Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་བཀའ་བློན་མཆོག་གི་གཟིགས་སྐོར།

Posted on 2014-10-132014-10-13 By ཁ་བརྡ་ 4 Comments on ཤེས་རིག་བཀའ་བློན་མཆོག་གི་གཟིགས་སྐོར།

གནས་ཚུལ་གཏོང་མཁན། རྡོ་རྗེ་རིན་ཆེན།

 
unnamed-6

ཤེས་རིག་བཀའ་བློན་མཆོག་གིས་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་གཟིགས་སྐོར།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཀ་སྦུག་གཏན་སློབ་དང་། ར་ཝང་ལ་གཏན་སློབ། སྒང་ཏོག་བཅས་ཀྱི་ཤེས་ཡོན་སྡེ་ཁག་བཅས་ལ་འཚམས་གཟིགས་གྲུབ་རྗེས། ཕྱི་ཚེས་༡༡ ཉིན་གྱི་དགོང་མོའི་དུས་ཚོད་བདུན་པའི་ཐོག་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་ཡོད་པ་དང་། དེ་གའི་དགེ་ལས་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་གིས་ཕེབས་བསུ་སྣེ་ལེན་དང་། ཕྱི་ཚེས་༡༢ རེས་གཟའ་ཉི་མའི་སྔ་དྲོ་དུས་ཚོད་དགུ་བ་ནས་ཉིན་རྒྱབ་དུས་ཚོད་གཉིས་པ་བར་ཤེས་ཡོན་སྡེ་ཚན་ཁག་ལ་གཟིགས་སྐོར་གནང་རྗེས། དགེ་ལས་སློབ་ཕྲུག་དང་། ཕ་མའི་ལྷན་ཚོགས་བཅས་ལ་བཀའ་སློབ་སྩལ་དོན། སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་འདི་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཡུལ་གྱི་གཞི་རིམ་སློབ་གྲྭ་ཞིག་ཆགས་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་ནང་བསམ་བློའི་རང་དབང་སྐོར་བཤད་ཡོད།

unnamed-7

སློབ་ཕྲུག་ཚོར་དྲི་བ་འདྲི་སྐབས་འཚེར་སྣང་མེད་པའི་ཐོག་དྲི་བར་ལན་འདེབས་བྱེད་ཀྱི་འདུག་པས། འདིར་བསམ་བློའི་རང་དབང་ཤུགས་ཆེན་པོ་ཡོད་པ་མཚོན་ཐུབ། དེ་བཞིན་སློབ་ཕྲུག་གི་ཡིག་གཟུགས་དང་། ཉིན་ཐོ། རྩོམ་ཐུང་ས་སོགས་ལ་ལྟ་དུས་དཔེ་མི་སྲིད་པའི་ཡག་པོ་འདུག
ད་ལྟ་བོད་ཡིག་གིས་གཙོས་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཞིག་ཡོད་བསྡད་པ་འདི་མུ་མཐུད་སྙུགས་བསྲིངས་ཏེ། འདི་ནས་སློབ་ཁོངས་གཞན་གྱི་འཛིན་རིམ་དྲུག་པ་དང་བདུན་པར་འཕོ་འགྱུར་སྐབས་ཀྱང་། གང་ཤེས་པ་དེ་བརྗེད་དུ་མ་བཅུག་པར་སྲ་ཇེ་བརྟན་དང་ཇེ་བཟང་དུ་གཏོང་རྒྱུ་གལ་ཆེན་པོ་དང་། ད་ལྟ་ཤེས་རིག་གིས་དམིགས་བསལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་སའི་དཔེ་སྟོན་སློབ་གྲྭ་ལྟར། སློབ་གྲྭ་གཞན་དག་ལའང་དགོས་པའི་དམིགས་ཡུལ་ཞིག་ཟིན་ཡོད།

དེ་གང་ཡིན་ཞེ་ན། འདི་ནས་ཁྱེད་ཚོས་དཀའ་ལས་ཤིག་བརྒྱབ། སློབ་ཁོངས་གཞན་དུ་སླེབས་ཚེ་རྣམ་པ་གཞན་ཞིག་ཆགས་ན། དཀའ་ལས་བརྒྱབ་པ་དེར་དགོས་པ་མ་མངོན་པ་དང་། ཤེས་ཡོན་སྲིད་བྱུས་ལ་རྩ་བའི་འགྲེལ་བཤད་རྒྱས་པ་ཡོད་ཀྱང་། མདོར་དྲིལ་ན་རང་གི་སྐད་ཡིག་གིས་གཙོས་བོད་མིའི་དགོས་མཁོ་དང་། ཡ་རབས་བཟང་སྤྱོད། རིག་གཞུང་སྐྱོབ་རྣམས་གཞི་རྩར་བཞག་ནས་དེ་ཐོག་དེང་དུས་རིག་གསར་ཤེས་ཡོན་གྱི་མཁྱེན་རྒྱ་ཡོད་པའི་འདབ་གཤོག་གཉིས་ལྡན་ཞིག་བྱ་དགོས་པ་དེ་ཡིན་པ་དང་། དེ་ལྟར་སློབ་སྦྱོང་ཚད་མཐོན་པོ་ཞིག་བྱུང་ཚེ་སྤྱི་བ་དང་། རང་ཉིད་ཀྱི་འཚོ་གནས། ཕ་མར་རོགས་རམ། རྒྱ་ཆེ་ས་ནས་མི་རིགས་ལ་ཕན་ཐོགས་ཐུབ།

unnamed-8

མདོ་དོན་སྒྲིག་ལམ་དང་། ཀུན་སྤྱོད། སློབ་སྦྱོང་། གཙང་སྦྲ་བཞི་དེ་ཤིན་ཏུ་གལ་ཆེ་ཤོས་དང་། སློབ་ཕྲུག་ཆུང་བ་ཚོས་འཛིན་གྲྭ་སྒང་མའི་བྱ་སྤྱོད་ལ་མིག་དཔེ་ལྟ་བཞིན་ཡོད་པས། འཛིན་གྲྭ་སྒང་མ་དག་གིས་སློབ་སྦྱོང་དང་བྱ་སྤྱོད་གཉིས་ཐད་ནས་འཛིན་གྲྭ་གཤམ་མ་དག་ལ་དཔེ་སྟོན་ལེགས་པོ་ཞིག་བྱ་དགོས་སྐོར་སོགས་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། མཇུག་མཐར་དགེ་ལས་ཚོར་ཟུར་དུ་ངོ་ཐུག་གིས་བཀའ་སློབ་ལམ་སྟོན་དང་། ཤེས་ཡོན་དང་བདེ་སྡུག་གི་ཐད་སོ་སོར་དྲི་བ་དྲིས་ལན་སོགས་ལེགས་པར་གྲུབ་རྗེས། ཉིན་རྒྱབ་རྡོར་གླིང་དོན་གཅོད་ཀྱིས་ཕེབས་བསུ་དང་བཅས་རྡོ་རྗེ་གླིང་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་༡༣ རེས་གཟའ་ཟླ་བའི་ཉིན་རྡོར་གླིང་གཏན་སློབ་དང་སོ་ནཱ་གདའ་གཏན་སློབ་གཉིས་ལ་གཟིགས་སྐོར་གྲུབ་མཚམས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

གསར་འགྱུར།

Post navigation

Previous Post: སྙན་ངག་པའི་ནུབ་མོ།
Next Post: ཕྱི་མིག་ཁྲོད་ཀྱི་ཁྱོད་ཚོ།

Comments (4) on “ཤེས་རིག་བཀའ་བློན་མཆོག་གི་གཟིགས་སྐོར།”

  1. རྒྱང་མིག says:
    2014-10-13 at 12:24 pm

    ད་ལྟའི་ཤེས་རིག་བཀའ་བློན་གསར་བ་འདི་བོད་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོག་ལ་ཅུང་གཟབ་ནན་ཡོད་མཁན་ཞིག་ཏུ་མཐོང་སོང་། ཁོང་ཤེས་རིག་བཀའ་བློན་ལ་བདམས་ཐོན་བྱུང་བ་ནས་དུས་ཐུང་ནང་བོད་སློབ་ཁག་ཏུ་བོད་རང་གི་སྐད་ཡིག་ལ་འབད་བརྩོན་དགོས་པའི་གཏམ་བཤད་འགའ་རེ་གནང་བ་མཐོང་ཐོས་བྱུང་སོང་།

  2. མཚོ་དཀར། says:
    2014-10-13 at 1:33 pm

    ཤེས་རིག་བཀའ་བློན་འདི་ཧ་ཅང་གི་ཡག་པོ་ཞིག་ཡིན་པ་ཚོར་བྱུང་།

  3. བྱམས་པ། says:
    2014-10-14 at 3:40 am

    བཀའ་བློན་འདི་ཡིས་བོད་སྐད་ཡིག་ལ་ཤུགས་རྒྱག་པ་དང་། སློབ་གྲྭའི་ནང་གི་རུལ་སུང་གཙང་བཟོ་བྱེད་པའི་རེ་བ་ཡོད།

  4. ཁྱུང་ཆེན། says:
    2014-10-14 at 11:13 pm

    ཤེས་རིག་བཀའ་བློན་ཟེར་པ་དངོས་གྲུབ་ཚེ་རིང་འདི་དང་སྲིད་སྐྱོང་བློ་སེང། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱས་བཅས་ཀྱིས་ད་བར་ལོ་གསུམ་རིང་ཤེས་ཡོན་སྲིད་བྱུས་སྒང་ལ་རྫིག་རྫིག་མི་འདོད་པ་ཞེ་དྲག་བྱས་ཀྱང། རྦད་དེ་ཐར་མ་སོང་ཙང། ད་ནི་ཤེས་ཡོན་སྲིད་བྱུས་དང་བོད་ཀྱི་སྐད་ཡིག་ཟེར་ཁུལ་གྱིས་ལོ་གསུམ་རིང་བསགས་པའི་ནག་ཉེས་འདགས་ཐབས་བྱེད་ཀྱི་ཡོད་པ་དེ་རེད། ལོ་གསུམ་རིང་བོད་ཕྱི་ནང་གཉིས། གྲོས་ཚོགས་དང་བཅས་པས་ཤེས་ཡོན་སྲིད་བྱུས་ལ་ཁོང་ཚོས་བཟུང་པའི་རྣམ་འགྱུར་ཐར་བ་མ་བཏང་བ་དེ་ཁོང་ངོ་ཚ་ནས་འདུག་ཐུབ་ཀི་ཡོད་པ་མ་རེད། མ་གཞི་ཁོང་བཀའ་བློན་དུ་བསྐོ་ཁུལ་བྱེད་པ་འདི་དག་མིག་ལྟོས་ངན་པ། ལྐོག་ཟ་རུལ་སུངས་གི་རིགས་སུ་གཏོགས་པ། ངོ་འཛིན་རུལ་སུངས་ལམ་ལུགས་ལ་བརྟེན་ནས་མ་གཏོགས། འཇོན་ནུས་ཅི་གང་མེད་པ་སྔ་མོ་ནས་ཐག་བཅད་ཟིན་པ་རེད་ལ། བོད་ཀྱི་ཤེས་རིག་ལ་ཛེ་རོ་༼ཀླད་གོར༽ཡིན་པ་ཚང་མས་ཤེས་གསལ་རེད། བློ་བཟང་སེང་གེའི་ཨ་ཞང་གི་་གྲོགས་མཆོག་ཡིན་སྟབས་ཁོས་བཀའ་བློན་རེག་པ་རེད་དེ། ལས་རྒྱུ་འབྲས་དང་བོད་ཀྱི་དམ་ལྡན་ལྷ་མི་ཡོངས་ཀྱི་མདུན་དུ། འཁྲབ་སྟོན་འདི་རིགས་ཁྲེལ་བའི་རྒྱུ་མ་གཏོགས་འོས་འཚམས་ཤིག་མིན་པ་ཚང་མས་ཤེས་གསལ་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme