Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།

Posted on 2014-10-282014-10-28 By རེབ་གོང་བཀྲ་ཤིས། 2 Comments on ༸གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།

རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་དྲངས།

 

༸གོང་ས་མཆོག་གིས་ཨ་ལ་བྷ་མའི་གཙུག་ལག་སློབ་ཁང་དུ་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།

༄༅། །ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨ་ལ་བྷ་མ་མངའ་སྡེའི་གཙུག་ལག་སློབ་ཁང་དུ་ཚན་རིག་པ་ཁག་གཅིག་དང་ལྷན་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་ Neuroplasticity and Healing སྐོར་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་འདུག བགྲོ་གླེང་ལྷན་ཚོགས་ཀྱི་ལས་གཞི་འདི་ནི་བདུན་ཕྲག་གཅིག་རིང་མངའ་སྡེའི་གྲོང་ཁྱེར་བྷར་མིང་ཧམ་ Birmingham གྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་རྒྱུའི་ལས་གཞིའི་ཁོངས་ཤིག་ཆགས་འདུག
དེ་ཡང་༸གོང་ས་མཆོག་ཐོག་མར་གཙུག་ལག་སློབ་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་༣༠༠ ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། བོད་ཀྱི་རྒྱལ་དར་དང་འཚམས་འཕྲིན་འཁོད་པའི་འཕྲེད་དར་སྣ་ཚོགས་འཁྱེར་ནས་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

2014-10-25-Birmingham-G08 copy

སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་ཕྱག་དབང་སྩལ་རྗེས་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས། ཚོགས་ཁང་ནང་༸ཞབས་སོར་འཁོད་བསྟུན་ཐོག་མར་གཙུག་ལག་སློབ་གྲྭའི་གཙོ་འཛིན་གཞོན་པ་སྐུ་ཞབས་རེ་ཝ་ཊི་སི་ Ray Watts མཆོག་གིས་གཙོས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚོགས་མི་རྣམས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས། དེ་རྗེས་ཐོག་མར་ཀླད་རྩའི་ཚན་རིག་པ་སྐུ་ཞབས་ནོར་མན་ཌོ་ཇེ་Norman Doidge ལགས་ནས་རང་ཉིད་ཀྱིས་བརྩམས་པའི། འགྱུར་ལྡོག་རང་བཞིན་ལྡན་པའི་ཀླད་པ། ‘The Brain that Changes Itself’ ཞེས་པའི་ནང་ཀླད་རྩའི་འགྱུར་ལྡོག neuroplasticity ཅེས་པའི་ཐ་སྙད་ལ་འགྲེལ་བཤད་གང་འཁོད་པ་རྣམས་འགྲེལ་བརྗོད་ཞུས།
སྤྱིར་ང་ཚོའི་ཀླད་པ་ནི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་རང་བཞིན་ལྡན་པའི་ལུས་པོའི་མ་ལག་གཅིག་ཆགས་ཡོད། ཀླད་རྫས་ལ་འགྱུར་བ་འགྲོ་ཐུབ་པ་དེས་བརྡབ་སྐྱོན་སོགས་བྱུང་ནས་ཀླད་པར་རྨས་སྐྱོན་ཚབས་ཆེ་ཕོག་པའི་ནད་པ་དེ་དག་གི་ཀླད་པ་དྲག་སྐྱེད་འགྲོ་ཐུབ་པའི་རེ་བ་ཞིག་ཡོད་པ་ཤེས་རྟོགས་ཐུབ་ཡོད། སྐབས་དེར་སྐུ་ཞབས་ནོར་མན་ཌོ་ཇེ་ལགས་ཀྱིས་གསུང་དོན། ལོ་ ༤༠༠ ཙམ་གྱི་རིང་ཚན་རིག་པ་ཚོས་ཀླད་རྩ་ནི་འགྱུར་ལྡོག་འགྲོ་རྒྱུ་གང་ཡང་མེད་པའི་འཕྲུལ་ཆས་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཡོད།

ལྷག་པར་ཕ་རན་སིའི་ལྟ་གྲུབ་སྨྲ་བ་སྐུ་ཞབས་རེན་ཌི་སི་ཀར་ཊེ་ Rene Descartes མཆོག་གིས་ཀླད་པ་ནི་ཆུ་ཤུགས་འཕྲུལ་འཁོར་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཡོད། སྐབས་ཤིག་ལ་ཚན་རིག་པའི་ཁྲོད་ཀླད་རྩ་ཕན་ཚུན་གྱི་འབྲེལ་བ་དེ་གློག་གི་བྱེད་ལས་ལྟ་བུར་ངོས་འཛིན་བྱས་ཏེ་ཀླད་པ་རང་ཉིད་མཁྲེགས་ཆས་ལྟ་བུ་ཞིག་དང་། དཔེར་ན་ཀམ་པུ་ཊར་གྱི་ཡོ་ཆས་མཁྲེགས་པོའི་རིགས་ hardware ལྟ་བུ་དང་། ཀླད་པའི་བསམ་བློ་གཏོང་རྒྱུའི་བྱེད་ལས་དེ་དག་ཀམ་པུ་ཊར་གྱི་མཉེན་ཆས་རིགས་ software ལྟ་བུར་ངོས་འཛིན་བྱས་ཡོད། འོན་ཀྱང་རིག་པ་དེ་དག་གིས་མ་མཐོང་བའི་ཀླད་པའི་ཁྱད་ཆོས་གཅིག་ཡོད་པ་དེ་ཀླད་རྩ་འགྱུར་ལྡོག་འགྲོ་ཐུབ་པའི་རང་བཞིན་དེ་ཡིན། དེ་སྔ་ཀླད་པས་བསམ་བློར་དབང་བསྒྱུར་བ་འདོད། འོན་ཀྱང་ཕྱིས་སུ་བསམ་བློས་ཀྱང་ཀླད་པར་དབང་བསྒྱུར་ཐུབ་པ་ཤེས་སྐབས་ཚན་རིག་པ་རྣམས་ཧང་སང་ངོ་མཚར་སྐྱེས་དགོས་པ་བྱུང་ཡོད། ཅེས་སོགས་གསུངས།

2014-10-25-Birmingham-G04 copy

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཨ་ལ་བྷ་མར་ཐེངས་དང་པོ་བསླེབས་སྐབས་འདིར་ཚན་རིག་པ་གྲགས་ཅན་དང་ལྷན་སེམས་དང་ཀླད་པའི་རྣམ་གཞག་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ནང་བཅར་རྒྱུ་བྱུང་བར་ཆེ་མཐོང་ཆེན་པོ་ཐོབ་པ་ཞིག་བྱུང་། ངོས་རང་ཆུང་དུས་ནས་ཤེས་བྱ་གསར་པ་ཞིག་མཐོང་སྐབས་ཡ་མཚན་དང་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་པ་མ་ཟད། དེའི་སྐོར་ཤེས་འདོད་ཆེན་པོ་ཡོད་པར་བརྟེན་ཡོང་ལུགས་ཡོང་སྟངས་སོགས་རྒྱུ་མཚན་ཤེས་འདོད་ཧ་ཅང་བྱེད་ཀྱི་ཡོད། ངོས་ཀྱི་ཨ་མ་ལགས་ཐུགས་གཤིས་ཧ་ཅང་བཟང་པོ་ཡོད། ངོས་རང་ཞེད་སྣང་གང་ཡང་མེད་པའི་ཐོག་ནས་ཀླད་པའི་འཚར་ལོངས་བྱ་རྒྱུའི་གོ་སྐབས་ཐོབ་པར་བརྟེན། ངོས་ཀྱི་ཀླད་པར་འཚར་ལོངས་བྱ་རྒྱུའི་གོ་སྐབས་ཆ་ཚང་ཐོབ་ཡོད།
དེར་བརྟེན་ངོས་ཀྱིས་ཀླད་པ་དེ་ཤེས་བྱའི་གནས་ལ་དཔྱད་པ་བྱ་རྒྱུར་བཀོལ་བཞིན་ཡོད། གལ་ཏེ་ངོས་རང་ཞེད་སྣང་དང་དངངས་སྐྲག་འོག་འཚར་ལོངས་བྱུང་ཡོད་ན། ད་གཟོད་ངོས་ཀྱི་ཀླད་པའི་འཚར་ལོངས་དེ་ཙམ་བྱེད་ཐུབ་རྒྱུ་མ་རེད། ངོས་ལ་ཏཱ་ལའི་བླ་མའི་གོ་གནས་ཤིག་ཡོད་སྟབས། ཆུང་དུས་ནས་རིགས་ལམ་ལ་སློབ་སྦྱོང་བྱེད་དགོས་པ་ཆགས་ཡོད། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུང་པ་དེར་དད་པ་ཙམ་ལ་མ་བརྟེན་པར་རྒྱུ་མཚན་ཐོག་ནས་ཡིད་ཆེས་བྱེད་དགོས་པ་བཀའ་གནང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

2014-10-25-Birmingham-G03 copy

ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་གིས་ཡི་ཤུའི་ལྷ་ཁང་16th Street Baptist Church ཞེས་པ་དེར་ཆིབས་སྒྱུར་བསྐྱངས་སྟེ་མཆོད་ཁང་དེའི་མཆོད་དཔོན་སྐུ་ཞབས་ཨར་ཐར་པ་ར་ཡི་སི་ Reverend Arthur Price མཆོག་གིས་མཆོད་ཁང་གི་ལོ་རྒྱུས་པར་རིགས་ལམ་ནས་འགྲེལ་བཤད་ཞུས་པ་དེ་དག་ལ་ཐུགས་ཞིབ་མཛད། དེ་ཡང་ཡི་ཤུའི་མཆོད་ཁང་དེ་ནི་ཕྱི་ལོ་ ༡༩༦༠ སྐབས་ཨ་རིའི་སྤྱི་འབངས་ཐོབ་ཐང་རྩོད་ལེན་གྱི་འཐབ་རྩོད་ civil rights movement ཁྲོད་གལ་གནད་ཧ་ཅང་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་དང་། འཐབ་རྩོད་སྐབས་མཆོད་ཁང་འདི་མི་རིགས་ནག་པོའི་ལས་ཁུངས་ཨ་མ་ལྟ་བུ་ཆགས་ཡོད་པ་དང་། ཨ་རིའི་མི་རིགས་ནག་པོའི་སྤྱི་འབངས་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་གཞོན་པ་ Martin Luther King, Jr.མཆོག་གིས་ཀྱང་མཆོད་ཁང་འདིར་གསུང་བཤད་ཐེངས་མང་གནང་མྱོང་ཡོད་འདུག དུས་སྐབས་དེའི་ནང་མི་རིགས་ནག་པོར་སྡང་ཟུག་འཛིན་མཁན་མི་རིགས་དཀར་པོའི་ཚོགས་པ་ཀུ་ཀ་ལག་སི་ཀ་ལན་ Ku Klux Klan ཟེར་བས་མཆོད་ཁང་གི་མདུན་དུ་འབར་རྫས་ ༡༩ ཙམ་འགྲིག་ནས་གཏོར་བཤིག་གཏོང་ཐབས་བྱས་ཀྱང་འབར་རྫས་དེས་མཐར་བུད་མེད་ན་གཞོན་བཞི་རྐྱེན་ལམ་དུ་བཏང་འདུག འབར་གས་དོན་རྐྱེན་བྱུང་བར་བརྟེན། རྗེས་ལོ་དེར་ཕྱི་ལོ་༡༩༦༤ ལོའི་སྤྱི་འབངས་ཐོབ་ཐང་གི་ཁྲིམས་ཡིག 1964 Civil Rights Actཅེས་པ་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་པ་རྣམས་ཞིབ་ཕྲ་སྙན་སྒྲོན་ཞུས།

གཞན་ཡང་སྐབས་དེར་གསར་འགོད་པ་ཁག་གཅིག་གི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་མཛད་སྐབས་མཆོད་ཁང་གི་ཕྱི་རོལ་དུ་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་པ་དེའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དོལ་རྒྱལ་རྙོག་གྲ་འདི་བྱུང་ནས་ལོ་ ༤༠༠ ཕྱིན་ཡོད།
སྐབས་ཤིག་ལ་ངོས་ནས་ཀྱང་མ་ཤེས་པར་དོལ་རྒྱལ་བསྟེན་པ་རེད། ཕྱིས་སུ་༸རྒྱལ་དབང་གོང་མས་དོལ་རྒྱལ་ལ་དམ་བསྒྲགས་ཧ་ཅང་མཛད་པ་དེ་དག་ཤེས་སྐབས། ངོས་ཀྱིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་ཡིན། ངོས་ཀྱིས་དོལ་རྒྱལ་བཀག་འགོག་ནམ་ཡང་བྱེད་མྱོང་མེད། དངོས་ཡོད་གནས་སྟངས་ཇི་ཡིན་འགྲེལ་བརྗོད་བྱ༌རྒྱུ་ནི་ངོས་ཀྱི་ལས་འགན་ཆགས་ཡོད། ༸རྒྱལ་དབང་སྐུ་ཕྲེང་༡༣ པ་མཆོག་གིས་དོལ་རྒྱལ་ལ་དམ་བསྒྲགས་ཧ་ཅང་མཛད་ཡོད། ཕྱོགས་མཚུངས་ངོས་ཀྱི་ཡོངས་འཛིན་སྐུ་བགྲེས་པ་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་དུས་རྟག་ཏུ་དོལ་རྒྱལ་ལ་འཛེམས་ཟོན་གནང་གི་ཡོད།

ངོས་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོས་ངོས་ཀྱི་སྐད་ཆ་ཉན་མིན་ཁོ་པ་ཚོའི་འདོད་མོས་རེད། གལ་ཏེ་ཁྱེད་ཚོས་དོལ་རྒྱལ་སྐོར་ད་དུང་ཤེས་འདོད་ན། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཡག་པོ་ཤེས་པ་གནང་དགོས། ཞེས་བཀའ་ལན་སྩལ། ཕྱི་ཚེས་༢༦ ཉིན་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་སུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་འདུག

གསར་འགྱུར།

Post navigation

Previous Post: མི་རྫོགས་ཀྱི་གཡུལ་འགྱེད་ཆེན་མོ་ཀི་སྒྲའི་རྡོ་ཆར།
Next Post: འགུལ་ཤུགས་ཆེ་བའི་གཏམ་བཤད་ཅིག

Comments (2) on “༸གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།”

  1. གཙོད་རྭ། says:
    2014-10-28 at 2:35 am

    མཛད་འཕྲིན་སྔར་ལྷག་རྒྱས་འགྱུར་ཅིག

  2. ཀརྡོ་གཉེར་ཕྱག་པ་ says:
    2014-10-28 at 6:05 am

    ་་་་་་་ ངོས་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་ཚོས་ངོས་ཀྱི་སྐད་ཆ་ཉན་མིན་ཁོ་པ་ཚོའི་འདོད་མོས་རེད། གལ་ཏེ་ཁྱེད་ཚོས་དོལ་རྒྱལ་སྐོར་ད་དུང་ཤེས་འདོད་ན། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཡག་པོ་ཤེས་པ་གནང་དགོས། ་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme