Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གཉིས་པ།

Posted on 2014-10-032014-10-04 By རྔ་བ་རྒྱལ་ཁམས་པ 7 Comments on ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གཉིས་པ།

རྔ་བ་རྒྱལ་ཁམས་པ།
གནམ་འགྲུལ་གྱི་ལུགས་སྲོལ་ལྟར་མི་རེས་རྒྱ་མ་ལྔ་བཅུའི་ཡན་གྱི་ལྕི་ཚད་ལྡན་པའི་ཅ་དངོས་ཁྱེར་ཆོག་གི་མི་འདུག ངའི་དོ་པོ་ཆེན་པོ་གཉིས་ཀར་ཁྱོན་སྡོམ་རྒྱ་མ་དགུ་བཅུ་ལྷག་ཅིག་ལས་མེད་པས་དཀའ་ངལ་ཅིའང་མ་བྱུང་། སྐུར་གླ་དོ་པོ་རེར་ཨ་སྒོར་ལྔ་བཅུ་སྤྲད། ལྷག་མ་འདྲུད་ཁུག་ཅུང་ཆུང་ངུ་གཉིས་དང་། རྒྱབ་ཁུག་གཉིས། ལག་ཁུག་གཉིས་བཅས་ང་ཚོ་རང་ཉིད་ཀྱིས་ཁུར་ཏེ་གནམ་གྲུར་འཇུག་རྒྱུ་བྱས། ང་ཚོ་གནམ་ཐང་འདི་ནས་ཨ་རིའི་ནུབ་ཕྱོགས་མཚོ་རྒྱུད་དུ་ཆགས་པའི་གྲོང་ཁྱེར་སྙན་གྲགས་ཅན། སན་ཧྥི་རན་སས་སི་ཁོ་དང་། དེ་ནས་གནམ་གྲུ་བརྗེ་བོ་བརྒྱབ་རྗེས་ཧ་བ་ཡས་ལ་འཕུར་དགོས་པ་རེད། ང་ཚོའི་གནམ་གྲུ་ཉིན་གུང་གི་ཆུ་ཚོད་གཅིག་དང་ཕྱེད་ཀའི་ཐོག་འཕུར་རྒྱུ་ཡིན་སྟབས། ང་ལ་ད་དུང་དུས་ཚོད་ལྡང་ངེས་ཤིག་ཡོད་པས། སྒུག་སྟེགས་ཐོག་བསྡད་ནས་ཞོགས་པའི་ཁ་ཏོན་བཏོན། མི་ཚོས་ང་ལ་ཡང་ཡང་ལྟ་བཞིན་པར་བལྟས་ན། ངའི་བྱ་སྤྱོད་འདིས་ཁོང་ཚོར་ཚོར་སྣང་གཞན་པ་ཞིག་སྐྲུན་བཞིན་ཡོད་པ་འདྲ། གང་ལྟར་ང་ལ་ནི་ཁྱད་པར་ཅིའང་མི་འདུག དེ་བས་ངས་མུ་མཐུད་ཁ་ཏོན་གྱི་མཇུག་སྐྱོང་མུར། ཁྱབ་བསྒྲགས་དུང་ཆེན་ལས། སན་ཧྥི་རན་སས་སི་ཁོར་འགྲོ་མཁན་ཚོ་ཁག་མགྲོན་པོ་དག་རྐུབ་སྟེགས་ཀྱི་ཨང་ཀི་ལེན་པར་སྣེ་ལེན་མདུན་སྟེགས་སུ་བཅར་དགོས་པ་དང་། གནམ་གྲུའི་འཛུལ་སྒོ་ཨང༨༤བ་ཨང་གྲངས༨༣པར་བརྗེ་བོ་བརྒྱབ་ཡོད་ཚུལ་སྒྲོག་གིན་པ་ཐོས། སྐབས་དེར་ངའི་ཆུང་མ་མ་བུ་དང་། མ་རྒན་བཅས་རིམ་པས་སླེབས་ཤིང་། ཆུང་མ་ངེད་གཉིས་སྣེ་ལེན་མདུན་སྟེགས་སུ་སོང་སྟེ། མ་རྒན་མ་གཏོགས་ངེད་ཚོ་གསུམ་གར་རྐུབ་སྟེགས་ཨང་ཀི་མེད་ཚུལ་ཞུས་པས། མོས་ང་ཚོར་རྐུབ་སྟེགས་རེ་རེའི་ཨང་ཀི་སྤྲད་ཀྱང་། ང་ཚོའི་སྡོད་ས་དེ་ཕྱོགས་གཅིག་མིན་པ་ཧ་གོ དེ་ནས་ཅ་དངོས་དག་འཁྱེར་ནས་འཛུལ་སྒོ༨༣པའི་སྒུག་སྟེགས་སུ་ཕྱིན། ཆུ་ཚོད་ཕྱེད་ཀ་ཡས་མས་ཤིག་ཏུ་ཁྱབ་བསྒྲགས་དུང་ཆེན་གྱི་སློབ་སྟོན་དང་། འཇུག་སྒོའི་ཨང་གྲངས་ཀྱི་མང་ཉུང་ལྟར་ང་ཚོར་མི་བཞི་ཡོད་པས། འཛུལ་ཁོངས་ཨང་གྲངས་བཞི་ཅན་གྱི་བཤར་ལམ་བརྒྱུད་བརྟག་དཔྱད་བྱས་ཏེ་ནང་དུ་ཞུགས། བརྟག་དཔྱད་པས་ཁྱེད་ཚོའི་མཐའ་མའི་འགྲོ་ས་གང་ཡིན་དྲིས་པར། ངའི་ཆུང་མས་སན་ཧྥི་རན་སས་སི་ཁོ་ཡིན་ཞེས་ལན་བཏབ་པ་དང་། བུད་མེད་དེས་ཤོག་བྱང་ཞིག་ང་ཚོའི་འདྲུད་ཁུག་སྟེང་བཏགས་སོང་། སྟབས་ལེགས་པ་ཞིག་ནི། ང་ཚོ་གནམ་གྲུར་འཛུལ་ཉེར་ལས་བྱེད་གཞན་ཞིག་ཕེབས་ནས་འདྲུད་ཁུག་རྣམས་ཁྱེད་ཚོ་དང་མཉམ་པོར་མ་ཁྱེར་རོགས། ང་ཚོས་གནམ་གྲུའི་དོས་ཁང་དུ་འཇོག་གི་ཡིན་ཞེས་ཟེར། ངས་སེམས་ལ་གློ་བུར་དུ་ང་ཚོའི་མཐའ་མའི་འགྲོ་ཡུལ་ནི། ཧ་བ་ཡས་ཡིན་པ་ལས་སན་ཧྥི་རན་སས་སི་ཁོ་མིན་རྐྱེན། ངས་ཆུང་མར་དེ་ལུགས་བཤད་པས་མོས་བྲེལ་ཚུབ་ངང་དེ་བདེན་པ་རེད། ཅེས་ཞབས་ཞུ་མ་དེར་དེ་ལུགས་བཤད། ཞབས་ཞུ་མ་དེས་ཁྱེད་ཚོས་འདིར་ཅུང་ཙམ་སྒུག་རོགས་ཞེས་ལབ་ནས་གང་ཞིག་ཏུ་བུད་སོང་། ངེད་གཉིས་ཀྱིས་ཞབས་ཞུའི་ལས་བྱེད་སྒུག་ནས་ཅུང་འགོར་སྟབས། ང་ཚོའི་རྗེས་སུ་བཤར་བའི་མགྲོན་པོ་ཕལ་ཆེར་ཞིག་གནམ་གྲུའི་ནང་འཛུལ་ཟིན། རེ་ཞིག་ནས་ལས་བྱེད་ཅིག་བྲེལ་ཚུབ་ངང་ཕེབས་ནས་འདྲུད་ཁུག་གཉིས་ཀྱི་ཤོག་བྱང་བརྗེ་བོ་བརྒྱབ་སྟེ། ད་ཁྱེད་གཉིས་བློ་བདེ་ངང་ཕེབས་རོགས་ཞེས་གསུང་ཞོར་འདྲུད་ཁུག་དེད་ནས་བུད་སོང་། གལ་སྲིད་འདྲུད་ཁུག་གཉིས་གནམ་གྲུའི་ནང་དུ་ཁྱེར་བ་ཡིན་ན། གནམ་གྲུའི་ནང་ལོགས་ཀྱི་ཅ་དངོས་འཇོག་སར་ཤོང་ཐུབ་མིན་གྱི་དཀའ་ངལ་ཞིག་ཡོང་སྲིད་པ་མ་ཟད་འགྲོ་འདུག་ཀྱང་སྟབས་མི་བདེ། དོ་པོ་གཞན་དང་ལྷན་དུ་བཏང་བ་ཡིན་ན། དེ་ལུགས་ཀྱི་གླ་ཆ་ལྷག་མ་ཞིག་སྤྲོད་དགོས་མོད། ད་ལམ་འདྲུད་ཁུག་གཉིས་གླ་ཆ་སྤྲོད་མ་དགོས་པར་དོ་བོ་འཇོག་སར་བླངས་པ་ནི། རྒྱབ་ཁུག་མ་གཏོགས་ཅིའང་དོ་སྣང་བྱ་ས་མ་ལྷག་པས། འགྲོ་འདུག་ཤིན་ཏུ་སྟབས་བདེ་བོ་ཞིག་བྱུང་། ང་ཚོས་འགྲུལ་གྲོགས་གཞན་པ་ཚོ་དང་ལྷན་དུ་གྲོས་མོལ་བྱས་ཏེ། ང་རང་ཉིད་མ་གཏོགས་ཁོང་ཚོ་གསུམ་ག་ཕྱོགས་གཅིག་ཏུ་བསྡོད་ཐུབ་པ་བྱུང་། ངའི་འཁྲིས་སུ་རྒན་པོ་ལོ་ན་དྲུག་ཅུ་བདུན་ཅུ་ཅན་ཞིག་བཞུགས། ཁོས་ང་ལ་རང་ཉིད་ཀྱི་པུས་མོའི་ལྷ་ང་ཉེ་ཆར་རང་བརྗེ་བོ་བརྒྱབ་པ་ཞིག་ཡིན་པས། བསྡོད་ས་ཅུང་ཡངས་པོ་ཞིག་མ་རག་ཚེ་དཀའ་ངལ་ལ་འཕྲད་ཡོང་ཞེས། སེམས་ཁྲལ་དང་བཅས་གསུང་མུར་ལས་བྱེད་ཅིག་ཡོང་ནས་ཁོའི་སྡོད་ས་རྐུབ་སྟེགས་གཞན་པ་ཞིག་ཏུ་སྤོར་སོང་། ངའི་རྐུབ་སྟེགས་ནི་གནམ་གྲུའི་སྨད་ཀྱི་གཡོན་ངོས་ཤིག་གི་རྐུབ་སྟེགས་གསུམ་གྱི་བར་མ་དེར་འཁེལ་ཞིང་། སྒེ་ཁུང་གི་འཁྲིས་སུ་ཨ་རི་བ་ཕོ་སར་ན་ཆུང་ཞིག་དང་། གཡས་ཕྱོགས་སུ་ལོ་ན་དྲུག་ཅུ་ཡས་མས་སུ་ཕེབས་ལོས་ཡོད་སྙམ་པའི་མི་རྒན་པ་ཞིག་ཡོང་ནས་བསྡད། ངས་གནམ་གྲུ་ལས་ས་ལྟ་ཆུ་ལྟ་བློ་ཡིད་ཚིམས་པ་ཞིག་བྱས་ན་འདོད་ཀྱང་། གནམ་གྲུ་འཕུར་ནས་རིང་བོར་མ་འགོར་བར་ཕོ་གཞོན་དེས་གནམ་གྲུའི་སྒེ་ཁུང་ནག་ཐུམ་མེར་བརྒྱབ་པས་གོ་སྐབས་མ་ལྡན། ཕར་བལྟས་ཚོད་ལ་ཕོ་སར་དེར་གནམ་གྲུ་དེ་ཙམ་འཕྲོད་ཀྱི་མེད་པའི་བཟོ་ཞིག་མཐོང་བས། སྒེ་ཁུང་འབྱེད་པར་ཨུ་ཚུགས་མ་བརྒྱབ། སན་སི་ཧྥི་རན་སས་སི་ཁོར་སླེབས་ལ་ཉེའང་། ཕོ་སར་དེ་ད་དུང་གཉིད་ལྟ་བུར་ཡུར་འདུག ངས་སྒེ་ཁུང་ཕྱེས་ཏེ་གྲོང་ཁྱེར་དེའི་མཛེས་ལྗོངས་ལ་ཐ་མའི་མྱོང་རོལ་ཞིག་བྱེད་སྐབས། ཁོས་སླར་ཡང་སྒེ་ཁུང་གི་སྒོ་བརྒྱབ་པས་འདོད་པ་བཞིན་མ་བྱུང་། དེ་ལྟར་ང་ཚོ་ཆུ་ཚོད་ལྔ་དང་ཕྱེད་ཀར་འཕུར་རྗེས་གཞི་ནས་སན་ཧྥི་རན་སས་སི་ཁོར་སླེབས། སྤྱིར་བཏང་ཁོ་བོ་གནམ་གྲུར་སྐྱོད་སྐབས། ཡར་འཕུར་དང་མར་འབབ་ལྟ་བུའི་ཚེ་མགོ་ཡུ་འཁོར་བ། རྣ་ཁུང་གཟེར་བ་སོགས་ཀྱི་དཀའ་ངལ་ཡོད་ཀྱང་། དིང་སང་ཡོ་གའི་ཉམས་ལེན་དང་། སྨན་བཅོས་ལག་ཐབས་ཅིག་བེད་སྤྱོད་གཏོང་གིན་ཡོད་པས། དཀའ་ཚོར་ཅུང་ཟད་ཅིག་ཀྱང་མ་བྱུང་བས་ངོ་མཚར་དགོས་པ་ཞིག་བྱུང་། གནམ་གྲུའི་ནང་བཏུང་བ་མ་གཏོགས། ཟས་རིགས་གང་ལའང་རིན་པ་སྤྲོད་དགོས་པ་དང་། ཟས་རིགས་ཀྱང་བཟོ་གྲྭ་ནས་བཟོས་ཏེ་ཟ་ལྟ་གོན་བྱས་པའི་ཟས་རྐྱང་རྐྱང་ཡིན་སྟབས། ང་ཚོས་བཏུང་བ་རེ་ལས་ཟས་ཅིའང་མ་ཟོས་། གནམ་ཐང་དུ་སླེབས་དུས་ལྟོགས་སྣང་ཞིག་གིས། འཕྲལ་མར་ཟ་ཁང་ཞིག་ནས་ཚེ་མ་སྡེབ་བཙུར་གྱི་ཟས་དང་བཏུང་བ་རེ་ཉོས་ནས་ཟོས་པ་ཡིན། གནམ་གཤིས་འགྱུར་ལྡོག་གི་རྐྱེན་ལས་ཧ་བ་ཡས་ནས་ཚུར་ཡོང་བའི་གནམ་གྲུ་སན་ཧྥི་རན་སས་སི་ཁོར་དུས་ཐོག་ཏུ་སླེབས་མ་ཐུབ་པར་ཆུ་ཚོད་གསུམ་ལྷག་འགོར་སོང་། གནས་ཚུལ་འདི་ནི་ང་ཚོར་ལྟོས་ན་གྱོང་ཆེ་བ་ཞིག་སྟེ། གལ་སྲིད་ང་ཚོ་སྔ་བོ་ཞིག་ནས་ས་ཁུལ་དེར་སླེབས་ཐུབ་པ་བྱུང་ན། ཉིན་དེར་ཡུལ་སྐོར་སྤྲོ་འཁྱམས་ཀྱི་ས་ཚིགས་འགའ་རེར་ལོངས་སུ་སྤྱོད་ཐུབ་ལ། གལ་སྲིད་སླེབས་མ་ཐུབ་ཚེ་ཉིན་གཅིག་འཕྲོ་བརླག་ལྟ་བུར་འགྲོ་ངེས་ཡིན། ང་ཚོས་ཟ་མ་ཟོས་རྗེས་ཧ་བ་ཡས་སུ་འགྲོ་བའི་གནམ་གྲུ་སྒུག་ཡུལ་གྱི་འཛུལ་སྒོའི་ཉེ་འཁོར་གྱི་རྐུབ་སྟེགས་ཐོག་བསྡད་ནས་ངལ་གསོས། ངས་ཤེས་བྱ་ཀུན་ཁྱབ་ཀྱི་དཔེ་ཆ་ཞིག་ཁུར་ཡོད་པ་དེ་བླངས་ནས་དཔེ་ལྟ་བྱས། རྒྱབ་ངོས་སུ་རྒྱ་གར་འགྲུལ་བ་ཁྱུ་ཅིག་གིས། ཟ་ཁང་ནས་ཆེད་མངགས་ཞུས་པའི་ཟ་མ་ཁྱེར་ཡོང་ནས་མཉམ་པོར་སྤྱོད་བཞིན་བྱེའུ་དམག་ཅིག་ཚོགས་པ་ལྟར་སྐད་ཆ་སྣ་ཚོགས་ཤིག་གླེང་གིན་འདུག་མོད། ཨིན་སྐད་དང་རྒྱ་སྐད་བསྲེས་ནས་གླེང་གི་ཡོད་སྟབས་ཅི་ཞིག་ཤོད་ཀྱིན་ཡོད་མེད་གོ་དཀའ། རེ་ཞིག་ནས་སྒྲིག་སྲོལ་ལྟར་བཤར་རྗེས་གནམ་གྲུའི་ནང་དུ་སོང་།

ལོ་རྒྱུས།

Post navigation

Previous Post: ན་གཞོན་དར་མའི་ཁྱུ་ཚོགས། (བོད་འབྱོར།)
Next Post: ཧོང་ཀོང་མི་མང་གི་ངར་ཤུགས།

Comments (7) on “༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། གཉིས་པ།”

  1. ཀླུ་སྨྱོན། says:
    2014-10-03 at 11:22 am

    ཨ་ནུ་ལུ་ལུ་གྲོང་ཁྱེར་ཞེས་པའི་གནས་མཆོག་དེར། །
    ཨ་མདོའི་མཛངས་མ་ཟླ་བའི་ལྷ་མོ་བཞུགས། །
    འཛུམ་མདངས་གཅིག་གིས་དྲན་པ་བརྒྱལ་བྱེད་ཅིང་། །
    ཟུར་མིག་གཅིག་གིས་སྲོག་རྩ་ངེས་པར་གཅོད། །

  2. ཀླུ་སྨྱོན། says:
    2014-10-03 at 11:23 am

    ཧ་ནུ་ལུ་ལུ་

  3. ཁྱུང་སེ། says:
    2014-10-03 at 12:38 pm

    ཟུར་མིག་གཅིག་གིས་ཡིད་ཀྱི་སྡོམ་པ་བརླག།

  4. བདེ་སྐྱིད། says:
    2014-10-04 at 12:09 am

    ཁག་མེད་ཀི།

  5. མེ་ཏོག་སྒྲོལ་དཀར་ says:
    2014-10-04 at 2:54 am

    སྙན་མོ་བྲིས་འདུག།།

  6. BONPO says:
    2014-10-04 at 11:35 am

    འབྲི་རྩལ་ཡག་འདུག་གོ་བ་བཟང་འདུག འོན་ཀྱང་་་་སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད་་་་ཅེས་པའི་མིང་བྱང་འདི་དང་འདྲ་བ་་་་་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་གདུང་་་་ཞེས་པ་ཞིག་སྔོན་མ་མི་གཞན་ཞིག་གིས་བེད་སྦྱོད་བྱས་ཚར་སོང་བསམ་བྱུང་། ཡང་ཡང་གླུ་ལ་སྙན་ཆ་མེད། སྙན་ཆ་ཡོད་ནའང་ཉན་མཁན་མེད། །

  7. ཀརྡོ་གཉེར་ཕྱག་པ་ says:
    2014-10-04 at 1:24 pm

    ང་པས་དོ་པོ་ལ། འདྲུད་ཁུག་དང་། རྒྱབ་ཁུག་གི་མིང་ཚིག་་འདི་གཉིས་་བཟང་། ཁྱབ་བསྒྲགས་དུང་ཆེན་ལས། དུས་རྒྱུན་རྒྱང་བསྒྲགས་ནས་བཤད་སོང་ཟེར་བ་འདི་སྙན་ཆ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme