Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ལོ། སྤྱི་ལོ། ཕྱི་ལོ།

Posted on 2014-10-062014-10-06 By ཁ་བརྡ་ 17 Comments on ཡེ་ལོ། སྤྱི་ལོ། ཕྱི་ལོ།

རྔ་བ་བརྒྱད་གསུམ་གཅིག་དྲུག

 
གཅིག་བྱས་ན་ང་ཅོལ་ཆུང་ཡིན་རྒྱུ་མང་དྲགས་པས་ཡིན་སྲིད་ལ་གང་ལྟར་ཐ་སྙད་འདི་གསུམ་ལ་ཕར་བལྟས་ན་ཆུང་ཆུང་ཞིག་སྣང་ཡང་། བསམ་བློ་ཞིབ་ཏུ་བཏང་ན་གཡམ་རྒྱུག་ཙམ་ལས་རང་གི་ཐུན་མིན་གྱི་འབྲི་སྲོལ་དང་གནས་ལུགས་ཀྱི་སྟེང་དུ་འགྲོ་ཐུབ་ཀྱི་མེད་པར་སྣང་། དེའི་ཕྱིར། ཕྱི་ལོ་དང་ཡེ་ལོ། སྤྱི་ལོ་ཞེས་པ་དེ་གསུམ་གྱི་ཐ་སྙད་ཀྱི་འབྱུང་ཁུངས་དང་མིང་འདོགས་སྟངས་སོགས་ལ་ཞིབ་ཏུ་བསམ་ན་ད་གཟོད་བཙན་བྱོལ་དུ་འབྲི་བཞིན་པའི་ཕྱི་ལོ་ཞེས་པ་དེར་རྒྱུ་མཚན་ཡང་དག་ཅིག་མཐོང་།
བཙན་བྱོལ་དུ་ཕྱི་ལོ་ཞེས་པ་འདི་ལ་བོད་ནང་ནས་སྤྱི་ལོ་ཞེས་ཐ་སྙད་འདི་སྦྱར་འདུག་མོད། དེ་ནི་རྒྱ་མིའི་ཤན་ཞུགས་ཏེ་ལད་ཟློས་སུ་བྱས་པ་ལས། འདི་འཛམ་གླིང་སྤྱིའི་ལོ་ལ་སུ་ཡིས་ཀྱང་གཏན་ཁེལ་མེད་ལ། རང་ཅག་བོད་ཀྱི་མཁས་པ་རྒན་པ་མང་པོ་ཞིག་ནས་ཡེ་ལོ་ཞེས་ཡེ་ཤེས་སྲས་མ་ཤི་ཀའི་ལོར་སྦྱོར་བ་དེ་ཡང་མ་འགྲིག་པ་གང་ཡང་མེད་ནའང་། བོད་གཞུང་ངམ་བཙན་བྱོལ་སྒྲིག་འཛུགས་ཀྱི་མདུན་ས་རྣམ་པས་ཕྱི་ལོ་ཞེས་ཕྱི་ལུགས་ཀྱི་ལོ་ལ་ངོས་འཛིན་བྱེད་བཞིན་པ་འདི་ཕུགས་རྒྱང་གི་བསམ་བློ་ལེགས་ཤིང་སུ་ལ་བརྟེན་མ་དགོས་པའི་ཕ་སྐད་ཀྱི་མ་རྐང་ཞིག་རེད་ལ། ཆབ་སྲིད་དང་ཐ་སྙད་ཀྱི་གནད་འགག་ཤེས་ནས་ཐ་སྙད་ཆུང་ཆུང་འདི་ཡིན་ཡང་བེད་སྤྱོད་ཕྱིན་ཅི་མ་ལོག་པ་ཞིག་བྱེད་དགོས་པ་འདི་ད་ལྟའི་མི་རབས་ཚོའི་འགན་གཙོ་བོ་ཞིག་ཡིན་པའི་རེད།

རྒྱ་ནག་དང་བོད་གཉིས་ཀྱི་བར་དུ་ས་མཚམས་དང་མཆོད་ཡོན་གྱི་འབྲེལ་བ་ཙམ་མ་གཏོགས་རིག་གཞུང་གི་འབྲེལ་བ་གང་ཡང་མེད་ནའང་། དེང་སང་ཐ་སྙད་འདོགས་སྟངས་ཀྱི་དབང་གིས་རིག་གཞུང་གི་འབྲེལ་བ་བཟོ་བཞིན་པ་འདི་རང་མགོ་གཅོད་བྱེད་ཀྱི་སྟ་རེ་ཞིག་ཡིན་པས་ཐ་སྙད་གསར་བཟོ་བྱེད་མི་རྣམ་པའི་གནད་རྩ་འདི་ཤེས་དགོས་པ་སྔོན་འགྲོའི་ཆ་རྐྱེན་དང་པོ་རེད། རང་གིས་ལབ་བཞིན་པའི་ཐ་སྙད་དེའི་ཁུངས་གང་ནས་ཡིན་པ་ཡང་མ་ཤེས་པར། རྒྱ་ནག་གིས་གང་ལབ་པ་དེར་སྒྲ་དོན་གྱི་ལད་ཟློས་བྱས་བསྡད་པ་ཡིན་ན་རང་ཉིད་ཀྱིས་རང་ཉིད་འཆི་ལམ་དུ་འདེད་པ་མ་གཏོགས་ཕན་པ་མ་མཐོང་།
བོད་གཞུང་ངམ་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཐ་སྙད་གསར་བཟོ་མང་པོ་བྱས་མེད་ཀྱང་གང་བཟོས་པ་དེ་དག་ཁུངས་དག་ཅིང་འབྱུང་འགྱུར་ལ་ཕན་པས། ང་ཚོས་ཐ་སྙད་གསར་བཟོ་བྱེད་སྐབས་ལྟ་ཉན་བྱེད་ས་ནོོར་མི་རུང་སྙམ།

ཕྱི་ལོ་ ༢༠༡༤/༡༠/༠༥ ཉིན།

བསམ་ཚུལ།

Post navigation

Previous Post: སྦྲིད་སྨན་འཐུང་བ།
Next Post: ༧གོང་ས་མཆོག་གི་མཇལ་ཁ་ཐོག་མ།

Comments (17) on “ཡེ་ལོ། སྤྱི་ལོ། ཕྱི་ལོ།”

  1. མངའ་རིས་འཕྲིན་ལས། says:
    2014-10-06 at 9:53 am

    དགོངས་ཚུལ་གནས་ལུགས་དང་ལྡན་པ་རེད་འདུག་ཐུགས་རྗེ་ཆེ།

  2. ཁྱུང་སེ། says:
    2014-10-06 at 10:23 am

    ཕྱི་ལོ་ཞེས་བྲིས་ན་དག་པར་དང་རྒྱུ་མཚན་ཆེ་བར་མཐོང། གང་ལྟར་རྒྱ་གར་དང་རྒྱ་ནག་གཉིས་བོད་པའི་ཕྱི་ལུས་དང་ནང་སེམས་གཉིས་ལྟ་བུ་རེད། དེ་གཉིས་མེད་ན་བོད་ཀྱི་ལུས་སེམས་གཉིས་མེད་པ་ལྟ་བུ་རེད། བོད་པས་ནང་སེམས་ཀྱི་བསླབ་བྱ་ནང་དོན་རིག་པ་དེ་རྒྱ་གར་ནས་བྱུང་བར་འདོད་པ་དང། ཕྱི་ལུས་ཀྱི་གོས་དང་ཇ་ལས་སོགས་རྒྱ་ནག་ནས་བྱུང་བར་འདོད། དཔེར་ན་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་བསྣམ་རྒྱུའི་དར་གོས་དང་ཐང་ཀ་དང་སྐུ་འདྲ་སོགས་ལྷ་ཁང་ནང་གི་རྒྱན་གོས་གདུགས་དང་འཕན་སོགས་རྒྱ་ནག་ནས་བྱུང། དེ་འདྲ་ཡིན་དུས་གོང་ས་མཆོག་ནས་ཀྱང་བོད་པ་རྣམས་རྒྱ་དཀར
    ནག་གི་དགེ་ཕྲུག་ཡིན་གསུང་པ་རེད། དེ་འདྲ་ཡིན་དུས་རྒྱ་ནག་དང་རིག་གཞུང་གི་འབྲེལ་བ་མེད་ཟེར་ན་འགྲིག་ཐབས་གང་ནས་ཡོད།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-06 at 11:20 pm

    ཕྱི་ལོ། ཞེས་པ་དེ་སྔར་བོད་དུ་བྲིས་སྐབས་ཕྱི་གླིང་གི་ལོ་ལ་ཕྱི་ལོ་ཞེས་བྲིས། དིང་སང་རྒྱལ་ཡོངས་སྤྱིའི་རྩི་ཚུལ་གྱིས་སྔོན་དུ་AD( Anno Domini) ཞེས་འབྲི་བ་དེ་ལ་འགྱུར་བ་བྱུང་སྟེ། Common Era སྤྱིའི་དུས་སྐབས། བསྡུས་ཡིག་ CE ཞེས་འབྲི། དེས་ན། དུས་སྐབས་འགྱུར་བའི་དབང་གིས། ཕྱི་ལོ་ལས་སྤྱི་ལོ། ཞེས་པ་ཆེས་དག་པར་མཐོང་ངོ་།

  4. མིག་དམར། says:
    2014-10-07 at 12:55 am

    དགོངས་ཚུལ་དེར་རྒྱབ་སྐྱོར་ཡོད། ངོ་སོ་བསྟོད།

  5. དཔལ་དོན། says:
    2014-10-07 at 2:06 am

    ཕྱི་ལོ་ སྤྱི་ལོ་ ཡེ་ལོ་ དབྱིན་ལོ་་བོད་ཡིག་ནང་འདི་དག་ཐོན་ཡོད། འབྲུག་པ་རྣམས་ཀྱིས་དབྱིན་ལོར་འབྲི། དེང་གི་གཞོན་གསར་ཁག་ཅིག་གིས་ཡེ་ལོར་འབྲི། གཞུང་ཡིག་དུ་ཕྱི་ལོ་མང་དུ་འབྲི་ཞིང་། སྐབས་ཤིག་སྤྱི་ལོར་བྲིས་ཡོད་ཀྱང་བོད་ཀྱི་དགེ་ཕན་ལ་བསམ་ནས་སྤྱི་ལོ་སྤངས་ནས་ཕྱི་ལོར་བཅོས། དོན་ལ་ཕྱི་ལོ་འདིར་གནད་འགག་ཆེ་བ་རྩོམ་མཁན་འདིས་གསུངས་པ་ལྟར་རེད། རྒྱ་ནག་གོ་མ་རིམ་པར་རྒྱལ་ཁྲིར་འཁོད་པ་ནས་ལོ་བརྩི་སྟངས་ཤིག་ཡོད། དེ་གནད་ཆེ། རྒྱ་ནག་གི་ཀྲུང་ཧྭ་མིན་གོའམ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཚུགས་པ་ནས་མི་སེར་རྒྱལ་ཁབ་ལོ་བརྩིས་པ་རེད། དེ་གནད་ཆེ། དགེ་ཆོས་མཆོག་གིས་སྟོན་པའི་འདས་ལོ་བརྩི་རྒྱུ་འདི་ནང་པ་བ་རྣམས་ལ་གལ་ཆེ་ཚུལ་གསུངས་ཡོད་པའང་དང་རིགས་འགྲོས་ཆོག བཙན་བྱོལ་ནས་བོད་ཀྱི་རྒྱལ་ལོ་འདི་ཧ་ཅང་གལ་ཆེན་དུ་བརྩི། བོད་ནས་ཀྱང་ཤེས་ལྡན་བསམ་ཡོད་མང་པོས་བོད་རྒྱལ་ལོ་འདི་གཙིགས་སུ་འཛིན་མུས་ཡིན། གནད་འདི་དག་དོར་དོར་ནས་སྤྱི་ལོ་ལྟ་བུ་ཟེར་ན་མ་ཆོག་པ་མེད་ཀྱང་། མགོ་འབུལ་ལུས་འབུལ་ཞེ་དྲག་བྱེད་དགོས་པ་ཡོད་པ་མ་རེད་དོ།

  6. གངས་ལྡོམ། says:
    2014-10-07 at 2:39 am

    ལ་དྭགས་པས་གསུངས་པ་དེར་རྒྱུ་མཚན་འདུག

  7. བོད་ཞེན་པ་ནས། says:
    2014-10-07 at 4:01 am

    སྔ་མའི་ལོ་དེར་སྔ་ལོ་དང་ཕྱི་མའི་ལོ་དེར་ཕྱི་ལོ་རེད། ཕྱི་ལོ་༢༠༡༤ཞེས་བྲིས་པ་ཡིན་ན་ད་ལྟ་༢༠༡༣ ཡིན་པ་རེད། འཛམ་གླིང་སྤྱི་ཡོངས་ནས་བརྩི་བའི་ཡེ་ལོ་དེར་སྤྱི་ལོ་དང་ཡོང་རྒྱུའི་ལོ་དེར་ཕྱི་ལོ་ཞེས་འབྲི་དགོས

  8. ཨ་ར་དཀར་པོ says:
    2014-10-07 at 4:02 am

    ཕྱི་ལོ་ཞེས་པ་ཕྱི་རོལ་པའི་ལོའམ་ཡང་ན་ཕྱི་གླིང་པའི་ལོ་གང་ལ་ངོས་འཛིན་བྱས་ཀྱང་དེ་གཉིས་གང་ལའང་ཁྱབ་པ་མེད་པའི་ཚིག་ཅིག་རེད་འདུག་སྙམ། དེ་བས་སྤྱི་ལོ་ཞེས་བྲིས་ན་འཛམ་གླིང་འཛམ་གླིང་སྤྱི་ཁྱབ་ཀྱིས་སྤྱོད་བཞིན་པའི་ལོ་ཚིགས་ངོས་འཛིན་བྱེད་སྟངས་ཤིག་མི་འདོད་ནའང་ཆགས་ཟིན་འདུག་ལ། སྤྱི་ལོར་བརྩི་བ་ཙམ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྩི་ཚུལ་བོད་རབ་བྱུང་དང་བོད་རྒྱལ་ལོ་སོགས་མེད་པར་གྱུར་པའང་མིན་པས་ཁྱད་པར་ཆེར་མ་མཐོང་། དོན་གནད་ལ་འཁེལ་བ་ཞིག་དགོས་ན་ཡེ་ལོ་རང་རེད་མོད། ཡོང་རྒྱུ་མེད་པའི་ཐ་སྙད་ཀྱི་རྩོད་པ་འདི་རིགས་བྱེད་པ་ལས་གང་ཞིག་ཡོངས་སུ་གྲགས་ཟིན་པ་དེ་ག་རང་སོར་འཇོག་བྱས་ན་ལེགས་པར་སེམས།

  9. གནམ says:
    2014-10-07 at 7:58 am

    སྔ་མའི་ལོ་དེར་སྔར་ལོ་ཟེར། ཕྱི་མའི་ལོ་དེར་ཕྱིར་ལོ་ཟེར། ཕྱི་ལོ་མི་ཟེར། ཨུ་ཚུགས་བྱས་ན། བོད་ལ་ཞེན་སྟངས་མ་ཤེས་བ་རེད། ཧ་ཧ་ཧ། འདི་ནི་(སྔ་མའི་ལོ་དེ་ལ)་ཟེར་བ་དེ་བསྡུས་བ་ཡིན་པས་ན་(སྔར་ལོ)ཡིན་པ་རེད། ཕྱིར་ལོ་ཡང་དེ་བཞིན་རེད། འདི་སྐད་ཆའི་ནང་ལ་བཀོལ་བ་མང་། ཡིག་ཐོག་ན་ཡོད་མེད་མི་ཤེས།

    ཕྱི་ལོ་ནི་ཕྱི་ལུགས་པའི་ལོ་ལ་ཕྱི་ལོ་ཟེར། ལོ་རྩིས་འདི་འཇིག་རྟེན་པ་མཐུན་མོང་ལ་བཀོལ་ཆེ་བ་མང་པས་སྤྱི་ལོ་བྲིས་བ་རེད། ཡེ་ལོ་བྲིས་བ་ནི་སྤྱང་མདོག་དག་ཙམ་བསྟན་པའི་ཁུལ་ཡིན་རྒྱུ་རེད།
    དགྱ་ལོ་དང་བོད་ལོ། སྤྱི་ལོ་འམ་ཕྱི་ལོ་གསུམ་གྱི་བར་ན་རྩི་མགོ་དང་རྩི་ལུགས་མི་གཅིག་པའི་གནད་ཡོད་པ་ཤེས་ན། ག་རེ་བྲིས་ཡང་འགྲིག་པ་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-10-07 at 8:36 am

    ཡེ་ལོ་་ལས། ཕྱི་ལོ་ལེགས། ཕྱི་ལོ་ལས། སྤྱི་ལོ་བཟང་།

  11. BONPO says:
    2014-10-07 at 8:47 am

    བོན་པོའི་ལུགས་ཀྱི་བོད་རྒྱལ་ལོ་བརྩི་སྟངས་ཅིག་དང་། བན་དེ་བའི་ལུགས་ཀྱི་བོད་རྒྱལ་ལོ་བརྩི་སྟངས་ཅིག་བཅས། མི་འདྲ་བ་ཁག་གཉིས་ཡོད་དགོས་པ་དེ་གང་ཡིན་ནམ། སུ་བདེན་ཁ་གསལ་པོ་ཞིག་གསུངས་རོགས་གནོངས། །

  12. ཨ་ར་དཀར་པོ says:
    2014-10-07 at 9:15 am

    Bonpo ལགས་ཀྱི་དྲི་བ་དེའི་ལན་ལས་སླ་བོ་རེད། དེང་སང་ཡེ་ལོ་འཛམ་གླིང་སྤྱིའི་ལོ་ལོ་ཚིགས་ངོས་འཛིན་བྱེད་ལུགས་ཤིག་ཏུ་གྱུར་དང་འགྱུར་བཞིན་པ་ལྟ་བུ་རེད། གཙོ་བོ་སོ་སོའི་ཁ་རྗེ་དབང་ཐང་ལ་རག་ལས་ཡོད་པ་རེད། མ་རེད་དམ།

  13. BONPO says:
    2014-10-07 at 10:08 am

    ཨ་ར་དཀར་པོ་ལགས། དེ་ཁྱེད་ལོས་བདེན། ཁ་དཔེར། མི་རྣམས་ཐམས་ཅད་གྲགས་པའི་རྗེས་སུ་རྒྱུག ལབ་ལེ་འདྲ་པོ་ཡིན་ས་རེད་གོ་ཨ་རོགས། །

  14. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-10-07 at 3:11 pm

    མི་ཤེས་ཤེས་མདོག་མ་བྱེད་ཨ། གནས་ཚུལ་འདི་ཀློག་རྗེས་རྩོད་པ་རང་ཞི་རུ་འགྲོ་རྒྱུའི་རེ་བ་ཡོད།

    B.C., which stands for “Before Christ,” is used to date events before the birth of Jesus. A.D. is the abbreviation for the Latin phrase anno Domini, which means “in the year of our Lord,” and is used for dates after Jesus’s birth. This system of dating has been used for many years by Western archaeologists. Today, however, with a growing understanding that not all archaeologists are Christians, some archaeologists prefer to use the terms: Before the Common Era (B.C.E.) and the Common Era (C.E.), which are exactly the same as B.C. and A.D. but have nothing to do with Christianity.

  15. ཀློང་ཆུང་ says:
    2014-10-08 at 12:52 am

    ཡེ་ལོ་ཟེར་ན་འགྲིགས་འདུག

  16. ཀློང་ཆུང་ says:
    2014-10-08 at 12:54 am

    ཡེ་ཤུའི་བསྟན་པ་འཛམ་གླ྄ིང་ལ་དར་དུས། བོད་བསོད་སྐམ་པ་ཚོ་ནང་ཆོས་ལ་མགོ་འཁོར་ནས་རང་ཡུལ་ཤོར་སོང་བ་མ་རེད་པས།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-10-08 at 12:15 pm

    ནང་ཆོས་པ་དང་། དམར་པོའི་ལྟ་བ་ཅན་གྱི་བར་དུ་ཤུགས་ཆེ་ཆུང་གི་ཁྱད་པར་ཤོར། ཀམ་པོ་ཌིཡ་ཞེས་པའི་ཡུལ་དུ་ནང་ཆོས་པ་ལས་དམར་པོའི་ལྷ་བ་འཛིན་མཁན་ཤུགས་ཆེ་བས་བར་ལམ་དུ་ཡུལ་མི་བྱེ་བ་གཉིས་ཙམ་བསད། ངའི་སློབ་གྲོགས་དགེ་སློང་ཨ་གྒ་ར་ཏོ་ཞེས་པ་སྤྱངས་གྲུང་ཅན་ཞིག་ཡོད་པ་དེ་ཡང་བསད་ཡོད་པར་ཕངས་པ་བྱུང་། འོན་ཀྱང་ནང་ཆོས་པ་ལ་བདེན་པའི་རྒྱལ་ཁ་ལོན་ཏེ་རང་ཡུལ་གྱི་མི་གསོད་མཁན་དམར་པོའི་ལྟ་བ་འཛིན་པ་པོ་རྣམས་ལ་ཁྲིམས་སྲོལ་བཞིན་ཆད་པ་བཅད་པ་དང་གཅོད་བཞིན་ཡོད་པ་ཐོས།
    རྒྱ་ནག་དང་བོད་དམར་པོའི་ལྟ་བ་ཅན་གྱིས་དབང་སྒྱུར་ཡང་། ནང་ཆོས་པ་མང་པོ་མི་མངོན་པའི་ཚུལ་དུ་ཡོད་པས། རིག་གནས་གསར་བརྗེ་ཞེས་པའི་དམར་པོ་རྣམས་ཀྱིས་སྔར་སྲོལ་བཟང་པོ་རྣམས་རྩ་མེད་བཏང་མ་ཐུབ་པར་མ་ཟད། རིང་མིན་རྒྱ་ནག་གི་ནང་ཆོས་པ་དང་བོད་ཀྱི་ནང་ཆོས་པ་རྣམས་༧གོང་ས་རྒྱལ་བ་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ། བོད་ཀྱི་རི་བོའི་རྩེ་ལ་བོད་སྲོལ་བཟང་གི་རྒྱལ་མཚན་སྒྲེང་བར་་གྱུར་ཅིག ཅེས་སྤྱི་ལོ་༢༠༡༤་ཟླ་བ་༡༠་ཚེས་༧་ལ་བྲིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme