Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེ་ལ་སྐད་ཆ་བཤད་གི་མིན་ཟེར།

Posted on 2014-10-08 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 38 Comments on བློ་བཟང་སེང་གེ་ལ་སྐད་ཆ་བཤད་གི་མིན་ཟེར།

བཅར་འདྲི།

Post navigation

Previous Post: བཙན་བྱོལ་བོད་མིའི་མང་གཙོ་འཛུགས་སྐྱོང་དང་ནང་ཁུལ་ཆིག་སྒྲིལ།
Next Post: སྤྲོ་འཆམ་དུ་བསྐྱོད་པ།

Comments (38) on “བློ་བཟང་སེང་གེ་ལ་སྐད་ཆ་བཤད་གི་མིན་ཟེར།”

  1. ཤར་ཕྱོགས་ཁུག་རྟ། says:
    2014-10-08 at 6:17 am

    སྐུ་ངོ་ས་དབང་ཆེན་མོས་ཉེ་རབས་ལོ་རྒྱུས་ཀྱི་གསང་བ་མང་པོ་ཞིག་ཞལ་གསལ་གནང་འདུག་པ་བཀའ་དྲིན་ཆེ། གཞོན་ནུའི་སྒྲིག་འཛུགས་ནས་བཀའ་སློབ་འདིའི་ནང་གི་ཡང་སྙིང་ལོན་དགོས་པ་ཞིག་ནི། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་འཛམ་གླིང་དུམ་བུ་གསུམ་དུ་ཆ་བགོས་བྱེད་སྟངས་ཀྱི་རིག་ལམ་དེ་རེད་ལ། དུམ་བུ་གསུམ་དུ་ཆ་བགོས་བྱས་རྗེས་ཚུར་བོད་ཀྱི་གནས་སྟངས་ལ་བལྟས་ན་ད་ལྟ་དང་མ་འོངས་པའི་ང་ཚོའི་གནས་སྟངས་གང་འདྲ་ཆགས་མིན་དང། དེར་སྔོན་དཔག་ཐེབས་པའི་འཐབ་རྩོད་ཀྱི་འཇོན་ཐང་ཅུང་ཙམ་རེག་པ་ཡིན་ན། ད་ལྟའི་སྐབས་སུ་ལངས་ཕྱོགས་གང་འདྲ་ཞིག་འཛིན་དགོས་མིན་ལ་བློ་འབྱེད་གསར་པ་ཞིག་ཡོང་ངེས་པ་རེད་ཅེས་པ་འདི་གནད་འགག་རེད། དེ་འདྲའི་མ་རྩ་ལྡན་པའི་འཐབ་རྩོད་པ་དང་འཐབ་རྩོད་ཀྱི་སྒྲིག་འཛུགས་ཤིག་ཆགས་དགོས་ཚེ། ས་དབང་ཆེན་མོའི་མཐའ་མའི་འབོད་སྐུལ་ཏེ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད་ཅེས་སྡོམ་བརྒྱབ་པ་འདི་གཞོན་ནུའི་སྒྲིག་འཛུགས་ཀྱི་ནད་འཁྲིས་པའི་སྨན་གྱི་གསོས་སྨན་ཁོ་ན་ཡིན་པ་དེ་རེད།

    གཞན། ཉེ་རབས་ལོ་རྒྱུས་ཀྱི་གསང་བ་ཁ་ཤས་ཞལ་གསལ་བོ་གནང་སོང་བ་སྟེ། གྲོས་མཐུན་དོན་ཚན ༡༧ ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འབད་འབུངས་བྱས་པའི་བརྒྱུད་རིམ་ནང་ལྷ་སར་ཟང་ཟིང་སྣ་ཚོགས་བྱུང་བའི་བར་ཀྲང་ནས་ས་དབང་ཟུར་ཁང་ལ་གཤེ་གཤེ་གཏོང་སྐབས། ཟུར་ཁང་ནས་སྲིད་ཚབ་རྣམ་གཉིས་ཀྱིས་མི་མང་ངན་སྐུལ་བྱས་ཚུལ་གྱི་ལན་གནང་བ་དེ་རེད། འདི་སྐོར། རྩོད་རྙོག་ཧ་ཅང་ཆེན་པོ་ཡིན་པ་དང། ད་བར་མི་མང་ངན་སྐུལ་བྱས་དང་མ་བྱས་ཀྱི་གནས་ཚུལ་རྩོད་གཞིའི་ངོ་བོར་ཡོད་པ་ནས། མི་མང་གི་མགོ་ཁྲིད་མཁན་ཨ་ལོ་ཆོས་མཛད་ཡིན་པ་ཨ་ཆོས་ནས་བཤད་ཡོད་པ་ད་བར་བཏང་སྙོམས་སུ་བཞག་ཡོད་ཀྱང། ས་དབང་གཅེན་པོས་ཞལ་གསལ་གནང་བ་འདི་གསལ་བོ་གཅིག་རེད།

    གཉིས་པ་དེ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྐོར་རེད། དེ་སྔ་དཔལ་ལྡན་ཎེ་རོའི་གཞུང་གིས་ཐེངས་མང་ས་དབང་གཅེན་པོ་བརྒྱུད་བཀའ་ཤག་ལ་འབྲེལ་གཏུག་རིམ་པར་བྱས་ཀྱང་གསན་འཇོག་མ་གནང་བའི་གནས་ཚུལ་དེ་རེད། འདིའི་སྐོར་༸རྒྱལ་བ་ཡབ་སྲས་ཀྱི་བཀའ་སློབ་ཁག་ཏུ་ཟུར་ཙམ་གསལ་བ་མ་གཏོགས། མི་དབང་ཞྭ་སྒབ་པ་སོགས་ཀྱིས་གླེང་འདོད་མེད་པའི་གནས་ཚུལ་ཁག་ཅིག་རེད། འདི་དང་འདིའི་མཚོན་པའི་གཏམ་བཤད་འདིའི་ནང་གནད་འགག་མང་པོ་དཔྱད་པ་གཏོང་དགོས་པ་མང་པོ་འདུག་པས། བློ་གསར་དོན་གཉེར་ཅན་ཚོས་བོད་དོན་དངོས་གནས་པ་ཤེས་འདོད་ཡོད་ཚེ། ཡང་ནས་བསྐྱར་དུ་འདི་རིགས་ལ་ཉན་བསམ་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་རེད།

    ཞོར་དུ་ཁ་བྱང་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་བློ་བཟང་སེང་གེའི་མཉམ་དུ་སྐད་ཆ་བཤད་འདོད་མེད་པ་ཟེར་བ་དེ་སྐད་ཆ་རྙིང་པ་རེད། རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོས་སྲིད་སྐྱོང་ལ་༼ རང་དོན་ཚ་བོ་༽ཟེར་པའི་མིང་ཞིག་བཏགས་ཡོད་པའི་གནས་ཚུལ་ཁུངས་ལྡན་འདུག་ལ། རྩ་དོན་ལ་ཕན་ཐོགས་མེད་པའི་སྡིངས་ཆ་མང་པོ་ཞིག་བཟོས་ཏེ་སོ་སོའི་ལྗིད་ཁོག་ལས་བརྒལ་ཞིང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱ་ལས་ཀྱང་བརྒལ་བའི་བཀའ་མོལ་རྫིག་ཉམས་ཅན་མང་པོ་གནང་ཙང། ཁོང་ལ་སྐད་ཆ་བཤད་འདོད་མེད་པའི་ལན་སྔ་གཞུག་ཏུ་རིམ་བསྟུད་དུ་འབྱོར་ཡོད་པའི་གནས་ཚུལ་ཧ་ཅང་གསལ་བོ་རེད་འདུག

  2. དཔལ་དོན། says:
    2014-10-08 at 7:04 am

    ས་དབང་ཆེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་རྒས་ཉམས་ཞེ་དྲག་བཞེས་འདུག གསུང་བཤད་ཀྱང་ཧ་ཅང་ཕན་ཐོགས་ཅན་མང་པོ་གསུངས་སོང་། དངོས་གནས་བཀའ་དྲིན་དྲན་འོས་པ་རང་རེད། ཁོང་གིས་འདིར་གསུངས་པ་བཞིན། ཁོང་ནི་སྤྱི་ཚོགས་ནང་ཤུགས་རྐྱེན་བཟོ་མཁན་དང་། མི་ཡོད་ཚད་ལ་འབྲེལ་བ་བཙུགས་ནས་མངོན་གསལ་བཏོད་པོ་བྱེད་མཁན་ཞིག་མིན་པར། ལས་ཀ་བྱེད་མཁན་ཞིག་རེད། བོད་རྒྱ་ནག་ཏུ་ཤོར་བ་ནས་ད་ལ་ཐུག་གི་བར་དུ་ཁོང་དང་འབྲེལ་བ་མ་བྱུང་བའི་བོད་རྒྱའི་གནད་དོན་ཐད་སེལ་ཐབས་ཀྱི་ཆབ་སྲིད་ཅིག་མ་བྱུང་བ་འདྲ།
    ཡིན་ཡང་། ད་ནི་རྒས་འདུག གཞན་གསུང་བཤད་ཀྱི་ཞོར་འཕྲོས་མང་པོ་ཞིག་དེང་གི་བཙན་བྱོལ་བོད་མིའི་བློ་ཚོད་དང་བསྟུན་ནས་གླེང་རྙོག་ཏུ་མ་བཟོས་ན་ཡག་པོ་ཡོད་པ་རེད་བསམ་པ་ཞིག དྲ་ངོས་འདི་ནས་བྱུང་སོང་། གང་ཡིན་ཟེར་ན། གཅེན་པོ་མཆོག་གིས་གང་ཞུ་འདོད་པ་ནི་རྒྱ་བོད་དང་རྒྱ་གར་གྱི་གནས་སྟངས་ཡག་པོ་མཁྱེན་པའི་ཐོག་ནས་མི་རབས་རྗེས་མའི་ལས་ཀ་བྱེད་དགོས་པ་རེད་ཅེས་པ་དེ་ལས། འདས་པའི་གནས་སྟངས་ལ་ད་ལྟ་ཁ་རྡུང་གཏོང་རྒྱུ་དེ་རྩ་བ་ནས་ཡིན་རྒྱུ་མ་རེད་དོ།

  3. དཀར་མཛེས་གངས་ཕྲུག་ says:
    2014-10-08 at 7:13 am

    བཀའ་སློབ་འདི་ཡིག་ཐོག་ཡོད་ན་ཡག་པོ་འདུག

  4. ཁྲི་རལ་པ་ཅན་ says:
    2014-10-08 at 7:57 am

    སྐུ་ངོ་རྒྱལ་དོན་གྱིས་ཧ་ཅང་གིས་གནད་འགག་ཅན་མང་པོ་ཕེབས་འདུག་ལ།སྔོན་མའང་ཕེབས་མྱོང་བ་རེད།འོན་ཀྱང་།བཙན་བྱོལ་ནང་གི་མི་མང་རྣམས་སྲིད་དོན་གྱི་གོ་རྟོགས་ཤིན་ཏུ་ནས་ཀྱང་དམའ་དྲག།སྐུ་ངོ་མང་ཆེ་བ་ནི་ཕན་ཚུན་ལ་ངོ་དགའ་སྤྲེལ་ལད་འཁྲབ་རེས་ཀྱིས་རང་དོན་སྒྲུབ་གང་ཐུབ་མ་གཏོགས།དོན་གྱིས་སྤྱི་སེམས་ཅན་ནི་ཉིན་མོའི་སྐར་མ་རེད།རང་དོན་ཆེད་ཕན་ཚུན་གཏིང་ནས་མི་དགའ་མཁན་ཚོས་ཀྱང་།བཅོས་མའི་འཛུམ་སྟོན་རེས་ཀྱིས་ཁྱི་སྤྱང་འོ་ཟངས་ཁ་ནས་འཆམ་མཐུན་བྱེད།བཙན་བྱོལ་གནས་སྟངས་དེ་འདྲ་རེད།སྐུ་ངོའི་ཐུགས་རེ་རྣམས་སྔོན་མའང་འགྲུབ་རྒྱུ་ལས་ལྡོག་སྟེ།སྐུ་ངོ་ཁོ་རང་གིས་མི་ཚེ་གང་བོར་ལུས་སྲོག་ཐེད་ལ་བོར་ནས་བོད་མི་རིགས་ཆེད་དཀའ་ལས་བརྒྱབས་པ་ལོ་རྒྱུས་དེབ་ཐེར་ནང་ཁྲ་ཆེམ་ཆེམ་ཡོད་ནའང་།བཙན་བྱོལ་མི་མང་གི་ཁྲོད་སྐུ་ངོ་རྒྱལ་དོན་ནི་ཉེས་ཅན་པ་དང་རང་བཙན་བཙོང་མཁན་སོགས་བཟོས་ཏེ།ཐ་མ་བཀའ་ཁྲིའི་གོ་ས་ནས་ཀྱང་ཕབས་ཏེ་ཕྱིར་བསྐྲོད་བཏང་ཡོད།
    གུ་རུ་རིན་པོ་ཆེས་བོད་ལ་དྲིན་བྱས་དྲིན་དུ་མི་གོ་ཟེར་བ་དེ་འདྲ་ཡིན་ངེས་གཏན་རེད།སྐུ་ངོ་ཁོ་རང་གིས་བརྒྱད་ཅུ་གྱ་གྲངས་ནང་བོད་རྒྱ་འབྲེལ་མོལ་གྱི་སྣེ་མཐུད་པ་དང་།བར་ལམ་ཡང་ཐེངས་དགུ་འབྲེལ་མོལ་གྱིའང་འགོ་བཙུགས་པ་སོགས།རྒྱ་དམར་གཞུང་ནས་བདེན་དཔང་ཐེངས་མང་བྱས་ཏེ་གསར་ལམ་ཁག་ནང་བཀྲམས་པ་མ་གཏོགས།ཚུར་ཕྱོགས་ནས་ནག་བསིབ་གཏོང་ཐབས་ཐེངས་མང་བརྩམས་སོང་།
    བཙན་བྱོལ་ནང་གི་ཆབ་སྲིད་དང་མི་མང་གི་གོ་རྟོགས་དེ་འདྲ་ཅིག་རེད།གནས་བབ་དེ་འདྲ་གི་འོག་སྐུ་ངོའི་རེ་བ་ཚང་མ་རྨི་ལམ་ཁོ་ན་ལ་འགྱུར་རྒྱུ་ཉག་གཅིག་མ་གཏོགས་མེད་པ་རེད།མདོ་དེད་ན་བཙན་བྱོལ་ནང་རེ་བ་བྱས་ན་གླེན་པ་རེད།གླེན་པས་ས་སྒུག་བྱས་ན་ལྐུག་པ་རེད།
    ད་རེས་ཀྱང་ཉན་ཤེས་ན་སྐུ་ངོས་གསལ་བཤད་གལ་ཆེན་ཅིག་གནང་འདུག།ཁོ་རང་ལ་རྒྱ་དམར་ཤིས་ཅིན་ཕེན་གྱི་གཞུང་གསར་པས་ཤིའི་ལ་ཐུག་དགོས་པའི་རེ་བ་ཐེངས་མང་ཞུས་ནའང་།ཁོ་རང་ཐུག་མེད།བོད་ཀྱི་སྲིད་སྐྱོང་སོགས་ལ་ཐུག་དགོས་ཞེས་ཕར་རེ་བ་བཏོན་ཡིན་ཞེས་ནན་ཏན་གསུངས་འདུག་ག།ངས་བལྟས་ན་དེས་སྐུ་ངོས་བོད་ཀྱི་མི་རབས་གསར་པ་ཚོར་རྒྱ་ནག་མཉམ་སྐད་ཆ་བཤད་རྒྱུ་དང་འབྲེལ་བ་འཛིན་རྒྱུ།གནད་དོན་ཐག་གཅོད་གནང་རྒྱུ་སོགས་ཀྱི་ནུས་པ་དང་འཇོན་འདུག་དང་མི་འདུག་ཚོད་ལྟ་དང་།བཙན་བྱོལ་ནང་གི་སྲིད་དོན་པ་ཚོའི་ནུས་འཇོན་དངོས་གནས་མི་མང་གིས་ཤེས་སུ་བཅུག་ཆེད་རེད་སྙམ།

  5. བོད་ཀྱི་གཡག says:
    2014-10-08 at 10:12 am

    རྒྱལ་ལོ་དོན་འགྲུབ་ཀྱིས་བོད་ཀྱི་ཆབ་སྲིད་ཐོག་ནས་ལས་དོན་བཟང་ངན་གང་བྱས་ཡོད་མེད་འདས་པའི་ལོ་རྒྱུས་ནང་གསལ་པོ་རེད། ད་མི་རྒན་རྒས་ཁར་བཟང་ངན་གང་བཤད་ཀྱང་འདས་པའི་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་ལ་བཟོ་བཅོས་བརྒྱབ་ཐབས་མེད། xxxxx གང་ལྟར་ཡང་ད་བར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནི་སང་རྒྱས་ཀྱི་ན་བཟའ་གྱོན་མཁན་སྤྱང་ཀི་དང་ཁ་བྲལ་རིང་ལུགས་པ་ཡིན་སོགས་འཛམ་གླིང་ཐོག་ཁྱབས་བསྒྲགས་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་རེད། མི་ལོ་འདི་ཙམ་གྱི་རིང་༧གོང་ས་མཆོག་དང་དེ་བཞིན་ལམ་དབུ་མ་པ་སྐྱབས་རྗེ་ཟམ་གདོང་བླ་མ་སོགས་ཀྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱིས་ལས་དོན་གང་འདྲ་ཞིག་གནང་ཡང་ཁ་ཡ་མ་བྱས་པ་མ་ཟད་༧གོང་ས་མཆོག་ལ་མཚན་སྨོད་ཤུགས་ཆེ་རུ་བཏང་བ་དང་། བོད་ནང་དུ་དྲག་གནོན་ཤུགས་ཆེ་རུ་བཏང་ཡོད། སྲིད་སྐྱོང་བློ་བཟང་སེངྒེས་མི་ལོ་ལྔའི་ནང་རྒྱ་བོད་བར་དོན་འབྲས་མི་སོན་པ་ནི་བཤད་མི་དགོས་པ་རེད། དེར་བརྟེན་གོང་གི་དྲ་འབུ་ཚོས་གཡག་ཞ་རས་རྩ་ཟས་པ་ལྟར་འུར་བརྒྱབ་སྟེ་ས་ལྡིང་གནམ་ལྡིང་བྱེད་ཀྱི་འདུག དེ་ལས་བོད་གཞུང་དང་བོད་མི་མང་ལ་གཤེ་གཤེ་གཏོང་རྒྱུ་མཚམས་བཞག་ནས་ཁ་ཕར་བསྐོར་ནས་རྒྱ་ནག་གཞུང་ལ་ཡ་ལན་སྤྲོད་ན་བུ་ཁྱོ་ག་རེད། ལྷག་པར་དུ་དྲ་འབུ་ཤར་ཕྱོགས་ཁུག་རྟ་ཞེས་པ་དེས་དུས་རྒྱུན་དུ་གོ་སྐབས་ལེན་ནས་སྒེར་མཁོན་ཁོག་ཁྱེར་གྱིས་གནད་ཡོད་མི་སྣ་ཚོས་བཤད་པའི་ཚིག་འགའ་ལག་འཇུག་བྱས་ནས་སྲིད་སྐྱོང་ལ་མཚན་ཤས་བཟོ་ཁུལ་བྱས་ཀྱང་དེང་སང་མི་རྣམས་ལ་གོ་རྟོགས་ཡོད་པ་ན་སུ་ཡང་འགོ་སྐོར་གཏོང་མི་ཐུབ། དེ་བཞིན་བོད་མི་དམངས་ཀྱིས་རྒྱལ་ལོ་མཆོག་གི་ཁ་ལ་མ་ཉན་ནས་སོགས་བོད་མི་རྣམས་ལ་དམའ་འབད་བྱེད་མཁན་སོགས་ལ་དང་པོ་རང་གི་ངོ་གདོང་གང་འདྲ་ཡོད་མེད་མེ་ལོང་ལ་བལྟོས་དང་རང་ཉིད་ལམ་གང་ཞིག་ཏུ་འགྲོ་བཞིན་ཡོད་པ་གསལ་པོ་ཤེས་ངེས་རེད།

  6. བོད་ཀྱི་གཡག says:
    2014-10-08 at 10:26 am

    བློ་བཟང་སེང་གེ་ལ་སྐད་ཆ་བཤད་ཀྱི་མིན། ཟེར། འོ་ན་ད་སུ་ལ་བཤད་ཀྱི་ཡིན་ལབ་ཀྱི་ཡོད་རེད། ༧གོང་ས་མཆོག་གམ། ཟམ་གདོང་རིན་པོ་ཆེ། ཡང་ན་རྒྱ་རི། ད་བར་རྒྱ་བོད་འབྲེལ་མོ་ཞེས་པའི་མིང་འོག་ནས་རྒྱ་བོད་བར་འབྲེལ་མོ་ག་ཚོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་སྐུ་སྒེར་སྐུ་ཚབ་ལས་བོད་མི་དམངས་ཀྱི་སྐུ་ཚབ་ཏུ་ཁས་ནམ་ཡང་ལེན་མྱོང་མེད་པ་ནི་གསལ་པོ་རེད། སྐུ་ཚབ་རྒྱལ་ལོ་མཆོག་མི་ལོ་དེ་ཙམ་རིང་རྒྱ་ནག་ལ་བཞུགས་ནས་རྒྱ་མི་དང་སྐད་ཆ་བཤད་ཀྱང་མཐར་བོད་མི་རིགས་ལ་གྱོང་རི་འདྲ་ཞིག་རག་པ་ལས་དོན་དག་གང་ཡང་འགྲུབ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱལ་ལོ་མཆོག་རྒྱ་ནག་ལ་ཡིད་སུན་ནས་མཐར་རྒྱ་གར་ལ་བཞུགས་པ་རེད། མ་ཟད་རྒྱ་རི་བློ་རྒྱལ་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱང་མཐར་འུ་ཐུག་ཏེ་གྱོང་ཁ་རི་འདྲ་བའི་འོག་ནས་དགོངས་པ་ཞུས་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་གནད་ཡོད་མི་སྣ་སུ་ཞིག་དང་སྐད་ཆ་བཤད་འདོད་ཡོད་ན་བོད་གཞུང་ནས་ཐེ་ཚམ་མེད་པར་གཏོང་ཆོག་ཀྱང་དེ་ནི་གད་མོ་ཤོར་བའི་གཏམ་ཞིག་གོ

  7. ཨ་ར་དཀར་པོ says:
    2014-10-08 at 10:58 am

    རྒྱ་གཞུང་གིས་སྲིད་སྐྱོང་ལ་སྐད་ཆ་བཤད་ཀི་མིན་ཟེར་བར་ཁག་ཡོད་མ་རེད། ཁོ་ཚོས་གོང་ས་མཆོག་གི་སྒེར་དོན་མ་གཏོགས་བོད་དོན་ཟེར་བ་ཞིག་ཁས་ལེན་གི་མེད་དུས་བོད་མི་མང་གིས་བདམས་པའི་འགོ་ཁྲིད་ལ་ངོས་ལེན་མི་བཤད་པ་ཨ་ཅང་བརྗོད་མེད་རེད། གོང་གི་བརྙན་དེ་ལྟ་ཐུབ་མ་སོང་བས་བསམ་འཆར་ཞུ་ཡ་གང་ཡང་མེད

  8. རང་དབང་། says:
    2014-10-08 at 1:57 pm

    རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིགས་འཛུག་གིས་རྒྱ་བོད་བར་དང་ལྷག་པར་དུ་རྒྱལ་བ་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་ཕེབས་རྒྱུའི་སྐོར་རྒྱ་ནག་གི་དཔོན་རིགས་ཁག་དང་སྐད་ཆ་བཤད་ས་མ་རག་པ་དང་། གྲོས་མོལ་འཇུག་སྐྱོང་མ་ཐུབ་ནས་སྡོད་ཡོད་པའི་སྐབས་འདིར། སྐུ་ཞབས་རྒྱལ་ལོ་ལགས་སུ་རྒྱ་ནག་གི་དཔོན་པོ་འགས་སྐད་ཆ་བཤད་སར་ཤོག། ཟེར་ནས་ལན་མང་པོ་ཡོང་གི་ཡོད་ཚུལ་གསུངས་པ་དེར་བདེན་པ་ག་ཚོད་ཡོད་མེད་དཔྱོད་རྒྱུ་རེད། གལ་སྲིད་རྒྱ་ནག་གི་དཔོན་རིགས་ཚོས་སྐུ་ཉིད་ལ་དེ་ལྟར་གསུང་གི་ཡོད་ཚེ། བློ་སེར་ལ་བཤད། ང་ལོ་རྒན་སོང་། ཞེས་བཤད་པའི་དུས་སྐབས་མ་རེད་ལ། ལྷག་པར་དུ་སྐུ་ཉིད་ཀྱིས་༡༩༧༩ ལོ་ནས་བོད་རང་བཙན་མ་བཤད་པའི་ཐོག་ནས་རྒྱ་བོད་བར་སྐད་ཆ་ག་རེ་ཡིན་ཡང་བཤད་ས་ཡོད་ཚུལ་གྱིས་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་འདིའི་བར་དུ་སླེབས་པ་ནི་རྐྱེན་རྩ་དང་། བྱེད་གཏེར་ནི་སྐུ་ཉིད་ལས་འགྲོ་ས་མེད་པས་ཁྱེད་ལ་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་རྒྱུས་མངའ་དང་འབྲེལ་བ་ཡོད་ཚེ་མ་མཐའ་ཡང་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ལ་གཟིགས་སྐོར་ཞིག་ཕེབས་རྒྱུར་སྐུ་ཉིད་ལ་གཡོལ་ཐབ་མེད་པའི་ལས་འགན་ཞིག་བབ་ཡོད། རྒྱ་བོད་མཉམ་གནས་ཀྱི་དགོས་དམིགས་ཡོད་ཚུལ་ཆེས་ཆེ་གླེང་ནས་རྒྱ་བོད་བར་དཀའ་རྙོག་ཅུང་ཙམ་ཡང་མ་སེལ་བར་ཁྱེད་ཕེབས་པ་ཡིན་ན་རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོ་རྒྱལ་ལོ་ལགས་མིའི་ཡུལ་འདི་ནས་སྟོང་ལོག་ཕྱིན་པ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-10-08 at 2:11 pm

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་མོལ་གནང་བགྱིད་མིན་གསུངས་སོང་ཨེ། ལགས་སོ།།

  10. ཅོ་རི་ཉི་མ། says:
    2014-10-08 at 3:06 pm

    དེང་སང་རྒྱ་ནག་གི་འགོ་ཁྲིད་ཚོས་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་སྐད་ཆ་བཤད་ཀྱི་མིན་ཟེར་གྱི་འདུག་ཟེར་བ་དང་། སྔོན་མ་ཏན་ཞོ་ཕིང་གིས་རང་བཙན་མ་བཤད་དང་གཞན་དག་བཀའ་མོས་ག་རེ་ཡོད་ན་གྲོས་མོལ་བྱས་ནས་ཐག་བཅོད་བྱེད་ཆོིག་གི་རེད་ཟེར་གྱི་འདུག་ཟེར་བའི་སྐད་ཆ་འདི་གཉིས་ཀྱི་རིག་ལམ་འགྲོ་སྟངས་གཅིག་པ་རེད་འདུག་ག བཤད་སྟངས་གཅིག་པ། གཏན་ཚིགས་མགོ་མཚུངས། ཧཧཧཧ

    རྒྱ་ལོ་ཁོང་རང་གིས་ཏན་ཞོ་ཕིང་གི་སྐད་ཆ་དེར་ཁུངས་སྐྱེལ་བྱེད་ན་དགའ་གི་རེད་འདོད། དེ་མིན་རྒྱ་ནག་འགོ་ཁྲིད་ཚོས་ཅིག་ཟེར་གི་འདུག ཉོག་ཟེར་གི་འདུག་ཟེར་བའི་སྐད་ཆ་འདི་དག་སུ་ཡིས་ཡིད་ཆེས་ནུས་སམ། མ་གཞི་ནས་རྒྱ་ནག་གི་འགོ་ཁྲིད་དེ་དག་གིས་རྒྱ་ལོ་གཅིག་པོ་ལ་ལབ་བསྡད་དགོས་པ་འདི་ག་རེ་ཡིན་ནམ། སྲིད་འཛིན་སེང་གེ་ལ་སྐད་ཆ་བཤད་མིན་ན་སྤྱི་བསྒྲགས་བྱས་ན་འགྲིག་གི་རེད་བ། སེང་གེ་ལ་སྐྲག་ནི་མི་དགོས་་་་ཧཧཧ

  11. ཨ་ར་དཀར་པོ says:
    2014-10-08 at 10:31 pm

    ཅོ་རུ་འདིས་དངོས་གནས་རྒྱ་ནག་གི་དཔོན་པོ་ཚོའི་བྱེད་སྟངས་ལ་མངའ་རྒྱུས་ཅུང་ཙམ་ཡང་མེད་པའི་གླེན་བཤད་ལྐུགས་བཤད་རྐྱང་བཤད་ཀྱི་འདུག སེང་གེ་ལ་སྐད་ཆ་བཤད་མིན་ན་སྤྱི་བསྒྲགས་བྱས་ན་འགྲིག་གི་རེད་པ་ཟེར། རྒྱའི་འགོ་ཁྲིད་ཚོས་ཁྱོད་ཀྱི་སེམས་ལ་དྲན་པ་ནང་བཞིན་བྱེད་ཀི་རེད་འེ་འདོད། ལས་སླ་མདོག་ལ། གྲུབ་འབྲས་སོན་མིན་གང་ལྟར་ཡང་སྐུ་ངོ་རྒྱ་ལོ་མཆོག་གིས་མཚོན་པས་རྒན་རབས་པ་མི་ཉུང་བ་ཞིག་གིས་མི་ཚེ་གང་བོར་མི་རིགས་འདིའི་ཆེད་དུ་སྐུ་ལས་བསྐྱོན་པ་རེད། གྲུབ་འབྲས་ཡག་པོ་མ་སོན་པ་ང་ཚོ་ཚང་མར་འགན་ཡོད་པ་ལས་ཁོང་ཚོ་གཅིག་པུར་ལེ་བདའ་བྱེད་ས་མེད། ཁོང་གིས་བྱེད་དགོས་པ་དང་བྱེད་འོས་པ་ཚང་མ་བྱས་ཡོད་པས་སྟོང་ལོག་བྱེད་དགོས་བྱུང་ཡང་འགྱོད་པ་སྐྱེ་དགོས་ཡོད་མ་རེད། དེ་ལས་ཁྱོད་སྟོང་ལོག་མི་དགོས་པ་ཞིག་བྱེད་ཐུབ་ན་ང་ཚོས་ཇོ་རུ་ཁྱོད་སྤྱི་བོའི་གཙུག་ཏུ་བཀུར་ཆོག དེ་བས་ཁ་ཕོ་མ་ཆེ་ཨ

  12. སྤོབས་པ་མཐའ་ཡས། says:
    2014-10-09 at 12:00 am

    བློ་བཟང་སེང་གེ་ལ་སྐད་ཆ་བཤད་གི་མ་རེད། བློ་བཟང་སེང་གེ་རྒྱལ་སྤྱིའི་སྟེང་ན་ཚད་གཞི་ལོན་པའི་མཁས་དབང་རེད། བློ་བཟང་སེང་གེ་བོད་མིས་ཡིད་ཆེས་སྤྱི་མོས་ཀྱིས་བདམས་པའི་དབུ་ཁྲིད་རེད། བློ་བཟང་སེང་གེ་བོད་རྒྱ་ཆེའི་མི་མང་གི་སྐུ་ཚབ་རེད། མི་དྲག་བླ་དྲགས་ཁ་ཤས་ཤིག་ལ་རྔན་པ་ཞིམ་པོ་རེ་སྤྲད་ནས་བོད་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་རྩ་མེད་བཟོ་རྒྱུ་དེ་རིགས་སྔོན་ནས་སྐྱག་ལངས་ལ་བཏང་ཚར་བ་རེད།

  13. ཁྲི་རལ་པ་ཅན་ says:
    2014-10-09 at 4:23 am

    ག་རེ་ལབ་ན་མ་ལབ་ན།སྐུ་ངོ་ས་དབང་ཆེན་པོ་མཆོག།ཁ་མ་རྒས་ཨ་ལོང་བཙན་ན་ཡོད་དུས།འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཨ་མི་རི་ཁ་ཡི་CIAདང་ཨུ་རུ་སུ་ཀི་KGBསོགས་དང་མཉམ་དུ་ལག་འབྲེལ་གྱིས་རྒྱ་དམར་ལ་ཁ་གཏད་བྱས་ཏེ་འོང་བ་རེད།དེང་སང་བར་གནས་ཡོད་པའི་རྒྱ་གར་ནང་གི་༢༢ཟེར་བའི་དམག་སྒར་དེ་ཡང་སྐུ་ངོས་ནེ་རུས་གོ་བསྡུར་གྱིས་བརྒྱབས་པ་དེབ་ཐེར་མང་པོར་བྲིས་འདུག་སྟེ།དེང་སང་བོད་མི་གཞོན་སྐྱེས་ཚོའི་ནང་དེ་འདྲ་དང་མཉམ་སྐད་ཆ་བཤད་ཐུབ་པ་དང་ལས་ཀ་བྱེད་ཐུབ་པ་ཅིག་ཕར་ཟད།བོད་དོན་ཆེད་ས་གནས་རྫོང་དཔོན་ཅིག་ལ་ཡང་ལག་འབྲེལ་ཐུབ་མཁན་མེད་པ་མཐོང་ཆོས་རེད།

  14. ཨ་ནུ་ཐང་བསོད་ནམས། says:
    2014-10-09 at 5:18 am

    དཔང་རྟགས་ཅི་ཡང་མི་མེད་པའི་སྐད་ཆ་ལ་ཡིད་རྟོན་བྱེད་རྒྱུ་མེད་ཅིང་། དཔང་རྟགས་མི་སྤྲད་དགོས་དོན་ཡང་ཕ་རོལ་བས་སྔ་ས་ནས་གཡོ་བྱུས་བསྒྲིགས་པས་རེད། མདོར་ན་ཏིང་གིས་རྒྱལ་དོན་གཡོ་འགུག་བྱས་ནས་ཁོང་ཏིང་གི་ལྐོག་བྱུས་འོག་ཏུ་ཚུད་པ་ལས་གཞན་དུ་མི་འདུག གློ་བ་དམག་སྒར་གཏོར་གཅོམ་བྱེད་པའི་སྐབས་སུ་རྒྱལ་དོན་གྱིས་དམག་མི་ཚོ་ལ་རང་སར་ཕྱིན་ནས་འཚོ་ལ་གཉེར་དང་། བོད་དོན་ལ་སེམས་འཁུར་བྱེད་དགོས། བོད་དོན་འགྲིག་འགྲོ་གི་རེད་ཅེས་ཁས་ལེན་གནང་འདུག ཡང་ཡིན། བོད་དོན་ད་ལྟ་འང་ཅི་ཞིག་ཡིན་མིན་ཚང་མས་མཁྱེན་གསལ་རེད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གློ་བ་དམག་སྒར་ལ་འགྲེལ་བ་གནང་བ་ལས་གླ་བ་དམག་སྒར་གྱིས་ཐོག་མ་ཨ་རི་ལ་འབྲེལ་བ་གནང་བ་མིན་ཞིང་། མིན་པ་གློ་དམག་ཟུར་བ་ཁག་གིས་བདེན་དཔང་བྱེད་ཀྱིན་ཡོད་པ་མ་ཟད། གློ་དམག་གི་མགོ་ཁྲིད་ཚོས་རྒྱལ་དོན་ཨ་རིའི་གསང་བའི་ལས་ཁུངས་ལ་ངོ་སྤྲོད་ཚུལ་བདེན་དཔང་བྱེད་ཀྱིན་འདུག འོན་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱལ་དོན་ནི་རྒྱ་ནག་ནས་སློབ་སྦྱོང་བྱེད་མྱོང་ཡོད་མཁན་ཞིག་ཡིན་པས་དེ་ལ་ཡིད་ཆེས་བྱེད་མི་འོས་ཚུལ་བརྗོད་ཀྱང་། གློ་དམག་གི་མགོ་ཁྲིད་ཚོས་རྒྱལ་དོན་གྱིས་སྐད་ཡིག་ཤེས་ཁར། སྐུའི་གཅེན་པོ་ཡིན་་པས་ཡིད་ཆེས་བློ་གཏད་བྱེད་ཆོག་ཚུལ་གྱི་ཨུ་ཚུགས་བྱས་བས། ཨ་གསང་གིས་ཁོང་ལ་འབྲེལ་བ་མི་གནང་ཐབས་མེད་ཆགས་པ་ལས། ཁོང་གི་འཇོན་ཐང་གིས་ཨ་གསང་ལ་འབྲེལ་བ་གནང་བ་རེད་མི་འདུག དེ་ལྟར་མེད་པ་གློ་དམག་རྒན་པ་ཁག་གིས་ད་ལྟའང་བརྗོད་ཀྱིན་འདུག

  15. ཅོ་རི་ཉི་མ། says:
    2014-10-09 at 5:46 am

    ཨ་ར་དཀར་པོ་ལགས།
    རྒྱ་ནག་གི་དཔོན་རིགས་ཚོས་མགོ་སྐོར་བཏང་སྟངས་ལ་རྒྱུས་མངའ་ཡོད་པས་བཤད་ཀྱི་ཡོད། ཏན་གྱི་སྐད་ཆ་ཡིས་བོད་པ་མགོ་སྐོར་ནས་རང་བཙན་བློས་བཏང་བྱས་པ་མ་རེད་དམ། ད་ཡང་་དམངས་མོས་འོས་བསྡུ་ལས་བྱུང་བའི་སྲིད་འཛིན་སེང་གེ་ལ་རྒྱ་དཔོན་ཚོས་སྐད་ཆ་བཤད་ཀྱི་མིན་ཟེར་གྱི་འདུག་ཟེར་ནས་དམངས་མོས་ནས་བྱུང་བའི་དབུ་ཁྲིད་བརྩིས་མེད་བཏང་ནས་བོད་དོན་ཐག་གཅོད་བྱེད་མཁན་གྱི་དབུ་ཁྲིད་གཞན་ཞིག་སྐོས་དགོས་པ་ཨེ་རེད།

    སྔོན་མར་རྒྱ་ལོའི་ཁ་ལ་ཉན་ནས་རང་བཙན་བློས་བཏང་བྱས། ད་ཡང་རྒྱ་ལོའི་ཁ་ལ་ཉན་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་བློས་བཏང་བྱ་དགོས་པ་ཨེ་རེད། ཁུངས་ལུང་མེད་པའི་སྐད་ཆ་གཅིག་གིས་གནོད་པ་ཅི་ཙམ་བསྐྱལ་ཡོད་པ་ཤེས་བཞིན་དུ་ཡང་བསྐྱར་ཁུངས་ལུང་མེད་པའི་སྐད་ཆ་ཞིག་བོད་པའི་སྤྱི་ཚོགས་ནང་བསྒྲགས་དགོས་དོན་གང་རེད་དམ། གལ་སྲིད་དམངས་གཙོའི་ལམ་ནས་དམངས་མོས་བྱུང་བའི་དབུ་ཁྲིད་བློ་བཟང་སེང་གེ་མཆོག་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཐཽག་ནས་བོད་དོན་བཤད་པའི་ཐོབ་ཐང་ཡོད་པ་ལས་གཞན་སུ་གང་ལ་འོས་བབ་ཡོད་མ་རེད་ཞུ་རྒྱུ་ཡིན་ནོ།

  16. ཨ་ར་དཀར་པོ says:
    2014-10-09 at 6:55 am

    ཧཧཧ་ཨ་ནུ་ཐང་བས་རྒན་པོ་ཕྱོགས་ཞེན་ཅན་འགའི་སྐད་ཆ་ཁྱེར་ཡོང་གིན་འདུག གློ་སྒྲིག་འཛུག་མི་ལོ་བཅུ་བདུན་གྱི་དུས་བཀག་ཚང་ནས་བལ་གཞུང་གིས་རྙོག་དྲ་བཤད་པའི་རྐྱེན་གྱིས་མ་གཏོར་རང་གཏོར་རེད། རྒྱ་གུང་ཁྲན་ལ་ཁ་གཏད་མ་ཆོག་པའི་སྒང་ལ་ད་དུང་བལ་གཞུང་ལ་དགྲ་བསག་པ་ག་ནས་ཕོད། འཇོན་ན་དུས་བཀག་ནང་ཅིག་འཇོན་དགོས་ཀྱང་དེའི་རིང་ཆི་གང་མ་འཇོན་པ་རེད། ཐོག་མར་འབྲེལ་བ་བྱས་ནས་ས་གཡར་མཁན་རྒྱལ་དོན་ཡིན་པས་མཇུག་བསྡུ་མཁན་དེའང་ཁོང་ཡིན་འོས་པ་རེད། གློ་སྒྲིག་འཐོར་ནས་མང་པོ་ཞིག་གི་ཟ་སྐལ་འགག་པའི་རྐྱེན་བྱས་ནས་རྒྱལ་དོན་ལ་ཞེ་འཁོན་བཅིང་བ་མ་གཏོགས་སྐབས་དེའི་དམག་མི་རྒན་པ་འགའ་རེའི་སྐད་ཆ་ངས་ཀྱང་གོ་མྱོང་།

  17. སྤོབས་པ་མཐའ་ཡས། says:
    2014-10-09 at 7:08 am

    སྐུ་ཞབས་ཨ་ར་དཀར་པོ་ལགས། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་བལ་གཞུང་ལ་ས་གཡར་བ་དང་དེའི་དུས་བཀག་ཚང་བའི་ལོ་རྒྱུས་ཡིག་ཆ་གང་འདྲ་ན་ཡོད་སྟོན་རོགས། ཏིང་ཤོའི་ཕིང་གིས་ཁོང་ལ་བོད་རང་བཙན་མ་གླེང་ན་བོད་རྒྱ་གྲོས་མོལ་བྱེད་ཆོག་ཅེས་བཤད་བྱུང་ཞེས་པ་ལྟ་བུ་བདེན་རྫུན་མ་ངེས་པའི་ནག་ཚོང་རྒྱག་མཁན་ཀྱི་ལས་ཀ་ལྟ་བུ་ཞིག་འདྲ་མིན་པའི་རེ་བ་ཡོད།

  18. ལུང་རྟོགས། says:
    2014-10-09 at 7:20 am

    གློ་སྒྲིག་འཛུགས་ཀྱི་སྐོར་དང་རྒྱལ་དོན་གྱིས་ཅི་ཞིག་གནང་ཡོད་མེད་དེའི་སྐབས་སུ་རོག་སྐྱོར་བྱེད་མཁན་ཨ་རིའི་དམག་ཞབས་ཟུར་པ་ཞིག་གིས་རྩམས་པའི་ཞེས་པའི་དེབ་དེའི་ནང་ལ་ལྟོས་དང་གསལ་པོ་ཡོད་པ་རེད། འདིར་ཡར་བཤད་མར་བཤད་ཀྱིས་ལོག་འགྲེལ་རྒྱག་མཁན་ཚོའི་སྐད་ཆ་ལ་ཅི་ཡང་ཉན་རྒྱུ་མེད།

  19. ལུང་རྟོགས། says:
    2014-10-09 at 7:22 am

    དེབ་མིང་། སངས་རྒྱས་ཀྱི་དཔའ་ཐུལ་ཚོ།

  20. ཁྲི་རལ་པ་ཅན་ says:
    2014-10-09 at 9:12 am

    རྒྱལ་ལོ་དོན་འགྲུབ་མི་ཅིག་ཡིན་པའི་ཆ་ནས་བཟང་ངན་ཡག་སྡུག་གི་ཆ་ཡོད་ངེས་ཅན་རེད།འོན་ཀྱང་།ལོ་རྒྱུས་དེབ་ཐེར་མང་པོ་ཅིག་བཀླགས།བཙན་བྱོལ་ནང་གི་མི་གནད་ཡོད་མང་དག་ཅིག་ལ་རྒྱུས་ལོན་བྱས་ན།ཁོང་གིས་བོད་མི་རིགས་ཀྱི་ཆེད་ཉེ་རབས་ལོ་རྒྱུས་ནང་བོད་མི་སུས་ཀྱང་བྱེད་མི་ཐུབ་པ་མང་པོ་ཅིག་གནང་འདུག་པ།མ་རུངས་ཁོག་བཅིངས་དང་ཕྱོགས་རིས་ཅན་སུས་ཀྱང་ནག་བསིབ་བཏང་མི་ཐུབ།
    ༡གློ་སྒྲིག་འཛུགས་ནི་བལ་ཡུལ་གློ་སྨོན་ཐང་དུ་བཙུགས་པ་དེ་མ་གཏོགས།དེ་སྔོན་བོད་ནང་གི་ཆུ་སྒང་བསྟན་སྲུང་དང་དམག་ལ་གློ་སྒྲིག་མི་འབོད།བཙན་རྒོལ་རྒྱལ་སྐྱོབས་ནང་ལྟོས་དང་གློ་སྒྲིག་དང་གློག་འཕྲིན་ཚོགས་ཁག་སྔ་ཕྱིར་བོད་ནང་བཏང་བ།མི་སུ་དང་སུ་བཏང་བ་སོགས་ཕྲ་ལམ་མེར་ཡོད།དེ་བཞྀན་ཨ་རིའི་གསང་ལས་ལ་འབྲེལ་མཐུད་པ་དང་།རྒྱལ་དོན་གྱིས་བོད་མི་སྦྱོང་བརྡར་བ་རྣམས་རེ་རེ་བྱས་ཏེ་བྷང་ལ་དེ་ཤེ་དང་དེ་ནས་ཉི་ཧོང་གི་གླིང་ཕྲན་ཨོ་ཀི་ན་བ་བརྒྱུད།ཨ་རིའི་ཁ་ལོ་ར་སྒྲོ་ལ་བཏོང་ལུགས་སོགས་ཚང་མ་ཡོད།
    ༢༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་རྣམ་Freedom in Exile ནང་དུའང་རྒྱལ་ལོ་དང་སྟག་འཚེར་རིན་པོ་ཆེ་སྔ་སེ་ནས་རྒྱ་གར་ནང་ཕྱིན་ཏེ།ཨ་རི་དང་རྒྱ་གར་གཞུང་ལ་འབྲེལ་བ་ཡོད་ལུགས་མང་པོ་ཅིག་འཁོད་འདུག
    ༣Orphans Of The Cold War: America And The Tibetan Struggle For Survivalཟེར་བའི་དེབ་དེ་དང་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ།Shadow Tibet ཟེར་བའི་གློག་བརྙན་ལ་ལྟོས་དང་དེ་ལས་ཀྱང་དངོས་ཡོད་གནས་ཚུལ།སྐབས་དེར་སྦྱོང་བརྡར་སྤྲོད་མཁན་ཨ་རིའི་འབྲེལ་ཡོད་ལས་བྱེད་ཚོ་དང་།བོད་མི་དང་དམག་ཟུར་པ་མང་པོ་ལ་དྲི་བྱས་འདུག
    ༤ལོ་རྒྱུས་མང་པོའི་ནང་སྐབས་དེ་དུས་ཀྱི་གནས་ཚུལ་མང་དག་ཅིག་ཁ་ཐུག་ཁ་ཐུག་ལ་ཡུལ་དུས་གནས་བབ་རྐྱེན་གྱིས་ཕྱིར་བསྒྲགས་གསལ་བཤད་བྱེད་མི་འོས་པས།བསམ་མེད་ཁ་ཤས་ཀྱིས་སྤྱི་དོན་ལ་བསམ་བློ་གཏོང་མི་ཤེས་པར་གོ་སྐབས་དེ་བེད་སྤྱོད་ཀྱིས་དཀྲོག་གཏམ་མང་པོ་སྤེལ་བའི་གྲུབ་འབྲས།ཨ་ནུ་ཐང་སོགས་ཀྱིས་བཤད་བཞིན་པ་དེ་རེད།
    ༥གློ་དམག་སྒར་སོགས་ཀྱིས་རྒྱལ་ཁབ་ཅིག་སླར་གསོ་ཡོང་བར་དྲག་དམག་འཐབ་གནང་གི་ཡོད་པས།དེ་ལ་རྒྱལ་ཁབ་མང་པོ་ཅིག་གི་ཆབ་སྲིད་སྐྱ་འཐབ་ཡོད་འདུག།དེང་སང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁག་དང་ཨ་རི་དང་ཨིན་ལན་སོགས་ནས་འབྲེལ་ཡོད་སྐབས་དེ་དུས་ཀྱི་མི་ཚོས་དྲན་ཐོ་དང་སོ་སོའི་ལོ་རྒྱུས།གཞུང་འབྲེལ་ལོ་རྒྱུས་དེ་འདྲ་མང་པོ་ཅིག་གི་ནང་འཁོད་པ་ཡིན་ན།རྒྱལ་ལོ་དང་གློ་སྒྲིག་འཛུགས་རྒྱལ་ཁབ་མང་པོ་ཅིག་གི་གསང་ལས་པ་ཚོས་གསོ་རྩིས་དང་གསོད་རྩིས་གཉིས་ཀ་བྱས་འདུག།ཁོང་ཚོས་གློ་སྒྲིག་ནང་ཁུལ་འཐོར་བཤིག་ཡོང་ཆེད་ལག་ཆ་གཙོ་བོ་གཅིག།རྒྱལ་ལོ་སོགས་འགོ་ཁྲིད་ཁག་ཅིག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་སྤྱི་ཚོགས་ནང་ཆེད་མངགས་དཀྲོག་གཏམ་དཀྲུག་ཤིང་བཟོས་ཏེ།བོད་མི་ནང་ཁུལ་རྒྱག་རེས་ཡོང་བར་འབད་བརྩོན་ཐེངས་མང་བསྟེན་འདུག།དེ་ཚོ་བོད་མི་འགའ་ཆེད་མངགས་དཀྲུག་ཤིང་དང་དཀྲོག་གཏམ་སྤེལ་ཐབས་སྦྱོང་བརྡར་ཡང་མང་པོ་སྤྲད་ལུགས་བྲིས་འདུག
    ༧གང་ལྟར་ཐ་མ་ཨ་རིའི་སྲིད་འཛིན་ནེཀ་སོན་དང་རྒྱ་དམར་གི་འགོ་དཔོན་མོའོ་ཚེ་ཐུང་གཉིས་ཐུག་སྟེ་རྒྱལ་ཁབ་གཉིས་བར་མཛའ་འབྲེལ་བཙུགས་པ་ནས།ཨ་རིའི་རོགས་རམ་མཚམས་འཇོག་དང་ལྷན་བལ་ཡུལ་ནས་ཀྱང་དམག་སྒར་དེ་མུ་མཐུད་མ་བཅུག་པ་རེད།དེ་ཕྱིར་གློ་དམག་རྣམས་ལ་ལས་ཀ་བཀོད་སྒྲིག་དང་ཁོང་རྣམས་ཞུགས་ས་ཅིག་ཡོང་བར།རྒྱལ་དོན་གྱིས་པཎྡིཏི་ནེ་རུས་དང་འབྲེལ་མོལ་གྱིས་༢༢དམག་སྒར་རྒྱ་གར་ནང་གསར་བརྒྱགས་བྱས་པ་རེད།
    ༨གྱ་གྲངས་ནང་ཏིང་ལ་ཐུག་ནས་ཀྱང་བོད་བཙོང་བཞག་པ་སོགས་བཤད་པ་ནི་གད་མོ་ཤོར་གཞི་རེད།བོད་ཟེར་བ་དེ་སྔ་མོ་ནས་རྒྱ་འོག་ཏུ་བཅུག་སྟེ་ཏག་ཏག་བཟོས་ཚར་རེད།ཚོང་རྫས་མེད་པའི་ཚོང་ཅིག་གང་ནས་བརྒྱབས་དགོས་རེད།སྣང་བ་མི་འགྲོ་བའི་སྐད་ཆ་རེད།འོན་ཀྱང་།རྒྱལ་དོན་གྱིས་སྐབས་དེར་དོན་དག་གཏན་ནས་འགྲུབ་མེད་པ་མིན།བོད་ཕྱི་ནང་ཕན་ཚུན་གཉེན་འཕྲད་དུ་ཆུ་ལོག་བརྡོལ་བ་བཞིན་ཕྱིན་ཡོད་ཅིང་།དེའི་ནང་བླ་ཆེན་དཔོན་ཆེན་མང་པོའང་ཚུད་ཡོད་པ་རེད།དེ་ལྟར་ཕན་ཚུན་ལྷ་ངོ་མི་ངོ་འཕྲོད་པ་ཅིག་བྱུང་བའང་རྒྱལ་དོན་གྱིས་བཟོས་རེད།
    དེ་བཞིན་བོད་ཡིག་ཡར་རྒྱས་དང་རྒྱ་གར་ནས་དགེ་རྒན་གཏོང་རྒྱུ།སྐུ་ཚབ་ཚོགས་པ་ལྟ་སྐོར་དུ་ཐེངས་མང་ཕྱིན་པ་སོགས་ཚང་མ་རྒྱལ་དོན་གྱིས་བཟོས་པ་རེད།དེ་ཚོ་ཚང་མ་ཁུངས་འཕེར་གྱི་ལོ་རྒྱུས་དང་མི་ཚེའི་བྱུང་བ་ཁག་བལྟས་ན་གསལ་བོ་ཤེས་ངེས་རེད་མ་གཏོགས།མི་རྒན་གང་ཡང་མི་ཤེས་པ་དཀྲོག་གཏམ་རྐྱང་རྐྱང་ལ་ཡིད་ཆེས་མཁན་ཚོར་ཉན་ན་ལོག་ལམ་འཁྱམས་རྒྱུ་ལས་འོས་མེད།
    ༩དེ་མིན་ཡང་རྒྱལ་དོན་གྱིས་བཙན་བྱོལ་ནང་འགྱུར་བཅོས་བྱས་རྗེས་མང་པོ་བཞག་ཡོད་མོད།ཡིག་ཚོགས་ལ་འཇིགས་ཏེ་འབྲི་འདུན་མེད།མདོར་རྩ་བོད་པ་མང་པོ་ཅིག་དངོས་ཡོད་འཚོལ་རྒྱུར་མི་དགའ་བར་དཀྲོག་གཏན་ཉན་ཏེ་ཡིད་ཆེས་རྒྱུར་དགའ་བས།རྒྱལ་ཁབ་ཕྱི་ནང་གི་སྐབས་འཚོལ་བ་དང་ཁེ་ཕན་རིང་ལུགས་པ་ཚོས་ག་དུས་ཡིན་ན་བེད་སྤྱོད་བཏང་ཆོག་ཡོད་རེད།དེ་འདྲར་བརྟེན་དམིགས་བསལ་བཙན་བྱོལ་ནང་བོད་ལ་རེ་བ་མེད་དོན་དེ་རེད།

  21. གཡུ་ཐོག་རྒྱལ་པོ། says:
    2014-10-09 at 9:58 am

    མི་གཅིག་གི་ལོ་རྒྱུས་ལ་བལྟ་སྐབས་ཚང་མ་དཀར་པོ་དང་ཡང་ན་ནག་པོ་བཟོས་ན་འགྲིག་གི་མ་རེད། སྐུ་ངོ་རྒྱལ་ལོར་མཚོན་ནའང་། དཀར་ནག་གཉིས་ཀ་ཡི་ཁྱད་ཆོས་ཡོད་པ་རེད། གོང་དུ་ཅོ་རི་དང་ཨ་ཐུ་ཐང་གིས་གསུངས་པ་དེ་དག་ལ་རྒྱུ་མཚན་ངེས་ཅན་ཞིག་འདུག རྒྱལ་ལོ་དོན་གྲུབ་ལ་མཚོན་ན། བཙན་བྱོལ་ནང་གི་རྩོད་གཞི་ཅན་གྱི་མི་ཞིག་རེད། དེ་ཆབ་སྲིད་ཀྱི་ཐོག་ནས་བཤད་ཀྱང་ཆོག་ལ་སྤྱི་ཚོགས་ཀྱི་ཐོག་ནས་བཤད་ཀྱང་ཆོག་གི་རེད། དང་པོ་གསེར་གྱི་སྐོར་དེ་རེད། དེའི་དབང་གིས་སྐུ་ངོ་རྒྱལ་ལོ་དང་ཟུར་ཁང་གཙོ་བོར་གྱུར་བའི་གནས་ཡོད་མང་པོའི་བར་བརྩོད་སྙོག་བྱུང་བ་མ་ཟད་བརྡ་སའི་གཞུང་ཞབས་ཁྲོད་དུའང་བརྩོད་ཉོག་བྱུང་བའི་གནས་ཚུལ་ཡོད་པ་རེད། གཉིས་པ་དེ་གློ་དམག་སྒར་དེ་རེད། དེའི་ཁྲོད་ལྐོག་ཟ་དང་འཐེན་འཁྱེར་གྱི་གནས་ཚུལ་མང་པོ་ཞིག་བྱུང་ཡོད། དེ་ནས་གསུམ་པ་དེ། ཏིང་དང་འབྲེལ་བའི་སྐོར་དེ་རེད། མཐར་བོད་རྒྱ་ཞི་མོལ་སྐབས་ཀྱི་སྐུ་ཚབ་ཐོག་མ་བོད་དུ་ཕེབས་སྐབས་རྩ་བའི་ཞི་མོལ་གྱི་བརྗོད་གཞི་དེ་དོན་ཚན་ལྔ་ཅན་ཞིག་ཡིན་པ་རྒྱ་གཞུང་གིས་ངོས་འཛིན་བྱས་ཡོད་ཀྱང་། སྐུ་ཚབ་ཚོས་དོན་ཚན་ལྔ་དེ་ཅི་ཡིན་བཤེས་མེད་ཚུལ་འཇུ་ཆེན་ཐུབ་བསྟན་གྱི་བཅར་དྲི་ནང་གསལ་པོ་གསུངས་འདུག ད་དུང་ཁོང་གིས་གནད་དོན་དེ་༧གོང་ས་མཆོག་གིས་ཀྱང་མཁྱེན་གྱི་མེད་པ་དང་༧གལ་ཏེ་ཁོང་གིས་མཁྱེན་ན། ངཚོར་གསུང་གི་རེད་བཅས་གསུངས་པ་དེ་རེད། གང་ལྟར་རྒྱའི་དཔོན་རིགས་ཚོས་རྒྱལ་ལོ་མཆོག་ལ་དོན་ཚན་ལྔ་ཅན་གྱི་གྲོས་གཞི་ཞིག་སྤྲད་ཡོད་ཀྱང་། རྒྱལ་ལོས་སྐུ་ཚབ་དང་༧གོང་ས་མཆོག་ལ་མ་ཞུས་པའི་རྒྱུ་མཚན་ཅི་རེད། རྣམ་པ་ཚོས་གནད་དོན་དེ་མཁྱེན་འདོད་ན། ཡུ་ཀྲུབ་ནང་སྐུ་ངོ་འཇུ་ཆེན་ལ་བཅར་དྲི་བྱས་པ་དེར་གཟིགས་དང་། གསལ་གསལ་ཐིང་ཐིང་གསངུས་འདུག

  22. ཨ་ར་དཀར་པོ says:
    2014-10-09 at 10:01 am

    སྐུ་ཞབས་སྤོབས་མཐའ་ལགས། ནག་ཚོང་དང་ལྐོག་ཚོང་གི་ལས་ས་ཆ་གཡར་མཁན་གྱིས་ས་ཆ་གཡར་དངུལ་སྤྲོད་མཁན་གྱིས་དངུལ་སྤྲད་ནས་འཛམ་གླིང་ལ་གསང་ནས་བྱས་བཞག་པ་ཞིག་ལ་ཡིག་ཆ་སྟོན་རྒྱུ་ཡོད་སྲིད་དམ་ཡོད་ཀྱང་ཕྱིར་བསྒྲག་བྱ་སྲིད་དམ། འདི་གཅིག་ཡིན། དེ་བཞིན་གཞན་གྱི་ས་ཐོག་ནས་བཙུག་བཞག་པའི་དྲག་པོའི་སྒྲིག་འཛུགས་ཤིག་ལ་དུས་ཡུན་གྱི་ཚད་བཀག་མེད་པར་ཇི་སྲིད་བར་དུ་གནས་སུ་འཇུག་སྲིད་དམ། གཞན་ཡིག་ཆ་སྟོན་རྒྱུ་མེད་པ་ཙམ་གྱིས་བྱུང་བ་གང་ཞིག་དོན་དངོས་མིན་པར་རྫུན་མར་གྱུར་པ་ཡིན་ནམ། དེ་ཙམ་ཡིན། ལན་གཞན་པ་རྣམས་ཁྲི་རལ་བ་ཅན་གྱིས་གསལ་ཞིང་རྒྱས་པ་གནང་འདུག

  23. གསར་བརྗེ་སྐྱབས། says:
    2014-10-09 at 10:14 am

    རིགས་ཀྱི་བུ། ལེགས་པར་ཉོན་ལ་ཡིད་ལ་ཟུངས། རིགས་ཀྱི་བུ་རྒྱ་ལོ་དོན་གྲུབ་ནི། དམིགས་ཡུལ་རྒྱང་རིང་ལ། ཐབས་ཤེས་བཟང་བ། ལས་ལ་བརྩོན་པས། གངས་ཅན་པ་རྣམས་ཀྱི་བདེ་སྐྱིད་ཆེད། ཁོང་ནས་དཀའ་བ་དང་དུ་བླངས། སྡུག་བསྔལ་གྲོགས་ལ་བསྟེན། བདེ་བ་རྒྱང་དུ་དོར་ནས། ཚེ་གཅིག་གི་དུས་ཚོད་ཆ་ཆེ་བ་བོད་མགོ་ནག་ཚོའི་དོན་དུ་བསྔོས་པས། ལག་རྗེས་ཀྱང་མི་ཉུང་བ་ཡོད་དོ།

  24. ལ་སྟོད་སྟོབས་རྒྱས། says:
    2014-10-09 at 1:12 pm

    རྒྱ་ལོ་དོན་འགྲུབ་ལགས་ནི་བྱས་རྗེས་ཅན་གྱི་མི་གལ་ཅན་རེད་མོད།དེང་སང་ན་རྒས་རྫི་ལྡིབ་དུས།དྲིན་ཅན་ལ་དྲིན་ལོག་བྱེད་མཁན་མང་པོ་འདུག

  25. རང་དབང་། says:
    2014-10-09 at 1:43 pm

    རྒྱལ་ལོ་ལགས་ཀྱིས་བཤད་རྒྱུ་དང་ལས་རྒྱུ་མང་ནི་རེད། བདེན་རྒྱུ་དང་འགྲུབ་རྒྱུ་ནི་ཅང་ཡོད་ནི་མ་རེད། ཁོང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་མི་སྣའི་ནང་ནས་རང་དབང་གིས་རྒྱ་དམར་ལ་ལག་པ་བཏང་མཁན་དང་པོ་དེ་རེད་ལ། རྒྱ་དམར་ལ་ངོ་ལོག་ནས་བཙན་བྱོལ་དུ་ཡོང་མཁན་ཡང་དང་པོའི་གྲལ་དེ་རེད། དེ་བཞིན་རྒྱ་དམར་ལ་ངོ་སྟོད་ནས་ཕྱིར་ལོག་བྱེད་མཁན་དང་པོ་དེ་རེད་ལ། རང་བཙན་་མ་རྩོད་ན་རྒྱ་བོད་དབར་གྱི་དཀའ་རྙོག་ཡོད་ཚོད་ཐག་གཅོད་ཐུབ་པའི་ཐབ་ལམ་ཡོད་ཚུལ་བཤད་མཁན་དང་ལས་མཁན་གྱི་བོད་མི་དང་པོ་དེ་རེད། རྒྱ་དམར་གཞུང་གིས་རྒྱལ་བ་རིན༌པོ་ཆེར་ཚོད་ལས་འདས་པའི་མཚན་སྨོད་བྱེད་སྟངས་འདིས་ད་ནི་རྒྱ་ནག་གཞུང་ལ་རེ་བ་རྩ་བ་ནས་རྒྱབ་རྒྱུ་མེད་ཚུལ་བཤད་མཁན་དེ་ཡང་རེད།

  26. བློ་བཟང་རིག་འཛིན། says:
    2014-10-09 at 2:32 pm

    ཡག་པོ་གསུང་གནང་འདུག

  27. ཞོལ་གཡག་འབྲོང་རྒྱུད། says:
    2014-10-09 at 3:38 pm

    རང་དབང་ལགས་ཀྱིས་གསུངས་པར་བདེན་པའི་ཆ་མང་པོ་འདུག། ཡབ་གཞིས་ཚང་གི་སྐུ་ངོ་རྒྱ་ལོ་ལགས་རྒྱ་མོ་མནའ་མ་བླངས་བ་མ་ཟད་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཡུ་བ་འཇུ་ས་མེད་པར་བློ་མཐུན་ཏིང་གིས་ཡིག་ཐོག་ལ་མེད་པའི་གསང་གཏམ་ཞིག་འཁྱེར་ཡོང་བ་རེད་ལ། ཀྲུང་གོ་གསར་པས་ཏིང་གིས་གསང་གཏམ་ཞིག་རྒྱ་ལོ་ལགས་ལ་བཤད་ཡོད་མིན་ཡིད་ཆེས་མེད་པ་དེ་རེད།

  28. ཞོལ་གཡག་འབྲོང་རྒྱུད། says:
    2014-10-09 at 4:23 pm

    འོན་ཀྱང་ད་རེས་གཞོན་ནུའི་ཚོགས་ཆེན་ལ་དགོངས་ཚུལ་ཡག་པོ་གསུངས་འདུག་ལ་ལོ་རྒྱུས་སྙིང་བསྡུས་འདི་འདྲ་ཆགས་པོ་འདུག།

  29. བཙན་བྱོལ་བ་ says:
    2014-10-09 at 11:00 pm

    སྐུ་དྲག་ས་དབང་ཆེན་མོ་ལགས་ཀྱིས་འདས་པའི་གནས་ཚུལ་མང་དག་དཔྱད་གཞི་ཅན་གསུངས་སོང་། ཐུགས་རྗེ་ཆེ། ཁོང་གིས་དཔེ་དེབ་གཅིག་བྲི་བཞིན་ཡོད་སྐོར་གསུངས་འདུག་པས་གང་མགྱོགས་ཐོན་པའི་རེ་བ་ཡོད།

  30. གནམ says:
    2014-10-10 at 1:18 am

    ཕྱོགས་ལ་ཕྱོགས་རིས་བྲལ་བ།།
    སྐུ་སྤུན་རྒྱལ་ལོ་དོན་འགྲུབ།།
    ཁམས་ཆེན་ཁྲི་ལ་བཀྱོགས་པས།།
    དབུ་ལ་ཐོ་བ་བཟས་སོང་།།

    ཕྱོགས་ལ་ཕྱོགས་རིས་མེད་པ།།
    དགྱ་བཟའ་ཡུམ་ལ་བསྟེན་པ།།
    ནང་མི་ཁ་ལྟའི་བཀའ་གྲོས།།
    མ་གསང་ཕྱི་ལ་ཤོར་སོང་།།

    མི་ལ་ཡིད་ཆེ་མི་འདུག།
    གསུངས་ལ་ཉན་མཁས་མི་འདུག།
    ནོར་བུ་གཞན་ལ་ཤོར་དུས།།
    ང་རང་ངོས་ནས་སྡུག་པ་ཨ།

  31. ཅོ་རི་ཉི་མ། says:
    2014-10-10 at 6:04 am

    རྒྱ་ལོས་་སྤྱི་དགའ་ལྡན་ཕོ་བྲང་གིོས་མ་འཇོན་སྟངས་དང་སྒེར་སྲིད་འཛིན་སྟག་བྲག་ལགས་ཀྱིས་མ་འཇོན་མདོག་མདོག་བཤད་འདུག དཔལ་ལྡན་ནེ་རོང་མཆོག་གིས་༡༩༥༩་ལོར་རྒྱ་ལོ་ལ་དམག་རྟ་གྲལ་སྒྲིག་བྱོས་མ་གཏོགས་གུན་ཁྲན་ཏང་གིས་བཙན་འཛུལ་བྱེད་ཀྱི་རེད་ཟེར་གྱི་འདུག་ཟེར་བ་དང་། རྒྱ་ལོས་སྲིད་འཛིན་སྟག་བྲག་ལ་དཔལ་ལྡན་ནེ་རོང་མཆོག་གིས་དེ་ལྟར་གསུངས་ཀྱིན་འདུག་ཟེར་ནས་ཡར་ཞུས་ཀྱང་གསན་གི་མི་འདུག་ཟེར་བ། སྐད་ཆ་སྟངས་འདིས་ངན་ཁག་སྟག་བྲག་ལ་བཀལ་གྱི་འདུག

    ༡་་་སྤྱི་ལོ་༡༩༤༣་ནས་༡༩༥༠ལོའི་བར་དུ་སྟག་བྲག་མཆོག་གིས་བོད་སྡེ་བ་གཞུང་གི་སྲིད་འཛིན་བྱས།
    ༢་་་སྤྱི་ལོ་༡༩༤༤་ལོར་ལྷ་ས་རུ་དབྱིན་ཡིག་སློབ་གྲྭ་བཙུགས།
    ༣་་་སྤྱི་ལོ་༡༩༤༩ལོར་དམ་པ་དགེ་ཆོས་མཆོག་བཙོན་གྲལ་ཐོབ་་རྗེས་བོད་དམག་གི་དམག་སྦྱོང་གི་འབོད་སྒྲ་ཁག་དབྱིན་ཡིག་ནས་བོད་བསྒྱུར་བྱས་བཅུག

    སྲིད་འཛིན་སྟག་བྲག་གི་དུས་སྐབས་སུ་དབྱིན་ཇུས་སློབ་གྲྭ་བཙུགས་འདུག་པ་དང་། དབྱིན་དམག་གི་དམག་སྦྱོང་བོད་བསྒྱུར་བྱས་འདུག བོད་དམག་གྲལ་སྒྲིག་བྱས་འདུག ༡༩༥༠་ལོར་༧གོང་ས་ཏ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་གིས་་སྲིད་འཛིན་བྱས་འདུག

    གུན་ཁྲན་ཏང་གིས་བཙན་འཛུལ་བྱས་དུས་སྲིད་འཛིན་༧གོང་་ས་ཏ་ལའི་བླ་མ་རེད་འདུག སྐབས་དེ་དུས་དམག་བརྒྱབ་དང་མི་བརྒྱབ་རྒྱ་ལོ་བུ་སྤུན་གཉིས་ཀྱིས་ལག་ཏུ་འདུག ཆབ་མདོ་རྒྱ་དམག་བསླེབས་དུས་ལྷ་སར་ཐུགས་སྤྲོ་བཏང་ནས་བཞུགས་ཡོད་པའི་དེང་རབས་དེ་སྟག་བྲག་གི་དེང་རབས་རེད་མི་འདུག་པས་ངན་ཁག་སྟག་བྲག་ལ་བཀལ་ན་འོས་འཚམས་ཤིག་ཅང་ཡིན་ཟོལ་མི་འདུག

    ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་དྲང་བདེན་གྱི་ཐོག་ནས་བཤད་དགོས། སྤྱི་ལོར་༡༩༥༠་ལོར་ནས་བོད་རྒྱལ་ཁབ་ཀྱི་སྲིད་དབང་ཡར་ཕྱུག་ཚང་གི་ལག་ཏུ་ཡོད་པས་རྒྱ་ལོས་གུན་ཁྲན་ཏང་གིས་ཁ་གཏད་ཇི་ལྟར་བཅགས་ཡོད་མེད་དྲང་བདེན་གྱི་ཐོག་ནས་གླེང་དགོས། ཕམ་ཁ་བྱུང་བའི་ཉམས་མྱོང་གི་བསླབ་བྱ་ལེན་ནས་རྒྱལ་ཁ་འཐོབ་ཐུབ་པའི་ཕྱོགས་སུ་ཐབས་ཇུས་ལ་བསམ་བློ་གཏོང་དགོས་པ་ནི་གལ་ཆེན་རེད་འདོད།

  32. ཅོ་རི་ཉི་མ། says:
    2014-10-10 at 6:53 am

    དགའ་ལྡན་ཕོ་བྲང་གིས་སྤྱི་ལོ་༡༦༤༢་ནས་༢༠༡༡་ལོའི་བར་དུ་མི་ལོ་༣༥༩་རིང་དགའ་ལྡན་ཕོ་བྲང་གི་དེང་རབས་རེད་འདུག

    ༡་་༧གོང་ས་ལྔ་པ་མཆོག་གིས་་་སྤྱི་ལོ་༡༦༤༨ ནས ༡༦༦༠ བར་དུ་སྲིད་དབང་འཛིན།
    ༢་་༧རྒྱལ་བ་བསྐལ་བཟང་རྒྱ་མཚོས་སྤྱི་ལོ་༡༧༥༡ ནས་ ༡༧༥༧ བར་དུ་སྲིད་དབང་འཛིན།
    ༣་་༧རྒྱལ་བ་འཇམ་དཔལ་རྒྱ་མཚོས་སྤྱི་ལོ ༡༧༨༧ ནས ༡༧༩༠ བར་དུ་སྲིད་དབང་འཛིན།
    ༤་་༧རྒྱལ་ན་འཕྲུན་ལས་རྒྱ་མཚོས་སྤྱི་ལོ ༡༨༧༣ ནས ༡༨༧༥ བར་དུ་སྲིད་དབང་འཛིན།
    ༥་་་༧རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྤྱི་ལོ ༡༧༩༥ནས་༡༩༠༤ དེ་ནས ༡༩༡༣ནས་༡༠༣༣་བར་དུ་སྲིད་དབང་འཛིན།
    ༦་་༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་སྤྱི་ལོ་༡༩༥༠ ནས་༢༠༡༡་བར་དུ་སྲིད་དབང་འཛིན།

    ༧རྒྱལ་བ་རིན་པོ་ཆེན་སྐུ་ཕྲེང་མི་འདྲ་བ་དྲུག་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྡོམ་པའི་ལོ་༡༡༣་འཛིན་འདུག ལོ་༢༤༦ རིང་གི་སྲིད་འཛིན་གཞན་དག་རེད་འདུག དགའ་ལྡན་ཕོ་བྲང་གི་སྲིད་འཛིན་༣༥་བྱུང་འདུག དགའ་ལྡན་ཕོ་བྲང་གིོ་དེང་རབས་འདི་ནི་འཛམ་གླིང་ཐོག་ཏུ་ཚན་རིག་ཡར་རྒྱས་ཕྱིན་པའི་དེང་རབས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དེང་རབས། རྒྱལ་ཁབ་སོ་སོ་ལ་རང་བཙན་གྱི་རྒྱལ་ཁབ་ཟེར་བའི་ལོ་རྒྱུས་བྱུང་བའི་དེང་རབས་རེད་འདུག

  33. ཨ་ར་དཀར་པོ says:
    2014-10-10 at 6:56 am

    ད་རེས་ཨ་ནུ་ཐང་བས་གནས་ལུགས་ཡག་པོ་གསུངས་སོང་། གཞན་གྱི་མི་གཞི་ལ་བརྩི་འཇོག་ཐོག་ཕྱོགས་རིས་སུ་མ་སོང་བར་དོན་དངོས་ལ་གཞིགས་པའི་གནས་ལུགས་གསུང་མཁན་ཚོར་ནམ་ཡང་གུས་བརྩི་ཡོད། ལུང་ཚན་དང་ཆོས་བརྒྱུད་སོགས་ཀྱི་ཕྱོགས་འཐེན་ཀྱིས་ནམ་ཡང་ང་ཚོ་ཕོང་ལ་སྦྱོར་བཞིན་འདུག

  34. ཨ་ར་དཀར་པོ says:
    2014-10-10 at 7:26 am

    ཅོ་རུ་ཉི་མས་དྲུང་ཡིག་ལྷ་མོ་ཚེ་རིང་གིས་མཛད་པའི་བཙན་རྒོལ་རྒྱལ་སྐྱོབ་ལ་ཅིག་གཟིགས་ཐུབ་ན་ཡག་པོ་ཡོང་ས་རེད། རྒྱལ་དོན་སྐུའི་གཅེན་པོ་ཡིན་ཡང་བོད་སྐྱོབ་ཆེད་ཆེད་དུ་བོད་ལ་ཕེབས་ནས་འཆར་གཞི་གང་བཟོས་ཚང་མ་ཡུན་རིང་བོད་དང་བྲལ་ནས་བཞུགས་པས་སྐུ་དྲག་ཁྲོད་དགའ་ཉེ་གྲོགས་པོ་སོགས་མེད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མ་བྱུང་བར་ཕམ་ཉེས་བྱུང་བ་རེད། གཅིག་ནས་རྒྱལ་བའི་སྐུ་ན་ཕྲ་ཞིང་གློ་བུར་ཉམ་མྱོང་གང་ཡང་མེད་མཁན་ཞིག་ལ་ཆེས་ཛ་དྲག་སྐབས་གཞི་ནས་་རྒྱལ་ཁབ་ཀྱི་བདག་དབང་ཕུལ་བ་རེད། དེ་འདྲའི་གནས་སྟངས་འོག་གཙོ་བོ་བཀའ་བློན་དང་ཡོངས་འཛིན་རྣམ་པས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱང་ཚང་མ་རྨོངས་དད་འབའ་ཞིག་གི་དབང་དུ་སོང་ནས་དེ་ཡང་མ་བྱུང་། རྒྱལ་དོན་མགོན་མེད་གྲོགས་མེད་ལྟ་བུར་གྱུར་ནས་བོད་སྐྱོབ་པའི་རེ་བ་ཟད་ནས་མཐར་སླར་རྒྱ་གར་དུ་ལོག་དགོས་བྱུང་བ་རེད། ཁྱེད་ཀྱིས་སྐབས་དེར་རྒྱལ་ལོ་བུ་སྤུན་གཉིས་ཀྱིས་གང་བྱས་རེད་བསམ་གི་ཡོད་ས་རེད་མོད་དེ་འདྲ་ཞིག་ཡིན་ཚོད་མི་གདའ།

  35. ཅོ་རི་ཉི་མ། says:
    2014-10-10 at 7:40 am

    ངས་སྐབས་དེར་དུས་རྒྱ་ལོ་བུ་སྤུན་གཉིས་ཀྱིས་གང་བྱས་རེད་བསམས་ཀྱི་མེད། དོན་དངོས་ཐོག་སྐབས་དེར་དུས་བོད་ཀྱི་སྲིད་དབང་རྒྱ་ལོ་བུ་སྤུན་གཉིས་ཀྱི་ལག་ཏུ་ཡོད་པར་ལོ་རྒྱུས་སུ་གསལ། དྲུང་ཡིག་ལྷ་མོ་ཚེ་རིང་གི་རྩོམ་ཡིག་དྲ་ཐོག་ཏུ་འཇོག་ཐུབ་ན་ང་ཚོ་ཚང་མས་ཀློག་ཐུབ་ཀྱི་རེད་བ། ཕན་ཐོགས་ཡོང་གི་རེད། སློབ་སྦྱོང་བྱེད་འདོད་ཡོད། དྲང་བདེན་གཞིར་བཞག་གི་ཐོག་ནས་ལོ་རྒྱུས་ལ་བལྟ་འདོད་ཡོད། ལོ་རྒྱུས་ཀྱི་ནོར་འཁྲུལ་ངོས་ཟིན་ནས་ཐབས་ཇུས་འཚོལ་འདོད་ཡོད། དྲ་ཐོག་ཏུ་བཞག་ཐུབ་ན་དགའ་པོ་ཡོང་བ། ཐུགས་རྗེ་གཟིགས།
    ང་ཅོ་རིས་དྲང་བདེན་རྩ་བའི་རྩེ་ལ་བཞག་ཡོད། ལྷག་པ་ཏུ་ལོ་རྒྱུས་བལྟ་དུས་དེ་ལས་ཀྱང་དྲང་བདེན་ལ་རྡོག་རོལ་དུས་ནམ་ཡང་གཏོང་གི་མིན། བོད་ཀྱིས་མ་འཇོན་པ་དང་མ་ཤེས་པ་རྣམས་ངོས་ཟིན་ན་མ་འོངས་མདུན་ལམ་ལ་ཕན་པའི་ཐབས་ཇུས་རྙེད་པའི་རེ་བ་བྱེད་བཞིན་ཡོད།

  36. ཀརྨ་བློ་གསལ་ says:
    2014-10-10 at 9:41 am

    ངས་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་བཀའ་སློབ་ཆ་ཚང་ལ་ཉན་པ་ཡིན། གང་གསུང་གི་འདུག་ལབ་ན། བོད་དོན་བོད་མི་ཡོངས་ནས་ཐག་གཅོད་དགོས་པའི་སྒང་ཕྱིར་ལོག་ཤག དེ་ཡག་པོ་རེད། གཞན་དེ་བོད་ནང་གི་བོད་མིས་ཁོང་ལ་བོད་ག་འདྲ་བྱས་ནས་ཤོར་སོང་པ་རེད་ཅེས་དྲི་བ་སླེབས་ཤག དེའང་ཡག་པོ་ཞེ་དྲག་རེད། གོང་སའི་བཀའ྄་དྲིན་གྱི་ཞོར་དུ་བོད་ཀྱི་བཀའ་དྲིན་ཡང་གླེང་འདུག དེ་ནི་ཡར་རྒྱས་རེད། ཡིན་ནའི། ས་གནས་ལུང་སྐད། བོད་སྐད་བསྐྱོན་གྱི་ཡིན་གསུང་སོང་། བོད་སྐད་ནི་རྒྱ་གར་གྱི་ས་གནས་སྐད་ཡིན་ནམ། ཡང་ན། རྒྱ་ནག་གི་ས་གནས་སྐད་ཡིན་ལབ་བཞིན་ཡོད་དམ།
    དེ་ཧ་གོ་གི་མི་འདུག གང་ལྟར་ཁོང་གི་རང་རྣམ་ཐོན་གྲབས་ཡོད་གསུང་སོང་། དེ་ལ་ལྟ་འདུན་ཡོད། ་

  37. ཁྱུང་སེ། says:
    2014-10-10 at 12:06 pm

    རྒྱ་ནག་གི་བློ་སེང་ལ་སྐད་ཆ་ཤོད་འདོད་ཡོད་པ་མ་རེད། དེ་བདེན་པ་ཡིན་སྲིད། དེ་ལ་གོང་ས་མཆོག་ལ་དད་གུས་ཡོད་མདོག་སྟོན་མཁན་ཚོས་དགའ་ནས་བསྡད་ཡོད་མདོག་ཁ་བོ་རེད། གང་ཡིན་ཟེར་ན་གོང་ས་མཆོག་ནི་བོད་མིའི་མགྲིན་ཚབ་ངོ་མ་དེ་ཡིན་ཅེས་བཤད། རྒྱ་ནག་གིས་བློ་སེང་ལ་སྐད་ཆ་ཤོད་ཀྱི་མིན་ཟེར་བ་ནི་བློ་སེང་བོད་མི་མང་ཚོགས་ཀྱིས་གདམས་པའི་སྲིད་དོན་པ་ཞིག་ཡིན་ཙང་དེ་ལ་རྒྱ་ནག་གི་ངོས་ལེན་མེད་ཟེར་གྱི་ཡོད་པ་རེད། དེ་ལ་བློ་ཕམ་སྐྱེ་འོས་པ་ཞིག་རེད། གང་ལྟར་རྒྱ་བློས་བོད་ལ་ཕན་པའི་ལས་བྱས་པ་དང་བོད་དོན་ལ་གནོད་པ་གཉིས་ཀ་བྱས་ཡོད་པར་ངོས་འཛིན་ཞུ་དགོས་ངེས་རེད། གཅིག་བྱས་ན་བློ་སེང་ལ་སྐད་ཆ་མི་ཤོད་དུས་རྒྱ་བློ་ལ་སྐད་ཆ་ཤོད་མདོག་ཁ་བོ་རེད།

  38. ཆོས་འཕེལ་དར་རྒྱས་ says:
    2014-10-10 at 1:41 pm

    རྒད་པོ་རྒས་འདུག། རང་རྣམ་ཞིག་ཐོན་ན་འཇུ་ཆེན་བཞིན་ཕྱག་བྲིས་ཕྱག་སྟར་མ་ཡིན་ཨེ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme