Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམར་པོ་རི་ལ་བཅར་འདྲི།

Posted on 2014-10-232014-10-23 By ཁ་བརྡ་ No Comments on དམར་པོ་རི་ལ་བཅར་འདྲི།

ཁྲོ་གཏུམ།

 
ཕོ་བྲང་གི་མཚན་མིང་རྣམ་གྲངས། རྩེ་པོ་ཏ་ལ། རྩེ་ཕོ་བྲང༌། ཕོ་བྲང་པོ་ཏ་ལ། ཕོ་བྲང་དམར་པོ། རི་བོ་གྲུ་འཛིན། དམར་པོ་རི།

དུས་རབས་ཀྱི་ངོ་གདོང་ནས་བརྡ་འཕྲིན་གྱི་གོམ་འགྲོས་ཧ་ཅང་མྱུར་བའི་དེང་རབས་ཅན་ནས། འཇིག་རྟེན་གྱི་འབར་གས་ཆེན་མོའི་སྒྲ་ལས་ཀྱང་རྣ་བར་གཟན་པའི་འཕྲུལ་སྒྲས་ང་ཚོ་གཉིད་དུ་མ་བཅུག་པའི་སྔ་ཕྱི་བར་གསུམ་དང་། རི་བོ་ཕྲེལ་ཉལ་ཞིག་གིས་འཁུར་བའི་རྩེ་ཕོ་བྲང་པོ་ཏ་ལའི་རྔམ་བརྗིད་ཀྱིས་ཡར་ཀླུང་ཤོག་ཁག་བཅུ་གཉིས་དང༌། བོད་ཀྱི་རྒྱལ་ཕྲན་མཐའ་དག སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཁག་དབང་དུ་བསྡུས་ནས་བོད་གོང་བུ་གཅིག་གྱུར་བྱས་མྱོང་བའི་དུས་རབས་ཀྱི་དཔང་རྟགས་དང་ཆོལ་གསུམ་གཅིག་གྱུར་རམ་རྒྱལ་ཁབ་གཅིག་གྱུར་གྱི་རྟགས་མཚན་གསལ་སྟོན་དུ་གཅིག་པུར་འགྲེང་སྟེ། གངས་རི་རྭ་བས་སྐོར་བའི་ཡུལ་གྲུ་དྭངས་ཤིང་གཙང་བ། དུས་བཞིའི་ནམ་ཟླ་གསལ་བའི་བོད་གངས་ཅན་ལྗོངས་ཀྱི་མིང་བཏགས་ཡོད་པའི་ས་ན་དཔའ་ངར་གྱིས་མགོ་གངས་དང་མཇུག་རྒྱ་མཚོར་ཐུག་ནས་ཡོད། ཕོ་བྲང་པོ་ཏ་ལ་ནི་བོད་མི་རིགས་ཀྱི་རླབས་ཆེ་བའི་གནའ་རབས་འཛུགས་སྐྲུན་ཡིན་ལ། བོད་ཀྱི་ནང་བསྟན་ཆོས་ལུགས་གཙོས་ཆབ་དཔལ་རིག་གསུམ་གྱི་སྒྱུ་རྩལ་གང་ཅིའི་ཐད་གཙུག་ལག་གི་དཔའ་སྙིང་ལྡན་ཡོད།

དེ་བས་ངས་དུས་རབས་ཀྱི་རྗེས་སུ་རྐང་འགྲུལ་ཤོར་བཞིན་འགྲོ་བའི་མི་རབས་ཀྱི་རྐང་འཛིན་པའི་ཁྲོད་དུ། རྩེ་པོ་ཏཱ་ལས་ཇི་ལྟར་གསན་གཟིགས་གནང་གིན་པའི་བཅར་འདྲི་ཞིག་བྱེད་འདོད་བྱུང༌།

unnamed-1

ཁྱེད་ནི་སྔོན་བྱུང་དཔའ་བོའི་མཛད་རྗེས་དང་དེང་རབས་གདུང་རྒྱུད་ཀྱི་བུ་རབས་ཚ་རྒྱུད། འབྱུང་འགྱུར་གྱི་དེབ་ཐེར་གསར་བ་རྣམས་སུ་ཕན་ཚུན་བསྡུར་བ་ཇི་ལྟར་བྱེད་མཁན་ཞིག་ཡིན། བོད་རྒྱལ་ཁབ་ཆེན་མོའི་སྔོན་ཆད་ཀྱི་བློ་གྲོས་གོ་ཐོས་ལས་ཐོབ་པའི་ངོས་ཟིན་དང་། ད་ལྟའི་མཐོང་ཐོས་མྱོང་རག་གིས་ཟིན་པའི་ཤེས་བྱའི་རྣམ་གྲངས་གཉིས་ཀྱི་མཐུན་སྡེབ་དེ་ནི་ཇི་ལྟར་བརྡ་འཕྲིན་གྱི་ངོས་སུ་བཀོད་པར་ལེགས་སམ།

སྔོན་ཆད་ཀྱི་རྒྱལ་རབ་དེབ་ཐེར་དག་ནས་བོད་ལ་མ་ཐོབ་པ་ཅི་ཡང་མེད་ལ་འདས་སོང་བའི་འཛམ་གླིང་གི་ཐོས་རྒྱ་གང་ཞིག་མ་ཐོབ་པ་མེད་པའི་སྐབས་དེའི་ཆབ་དཔལ་རིག་གསུམ་གྱིས་ང་ཚོར་རང་དགར་མ་བསྡད་པའི་རྣམ་འགྱུར་སྣ་ཚོགས་ཤིག་ལོ་རྒྱུས་དེབ་ཐེར་སོགས་སུ་མངོན་ལྐོག་གཉིས་ཀྱིས་ཤར་ཡོད་མོད། འོན་ཀྱང༌། སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་པས་ན། དེང་རབས་ཀྱི་འཕྲུལ་རིགས་དང་བརྡ་འཕྲིན་གྱིས་མིའི་འགྲོ་འདུག་སྤྱོད་གསུམ་དབང་དུ་བསྡུས་པའི་འགུལ་བསྐྱོད་ཀྱི་ཆ་ཤས་རེ་རེ་དང༌། སྐད་ཡིག་གི་བཙན་འཛུལ་གྱིས་སྐད་རིགས་གཉོམ་ཆུང་དག་ཉལ་སར་འཕངས་བཞག་པའི་རྣམ་པ་འདི་ཡིས་ཁྱོད་རང་ལ་དྲི་བ་ག་ཚོད་ཅིག་བཏང་སོང་ངམ།

ཁྱོད་ཀྱི་བདག་པོ་ས་མཐར་སྤྱུགས་པ་ནས་ཁྱོད་རང་གཅིག་པུས་རྣམ་གྲངས་མང་བའི་ཁང་མིག་མང་པོའི་ཁྲོད་ལ་སྙིང་གཏམ་ཅི་ཞིག་གླེང་མྱོང་ཡོད།

ང་ཚོས་ཁྱོད་རང་དྲན་གྱིན་དྲན་གྱིན་ཡིག་ཚགས་དང་ལོ་རྒྱུས་ཀྱི་ཤོག་ངོས་སུ་ཁྱོད་རང་ལ་བཤད་འདོད་པ་གང་མང་ཞིག་སེམས་ཁོང་དུ་སྦས་ཏེ། ཁྱོད་ལ་རྒྱང་བལྟས་ཀྱིས་མིག་ཟུང་གི་མཐའ་ལས་དྲན་པའི་མཆི་མ་རྐང་རྩེར་ཟེགས་ཡོད། དངོས་ནས་བཤད་ན་འདི་ནི་དྲན་གདུང་གི་ན་ཟུག་སྟེ་སྨན་གྱིས་མི་ཕན་པའི་ན་ཟུག་འདི་ས་མཐའི་འཚོ་བ་ལ་བརྒྱུས་ཤིང༌། དབུགས་རིང་བའི་དངན་པ་འཐེན་ཞོར་དུ། ཁྱོད་རང་འདྲ་པར་ཆེན་པོ་རེར་དཔར་ནས་ཁང་བའི་ཞལ་ངོས་སུ་སྦྱར་བ་དང་། པར་ངོས་དེའི་སྟེང་དུ་མིག་འོད་འཕྲོས་སུ་བཅུག་པ་ལས་གཞན་ཅི་ཞིག་བྱེད་འཇོག

ཁྱོད་རང་འགྲོགས་ཡུན་རིང་ཞིང་དུས་རབས་ཀྱི་ངོ་གདོང་ལས་གནའ་བོའི་མཁར་རྙིང་སྐད་གྲགས་ཆེ་བ་དང་། རྒྱལ་ཁབ་ཀྱི་མེས་པོའི་ཤུལ་བཞག་མཁར་རྙིང་གི་གྲས་སུ་ཁྱོད་ལ་གོ་ཐོབ་ཡོད་པ་གདོན་མི་ཟ་ཡང༌། ཁྱོད་རང་ད་ལྟའི་གནས་བབས་ཀྱི་འགན་འཁྲིའི་འོག་ཏུ། ད་རུང་རང་དབང་གི་ནམ་མཁའ་དང་བདེ་སྐྱིད་ཀྱི་ཉི་མ་གཉིས་ཀྱི་རམ་འདེགས་དཀོན་པས་ན། ཁྱོད་ཀྱི་ཁང་མིག་རེ་རེའི་ནང་གི་བྱ་བྱེའུ་འབའ་འབུ་མ་གཏོགས་ཁྱོད་ལ་ཡིད་ཆེས་གཏིང་ཟབ་ཀྱི་སེམས་ཁ་དྲོན་མོ་ཞིག་གློན་ས་གང་ན་ཡོད།

ལོ་ངོ་དུ་མིན་ལ་བོད་མིའི་ངལ་རྩོལ་དང་ལག་རྩལ་གྱི་འབྲས་བུ་ལས་བྱུང་བའི་ཁྱོད་ཀྱི་བརྗིད་ཉམས་གསོན་པོ་དང༌། ངའི་གོ་ཐོས་སུ་ཕོ་བྲང་དམར་པོ་ནི་༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐབས་སུ་གསར་བཞེངས་མགོ་འཛུགས་གནང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མི་ལོ་བཅུ་བཞི་ཙམ་རིང་ལ་༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་ཡང་སྲིད་མི་མང་ལ་ཞལ་རག་ཏུ་མ་བཞུགས་པའི་སྔ་གཞུགས་དང༌། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་ལོ་རྒྱུས་དང་རྩོམ་རིག སྤྱི་ཚོགས་ཀྱི་ཁ་རྒྱུན་ཁྲོད་དུ་རྒྱུན་འཇགས་སུ་གནས་པ་འདི་ནི། ཁྱོད་རང་པོ་ཏ་ལ་ཆ་ཚང་བ་ཞིག་གྲུབ་ཆེད་དང༌། ད་ལྟའི་གཟི་བརྗིད་བརྟན་བརླིང་གི་རྣམ་པ་ཞིག་བཞེངས་བསྐྲུན་བྱུང་བའི་བཤད་རྒྱུན་འདུག

པོ་ཏ་ལ་ཁྱོད་ཀྱི་རྣམ་པ་འདི་ནི་ད་ལྟའི་བོད་རྒྱལ་ཁབ་ཆེན་མོའི་གནས་བབ་ཀྱིས་ཁ་གསབ་བྲལ་ཏེ། ཁྱོད་རང་ཁེར་རྐྱང་ངང་ནང་ནོམ་ཁྱེར་སོང་བའི་ཁང་སྟོང་མང་པོ་ཞིག་གི་ཁྲོམ་སྟོན་བྱེད་བཞིན་པ་ཙམ་ལས་ཁྱོད་རང་ལ་དངོས་ཤུགས་ཀྱི་མཛེས་སྡུག་ཡལ་བའི་ན་ཟུག་ཆེ་ཨང༌།

རྩོམ་རིག

Post navigation

Previous Post: སྟོང་བསམ་དང་འཆར་སྣང་།
Next Post: གངས་སེང་དཀར་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme