Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགོད་གསལ་བསྒྲགས་ཤིག

Posted on 2014-09-252014-09-25 By ཁ་བརྡ་ 6 Comments on གསར་འགོད་གསལ་བསྒྲགས་ཤིག

༄༅། །བཀུར་འོས་གསར་འགོད་པ་རྣམ་པའི་དྲུང་དུ།

ཆེད་ཞུ། དེ་རིང་ང་ཚོ་སྦེལ་ལྗམ་དུ་སྐྱབས་བཅོལ་ཡིག་ཆ་རག་མིན་གྱི་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་འཐུས་མིའི་རྒྱུན་ལས་ཀྱིས་ས་གནས་ཀྱི་སྐྱབས་བཅོལ་བོད་མིའི་གནས་བབ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཤིག་གཏོང་གི་ཡོད།

 
༼༡༽ ང་ཚོར་ཕྱི་ལོ་༢༠༡༣ ཟླ་༠༩ ཚེས་༠༡ ཉིན་ནས་སྦེལ་ལྗམ་དུ་སྐྱབས་བཅོད་དུ་ཡོང་བའི་བོད་མི་རྣམས་ལ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་འགོ་བཙུགས་པ་ནས་ད་ལྟའི་བར། ང་ཚོའི་རྒྱུན་ལས་ཀྱི་ཐོ་གཞུང་དུ་འཁོད་པ་ལྟར་ན་མི་གྲངས་༣༤༢ བྱུང་ཡོད་པ་དང་། དེའི་ནང་ནས་མི་གྲངས་༢༢༣ ལ་སྦེལ་ལྗམ་གཞུང་གིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད་ལ། ད་ལྟ་མི་གྲངས་ ༡༥༠ ལྷག་ཅིག་ནི་སྦེལ་ལྗམ་རྒྱལ་ཁོངས་ནས་སྡོད་མི་ཆོག་པའི་གནས་བབ་འོག གྲོས་ས་དང་སྡོད་ས་ངེས་པ་མེད་པ་དང་། ཐ་ན་ཉིན་རེའི་འཚོ་བ་ཡང་སྦྱིན་གཏོང་ཚོགས་པ་དེ་འདྲ་ནས་སློང་མོ་ལ་བརྟེན་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད།

 
༼༢༽ ང་ཚོར་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་གཙོ་བོ་ནི། གཅིག༽ ང་ཚོས་སྐྱབས་བཅོལ་དང་པོ་རྒྱ་གར་དུ་ཞུས་འདུག་ཅེས་པ་དང་།
གཉིས༽ ང་ཚོར་ RC དང་IC འདུག་པ་དང་རྒྱ་གར་དུ་སྲུང་སྐྱོབས་དང་གནས་བབ་ཡག་པོ་འདུག་ཅེས་སོགས། མདོར་ལ་རྒྱ་གར་དུ་བོད་པ་ཚོར་དཀའ་ངལ་མི་འདུག་ཅེས་པ་དེ་རེད། ང་ཚོར་དཀའ་ངལ་འཕྲད་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་དང་། ས་གནས་སྐུ་ཚབ་དོན་གཅོད་བཅས་སུ་འབྲེལ་བ་བྱས་དང་བྱེད་བཞིན་པ་དང་། ང་ཚོའི་དཀའ་ངལ་བྱུང་བའི་ཕྱོགས་ཡོངས་ཀྱི་གནས་བབ་ཆ་ཚང་རང་ཞུང་བཀའ་སྤྱི་གཉིས་དང་འབྲེལ་ཡོད་དོན་གཅོད་བཅས་ལ་དུས་ཐོག་སྙན་གསན་ཞུ་བ་དང་། བཀའ་སློབ་ལམ་སྟོན་ཞུ་བཞིན་ཡོད་ལ། ད་བར་གཞུང་ངོས་ནས་ཀྱང་ཐུགས་ཁུར་ཆེན་པོའི་ངང་ནས་ལྟ་རྟོག་དང་། དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དང་གནང་བཞིན་པར་ང་ཚོ་མི་མང་ཚང་མས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པར་ཡང་རང་གཞུང་ཁོ་ན་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད།

 
༼༣༽ ང་ཚོ་རྒྱུན་ལས་རང་ངོས་ནས་ཀྱང་སོ་སོ་རང་མགོ་ཐོན་གྱི་ཡོད་མིན་ལ་མ་ལྟོས་པར། བོད་མིའི་རྩ་དོན་དང་འབྲེལ་བའི་ཐོག་ནས་ས་གནས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེ་མཐོའི་སྐྱབས་བཅོལ་ལྷན་ཁང་དང་། Caritas International དང་། Cire ཅེས་པ་སོགས་རྒྱལ་སྤྱི་རིང་བཞིན་ཅན་གྱི་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་གྱི་ཚོགས་པ་མང་དག་ཅིག་ལ་བོད་མི་སྤྱིའི་གནས་བབ་དང་། ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས། བོད་མིའི་རྩ་འདོན་དང་འབྲེལ་བའི་ཞུ་གཏུག་དང་འབྲེལ་ས་གནས་ཀྱི་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་སྐོར་ཀྱི་བདེ་སྡུག་ཞུ་གཏུག་གི་ལས་འགུལ་ཞིག་ཀྱང་སྦེལ་བཞིན་ཡོད།

 
༼༤༽ ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་དེང་སང་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་ལ་བརྟེན་ནས་བོད་མི་མང་པོ་ཞིག་སེམས་ཁམས་ནད་པར་གྱུར་བ་སོགས་ཀྱི་རྐྱེན་ངན་བྱུང་བའི་གནས་ཚུལ་ཐོན་ཀྱི་འདུག་ལ། ང་ཚོར་ཐོག་མར་དཀའ་ངལ་འཕྲད་སྐབས་ཀྱང་མི་མང་གི་སེམས་ཁམས་དང་ཀུན་སྤྱོད་ཐད་ཤུགས་རྐྱེན་ངན་པ་སླེབས་སྲིད་པའི་ཉེན་ཁ་ཆེན་པོ་མཐོང་སྟེ། རང་གཞུང་དང་འབྲེལ་ཡོད་ཁག་གིས་ལམ་སྟོན་སློབ་གསོ་བྱུང་སོང་ལ། ང་ཚོར་རེ་བ་དང་ཡིད་ཆེས་བྱེད་ས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། རང་གཞུང་འབྲེལ་ཡོད་དང་བཅས་པས་ང་ཚོར་རྒྱབ་སྐྱོར་དང་ལྟ་རྟོག་བཅས་ཡོད་པར་བརྟེན། ད་ལྟའི་བར་ང་ཚོའི་དཀའ་ངལ་དེའི་ཤུགས་རྐྱེན་ལ་བརྟེན་ནས་སེམས་ཁམས་ནད་པ་དང་། ར་བཟི་བ་དང་། རྐུན་རྐུ་བ་སོགས་ཀུན་སྤྱོད་མ་རབ་སོགས་ཀྱི་རྐྱེན་ངན་མ་ལེགས་པ་གང་ཡང་བྱུང་མེད་ལ། མ་འོངས་པར་ཡང་ང་ཚོའི་ལུས་སེམས་གཉིས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་བའི་ཤུགས་རྐྱེན་ངན་པ་མི་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཆོག་པ་ཡོད། འདི་ནི་ང་ཚོས་དཀའ་ངལ་གདོང་ལེན་བྱས་པའི་རྒྱལ་ཁ་ཞིག་ལ་ཡང་བརྩི་ཆོག་པར་འདོད།

 
༼༥༽ དེང་སྐབས་ང་ཚོ་སྦེལ་ལྗམ་གཅིག་པུ་མ་ཡིན་པར་ཡོ་རོབ་ཁུལ་སོགས་ཕྱོགས་སོ་སོར་བོད་མིར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། ང་ཚོས་སུད་སུ་དང་ཧོ་ལན་ཌི་སོགས་ཀྱི་དཀའ་ངལ་འཕྲད་ཡུལ་ཁག་ཅིག་ལ་སྒྲིགས་འཛུགས་ཡོད་མེད་དང་། འབྲེལ་བ་བྱེད་ས་རག་མིན་ཚོད་ལྟ་མང་པོ་བྱས་ཀྱང་དེ་ལྟར་གང་ཡང་རག་མ་སོང་། རྗེས་སུ་ཡོ་རོབ་ཁུལ་ཀྱི་སྐྱབས་བཅོལ་ཡིག་ཆའི་ཐད་དཀའ་ངལ་འཕྲད་ཡུལ་མི་མང་ཚང་མ་གཅིག་སྒྲིལ་གྱིས་ལས་ཀ་བྱེད་རྒྱུ་གང་ཡོད་ཀྱང་ལྟ་འདོད་བྱེད་ཀྱི་ཡོད།

 
༼༦༽ མཐར་ད་ལྟའི་ང་ཚོ་རྒྱུན་ལས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་དོན་གཅོད་དང་། དེ་མིན་ས་གནས་ཀྱི་བོད་མིའི་ཚོགས་སྡེ་ཁག་དང་། མི་སྒེར་བཅས་འབྲེལ་ཡོད་མང་པོ་ཞིག་ལ་དུས་ནས་དུས་སུ་རེ་སྐུལ་གང་ཞུས་པ་ལ། ཚང་མས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་འདུག་པར་ཐུགས་རྗེ་ཆེ་ཞུ་བ་ཡིན།

unnamed-1

 
གསལ་བཤད། གསལ་འགོད་གསལ་བསྒྲགས་འདི་༢༠༡༤ ཟླ་༠༩ ཚེས་༢༥ ཉིན་སྦེལ་ལྗམ་སྐྱབས་འཚོལ་བོད་མིའི་འཐུས་མིའི་རྒྱུན་ལས་ལྷན་འཛོམས་ཀྱིས་ས་གནས་ཀྱི་གནས་བབ་འབྲེལ་བའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་སྟེ། གསལ་འགོད་གསལ་བསྒྲགས་འདི་སྤེལ་རྒྱུར་གྲོས་ཆོད་བྱུང་བ་བཞིན་སྦེལ་ལྗམ་སྐྱབས་འཚོལ་བོད་མིའི་འཐུས་མིའི་རྒྱུན་ལས་ནས་ཕྱི་ལོ་༢༠༡༤ ཟླ་༠༩ ཚེས་༢༥ ཉིན་སྦེལ་ལྗམ་གྱི་རྒྱལ་ལ་ས་Burssel བྷུར་སིལ་ནས།

འབྲེལ་བྱེད་ཡུལ། +32 466458241

གསལ་བསྒྲགས།

Post navigation

Previous Post: སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར།
Next Post: མཉམ་ཞུགས་མི་གནང་རྒྱུའི་ཐག་གཅོད་གནང་འདུག

Comments (6) on “གསར་འགོད་གསལ་བསྒྲགས་ཤིག”

  1. ཅོ་རི་ཉི་མ། says:
    2014-09-25 at 9:07 am

    ༧གོང་ས་མཆོག་གིས་བོད་ཀྱིས་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་ཆེ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་གསུངས་འདུག
    དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༢༢ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་ལ་འཛམ་གླིང་གཅིག་དང་། འཆར་སྣང་གཅིག མ་འོངས་གཅིག་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་ཡོད་པ་དང་། དེའི་རྗེས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་Manmohan Singhདང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཅར་བའི་མི་སྣ་ཞིག་གིས་ཁོང་སྒེར་ངོས་ནས་བོད་ལ་རང་དབང་འཐོབ་རྒྱུའི་རེ་བ་ཡོད་པའི་སྐོར་གྱི་གནས་ཚུལ་ཞུས་ཏེ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་ཚུལ་ཇི་ཡོད་ཀྱི་བཀའ་འདྲི་ཞུས་པའི་སྐབས། ༧གོང་ས་མཆོག་གིས། སྤྱིར་བཏང་ཆབ་སྲིད་ཐོག་ནས་རང་བཙན་ཞེས་པ་འདི་ནི་བསམ་བློ་ཡག་པོ་གཏོང་དགོས་པ་ཞིག་ཡིན་ཞིང་། ངོས་ལ་ཆ་མཚོན་ན། Scotland མི་དམངས་ཀྱིས་མང་མོས་འོས་བསྡུའི་ཐོག་ནས་Scotland དབྱིན་ཇིའི་མངའ་འོག་ནས་རང་བཙན་བྱ་རྒྱུ་མིན་པའི་ཐག་གཅོད་བྱུང་བའི་གནས་ཚུལ་ཐོས་སྐབས་ཧ་ཅང་དགའ་པོ་བྱུང་། ང་ཚོ་བོད་མིའི་ནང་དུ་ཡང་ཁག་ཅིག་གིས་དངོས་ཡོད་གནས་སྟངས་ལ་བསམ་བློ་མ་བཏང་བར་རང་བཙན་དགོས་ཞེས་སེམས་ཚོར་ཐོག་ནས་གླེང་སློང་བྱེད་མཁན་ཡོང་གི་འདུག དེ་བཞིན་རྒྱ་གར་ནང་ལའང་སྐད་ཡིག་དང་རིག་གཞུང་འདྲ་མིན་གྱི་མི་རིགས་མཉམ་གནས་བྱེད་བཞིན་ཡོད་དང་། དེར་བརྟེན་ཁོང་ཚོར་ཐོབ་ཐང་འདྲ་མཉམ་དང་ཁྲིམས་ལུགས་དབང་བསྒྱུར་གྱི་ལམ་ལུགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ལ་མཚོན་ན། ཆོས་ཕྱོགས་ཀྱི་ཆ་ནས་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་ཀྱང་ཕྱིའི་དངོས་པའི་ཡར་རྒྱས་རྗེས་ལུས་ཡིན་ཞིང་། དེ་ཡང་དངོས་ཡོད་གནས་ཚུལ་ནི།

    བོད་མི་མང་པོ་ཞིག་ཁྲིམས་འགལ་ཐོག་ནས་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ནང་འགྲོ་དང་འགྲོ་བཞིན་ཡོད་པ་དེ་དག་མང་ཆེ་བ་ནི་ནང་ཆོས་དོན་དུ་གཉེར་ནས་འགྲོ་བ་ཞིག་མིན་པར་དཔལ་འབྱོར་ཁོ་ནའི་ཆེད་དུ་འགྲོ་གི་ཡོད་པ་རེད།

    དེར་བརྟེན་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་བྱས་ཏེ་བོད་ལ་དཔལ་འབྱོར་གྱི་རོགས་རམ་ཁེ་ཕན་ཆེ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་དོན་དམ་གྱི་བོད་མི་ཚོར་རང་དབང་དགོས་པ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་བསྩལ་འདུག
    གསར་འགོད་པ་ཉི་མ་གཡུ་སྒྲོན།

    http://www.rfa.org/tibetan/sargyur/dalai-lama-Scotland-09232014131900.html

  2. ཅོ་རི་ཉི་མ། says:
    2014-09-25 at 9:18 am

    ༧གོང་ས་མཆོག་གིས་་་་བོད་མི་མང་པོ་ཞིག་ཁྲིམས་འགལ་ཐོག་ནས་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ནང་འགྲོ་དང་འགྲོ་བཞིན་ཡོད་པ་དེ་དག་མང་ཆེ་བ་ནི་ནང་ཆོས་དོན་དུ་གཉེར་ནས་འགྲོ་བ་ཞིག་མིན་པར་དཔལ་འབྱོར་ཁོ་ནའི་ཆེད་དུ་འགྲོ་གི་ཡོད་པ་རེད།་་ཅེས་གསུངས་པ་ཐེངས་གཅིག་ཙམ་མ་རེད།

    སྔོན་མ་ས་ལི་སྒོ་ར་ལ་ཡང་འདི་དང་གཅིག་པ་གཅིག་གསུངས་ཡོད་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་འགྲོ་མཁན་ཚོ་ཁྲིམས་འགལ་ཡིན་པ་ལ་ངོས་ལེན་གནང་གི་ཡོད་རེད། འཛམ་གླིང་ཐོག་ཏུ་སྐད་གྲགས་ཆེ་བའི་བོད་ཀྱི་དབུ་ཁྲིད་ཤིག་གིས་བོད་མི་མང་པོ་ཁྲིམས་འགལ་གྱི་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུ་སྐྱབས་བཅོལ་འགྲོ་བཞིན་ཡོད་གསུངས་པ་འདིས་ཤུགས་རྐྱེན་ག་ཚོད་སྤྲད་ཀྱི་ཡོད་མེད་བསམ་བློ་ཐོངས་།

  3. ཀརྨ་བློ་གསལ་ says:
    2014-09-25 at 10:01 am

    དོན་རྐྱེན་འདི་གསར་འབྱོར་པ་ཕྱི་རྒྱལ་དུ་མང་པོ་ལྷག་པ་ཡིན་ན། རྙིང་འབྱོར་མཐོ་རིམ་དཔོན་རིགས་ཀྱི་ཁེ་བཟང་ཟ་བར་འགྲན་རྩོད་ཡོང་པར་དོགས་ནས་ཚིག་སྙན་པོ་བེད་སྤྱད་ནས་མི་གསོན་པོའི་མིག་འདྲུ་བཞིན་ཡོག་རེད། འདི་ནི་ཆོས་ཁ་ལ་ཁྱེར་བའི་ཆོས་མིན་གྱི་ཡ་ང་བའི་སྤྱོད་སྟངས་ཤིག་ལས་གཞན་མིན། ཚང་མ་ལོས་ཐུགས་འཇགས་གནང་རོགས།

  4. ལུང་རྟོགས། says:
    2014-09-25 at 1:00 pm

    ཁྲིམས་དང་འགལ་ན་ཡོང་རྒྱུ་དེ་རེད། རྗེས་མ་ནས་ཁྲིམས་འགལ་གྱིས་ཕྱི་རྒྱལ་ལ་མ་འགྲོ། ཕྱི་རྒྱལ་ལ་ཐར་ན་ཡང་མིའི་གཡོག་པོ་ཡིན་པས་དོན་སྙིང་ཅི་ཡོད།

  5. ནུབ་ཕྱོགས་གངས་ཕྲུག says:
    2014-09-25 at 2:24 pm

    ༧ གོང་ས་མཆོག་གི་ཁྲིམས་མཐུན་ཡིན་ནའང་འདྲ། ཁྲིམས་འགལ་གྱི་ཐོག་ནས་ཡིན་ནའང་འདྲ། བོད་མི་མང་པོ་ཞིག་སླེབས་འདུག་ཅེས་དེ་སྔ་ནིའུ་ཡོརཀ་ཏུ་༢༠༠༧ ལོར་གསུངས་སོང་། ལུང་རྟོགས་ལགས། ཕྱི་རྒྱལ་ལ་མིའི་གཡོག་པོ་ཡིན་ནའང་ང་ཚོ་རང་ཁ་རང་གསོ་ཡིན། ཁྱེད་ཚོ་མི་ཚེ་གང་ཚང་གཞན་གྱི་རྒྱུ་ནོར་བཟའ་མཁན་རེད། དེ་ལས་སྡུག་པ་ཨེ་ཡོད།

  6. རང་དབང་། says:
    2014-09-25 at 11:08 pm

    བཙན་བྱོལ་བོད་མི་ཚང་མ་ཁྲིམས་འགལ་གྱིས་རྒྱ་གར་སོགས་ལ་ཡོང་བ་རྐྱང་རེད། ལུང་རྟོགས་ཡང་དེའི་ཆ་ཤས་རེད། གཡོག་ལས་ཀྱི་ཟ་མ་ནི་ཡང་དག་གི་ཟ་མ་རེད། རང་གི་ལག་པའི་བྱས་པའི་རང་ཟས་རེད། དེ་ལས་ལོག་འཚོལ་དང་ལྐོ་ནག་གིས་མི་ཚེ་སྐྱེ་མཁན་དེ་ཚོ་ཨ་ཙ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme