Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ཤེས་མགོན་པོ།

Posted on 2014-09-302014-09-30 By ཁ་བརྡ་ 10 Comments on ཡེ་ཤེས་མགོན་པོ།

སྐྱོ་བྲག་དགའ་དབང་།

སྐྱེ་བའི་དངོས་པོ་མཐའ་དག་རྒྱུ་དང་འབྲས་བུའི་ཚུལ་གྱིས་མུ་མཐའ་མེད་པར་ཡོང་གི་ཡོད་ལ། འགྲོ་བ་མི་ཡང་སྐྱེ་བའི་དངོས་པོའི་ཆ་ཤས་ཤིག་ཡིན་པའི་ཕྱིར་ན་ཕ་མ་དང་བུ་རྒྱུད་ཀྱི་འབྲེལ་བས་ཐོག་མཐའ་མེད་པར་ཡོང་གི་ཡོད། ངའི་མི་རིགས་འདི་ཡང་དེ་བཞིན་ཡིན་ཕྱིར། ནང་ཆེན་མི་དམངས་སྨན་ཁང་དུ་འདན་མ་ལྷ་ཡི་གདུང་རྒྱུད་དུ་གྲགས་པ་ཕ་བཀྲ་ཤིས་ཉི་མ་དང་། མ་པདྨ་ཚེ་སྒྲོན་གཉིས་ལ་བོད་རབ་རྒྱན་ཤིང་རྟ་གྲོ་བཞིན་ཟླ་བའི་མར་ངོའི་བཅུ་བཞིའི་དགོང་མོར་བུ་ཞིག་སྐྱེས་འདུག །

སྐྱེ་བའི་ཉིན་མོ་འདི་ནི་དམིགས་བསལ་གྱི་ཉི་མ་ཞིག་སྟེ། མགོན་པོ་དང་ལྷ་མོ་རྒྱུ་བའི་དུས་ཆེན་ཡིན་པ་ཡོངས་སུ་གྲགས་ལ། རེས་གཟའ་མིག་དམར་ཡིན་པས་ཕྲུག་གུའི་བླ་གཟའ་ཡང་རེད། ངས་སྔ་དྲོའི་ཆ་ལ་འགྲོ་མགོན་ཀརྨ་ཆགས་མེད་ཀྱི་རི་ཆོས་སུ་བཞུགས་པ། སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག །རང་ངོ་རང་གིས་ཤེས་པས་ཡེ་ཤེས་ཟེར། །དེ་རྟོགས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས། །སྐྱོབ་པའི་སྐྱབས་དང་མགོན་ནི་དེ་ཡིན་ཕྱིར། །ཡེ་ཤེས་མགོན་པོ་རང་གི་སེམས་ཉིད་ཡིན། །ཞེས་པ་ལ་སེམས་ཤོར་ནས་ཨ་ནས་ཡང་དུ་བལྟ་བཞིན་ཡོད་པ་ན། སྐད་འཕྲིན་བརྒྱུད་ནས། བཀྲ་ཤིས་ཉི་མས། པདྨ་ཚེ་སྒྲོན་སྐྱེ་ཟུག་བརྒྱབས་ནས་སྨན་ཁང་དུ་བསླེབས་ཡོད་པས། ཁྱོད་ཀྱིས་དཀོན་མཆོག་ལ་གསོལ་འདེབས་དང་། བླ་མ་གཞན་ལའང་སྐྱབས་འཇུག་ཞུ་རོགས་ཟེར་བ་བཞིན། གསོལ་དཔོན་བཀྲ་ཤིས་གཡུལ་རྒྱལ་བརྒྱུད་ནས་དཔལ་མ་མགོན་ལྕམ་དྲལ་གྱི་གྲུབ་པའི་རྣལ་འབྱོར་པ་ཆེན་པོ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ལ་སྐྱབས་འཇུག་ཞུས་ཤིང་། རང་གིས་ཀྱང་མ་མགོན་ལྕམ་དྲལ་ལ་ཕྲིན་བཅོལ་ཅི་ནུས་སུ་བྱས་པ་ཡིན། ངའི་ཕ་མ་དང་ཕྲུག་གུའི་མེས་པོ་མེས་མོ་ཡིན་པའི་རྒས་འཁོགས་གཉིས་པོ་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་སོགས་མཇལ་སྐོར་དུ་སོང་བ་མི་ཚེའི་རིང་གི་སྐྱིད་ཤོས་ཀྱི་ངང་ནས་ཉིན་འདི་ག་རང་གི་ཕྱི་དྲོར་རང་ཁྱིམ་དུ་བདེ་འབྱོར་བྱུང་ངོ་། །

མཚན་མོའི་ནམ་སྟོད་དུ་སྐྱེས་པ་ནི་སྐྱེ་དུས་བཟང་བ་སྟེ་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་འདུ་བའི་དུས་ཡིན་པར་ཆགས་མེད་རི་ཆོས་ལས། མུན་རུག་ནས་ནི་ནམ་ཕྱེད་བར། །དཔའ་བོ་མཁའ་འགྲོ་ཀུན་འདུ་བས། །གཏོར་བསྔོས་ཚོགས་འཁོར་ལ་སོགས་བཟང་། །དྲག་པོའི་སྔགས་ཀྱང་གང་བཟླས་འགྲུབ། །ཅེས་གསུངས་ཡོད།
དིང་གི་དུས་ན་ལག་རྩལ་དང་ཆ་རྐྱེན་ལ་བསྙད་དེ་ཕྲུག་གུ་མང་པོ་བཤག་བཅོས་ཀྱི་ལམ་ནས་འདོན་བཞིན་ཡོད་མོད། བུ་ཕྲུག་འདི་ནི་རང་བྱུང་གཤིས་ཀྱིས་གྲུབ་པའི་སྐྱེ་ལམ་བརྒྱུད་ནས་ཡོང་བ་ལས་གཞན་ཅི་ཡང་བྱས་པ་མེད་པས་ན་དུས་ཚེས་གཟའ་སྐར་རྣམས་ཀྱང་མ་སྒྲིག་ལྷུན་གྲུབ་ཡིན་པ་རེད།

ཉིན་འདིའི་ཕྱི་ཉིན་ཏེ་ཆགས་མེད་རི་ཆོས་ལས། གནམ་གང་མགོན་པོ་ལན་གསུམ་རྒྱུ་བའི་ཉིན། །ཞེས་པའི་ཞོགས་པར་བཀྲ་ཤིས་ཉི་མས་སྐད་འཕྲིན་བརྒྱུད་ནས། མདང་དགོང་བུ་ཞིག་བདེ་བླག་ངང་སྐྱེས་པའི་ཅུང་ཙམ་ན་མགོ་བོ་འགུལ་སྐྱོད་བྱ་ཞོར་ཡར་མར་མིག་ཀྲབ་ཀྲབ་ཀྱིས་བལྟ་ཡི་འདུག་ཟེར་བ་ཞིག་བཏང་གདའ། ངས་ཁ་པར་བརྒྱུད་ནས་པདྨ་ཚེ་སྒྲོན་ལ་སྐད་ཆ་བྱས་པ་ན། མོ་ལ་བུ་བཞི་དང་བུ་མོ་གཉིས་སྐྱེས་པའི་ནང་ནས་དཀའ་ངལ་ཆུང་ཤོས་དེ་བྱུང་བས་བདེ་ཐང་ཡིན། བུ་ཡང་སྐྱིད་པོར་ཉལ་གདའ་ཟེར། བུའི་མིང་ལ་ངས། ཡེ་ཤེས་མགོན་པོ། ཞེས་བཏགས་ཏེ་མ་མགོན་ལྕམ་དྲལ་ལ་ཡང་དུ་ཕྲིན་བཅོལ་གཟབ་ནན་བགྱིས་པ་ཡིན།
ད་དུང་ཕ་མ་གཉི་གར་བུ་འདི་ང་ལ་སྦྱིན་དགོས་པའི་རེ་སྐུལ་ཞུས་པ་ན། ཡ་དང་ཡ། ཞེས་དྭང་ལེན་གནང་སོང་བས་སེམས་གཏིང་ནས་དགའ་ཡོད། གང་ཡིན་ཟེར་ན། སྐྱེ་བའི་གཟའ་སྐར་དུས་ཚེས་ཀྱི་རྟེན་འབྲེལ་གྱིས་མ་འོངས་པར་བུ་དཔའ་རྩལ་རྒོད་ལ་ནུས་པ་ཡོད་པ་ཞིག་འཚར་ལོངས་ཡོང་བའི་རེ་བ་ཆེ་བས་ཏེ། མི་ནུས་མེད་ཅིག་གིས་ཆོས་འཇིག་རྟེན་གང་ཡང་འགྲུབ་ཐབས་མེད་ཕྱིར་བུ་བློ་སྟོབས་ཅན་ལ་ཁོ་བོ་རྒྱུན་པར་ཡིད་སྨོན་སྐྱེ་བའི་གོམས་གཤིས་ཤིག་ཡོད།

རྗེས་སུ་གཅུང་ལེགས་མཐོང་རྣམ་རྒྱལ་བརྒྱུད་ནས་རྒྱལ་མཆོག་ཀརྨ་པ་ལའང་ཚེ་ལུས་འདི་དང་མ་འོངས་པའི་སྐྱེ་བ་རྣམས་སུ་ཡག་པོ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་པ་ཡིན། ཁྲུམས་སྟོད་ཟླ་བའི་ཡར་ངོའི་ཚེས་པ་གཉིས་ཀྱི་ཕྱི་དྲོའི་ཆར་མ་བུ་སྨན་ཁང་ནས་དོན་ཏེ་ངོ་ཤེས་གྲོགས་པོ་ཡག་འཛོང་ཚང་གི་སར་བསྡད།
ཡང་བསྐྱར་མ་བུ་བདེ་ཐང་ཡོད་མེད་བརྟགས་དཔྱད་བྱས་འབྲས་ལེགས་པ་བྱུང་བས་ཁྲུམས་ཟླའི་ཚེས་པ་དྲུག་དང་བུའི་བླ་གཟའ་མིག་དམར་ཉིན་གྱི་སྔ་དྲོར་གནས་སྐྱོ་བྲག་ཏུ་གྲགས་པའི་ཡུལ་གྱི་སྟོད། ས་ཇག་ལྡི་ལུང་པའི་དབྱར་མཚེས་ཁ་ཞེས་མིང་དུ་ཐོགས་པ། བྱ་བྱིའུ་རི་དྭགས་ཀྱི་རིགས་མང་པོ་བག་ཡངས་སུ་རྒྱུ་ཞིང་། སྤང་དང་ནགས་ཚལ་འདྲེས་པའི་རི་ཆེན་གནམ་འདེགས་ཀྱི་ཀ་བ་འདྲ་བའི་གཤམ་དུ་རང་བྱུང་ས་ཡི་སྟེགས་བུ་རང་ཆས་སུ་ཡོད་པ། མེ་རྩི་དང་རྩྭ་གྲུང་འཇམ་པོས་ལྟེམ་གྱིས་གང་བའི་ལྟེ་བར་གནས་བཅས་པ། འདན་མ་བུ་ཆུང་ཚང་གི་རང་ཁྱིམ་དུ་བདེ་ལེགས་ངང་འབྱོར་ནས་མེས་པོ་བུ་ཆུང་དང་མེས་མོ་ཨོར་ཆོས་སོགས་བཟའ་ཚང་ལྷན་འཛོམས་ཀྱི་སར་གསོ་སྐྱོང་དང་འཚར་ལོངས་ཀྱིས་མི་ཚེའི་འཕེལ་འགྱུར་རིང་མོ་འགོ་འཛུགས་བྱ་བཞིན་ཡོད་པ་ཡིན་ནོ། །

ངོ་སྤྲོད།

Post navigation

Previous Post: ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ཚ་རླབས།
Next Post: ལ་དྭགས་བུ་མོ།

Comments (10) on “ཡེ་ཤེས་མགོན་པོ།”

  1. ཆུ་ཐིགས་སྔོན་མོ says:
    2014-09-30 at 1:55 am

    རྟེན་འབྲེལ་ཞུ།

  2. གནམ says:
    2014-09-30 at 4:10 am

    དང་པོ་བཀྲ་ཤིས་བདེ་ལེགས་ཞུ། ཡིན་ཡང་།
    ཕ་མ་དང་བུ་ཕྲུག་ཁ་བྲལ་བཏང་ན། ཡག་པོ་མ་ཡོད་དོ། ཕ་མ་བུ་ཕྲུག་གི་བརྩེ་བ་གཉོམ་ལག་ཡག་པོ་ཞིག་རྒྱས་མ་བཅུག་པར། མ་སེམས་ཅན་ལ་བརྩེ་བ་རྒྱས་བའི་བྱང་ཆུབ་ཞིག་སྩལ་འདོད་ནི་ཕ་རིའི་སྤང་རྒྱན་རེད་དོ། ཧ་ཧ་ཧ།

  3. ཁྱུང་སེ། says:
    2014-09-30 at 5:13 am

    གོས་ཕྲུག་ཞིག་ཡིན་པར་ཐག་ཆོད་འདུག དེང་སང་སྤྲུལ་སྐུ་མི་དགོས་ཟེར་ནས་ཁ་བརྡའི་ནང་དུ་བཟློག་པ་བརྒྱབ་དང་བརྒྱབ་བཞིན་པ་རེད། མ་དེ་ཡང་ཁ་བདེ་བ་ལ། ཕྲུ་གུ་གཞན་མ་ལས་ན་ཟུག་ཆུང་བ་བྱུང་ཟེར། མ། ཁ་བདེ་ལ། བུ། སྤྲུལ་སྐུ་འཁྲུངས་ཟེར་བ་དངོས་བདེན་རེད། བཧཧ

  4. ཨ་ར་དཀར་པོ says:
    2014-09-30 at 7:34 am

    ཕྲུ་གུ་རྗེས་མ་རྗེས་མ་སྔོན་མ་སྔོན་མ་ལས་སྐྱེ་སླ་བ་ཆོས་ཉིད་རེད་ལ་འཇིག་རྟེན་ཡོངས་གྲགས་ཀྱང་རེད།

  5. ཨ་ར་དཀར་པོ says:
    2014-09-30 at 7:37 am

    མཁན་པོས་ཐོག་མ་ནས་ཚ་བོ་དེ་སྤྲུལ་སྐུ་ཞིག་བཟོ་རྒྱུའི་བསམ་བློ་སྔོན་ལ་བཏང་ཚར་འདུག་ག

  6. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-09-30 at 11:14 am

    མཁན་པོ་ལགས། བཀྲིས་བདེ་ལེགས

  7. རྒྱ་མཚོ་ཆེན་པོ་ says:
    2014-09-30 at 11:58 am

    ཁོ་རང་གི་ཚ་བོ་དེ་སྐྱེ་མ་ཐག་ནས་སྤྲུལ་སྐུ་བཟོ་འདོད་སྐྱེས་འདུག དེང་སང་སྤྲུལ་སྐུ་བཟོ་མཁན་དེ་ཚོ་སྤྱང་པོ་དང་དྲན་རྒྱུ་རྒོད་པོ་རྒྱུ་དང་རྒྱབ་རྟེན་རྐྱང་གིས་གྲུབ་བསྡད་ཡོད་པ་དངོས་ཡོད་རེད་འདུག དེ་རིང་ཁོང་གིས་གསལ་ཁ་དོད་དུ་བཏང་སོང་། ཁོང་མཁན་པོ་མིང་ཡོད་མཁན་ཞིག་ལ་བལྟས་ན་གཏན་གཏན་བཟོ་བ་ལ་སྐད་ཆ་མིན་འདུག ཁྱེད་མཁན་པོ་མིང་ཡོད་མཁན་ཞིག་ཡིན་ན་འཆར་གཞི་ཟེར་ནའང་འདྲ་ཀུན་སློང་ངན་མ་གཏང་རོགས་ཞེས་བསྐུལ་མ་ཞུ་ཡི་ཡོད།

  8. བོད་ཀྱི་གཡག says:
    2014-09-30 at 6:51 pm

    ད་ཡང་བོད་ལ་སྤྲུལ་གོག་ཞིག་འཁྲུངས་ཚར་འདུག ཡང་མི་དམངས་འགོ་སྐོར་མཁན་ཞིག་དང་རྨང་དད་དཔེ་མེད་སྤེལ་མཁན་ཞིག་ཡིན་པར་བཤད་ཅི་དགོས། ཧ་ཧ་ཧ། དུས་ད་ལྟ་བར་དུ་བོད་ཀྱི་རྒྱལ་ཁམས་འདི་རྒྱལ་པོ་བླ་སྤྲུལ་སྐུ་ཡིན་ལ། དམག་མི་གྲ་བ་ཡིན། སང་རྒྱས་ཆོས་ལུགས་ལ་དོན་དངོས་ཀྱི་ཉམས་ལན་བྱེད་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དབེན། དུས་རབས་ཉི་ཤུ་རྩ་གཉིས་ལ་སླེབས་ཀྱང་ད་དུང་ཡང་བླ་སྤྲུལ་རྣམས་ཁྱི་སྤྱང་འདུར་འདུར་བཞིན་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་གནོད་ཤུགས་ཚབས་ཆེན་ཐེབ་ཀྱི་ཡོད། བོད་ཀྱི་གཞོན་སྐྱེས་རྣམས་པས་དུས་ད་ནས་བཟུང་བླ་སྤྲུལ་རྒྱུ་དགའ་ཅན་དང་མི་དམངས་འགོ་སྐོར་གཏོང་མཁན་འདི་དག་ང་ཚོའི་དགྲ་བོ་ངོ་མ་ཡིན་པས་མ་བརྗེད་པར་བྱོས།

  9. ངག་དབང says:
    2014-10-01 at 12:23 pm

    སྐད་ཆ་ཆོལ་མེད་ ལགས་ཨ་རྒྱལ་གྱིས་འཕྲུལ་རང་རེད

  10. ནུབ་ཕྱོགས་གངས་ཕྲུག says:
    2014-10-01 at 12:52 pm

    ཨ་མྱེས་སྤྲུལ་སྐུ། ཕ་སྤྲུལ་སྐུ། བུ་སྤྲུལ་སྐུ། ཚ་བོ་སྤྲུལ་སྐུ། ད་དུང་གཉེན་ཉེ་འཁོར་ན་བུ་ཡོད་ན་སྤྲུལ་སྐུ། དེ་འདྲ་བྱས་ནས་མི་མང་གི་སྤྲུལ་སྐུ་ལམ་ལུགས་ལ་ཡིད་ཆེས་མེད་པ་ཆགས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme