Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གསུམ་པ།

Posted on 2014-10-102014-10-11 By རྔ་བ་རྒྱལ་ཁམས་པ 5 Comments on ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གསུམ་པ།

རྔ་བ་རྒྱལ་ཁམས་པ།

hilton 8ད་ལམ་ང་ལ་སྒེ་ཁུང་འཁྲིས་ནས་འདུག་ས་ཞིག་ཐོབ་ཡོད་ཀྱང་། དགུང་རུབ་ལ་ཉེ་བས་གནམ་སའི་མཛེས་ལྗོངས་ལ་ལྟ་བའི་གོ་སྐབས་མང་བོ་ཞིག་མེད་སྟབས། གནམ་གྲུ་དེ་སྔ་བོ་ཞིག་ནས་ལམ་དུ་ཆས་ན་བསམས། གང་ལྟར་གནམ་གྲུ་འདིའི་ནང་ནས་འདོད་མོས་ལྟར་གློག་བརྙན་ལ་ལྟ་ཆོག་པས། ངས་གློག་བརྙན་ཞིག་བདམས་ཏེ་སོས་དལ་ངང་བལྟ་བའི་མགོ་བརྩམས། ངའི་ཆུང་མ་ཁོང་ཚོ་ངའི་གཡོན་ཕྱོགས་ཕར་ངོས་ཀྱི་རྐུབ་སྟེགས་ཐོག་བསྡད་ཡོད། གནམ་གྲུ་འཕུར་ནས་རིང་བོར་མ་འགོར་བར་ཁོང་ཚོས་ཀྱང་རང་འདོད་ལྟར་གློག་བརྙན་སྣ་ཚོགས་པར་ལྟ་བཞིན་པ་མཐོང་། རེ་ཞིག་ནས་ཁོང་ཚོས་གློག་བརྙན་ལ་ལྟ་མཚམས་བཞག་སྟེ་གཉིད་དུ་ཡུར་བའི་མགོ་ཚུགས། ཕལ་ཆེར་མ་རྒན་གྱིས་བཀའ་བཏང་ཡོད་ཤས་ཆེ། ངས་མུ་མཐུད་དྲག་སྤྱོད་དང་འཐབ་རྩལ་ཧ་ཅང་རྒོད་པའི་གློག་བརྙན་དེར་བལྟས། ནམ་རྒྱུན་ངའི་བུ་ཆུང་སྔ་བོ་ནས་གཉིད་རྒྱུར་དགའ་བོ་མེད་ཁར། དོ་དགུང་གློག་བརྙན་ཅི་དགར་འདེབས་ཆོག་པས་གོ་སྐབས་འདི་ཁོས་དམ་འཛིན་བྱེད་རྒྱུ་ཡིན་པ་ངས་ཧ་གོ་གི་ཡོད། ངའི་འཁྲིས་སུ་ལ་དན་ཨ་རིའི་མི་རིགས་ཡིན་པའི་སྤུན་ཟླ་ལོ་གཞོན་ཟུང་ཞིག་འདུག ཁོང་གཉིས་ཀྱིས་ང་ཚོ་ཧ་བ་ཡས་སུ་མ་སླེབས་པར་དུ་གློག་བརྙན་ལ་བལྟས། ངས་བུ་ཆུང་གིས་ཀྱང་བརྙན་སྟོན་འཕྲུལ་ཆས་ཡང་ཡང་ཁ་ཕྱེ་བ་དང་ཁ་རྒྱག་པ་སོགས་བྱེད་བཞིན་པ་མཐོང་། ང་ཚོ་ཆུ་ཚོད་ལྔ་དང་ཕྱེད་ཀར་འཕུར་རྗེས་ས་གནས་ཀྱི་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་གཞི་ནས་ཧ་བ་ཡས་སུ་སླེབས། ང་ཚོ་གནམ་གྲུ་ལས་བབ་ནས་ཕྱི་ལོགས་སྒོ་འགྲམ་དུ་ཐོན་སྐབས། ཧ་བ་ཡས་ཀྱི་བུད་མེད་ལོ་གཞོན། གཟུགས་གཞི་རིང་བོ་འཇོ་སྒེག་ཅན་ལག་ཏུ་མེ་ཏོག་གི་ཕྲེང་བ་འཛིན་མཁན་ཞིག་གིས། ང་རང་ཡིད་སྨོན་ཞིག་བྱེད་ཅེས་པའི་བྱིས་པའི་ཐེབས་ཚོགས་ཀྱི་མི་སྣ་ཡིན། ཁྱེད་ཚོ་བཀྲ་ཤིས་ཁྱིམ་ཚང་ཡིན་ནམ་ཞེས་དྲིས། ང་ཚོས་ལན་བཏབ་པ་དང་མོས་ང་ཚོ་མི་རེའི་མགུལ་དུ་མེ་ཏོག་གི་ཕྲེང་བ་རེ་རེ་བསྐོན་ནས་ཨ་ལོ་ཧ། ཞེས་གུས་ཞབས་ཀྱི་ཕེབས་སུ་གནང་། ང་ཚོས་ཀྱང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་དྲན་རྟེན་གྱི་པར་བཏབ། སྐབས་དེའི་འགྲུལ་བ་ཡོངས་རྫོགས་ཀྱི་ནང་། ང་ཚོ་དང་ཕོ་སར་གཞན་པ་ཞིག་བཅས་ང་ཚོ་མི་ལྔ་ལས། མེ་ཏོག་གི་ཕྲེང་བ་བཟུང་ནས་ཕེབས་བསུ་གནང་ཡུལ་ཞིག་མ་བྱུང་བས། འགྲུལ་བཞུད་པ་ཚང་མས་ང་ཚོ་ལ་ཡང་ཡང་བལྟས། ཅ་དངོས་ལེན་སའི་སྡེ་ཚན་ནས་དོ་པོ་ནམས་བླངས། ང་ཚོ་མི་རེས་དོ་པོ་རེ་རེ་འདྲུད་དེ་ཕྱི་ལོགས་ཀྱི་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སུ་ཕྱིན། ཨ་བེ་སི་ཞེས་མིང་དུ་བཏགས་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་ཆུང་འབྲིང་ཙམ་ཞིག་སྔ་སེ་ནས་ལམ་ཁ་དེར་བསྡད་ནས་ང་ཚོ་སྒུག་བསྡད་འདུག ང་ཚོས་རང་ཉིད་ངོ་སྤྲོད་བརྒྱུད་རླངས་འཁོར་དེར་བསྡད་ནས། རླངས་འཁོར་གླ་ཚུགས་སུ་ཉེ་སྔོན་ནས་སྔ་གླ་བྱས་ཟིན་པའི་རླངས་འཁོར་དེ་ལེན་དུ་སོང་། སྐབས་དེ་ནི་ས་གནས་ཀྱི་མཚན་མོའི་དུས་ཚོད་བཅུ་གཅིག་དང་། ནོས་ཡོག་གི་ཞོགས་ཀའི་ཆུ་ཚོད་དྲུག་པ་རེད། ཕར་ཕྱོགས་ལམ་ཆེན་ནས་སྐྱོད་པའི་རླངས་འཁོར་གྱི་སྒྲ་མ་གཏོགས་གྲགས་འགུལ་ཅིའང་མེད་པར་ཁ་ཁུ་སིམ་པོ་འདུག ངས་མཚན་མོའི་སྨག་དང་གློག་འོད་འདྲེས་པའི་གསལ་ལ་མི་གསལ་བའི་མཐའ་འཁོར་དག་ན། ཚ་བའི་ཡུལ་དུ་སྐྱེ་ངེས་པའི་ཏ་ལའི་ཤིང་སྡོང་མགོ་ལྡེར་རྣམས་བསིལ་རླུང་འཇམ་པོས་ཡང་ཡང་སྒུལ་བཞིན་པ་མཐོང་ཞིང་། གློག་འོད་ཀྱིས་བསླད་པའི་ནམ་མཁར་སྐར་མ་ཆེ་ཆུང་མང་བོ་ཁྲ་ལམ་མེར་བཞད་པ་མཐོང་། མ་རྒན་དང་ངེད་གཉིས་རླངས་འཁོར་གླ་ཁང་གི་ཕྱི་ལ་བསྡད་ནས་ཅ་དངོས་ལྟ་སྲུང་བྱས། ཆུང་མ་མ་བུ་ཁང་བའི་ནང་དུ་ཕྱིན་ནས། སྣེ་ལེན་མ་དང་མཉམ་པོར་སྐད་ཆ་རྫོགས་མཐའ་མེད་པ་ཞིག་བཤད་མཐར། ལྡེ་མིག་ཅིག་འཁྱེར་ནས་ཕྱི་ལ་སླེབས། ང་ཚོས་ལམ་སང་རླངས་འཁོར་དེ་མ་རྙེད་པར་ཕྱོགས་གང་སར་ལྟ་ཞིབ་བྱེད་སྒང་། རྒྱ་རིགས་ཤིག་ཡིན་ནམ་སྙམ་པའི་སྐྱེས་པ་ཞིག་ཡོང་སྟེ། ཁྱེད་ཚོའི་རླངས་འཁོར་དེ་ཕ་གི་རེད། ཅེས་རླངས་འཁོར་དཀར་བོ་དབྱིབས་མཐོན་པོ་ཅན་ཞིག་བསྟན། རླངས་འཁོར་དུ་འཛུལ་ནས་སྐོར་ཐབས་ཤིག་བྱས་རུང་། རླངས་འཁོར་དེ་རིགས་ལ་ཆ་རྒྱུས་མེད་སྟབས་གཏོང་མ་ཤེས། བེད་སྤྱོད་བྱེད་སྟངས་ཐད་ཞིབ་མོར་བལྟས་རྗེས། ལམ་སྟོན་འཕྲུལ་འཁོར་བརྒྱུད (HILTON WAIKOLOA VILLAGE)ཞེས་འབོད་པའི་ཕྱོགས་སུ་བསྐྱོད། ལམ་བར་དུ་རླངས་འཁོར་གྱི་འཚངས་ཀ་མེད་སྟབས། ང་ཚོ་བདེ་མཚམས་ངང་མགྲོན་ཁང་དུ་སླེབས། རླངས་འཁོར་མགྲོན་ཁང་གི་སྒོ་ཆེན་འགྲམ་དུ་བཞག་སྟེ། སྣེ་ལེན་སྡེ་ཚན་གྱི་ཕྱོགས་སུ་ཕྱིན། མཚན་མོ་དེའི་སྣེ་ལེན་མ་ནི་འཇར་པན་གྱི་བུད་མེད་ལོ་བཞི་བཅུ་ཡས་མས་སུ་སླེབས་པ་ཞིག་རེད། མོས་ང་ཚོར་མགྲོན་ཁང་དེའི་ལྗོངས་བཀོད་ཀྱི་འགྲེལ་བརྗོད་དང་། ཚོན་ལྡན་དཔེ་རིས། ཉིན་རེའི་མཛད་སྒོ་ཆེ་ཆུང་། ང་ཚོས་ཐོབ་ཐང་ལྟར་ལས་འཆར་དང་བྱེད་སྒོ་གང་ཞིག་ཏུ་རིན་མེད་ཐོག་ཞུགས་ཆོག་པའི་འཛིན་བྱང་། ཡུལ་སྐོར་ས་ཚུགས་ཁག་ཅིག་གི་སྒྲོག་བྱང་བཅས་སྤྲད། ང་ཚོར་ཉལ་ཁྲི་ལྷག་མ་གཅིག་དགོས་པའི་རེ་འདུན་བཏོན་པར། མོས་ལམ་སང་འཁྲིས་ཀྱི་བུད་མེད་གཞོན་པ་དེར་བཀོད་མངགས་གནང་བ་མ་ཟད། མི་ཞིག་ལ་སྐད་བཏང་སྟེ་མགྲོན་པོ་འདི་དག་ལ་རླངས་འཁོར་འཇོག་ཚུགས་དང་། མགྲོན་ཁང་སོགས་ངོ་སྤྲོད་གནང་དགོས་པའི་སྐུལ་མའང་བཏང་། མགྲོན་པོར་སྣེ་ལེན་གྱི་བར་ཁྱམས་བཞུགས་སྟེགས་དག་གི་ཐོག དོ་པོ་ཅན་གྱི་འཇར་པན་པའམ། རྒྱ་ནག་པ་རེ་ཡིན་ནམ་སྙམ་པའི་ཤར་ཕྱོགས་པ་མང་བོ་ཞིག ད་སོ་མར་སླེབས་པའམ། ཡང་ན་གང་ཞིག་ཏུ་ཐོན་བསྐྱོད་བྱེད་ཀྱིན་ཡོད་པ་འདྲ། དོ་སྣང་བྱུང་བ་ཞིག་ལ། སྣེ་ལེན་ཁང་དེའི་རྩིག་ངོས་ཀྱི་ལྡེབས་རིས་ནང་། རྒྱ་ནག་གནའ་ལུགས་ཀྱི་རི་མོ་སྣ་ཚོགས་ཀྱིས་གང་ཡོད་པ་མཐོང་སྟེ། གླིང་ཕྲན་འདིར་རྒྱ་ཤུགས་དེ་ཇི་ལྟར་བྱས་ནས་བྱུང་བ་ཞིག་ཡིན་ནམ་སྙམ་དུ་བསམ་གཞིག་གི་གནམ་སུ་གྱུར་། ང་ཚོས་སྣེ་ལེན་མ་དེར་ཐུགས་རྗེ་ཆེ་ཞེས་བརྡ་བཏང་སྟེ། མགྲོན་ཁང་སྒོ་འགྲམ་གྱི་རླངས་འཁོར་ཡོད་སར་ཕྱིན། མགྲོན་ཁང་ཕྱིན་ན་ཨ་རི་པ་གཟུགས་ཐུང་ཤ་རྒྱག་པའི་སྐྱེས་པ་ཞིག་དང་། གཟུགས་སྐམ་པོ་ཅན་གྱི་ཡུལ་མི་ཞིག་སྟེ། མི་གཉིས་ཀྱིས་ང་ཚོའི་ཅ་དངོས་རྣམས་དོ་པོ་སྐྱེལ་འདྲེན་གྱི་རླངས་འཁོར་ཆུང་ངུ་ཞིག་གི་ཐོག་བཞག་སྟེ། ང་དང་མ་རྒན་བུ་ཆུང་བཅས་རླངས་འཁོར་དེར་བསྡད། ཆུང་མས་ང་ཚོའི་རླངས་འཁོར་བཏང་སྟེ་ངེད་ཅག་གི་རྗེས་སུ་ཡོང་། མགྲོན་ཁང་སྒོ་ཆེན་ནས་གཡས་ཕྱོགས་སུ་སྐར་མ་ལྔ་དྲུག་ཅིག་གི་རིང་། སྐོར་བ་བརྒྱབ་རྗེས་རླངས་འཁོར་འཇོག་ཚུགས་སུ་འབྱོར་ཏེ་རླངས་འཁོར་བཞག་རྗེས། མི་དེས་ང་ཚོར་རླངས་འཁོར་འཇོག་ཚུགས་ཀྱི་སྒོ་འབྱེད་སྟངས་དང་། ཐུང་ལམ་བརྒྱུད་མགྲོན་ཁང་དུ་འགྲོ་ས། གོ་སྐབས་རེག་ན་རླངས་འཁོར་ཐུང་ལམ་དེ་དང་ཁད་ཉེ་བོར་བཞག་ན། འགྲོ་འདུག་སྟབས་བདེ་ཡོད་པ་བཅས་ཀྱི་སློབ་སྟོན་གནང་འཕྲལ། ཆུང་མའང་དོ་སྐྱེལ་འགྲུལ་འཁོར་དེར་བསྡད་ནས། ང་ཚོ་ཕར་མགྲོན་ཁང་གི་ལྟག་སྒོ་ཞིག་བརྒྱུད་ནས། མགྲོན་ཁང་གི་ཅ་དངོས་སྣ་ཚོགས་ཀྱིས་གང་བའི་ཁྱམས་ར་དོག་མོ་ཞིག་བགྲོད་མཐར། ཅ་དངོས་ཚང་མ་གློག་སྐས་ཤིག་ཏུ་བཞག་སྟེ། ཐོག་རྩེག་གསུམ་པའི་སྟེང་གི་མགྲོན་ཤག་ཏུ་སླེབས། སྐབས་དེར་ཕལ་ཆེར་ས་གནས་ཀྱི་ཆུ་ཚོད་བཅུ་གཉིས་ཟིན་ལ་ཉེ། མགྲོན་ཤག་དེ་ནི་རྒྱལ་བོའི་ཚད་ཅན་གྱི་ཉལ་ཁྲི་གཉིས་དང་། ད་གིན་ང་ཚོས་རེ་ཞུས་ལྟར་གནང་བའི་ཉལ་ཁྲི་ཆུང་ངུ་ཞིག་བཅས་ཉལ་ཁྲི་གསུམ་དང་ལྡན་པ་ཞིག་རེད། མགྲོན་ཤག་དེ་ནི་ཤག་གསར་བ་ཞིག་མ་ཡིན་ཡང་། ཁོར་ཡུག་ཆེ་ལ་བཟོད་བཀོད་ཀྱི་རྣམ་པའང་ཡག་པོ་ཡོད་པ། མགྲོན་ཤག་ཡག་ཤོས་སུ་འོས་པའི་ཆ་རྐྱེན་ཕལ་ཆེར་ཚང་། བརྙན་འཕྲིན་དང་། ཁ་པར། རིན་མེད་ཐོག་དྲྭ་རྒྱ་བཀོད་སྤྱོད་བྱེད་ཆོག་པ་ཞིག་འདུག མགྲོན་ཁང་འདི་ནས་ང་ལ་དམིགས་བསལ་གྱི་དགའ་འོས་པའི་ཚོར་བ་ཞིག་སྤྲད་པ་ནི། སྤྱིར་ཕྱི་གླིང་མགྲོན་ཁང་ཕལ་ཆེར་ཞིག་ཏུ་ཡུ་ཤུའི་གསུང་རབ་རེ་མེད་མི་སྲིད་པ་ལྟ་བུ་ཡིན་མོད། ད་ལམ་གྱི་མགྲོན་ཤག་འདིར་མིང་ལ་ནང་བའི་གསུང་རབ་ཅེས་བཏགས་པའི་དཔེ་ཆ་ཆེ་ཆུང་འབྲིང་ཙམ་པ། འཇར་པན་ནས་དཔེ་སྐྲུན་བྱས་པ་རེ་བཞག་ཡོད་པ་ལས་ཡི་ཤུའི་གསུང་རབ་བཞག་མེད་པར་སྣང་།

ལོ་རྒྱུས།

Post navigation

Previous Post: སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་གསུང་བཤད་ལས་འཕྲོས་པའི་མྱོང་བ་དང་མཐའ་དཔྱོད།
Next Post: གླུ་བ་རིག་དགའི་དོན་རྐྱེན་ཐད་ཀྱི་གསལ་བཤད།

Comments (5) on “༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གསུམ་པ།”

  1. བདེ་སྐྱིད། says:
    2014-10-11 at 4:11 am

    ངས་གོ་བ་ལེན་ནོར་བྱས་པ་མིན་ན། སྤྲིན་གྱི་འཇིག་རྟེན་༼དུ་༽བགྲོད་པའི་གཏམ་རྒྱུད། ཅེས་བཏགས་ན་གོ་བ་དམིགས་བསལ་ཞིག་སྟེར་ཐུབ་པའི་རྣམ་པ་ལྟ་བུར་མངོན།

  2. གསེར་ས་ལེ་སྦྲམ། says:
    2014-10-11 at 11:59 am

    ད་རེས་སྤྲིན་གྱི་འཇིག་རྟེན་བརྒལ་ནས་ས་ངོས་ཀྱི་འཇིག་རྟེན་ལ་སླེབས་ཡོད་པ་འདྲ།

  3. མེ་དྲོད། says:
    2014-10-11 at 12:57 pm

    བཀླགས་ཟིན། སྙན་པོ་བྱུང་།

  4. གནམ་རྒན་མ says:
    2014-10-12 at 1:57 am

    རྔ་བ་རྒྱལ་ཁམས་པ་ལགས་ནང་མི་ལྷན་རྒྱས་རང་བྱུང་གི་བཀོད་པ་ཧ་ཅང་མཛེས་པའི་ཧ་བ་ཡས་ལ་ཡུལ་སྐོར་དུ་བདེ་འཚམ་ངང་བགྲོད་པར་བཀྲ་ཤིས་བདེ་ལེགས། ཧ་བ་ཡས་ནི་དེང་སྐབས་རྒྱལ་ཁོངས་ཨ་རི་ཡིན་ནའང་འཛམ་གླིང་འཁྲུག་ཆེན་སྐབས་ཐོག་མར་ཉི་ཧོང་གིས་བཙན་བཟུང་བྱས་ཏེ་ཉི་ཧོང་བ་མང་བོ་ཞིག་ཡུལ་དེར་གནས་སྤོར་བྱས། ཉི་ཧོང་དམག་འཁྲུག་གིས་ཕམ་ཉེས་བྱུང་སྟེ་ཨ་རིས་དབང་སྒྱུར་འོག་སོང་། ཡུལ་དེར་གནས་པའི་ཉི་ཧོང་བ་དག་ཀྱང་རྒྱལ་ཁོངས་ཨ་རིར་གྱུར། དེར་བརྟེན་ཡུལ་དེ་ན་གདོད་མའི་མི་རིགས་ཤིག་དང་ཉི་ཧོང་གི་མི་བརྒྱུད་ཡིན་པའི་མི་རིགས་ཀྱང་ཧ་ཅང་མང་བོ་ཡོད་པར་ཐོས། ཉིད་ཀྱིས”རྩིག་ངོས་ཀྱི་ལྡེབས་རིས་ནང་། རྒྱ་ནག་གནའ་ལུགས་ཀྱི་རི་མོ་སྣ་ཚོགས་ཀྱིས་གང་ཡོད་པ་མཐོང”ཞེས་བརྗོད་འདུག་མོད་ཅིག་བྱས་ན་དེ་ནི་ཉི་ཧོང་བ་དག་གིས་བྲིས་པའང་ཡིན་སྲིད། གང་ལྟར་ཉི་ཧོང་གི་རིག་གནས་སྤྱིའི་འབྱུང་ཁུངས་རྒྱ་ནག་ཡིན་པས་ཉི་ཧོང་གི་གནའ་རབས་རིག་གནས་ཁྲོད་རྒྱ་ལུགས་རིག་གནས་ཀྱིས་ཤན་ཞུགས་ཧ་ཅང་ཆེ།

  5. གསེར་ས་ལེ་སྦྲམ། says:
    2014-10-12 at 1:12 pm

    རྔ་བ་རྒྱལ་ཁམས་པ་ལགས་ཀྱི་ལྗོངས་རྒྱུའི་ཟིན་ཐོ་འདི་ཧ་ཅང་སྙན་པོ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme