Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་བོད་ཡིག་ཡིན། ངས་ཅི་ཞིག་བྱེད་ཐུབ།

Posted on 2014-09-30 By ཁ་བརྡ་ 7 Comments on ང་བོད་ཡིག་ཡིན། ངས་ཅི་ཞིག་བྱེད་ཐུབ།

སྐལ་བཟང་རྡོ་རྗེས།
——
ངའི་མིང་ལ་བོད་ཡིག་ཟེར། ངས་ཅི་ཞིག་བྱེད་ཐུབ།
ངས་ཅི་ཞིག་བྱེད་ཐུབ་ཟེར་ན།

  • ཟབ་མོ་དབུ་མའི་ལྟ་བ་འཆད་ཐུབ།
  • མྱུར་ལམ་གསང་སྔགས་ཟབ་མོ་འཆད་ཐུབ།
  • རིག་པའི་གནས་ཆེ་ལྔ་པོ་འཆད་ཐུབ།
  •  རིག་པའི་གནས་ཆུང་ལྔ་པོ་ཡང་འཆད་ཐུབ།
  • ལོ་རྒྱུས་ཀྱི་དྲི་བ་ཡོད་ན་ང་ལ་དྲིས་ཤོག
  • ཆོས་རིག་གི་དྲི་བ་ཡོད་ན་ང་ལ་དྲིས་ཤོག

 ང་ནི།

  •  སྙན་ངག་བྲིས་ན་དབྱངས་ཅན་ལྷ་མོ་ཡིན།
  • ལྟ་བ་བཤད་ན་མགོན་པོ་ཀླུ་སྒྲུབ་ཡིན།
  •  ལོ་རྒྱུས་བྲིས་ན་འགོས་ལོ་གཞོན་ནུ་ཡིན།
  • ཚད་མ་བྲིས་ན་ཆོས་ཀྱི་གྲགས་པ་ཡིན།
  • གཞུང་ལུགས་བཤད་ན་ཐམས་ཅད་མཁྱེན་པ་ཡིན།

འོ་ན་ངས་ཅི་ཞིག་བྱེད་མི་ཐུབ།

  • འཇིག་རྟེན་མི་ཆོས་ཕྱོགས་ན་ང་ནི་ཁ་ཏྭ་མདའ་ཡིན།
  • དེང་རབས་ལག་རྩལ་ཕྱོགས་ན་ང་ནི་དབང་པོ་ཞ་བོ་ཡིན།
  • ངས་ཤིང་བཟོ་ཞིག་གིས་ཅོག་ཙེ་བཟོ་སྟངས་ཀྱང་བཤད་མི་ཤེས།
  • ལྷམ་བཟོ་ཞིག་གིས་ལྷམ་བཟོ་ཚུལ་ཕར་ཤོག ལྷམ་གོན་སྟངས་ཀྱང་བཤད་མི་ཤེས།
  • ཚོང་པ་ཞིག་གིས་ཚོང་རྒྱག་སྟངས་ཕར་ཤོག ཁྲོམ་ར་ཞིག་ནས་ཚོང་རྫས་ཉོ་སྟངས་ཀྱང་བཤད་མི་ཤེས།
  • མཐའ་ན་ཁྱོད་ཀྱིས་ང་ལ་གཏོར་མ་བཟོ་སྐབས་ཀྱི་རིམ་པ་རྣམས་གསལ་ལེར་བྲིས་ཤོག་ཅེ་ན། ངས་དེ་ཡང་འབྲི་མི་ཤེས།
  • ང་ནི་འཇིག་རྟེན་མི་ཆོས་ཀྱི་སྟེང་ནས་ཤིང་སྐམ་ཞིག་དང་འདྲ། ཕར་འཐེན་ཚུར་དཀྱོགས་བྱེད་ས་མེད་དོ།།

ཁྱོད་ལ་སྨན་གྱི་རིལ་བུ་ཞིག་གི་འཐུང་ལུགས་འཐུང་ཚུལ་དགོས་ན། ངའི་གྲོགས་པོ་རྒྱ་ཡིག་ལ་དྲིས་ཤིག
ཁྱོད་ལ་ལག་འཁྱེར་ཁ་པར་ཞིག་གི་སྒྲིག་ཚུལ་དགོས་ན། ངའི་གྲོགས་པོ་དབྱིན་ཡིག་ལ་དྲིས་ཤིག།
ཁྱེད་ལ་ཁྲོམ་ནས་ཉོས་པའི་གྱོན་པ་ཞིག་བཀྲུ་ཚུལ་དགོས་ན། དེའང་ངའི་གྲོགས་པོ་ཚོ་ལ་དྲིས་ཤིག།

ངས་མི་ལོ་ཆིག་སྟོང་ལྷག་ལ་རྩམ་པ་ཟོས་ནས་བསྡད། འོ་མ་འཐུང་ནས་བསྡད། འོན་ཀྱང་ང་ལ་རྩམ་པ་ཞིམ་པོ་བཟོ་སྟངས་བརྗོད་པའི་བསྟན་བཅོས་ཤིག་ཀྱང་མེད་དོ།། ཞིང་ཁ་ལ་འབྲུ་དྲུག་སྙེ་མ་སྨིན་པར་བྱེད་པའི་ཐབས་སྟོན་པའི་བསྟན་བཅོས་ཤིག་ཀྱང་མེད་དོ།། ང་ནི་འཇིག་རྟེན་པའི་ཕྱོགས་ནས་ཁ་ཏྭ་མདའ་ཡིན་ཡ། ང་རྒན་པོ་ཞིག་ལ་ཐུབ་ཚོད་མ་གཏོང་ཨ།

བརྩམས་སྒྲུང་།

Post navigation

Previous Post: བོད་ཀྱི་སྤྲུལ་སྐུ་ཞིག་གི་ངོ་མཚར་བའི་མཛད་པ།
Next Post: ཐ་མ་ཁ་ལ་བསམ་ཚུལ་གཅིག་མ་སོང་།

Comments (7) on “ང་བོད་ཡིག་ཡིན། ངས་ཅི་ཞིག་བྱེད་ཐུབ།”

  1. མིག་བརྒྱད་པ། says:
    2014-10-01 at 1:24 am

    བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་མེད་སོང་བ་འདྲ། དབྱིན་ཡིག་ཡག་པོ་སྦྱོངས་དང་ཁོར་ཡུག་མང་ནི་རེད།

  2. གནམ says:
    2014-10-01 at 1:34 am

    ཧ་ཧ་ཧ། ང་དེ་འདྲ་ཞིག་རྩ་བ་ནས་མིན། ང་གནའ་གཏམ་འབྲི་འི་ཆོས་སྒྲ་ཡོད། ང་ད་གཏམ་བཤད་ཀི་སྐད་སྒྲ་ཡོད། བུ་རྒོད་པོ་ཁོ་མ་ཆད།
    ང་ལ་འདང་འདང་ལྷོག་ལྷོག་གི་འབྲི་ཡོད། དྭངས་དྭངས་གསལ་གསལ་གྱི་དབྱངས་ཡོད། ངའི་སྒྲ་ཚིག་ལ་འགྲེན་ཟླ་མེད།
    ཁྱོད་ལ་ཀླད་པ་ཡོད་ན། ང་ལ་དབྱངས་གསལ་ཡོད།
    སྔོན་མ་སྔོན་མས་ང་ཆོས་དཔེ་ལ་བཀོལ་ཡོད། ངས་མ་འདང་སའི་སྒྲ་ཞིག་དང་། ངས་མ་ཤོད་པའི་དོན་ཞིག་མེད།
    དེ་རིང་རེད།
    ང་བཀོལ་ས་གློག་རྡུལ་ཕྲ་རབ་གྱི་བཀོད་པ་ཡིན་ཟེར། དེ་ལ་སྐྲག་རྒྱུ་ཞིག་ཅི་ལ་ཡོད།
    གཙོ་བོ་ཁྱེད་ཚོས་མཚན་རིགས་ཤིག་ཤེས་ན། ནང་དགས་སུ་བོད་ཡིག་དང་བོད་སྐད་ཞིག་ཤེས་ན། མི་ཤེས་བའི་འཇིག་རྟེན་འདི་ན། ངས་མ་འགྲིག་པ་དང་ང་མི་བཟང་བ་ཡིན་པ་ཅི་ལྟར་རྟོག། ངས་མར་ལ་བསྒྱུར་དང་། ང་མར་ལ་ཕྲིས་དང་། ཁྱོད་ཀྱི་གློག་རྡུལ་ལ་ནུས་བ་མ་རྫོགས་ན། ངའི་དབྱངས་གསལ་གྱི་སྦྱོར་བ་མི་རྫོགས་པ། ངའི་དུས་རབ་གསར་བའི་སྤོབས་པ་ཡིན་ཡ། ང་བོད་ཡིག་ཡིན། ང་བོད་སྐད་ཡིན། གོ་བྱུང་ངམ།

  3. ཆུ་ཐིགས་སྔོན་མོ says:
    2014-10-01 at 2:05 am

    ཁ་སྤོབས་མ་སྒྲོགས་་་་་ཁྱོད་ལ་སྐད་ཡིག་གཞན་པ་ལྟར་ཕར་ཚུར་སྒྱུར་བྱེད་མི་འདུག་་་་་ཁྱོད་ལ་གཞན་ལྟར་དེང་དུས་ཀྱི་ཐ་སྙད་ཀྱིས་དབེན་འདུག་་་་ཁྱོད་ལ་གཞན་ལྟར་བེད་སྤྱོད་ཀྱི་ཁོར་ཡུག་མི་འདུག་་་་་ཁྱོད་ཉིད་སྤྱོད་ན་གཞན་ལྟར་འདུན་ལམ་མི་འདུག་་་་་ཁྱོད་དང་ཁྱོད་ཀྱི་རྗེས་འབྲང་བ་ཚོ་རང་རློམ་ཆེ་བ་ལས་དོན་དངོས་སྐད་ཡིག་གཞན་དང་བསྡུར་ན་བྱེད་ནུས་མེད་པ་ཁྱོད་རང་གིས་ཀྱང་མཐོང་སྲིད་་་་་དེར་བརྟེན་ང་ཁྱོད་ལ་མི་དགའ་ཞིང་་་་ང་ཁྱོད་ལ་སྙིང་ཡང་མི་ཉེ་་་་ད་དུང་ཁྱོད་ཀྱི་ཉེ་འཁོར་ན་ཕྱོགས་ཞེན་གྱི་མེ་ལྕེ་དྲག་ཏུ་འབར་གྱིན་པས་་་་ང་གཏན་དུ་ཁྱོད་ཀྱི་ཉེ་འཁོར་ནས་འགྲོ་ན་འདོད་ཡོད་་་་་རང་རློམ་ཅན་བདེ་མོ་བྱོས་

  4. ཅོ་རི་ཉི་མ། says:
    2014-10-01 at 3:42 am

    རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་དགའ་པོ་བྱུང་། དེ་ག་རང་རེད་ད། གནད་དོན་འདི་དག་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱེད་དགོས་པ་གལ་ཆེན་རེད་འདོད།

  5. ལུང་རྟོགས། says:
    2014-10-01 at 6:14 am

    ཁྲེལ་མེད་ཚོ། བློ་མེད་ཚོ། ཁྱོད་ཚོས་ང་བད་སྤྱོད་མི་བྱེད་ཅིང་། ང་ཡར་རྒྱས་མ་གཏོང་བར་ངས་མ་འཇོན་རབས་བཤད་པ་ནི་ཁྱོད་ཚོ་ལ་ངོ་ཚ་མེད་སོང་བ་ལོས་ཡིན། ཁྱོད་ཚོས་དབྱིན་ཡིག་གི་མག་པ་དང་། རྒྱ་ཡིག་གི་གནའ་མ་བསུས་ནས་དེ་དག་ལ་བརྩེ་དུང་སྤྲད་པ་ལས་ང་ལ་བརྩེ་བ་སྤྲད་ཨེ་མྱོང་། ཁྱོད་ཚོས་ལག་ནས་ང་འབྲི་བཞིན་ཁ་ནས་ང་ལ་སྨད། ཁྱོད་ཚོས་མེས་པོ་བཀའ་དྲིན་ཅན་ཚོའི་དཀའ་ངལ་ཨེ་ཤེས། ལོ་པཎ་རྣམ་དཔྱོད་ཅན་ཚོའི་འབད་བརྩོན་ཨེ་ཤེས། རིག་གནས་ཁྱད་འཕག་ཅན་དེའི་རིན་ཐང་ཨེ་ཤེས། ཁྱོད་ཚོ་ལ་དགོས་ནི་ལྟོ་གོས་ཅིག་པུ་ཡིན་པས་ངས་ཁྱོད་ཚོ་ལ་ཕན་མི་ཐོག་པ་ལོས་ཡིན། འོན་ཀྱང་ང་མེད་པའི་ཉིན་མོ་ཁྱོད་ཚོན་གསོན་པོར་ཇི་ལྟར་གནས་སོང་ངས་ལྟ་ནས་འདུག

  6. ཀརྡོ་གཉེར་ཕྱག་པ་ says:
    2014-10-02 at 12:10 pm

    བོད་ཡིག་གིས།
    ང་ བེད་སྤྱོད་ བྱ་བགྱི་ཡིན་ ཟེར་བགྱིད།
    ང་ བེད་སྤྱོད་ བྱེད་མཁན་ མི་འདུག
    ང་ བེད་སྤྱོད་ བྱེད་རོགས་ ལབ་བགྱིད་ ཡོད་ཀྱང་།
    ང་ སུས་ཀྱང་ བདེ་སྤྱོད་ བྱེད་བགྱིད་ མི་འདུག
    ང་ སྐད་ཡིག་ རྙིང་པ་ལ་ གསར་སྣོན་ མ་བྱས་པར།
    ཁྱོད་ ཀླད་གསར་ རིགས་པས་ བེད་སྤྱོད་ ག་ལ་ ཐུབ།

  7. བསྟན་འཛིན་ཚེ་བརྟན་ says:
    2014-10-04 at 2:58 am

    ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་ཧ་ཅང་སྙན་མོ་འདུག་ མུ་མཐུད་འབྲི་བའི་རེ་བ་ལགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme