Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་སེང་དཀར་མོ།

Posted on 2014-10-232014-10-23 By ཁ་བརྡ་ 6 Comments on གངས་སེང་དཀར་མོ།

བསང་ཆུ་འབྲུག་བྷེ།<རྡ་ས།>

(བོད་ཀྱི་སྙན་ངག་མཁན་པོ་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་ནས་ལོ་ངོ་བཅུ་འཁོར་བར།)

དེ་རིང་ང་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་ངོས་ནས་ལྟོས་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་བ་ནི་རང་རེའི་མི་རིགས་འདི་རྟོགས་པ་སད་ཅིང་སྟ་གོན་ལ་སྐྱོད་པའི་དུས་ཤིག་ཡིན་པ་དང་། དུས་དེར་སྐྱེས་མཆོག་དོན་གྲུབ་རྒྱལ་གྱི་རྦབ་ཆུས་གཡོ་སྐྱོམ་ལས་བསླངས་པའི་གྲལ་སྒྲིག་པའི་རུ་དཔུང་དེ་ལས་མི་རབས་གསར་བ་ཞིག་དུས་རབས་ཀྱི་མདུན་དུ་ཐོན་ཞིང་འཚར།
སྙན་ངག་པ་ཡི་དམ་ཚེ་རིང་ནི་དུས་རབས་དེའི་ཁྲོད་ཀྱི་གངས་རིའི་ངར་སྐད་དགུང་ལ་འདེགས་མཁན་གྱི་སེང་ཆེན་གཡུ་རལ་ཅན་ཞིག་དང་། སྙན་ངག་གི་གཤོག་རྩལ་མཁའ་རུ་བརྐྱངས་པའི་ཁྱུང་ཆེན་རྒོད་པོ་ཞིག་ཡིན།

unnamed-2

དེ་རིང་ནི་སྙན་ངག་པ་ཁོང་ང་ཚོ་དང་ཞལ་གྱེས་ནས་ལོ་ངོ་བཅུ་འཁོར་བའི་ཉིན་མོ་ཡིན་པ་དང་། ངས་དྲན་ཚོད་ཀྱི་ལོ་ངོ་བཅུའི་ཡར་སྔོན་དུ་སྙན་ངག་པ་དམ་པ་འདི་བ་འདས་མཇུག་གི་སྔོན་རྗེས་ཙམ་དྲན་ཐོ་རུ་བཀོད་པའི་སྨྲ་བ་བསྐྱུངས།
2004ལོའི་ཟླ་10 ཚེས་24 ཉིན་ཕྲན་ཁོ་བོ་ལྷ་ས་གྲོང་ཁྱེར་དུ་བོད་ཁམས་འགྲུལ་བཞུད་བྱེད་ཀྱིན་པའི་དགོང་མོ་དེར། ཕ་ཡུལ་ཨ་མདོ་ནས་གྲོགས་སྙན་ངག་པ་རི་སྔོན་བླ་མ་ཐར་གྱིས་ཁ་པར་ཞིག་ཡོང་ནས་ཨ་ཁུ་ཡི་དམ་ཚེ་རིང་མ་བདེ་ཐལ་ཟེར།
དེ་མ་ཐག་བཀྲ་མི་ཤིས་པའི་གནས་ཚུལ་མི་སྙན་པ་དེས་ངའི་ཡིད་སེམས་བློ་བོར་བོར་གྱུར་ཞིང་སྨྲ་བསམ་བརྗོད་འདས་ཀྱིས་མནར། རྒྱུ་མཚན་ནི་བོད་ལ་ཡོད་པ་འི་ཤེས་ཡོན་ཅན་གྱི་སྡེ་རུ་སྙན་ངག་པའི་གྲངས་ཚད་དེ་མང་ཙམ་གདའ་ཡང་། སྙན་ངག་པ་ཚོའི་ཁྲོད་དུ་ཡི་དམ་ཚེ་རིང་ལྟ་བུའི་རྩོམ་གཤིས་དང་མི་གཤིས་ཉེ་བ། མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་པ།ཚེ་གཅིག་ལུས་གཅིག་ལ་དམིགས་ཡུལ་གཅིག་དང་ལས་དོན་གཅིག་གི་ཆེད་དུ་བསྟིམས་མཁན་གྱི་སྙན་ངག་པ་ངོ་མ་ཉུང་བས་ཡིན།

སྐབས་དེའི་ལྷ་སའི་མཚན་མོ་ནི་སྨུག་ནག་མཐུག་པོ་ཞིག་གི་སྒྲིབ་ནས་ཡོད་པ་དང་།ནང་མ་སྤྲོ་སྐྱིད་ཁང་རེ་ཡི་གློག་འོད་ཀྱི་སྐར་ཚོམ་ཁྲལ་ཆིལ་འོག་ན་རྒྱ་ནག་གི་མཛའ་གཞས་སྣ་མང་གི་སྐད་སྒྲས་ཁྱབ་ནས་ཡོད།
ངས་འདས་པོ་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་གི་བླ་ན་མེད་པའི་མི་གཤིས་བཟང་པོ།ཆེས་དྭངས་གཙང་གི་ལྷག་བསམ། རྨ་མེད་པའི་སྙན་ངག་ལས་ང་རྒྱལ་གྱིས་འགྲེངས་པའི་གངས་སེང་གི་ང་རོ་དེ་དག་དྲན་ནས་ལྷ་སའི་མཚན་མོ་འོག་ནས་ཁོང་ཉིད་སེམས་ཀྱིས་དྲན། མིག་ཆུ་ཤམ་ཤམ་བཞུར་་་་་་་
བོད་ཀྱི་སྙན་ངག་གི་ཕ་རྒན་ལྟ་བུའི་ཁོང་ཉིད་གཤེགས་རྗེས་བོད་ཁུལ་གྱི་རྩོམ་པ་པོ་ཡོངས་ནས་ཕྱོགས་གང་སར་མྱ་ངན་གྱི་རྩོམ་ཡིག་གྲངས་ལས་འདས་པ་བྱུང་།

ལྷག་པར་ནུབ་བྱང་མི་རིགས་སློབ་ཆེན་དུ་སྙན་ངག་པ་གང་ལ་མྱ་ངན་ཚོགས་འདུ་བསྡུས་ཤིང་། དེར་བོད་ཀྱི་མཁས་པ་ཆེན་པོ་དོར་ཞི་ཚང་དང་། ན་གཞོན་རྟོགས་སད་པ་ཞོགས་དུང་ཉི་གཞོན། བྱང་སྐར་སོགས། སྙན་ངག་པ་སྨན་བླ་སྐྱབས་དང་དཔའ་རྩེ་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་བརྒྱ་ཕྲག་ཁ་ཤས་འཛོམས་ནས་དམ་པ་གང་གི་མཛད་རྗེས་རྗེས་དྲན་དང་མྱ་ངན་ཞུ་ཚིག་སྒྲོག
སྐབས་དེར་སྐུ་ཞབས་ཞོགས་དུང་སོགས་ནས་མིག་ཆུ་བཞུར་ནས་གཏམ་བཤད་ཀྱང་བྱས་ཡོད།

སྙན་ངག་པ་ཡི་དམ་ཚེ་རིང་སྐུ་གཤེགས་ནས་བདུན་ཚུགས་དང་བོ་རུ་<<མཚོ་སྔོན་བོད་ཡིག་གསར་འགྱུར>>ཁང་གིས་མྱ་ངན་ཆེད་བསྒྲིགས་ལེའུ་ཚན་བཟོས་ནས་དེར་སྐུ་ཞབས་ཞོགས་དུང་། བྱང་སྐར། འབར་རྡེའུ་སོགས་ན་གཞོན་གསར་བ་མང་བོས་མྱ་ངན་བསྒྲགས་གཏམ་སྤེལ།
ལོ་དེའི་<<སྦྲང་ཆར>>འདོན་ཐེངས་བཞི་བ་རུ་སྦྲང་ཆར་རྩོམ་སྒྲིག་ཁང་གིས་མྱ་ངན་ཆེད་བསྒྲིགས་བཟོས་པར། དོར་ཞི་གདོང་དྲུག་སྙེམས་བློ་དང་། འཇམ
དཔལ་རྒྱ་མཚོ། སྐལ་བཟང་ཡེ་ཤེས། ཁ་སྒང་བཀྲིས་ཚེ་རིང་།མེ་སྒྲོན། ཨོ་རྒྱན་རྡོ་རྗེ།འཇུ་སྐལ་བཟང་། ལྗང་བུ་སོགས་ནས་མྱ་ངན་ཆེད་རྩོམ་འདོན་སྤེལ་བྱས།

ཡང་ལོ་དེའི་<<གངས་རྒྱན་མེ་ཏོག>>འདོན་ཐེངས་བཞི་བ་རུ་མྱ་ངན་ཆེད་བསྒྲིགས་བཟོས་ཏེ་ན་སྙན་ངག་སྐྱབས་ཆེན་བདེ་གྲོལ་དང། རེ་རྐང་གླིང་། རི་སྔོན་བླ་མ་ཐར། གཉའ་གོང་ལྷ་བྷེ། མདའ་བཙན་པོ་སོགས་གསར་དར་སྙན་ངག་པ་མང་བོས་མྱ་ངན་ཞུ་རྩོམ་སྤེལ།

ཡང་ལོ་དེའི་<<ཟླ་ཟེར>>འདོན་ཐེངས་བཞི་བ་རུ་མྱ་ངན་ཆེད་བསྒྲིགས་སྤེལ་ནས། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་དང་། འབའ་བ་ཕུན་ཚོགས་དབང་རྒྱལ། བློ་བཟང་ལྷུན་གྲུབ་རྡོ་རྗེ། རྨ་ཆུ་ཚེ་དྲུག ལྷ་རྒྱལ་ཚེ་རིང་སོགས་ནས་མྱ་ངན་རྩོམ་ཡིག་སྤེལ། གཞན་དེ་མིན་བོད་ཁུལ་གྱི་དགོན་དེབ་དང་སྒེར་དེབ། ཚགས་པར་སོགས་སུ་མྱ་ངན་གྱི་རྩོམ་ཡིག་གྲངས་ཚོད་ཟིན་དཀའ།

བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ངོས་ལ་མཇལ་ཚེ། མི་ཞིག་ལ་འདི་འདྲའི་མྱ་ངན་གྱི་རྩོམ་ཡིག་མང་བ་སྤེལ་བ་ནི་དཀོན་ཙམ་གདའ་མོ། འོན་ཀྱང་འདི་ནི་སྙན་ངག་པ་གང་གིས་མི་རིགས་ལ་བཅིངས་པའི་བརྩེ་སེམས་དང་། སྙན་ངག་ལ་དགའ་བའི་དད་འདུན་དེ་ལས་བྱུང་ཡིན་པ་སྨོས་ཅི་དགོས།
སྐབས་དེར་ངས་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཞིག་ལ་བོད་ཁུལ་གྱི་རྩོམ་པ་བོ་ཚོས་ཨ་ཁུ་ཡི་དམ་ཚེ་རིང་ལ་འདི་འདྲའི་མྱ་ངན་རྩོམ་ཡིག་མང་བོ་ཐོན་དོན་ཅི་ཡིན་ནམ་ཞེས་དྲིས་དུས། ཁོང་གིས་ང་ལ་བོད་ཀྱི་སྙན་ངག་པ་ཚོའི་ཁྲོད་ན་མི་རིགས་ལ་ཤ་ཚ་མཁན་གྱི་སྙན་ངག་པ་ཁོང་ལྟ་བུ་མེད་པས་རེད་ཟེར།

ངོ་མ་ཅི་མ་བདེན། 2003ལོར་མཁས་དབང་དམུ་དགེ་བསམ་གཏན་སྐུ་གཤེགས་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་སི་ཁྲོན་འབར་ཁམས་ནས་བསྡུས་ཤིང་། སྐབས་དེར་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་སྐུ་མགྲོན་གཙོ་གྲས་སུ་གདན་འདྲེན་ཞུས་ཡོད།
ཁོང་གིས་སྐབས་དེའི་ཚོགས་ཐོག་རང་ནས་འབར་ཁམས་ཁུལ་དཔོན་མདུན་ནས་སྐད་ཤུགས་ཆེན་པོས་འབར་ཁམས་ཁུལ་བོད་རིགས་སློབ་འབྲིང་སྲ་བརྟན་ཡུན་གནས་ངང་འཕེལ་རྒྱས་གཏོང་དགོས་ལུགས་དང་།
ལྷག་པར་1981ལོ་འདོན་ཐེངས་གཉིས་རྗེས་ཆད་སོང་བའི་རྔ་བའི་དུས་དེབ་<<སྤངས་ལྗོངས>>ངེས་པར་དུ་འདོན་སྤེལ་མྱུར་དུ་གནང་དགོས་པའི་ངར་སྐད་ཆེན་པོ་སྒྲོག་པ་སྐབས་ཐོག་དེའི་མཁས་པ་ཞིག་ནས་ང་ལ་དངོས་སུ་གསུངས།

གཞན་ཁོང་གིས་འགོ་གཙོ་དང་ནུས་པས་སྒྲུབ་པའི་ལྗོངས་ཞིང་ཆེན་ལྔའི་<ཆོལ་ཁ་གསུམ>རྩོམ་རིག་ཚོགས་འདུ་ཐེངས་གསུམ་ཙམ་རྩོལ་བ་ཆེན་པོ་སྒོ་ནས་གཙོ་སྒྲུབ་བྱས་ཀྱང་། རྗེས་སུ་རང་གི་དགུང་ལོའི་གནས་བབ་དང་རྒྱ་གཞུང་གིས་སྲིད་འགྱུར་སྣ་ཚོགས་འོག་ནས་ཚོགས་ཐུབ་མི་འདུག

ཁོང་གིས་འཚོལ་སྙེག་གི་འདུན་པ་བརྟན་པོའི་སྣེ་འོག་ནས་དུས་རབས༢༠པའི་ལོ་རབས༥༠པ་ནས་བཟུང་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ནས་སྔ་རྗེས་སུ་དམངས་གླུ་ཕྱོགས་བསྒྲིགས《གཉེན་སྟོན་གྱི་གླུ》དང༌། སྙན་རྩོམ་ཕྱོགས་བསྒྲིགས《གངས་རི》《གངས་སེང》《གངས་ལྗོངས》《གངས་དབྱངས》《གངས་ལྗོངས་ཀྱི་ཉི་མ་གླུ》དཔྱད་རྩོམ་ཕྱོགས་བསྒྲིགས《གངས་སེང་དཀར་མོའི་ང་རོ》རྣམ་ཐར《གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག》སོགས་པར་དུ་བསྐྲུན་ཡོད།
སྙན་ངག་པ་ཡི་དམ་ཚེ་རིང་ང་ཚོ་དང་ཞལ་གྱེས་ནས་ལོ་ངོ་བཅུ་འཁོར་ཡང་། ཁོང་གིས་ང་ཚོ་ལ་བཞག་པའི་མཛད་རྗེས་རྣམས་བསྐལ་བའི་མཐར་ཡང་གནས་ངེས།

དྲན་ཐོ།

Post navigation

Previous Post: དམར་པོ་རི་ལ་བཅར་འདྲི།
Next Post: ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ།*

Comments (6) on “གངས་སེང་དཀར་མོ།”

  1. ལྷ་མོ། says:
    2014-10-24 at 2:50 am

    སྙན་ངག་པ་ཡི་དམ་ཚེ་རིང་ནི་རྒྱ་ཡིག་གི་་སྙན་ངག་འབྲི་བ་བོ་བོད་པ་རེད།

  2. ལྷ་སྡེ་གནམ་ལོ་ཡག says:
    2014-10-25 at 1:40 am

    གྲགས་ཆེན་སྙན་ངག་པ་འདས་པོ་དྲན་གསོ་དང་། བསང་ཆུ་བ་ལགས་ལ་ཡི་རངས་ཡོད།

  3. བོད་ཀྱི་བུ། says:
    2014-10-25 at 5:30 am

    བོད་ཀྱི་སྙན་ངག་གི་རྒྱལ་བོ་ཡི་དམ་ཚེ་རིང་ལ་རྗེས་དྲན་ཞུ་ཆོག

  4. ཁྱུང་སེ། says:
    2014-10-25 at 8:27 am

    བོད་འདི་ཡོད་པ་ལས་་མེད་པར་དགའ་མཁན་ཞིག་གི་མི་རིགས་རེད་འདུག གངས་སེང་དཀར་མོ་མཐོང་རྒྱུ་མེད། གཡུ་འབྲུག་སྔོན་མོ
    རིག་རྒྱུ་མེད། བྱ་ཁྱུང་དམར་མོ་ག་ནས་ཡོད། ཆུ་སྲིན་རྭ་ཅན་རི་བོང་རྭ། དེའི་ལ་སྙན་ངག་སྒྲོ་བཏགས་བྱས་ནས་དོན་སྟོང་གི་རྩོམ་བརྒྱབ་ནས་དུས་ཚོད་ཁྲོག་བརླག་བཏང་ཡོད།

  5. བཀྲ་ཤིས། says:
    2014-10-25 at 11:51 am

    དྲྭ་གྲོགས་མང་པོས་མི་རིགས་སྲུང་སྐྱོབ་དང། རྨོངས་གཉིད་ལས་སད་དགོས་རབས། དམངས་གཙོ་དགོས་རབས་བཤད་པ་དེ་ལ་མོས་མཐུན་ལོས་ཡོད། དེ་བཞིན་བླ་མ་ག་གེ་མོ་ཞིག་གི་རང་གི་ཆོས་ལུགས་སྲུང་སྐྱོབ་ཆེད་དུ་ཉམས་ཆུང་བོད་མི་སྡུག་ལ་སྦྱོར་ཞིང་སྲོག་གི་འགྲོ་སོང་གཏོང་དགོས་བྱུང་བ་སོགས་དེ་རིགས་ཀྱིས་བོད་ཕུང་སོ་ཟེར་ན་དངོས་ཡོད་གནས་ཚུལ་རེད། ཡིན་ཀྱང་དེ་གང་ཟག་གི་སྐྱོན་རེད་མ་གཏོགས་ཆོས་ཀྱི་སྐྱོན་མ་རེད། དམ་པའི་ཆོས་གང་དུ་ཡང་གསོད་གཏུབ་དང་འཚེ་བ་སེམས་ཅན་ལ་གནོད་ཐབས་ཞིག་སྟོན་པས་གསུངས་མེད་པ་ནི་སྨོས་མ་དགོས། དེས་ན་གང་ཟག་གི་སྐྱོན་དེ་ཆོས་ལ་མ་གཡོགས་རོགས། སྐབས་འདིར་བརྗོད་བྱའི་དོན་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་རྒྱལ་པོ་གླང་དར་གྱི་སྐོར་ལ་ཅུང་ཟད་དཔྱད་ན། བོད་འདི་ཨ་མེ་རི་ཁ་ནང་བཞིན་ཡོད་པའི་སྐབས་ནི་ཆོས་རྒྱལ་མེས་དཔོན་རྣམས་གསུམ་གྱི་དུས་ལ་རེད། ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་སྐབས་ལ་རེད། ཕ་མྱེས་བཀུར་སྟི་བྱ་བའི་ཡུལ་དམ་ཆོས་དང་དེ་འཛིན་དགེ་འདུན་པའི་བསྟན་པ་བཤིག་རྒྱུ་དེ་ལྷ་སྲས་དར་མའི་བཟང་སྤྱོད་རེད་དམ་ངན་སྤྱོད་རེད། ཕོ་རང་ལ་ཆ་བཞག་ན་གླང་དར་ལ་སྡང་བཞག་རྒྱུ་དང། ལྷ་ལུང་དཔལ་རྡོར་ལ་ཆགས་བཞག་རྒྱུ་གང་ཡང་མིན་འདུག། གཅིག་ནི་བཙན་པོའི་གདུང་བརྒྱུད་རེད། གཅིག་ནི་གུ་རུས་དངོས་སློབ་རེད། ཡང་ཏིག་དོན་གྱི་བརྗོད་བྱ་ལ་གུ་རུས་དངོས་སློབ་ཞིག་གིས་སེམས་ཅན་ལ་བཚེ་བའི་ལས་ཞིག་འབྱུང་མི་སྲིད་པའི་ཡིད་ཆེད་ཡོད། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་དཔོན་ལྔ་བརྒྱ་སྐྱོབ་པའི་ཆེད་མི་ནག་གདུང་ཐུང་ཅན་བསད་པ་བཞིན་རྒྱལ་པོ་གླང་དར་ཡང་བཏུལ་དགོས་པ་བྱུང་སྙམ། དེ་ལ་དྲྭ་གྲོགས་ཚོས་རིག་པ་དང་མཐུན་གིས་ཨེ་འདུག། དངོས་པོའི་བཤིས་ལ་གང་དང་མཐུན་གིས་ཨེ་འདུག། བགྲོ་གླེང་བྱུང་ན་དགའ་བསུ་ཞུ་རྒྱུ། ཡང་འཁུ་སེམས་བཅངས་ནས་དོ་བསྡོ་མཁན་ཡོད་ན་རང་མདོག་ཕྱི་ལ་སྟོན་པ་ཙམ་ལས་གཞན་ཅི།

  6. བཀྲ་ཤིས། says:
    2014-10-25 at 11:56 am

    མཆན་འདེབས་ས་ནོར་འདུག། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ་ཞེས་པ་ལ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme