི་གདོང་ལ་རང་གིས་གཅིན་བྱུག་པའི་ཚུལ་ལས་མ་འདས་སམ་སྙམ་ཏེ་ཁྱེད་རྣམས་ཀྱིས་ཀྱང་དཔྱད་པར་རིགས་སོ།།

    བན་ཤུལ་དཔལ་མཁར་རྒྱལ་གྱིས།
    ༢༠༡༤/༡༡/༤ལ། ལྷ་སར།
    请点击下面推广,获取更多生活资讯和好玩的APP,谢谢支持!

  5. དགའ་སྐུ་ says:
    2014-11-06 at 2:29 am

    གཡུ་བྲག་པའི་མཆན་ལེགས་སོ།

  6. གནམ says:
    2014-11-06 at 3:40 am

    སངས་རྒྱས་ཆོས་ནི་ང་ཚོ་ཚང་མའི་རེད།
    སོ་སོའི་ས་ནས་གོ་བ་གུས་བ་ལས།།
    རང་མིན་གཞན་ལ་ཆོས་ཁྲིམས་འདི་འདི་སོགས།།
    ཚིག་ངན་ལྟ་བ་བསྟན་པ་བསྟན་པའི་དགྲ།

    བཀའ་བསྟན་པོ་ཏུ་ཁང་བ་ཁང་བ་དག།
    སེམས་ཀྱི་འཆར་སྒོ་བཏུལ་བའི་ཞི་བདེ་ལམ།
    ཚེ་གང་བསགས་པའི་བསོད་ནམ་ལས་འབྲས་སོགས།
    རྣམ་སྨུན་རང་སྨུན་ཡིན་པས་གཞན་མ་དཀྲུག།

    ཕར་ལ་མ་ལྟ་ཚུར་ལ་ཞིབ་ལྟ་བྱོས།།
    སོ་སོས་ཤེས་བའི་ཡོན་ཏན་དག་ལ་ལྟོས།།
    གཞན་ཕན་བདག་ཕན་མེད་པའི་ཁ་དེར་ལྟོས།
    རང་སྐྱོན་རིག་པའི་མི་ནི་ཤྭཀྱ་བ།།

  7. ལུང་རྟོགས། says:
    2014-11-06 at 5:29 am

    དམར་ལྟ་ཅན་ཞིག་གི་སྐད་ཆ་ལས་གཞན་ཅི་ཡང་མ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme