Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར།

Posted on 2014-09-252014-09-25 By ཁ་བརྡ་ 12 Comments on སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར།

འཇམ་གཅེས།
 

ཐོག་མའི་གསལ་བཤད།

དོན་དངོས་ཐོག་ནས་དྲང་གཏམ་བཤད་འདོད་མཁན་ཞིག་དང་། ལྷག་བསམ་དང་ལ་རྒྱལ་སྤྱི་པའི་རྩ་དོན་སྒང་དུ་སྤུངས་འདོད་མཁན་གྱི་མི་བུ་ཞིག་ཡིན་ཕྱིན་དབུ་ལམ་དང་རང་བཙན་གྱི་འགལ་བའི་ཁུར་ཆེན་པོ་ཞིག་ནང་ཁུལ་ལ་སྤུངས་དགོས་དོན་གང་ཡང་མེད། ཡིན་ནའང་དེང་སྐབས་མི་བུ་རེ་ཟུང་གིས་ཁ་ལ་དར་མཚོན་འདྲ་མིན་འཁྱེར་བཞིན་ནང་ཁུལ་དུ་སྒེར་ནད་དང་ཕྱོགས་ཞེན་གྱི་རུལ་དྲི་ངན་པ་ནི་མགོ་འཇུག་དབྱེ་མེད་དང་། མཐོ་དམན་བར་གསུམ། དངོས་ཤུགས་བརྒྱུད་གསུམ། འདས་མ་ད་གསུམ། ལུས་ངག་ཡིད་གསུམ། མདོར་ན་མཁས་བླུན་མེད་པའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་བཟོ་བཞིན་པའི་གནས་ཚུལ་འདི་དག་མིག་སྔར་ཡོད་བཞིན་དུ་གཡས་ཁག་གཡོན་བཀྲི་ཇི་ཙམ་བྱས་རུང་། ལོ་རྒྱུས་དང་དངོས་ཡོད་ཀྱི་གནས་སྟངས་ལ་བསྙོན་འདིངས་པ་ཙམ་ལས་རྣམ་དཔྱོད་ལྡན་པའི་མི་བུ་ཞིག་གིས་བྱ་སྤྱོད་ནི་ག་ལ་ཡིན།

རྒྱུ་མཚན་དེའི་ཕྱིར་འདིར་འཆད་པ་བྱ་བ་ཡང་སྤྱི་ཚོགས་དྲྭ་འབུ་དང་དེའི་ཕྱོགས་གཏོགས་པ་ཚོ་དང་རྗེས་འབྲངས་མཁན་པོ་དག་ལ་ཡིན་པས། དྲང་བདེན་གྱི་མིག་ཟུང་ཡང་ཡང་བགྲད་པའི་སྒོ་ནས་རྣམ་དཔྱོད་ལྡན་པའི་བློ་གྲོས་ཀྱི་སྒོ་མོ་དེ་ཡང་གུ་ཡངས་ཙམ་ཞིག་དང་། རྒྱ་ཆེ་ཙམ་ཞིག་དབྱེར་ན་ཅི་མ་རུང་། ད་ནི་སྤྲོས་བཤད་མང་པོ་མ་དགོས་པར་སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར་ཟེར་སྲོལ་ལྟར་བྱས་ན་འདི་ལྟ་སྟེ།།

དེང་དུས་ཧམ་བཤད་མཁན་པོ་རེ་འགས་སྐྱབས་བཅོལ་དུ་ཡོད་པའི་བོད་རིགས་ཡོངས་རྫོགས་རང་བཙན་གྱི་དོན་དུ་ཡོང་བ་ཡིན་མདོག་བསྟན་གིན་འདུག་པས་དོན་ངོ་མའི་ཆ་ནས་བཤད་ན་སྐད་ཆ་དེ་ཚོར་སུ་ཞིག་གིས་ཡིད་ཆེས་བྱེད། ༡༩༨༠གྲངས་ནས་བཟུང་བོད་མི་ཧ་ཅང་མང་པོ་ཞིག་སློབ་གཉེར་དང། གནས་སྐོར། གཉེན་འཕྲད། ད་དུང་ལོ་རབས་བརྒྱད་བཅུའི་དཀྱིལ་མ་ཙམ་ནས་འགོ་བཙུགས་ཏེ་བོད་མིའི་བཙན་བྱོལ་བའི་སློབ་གྲྭ་ཁག་གི་ནང་དུ་ཕྲུ་གུ་ལོ་ལྔ་དྲུག་ཡས་མས་དང་། དགོན་སྡེ་གྲྭ་ཚང་སོ་སོ་ལ་ཡང་དེ་དག་དང་གཅིག་མཚུངས་སློབ་གཉེར་རང་ལ་དམིགས་ནས་ཕ་མས་མངགས་བཏང་བྱས་པའི་བུ་ཕྲུག་དག་དང་། རང་ཉིད་བྲོས་བྱོལ་དུ་ཡོང་བ་སོགས་ཅི་རིག་པ་ཡོད་པས་དེ་དག་ཡོངས་རྫོགས་རང་བཙན་གྱི་ཀྱི་ཆེད་དུ་ཡོང་བ་ཡིན་ནམ།
དེ་ཚོའི་ནང་དུ་མང་པོ་ཞིག་རིམ་བཞིན་རྒྱ་གར་དང་། ནུབ་ཕྱོགས་ཡུལ་གྲུ་འདྲ་མིན་ལ་གནས་བཅས་ཟིན་པ་དང་བཅའ་བཞིན་པ་རེད་ལ། ཉུང་ཤས་ཤིག་ནི་ཆབ་སྲིད་ཀྱི་དཀའ་ངལ་ཐོག་ནས་ཡོང་མཁན་དངོས་ཡོད་ཡང་ཡིན། ། མདོར་ན་ཡོད་ཚད་རང་བཙན་གྱི་དོན་དུ་ཡོང་བ་ཟེར་བ་ནི་རང་གི་ལངས་ཕྱོགས་དང་། ལྟ་བའི་ཕྱོགས་སུ་བཙན་ཁྲིད་བྱེད་ཀྱིན་ཡོད་པ་མ་ཡིན་ནམ།།

གཞན་ཡང་སྤྱི་ལོ་༢༠༠༨ ནས་ད་ལྟའི་བར་དུ་བོད་མི་བརྒྱ་དང་སུམ་ཅུ་སོ་གཅིག་ཙམ་གྱིས་རང་ལུས་མེ་མཆོད་ཕུལ་ཡོད་ལ་དེ་ཚོའི་ནང་ནས་མི་ཉུང་བ་ཞིག་གིས་ཞལ་ཆེན་ཡིག་ཐོག་ཏུ་འཇོག་ཡོད་ལ། ངག་ཐོག་ནས་ཀྱང་འཇོག་ཡོད། དེ་མིན་འབར་བཞིན་པའི་མེ་འོབས་ནས་འབོད་སྒྲ་ངོ་མ་གང་གནང་ཡོད་མིན་མང་ཤོས་ནི་ཁ་གསལ་གཏིང་གསལ་གྱུར་ཡོད་ལ། དེ་དག་གཞིར་བཟུང་ཐོག་བཙན་བྱོའི་སྒྲིག་འཛུགས་དང་། འབྲེལ་ཡོད་སྡེ་མཚན་སོ་སོའི་ངོས་ནས་རྒྱལ་སྤྱིའི་ནང་དུའང་གསལ་བསྒྲགས་བྱས་ཡོད།
མདོར་ན་གཞིས་བཞུགས་བོད་མིའི་ལས་འགུལ་སྤེལ་ཚད་དང་། ཚེ་སྲོག་ཤོར་ཚད་ཀུན་གྱིས་རང་བཙན་གྱི་དོན་དུ་ཡིན་ཟེར་བ་ནི་ཤེས་བཞིན་དུ་ཧམ་བཤད་དང་། འདས་སོང་གི་དཔའ་བོ་དཔའ་མོ་ཚོས་ཡིག་ངག་གཉིས་ཀྱི་ལམ་ནས་ཁ་ཆེན་དང་། དམིགས་ཡུལ་ཡོད་དོ་ཅོག་ལོག་ལམ་དུ་བརྫངས་བ་མ་ཡིན་ནམ། །

སྤྱི་ཚོགས་ཁག་གཅིག་གིས། རྒྱལ་སྤྱིའི་ནང་དུ་བོད་དོན་དྲིལ་བསྒྲགས་ཆེ་ཤོས་ནི་གཞོན་ལྷན་སྒྲིག་འཛུགས་ལས་བྱུང་ཡོད་པ་མ་གཏོགས། བཙན་བྱོལ་གཞུང་གིས་ནུས་པ་གང་ཡང་ཐོན་མེད་ཚུལ་བཤད་པ་ནི་མིག་ཡོད་བཞིན་དུ་ཆུའི་ནང་དུ་སྨྱོ་འཆོང་རྒྱག་པ་ཙམ་ལས། དེ་སྔར་ད་བར་དུ་ནུབ་ཕྱོགས་ཡུལ་གྲུལ་འདྲ་མིན་གྱི་ནང་དུ་གྲོས་ཚོགས་ཁག་སོ་སོར་ཞིབ་གཏུགས་དང་གྲོས་ཆོད་འདྲ་མིན། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་རོགས་ཚོགས་མང་ཤོས་དེ་དག་རྒྱ་བོད་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལས་བྱུང་འདུག་གམ། ཡང་ན་རང་བཙན་ལས་འགུལ་སྤེལ་བ་ལས་བྱུང་འདུག དྲང་བདེན་གྱི་ལམ་ཆེན་ནང་དུ་བགྲོད་ནུས་པའི་བློ་མིག་གམ་རྣམ་དཔྱོད་ཀྱི་མིག་ཟུང་ཞ་ར་མིན་ན་ད་དུང་ཞིབ་ཏུ་དཔྱོད།།

འོ་རེད། ཁྱེད་ཅག་གིས་ཁ་ཧམ་ཆེན་པོའི་སྒོ་ནས་གཞན་གྱི་ལངས་ཕྱོགས་དང་ལྟ་གྲུབ་ལ་འབུར་འཇོམས་བྱས་ན་མི་འགྲིག་ཚུལ་རྫོགས་རྒྱུ་མེད་པ་ཞིག་བཤད་པའི་རྗེས་སུ། སོ་སོས་ངོས་ནས་མང་གཙོ་དང་རང་དབང། ཐོབ་ཐང་སོགས་ཁ་ལ་འཁྱེར་ཏེ་སྒོ་ཀུན་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གིས་དགོངས་འཆར་གཞི་བཟུང་ཐོག་གྲོས་ཚོགས་ཀྱི་གཏན་ལ་ཕབས་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་པོ་ཚྭ་དང་སྒོག་མཉམ་བསྲེས་ཐོག་ནས་འབུར་འཇོམས་ཅིའི་ཕྱིར་བྱེད་ཀྱིན་ཡོད་དམ། ཁྱེད་ཅག་གིས་ལོག་བཤད་དག་ལ་གཞན་གྱིས་ལེན་འདེབས་བྱེད་ཡོང་བའི་སྐབས་སུ་བཟོད་མི་ནུས་པའི་སྙིང་ནད་དེ་གང་ལས་བྱུང་བ་ཡིན་ནམ།།

སྐབས་རེར་རང་མགོ་རྡོ་ཡིས་བརྡུང་པའི་རྗེས་སུ་འཇུག་འབྲས་རང་ཐོག་ཏུ་སྨིན་ཡོང་སྐབས་༸གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་ན་མི་འགྲིག་ཚུལ་དང་། རང་ཉིད་ཁོང་ལ་གུས་བཀུར་དང་དད་ཞེན་ཆེ་རབ་སོགས་གད་མོ་ཤོར་བྱེད་ཀྱི་རྫུན་གཏམ་དེ་ཚོ་ནི་ཟེར་རྒྱུའི་ཕོངས་སོང་བ་ཙམ་ལས་རིན་ཐང་ཅན་གྱི་གཏམ་བཤད་ཞིག་སུ་ཡིས་འདོད་སྟེ། ཁྱེད་ཚོས་༸གོང་ས་མཆོག་དང་། ཁོང་གིས་དགོངས་འཆར་དང་ལངས་ཕྱོགས་ལ་ཤེས་བཞིན་དུ་ལོག་བཤད་དང་ཧམ་བཤད་བྱེད་ཡོང་བའི་སྐབས་སུ། བྱུང་རབས་ཀྱི་ལོ་རྒྱུས་དང་། མིག་སྔའི་དྲང་བདེན་དཔང་པོར་འཇོག་ནས་བཤད་མཁན་ཞིག་ཡིན་ཕྱིན་རང་ཤུགས་ཀྱི་ཁོང་ཉིད་ཀྱི་མཚན་ནི་ནམ་ཡང་སྨོས་དགོས་པ་གྱུར་ཡོད་པས་ལོས་ཡིན།།

དོལ་ཚོགས་དང་འབྲེལ་བའི་བསམ་ཚུལ་བཤད་འདོད་མཁན་དག་གིས་ཀྱང་འདས་མ་ད་གསུམ་གྱི་གནས་ཚུལ་མགོ་འཇུག་ཡོང་རྫོགས་ལ་མིག་ཟུང་ཆེ་ཙམ་བགྲད་སྟེ་བལྟས་ནས་མ་བཤད་པར་གཡག་ཞ་རའི་རྩྭ་ཟ་བ་བཞིན་བྱས་ན་རང་གཞན་སུ་ལ་ཡང་ཕན་འབྲས་ཤིག་ཡོད་མི་སྲིད་སྟེ། དེའི་རྒྱུ་མཚན་ནི། དོལ་རྒྱལ་གྱི་རྙོག་གླེང་འདི་ཡང་ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར། ཐེངས་དང་པོར་དགེ་ལུགས་ནང་ཁུལ་དུ་ཡོང་འགོ་ཚུགས་སྐབས་བླ་བྲང་ཞིག་གི་གནད་དོན་ཡིན་པའི་དབང་དུ་བཏང་ན་འདྲ། ཆོས་ལུགས་ཤིག་གི་གནད་དོན་ཡིན་ནའང་འདྲ། ཡང་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་ནའང་ཆོག ཡང་ན་བོད་རྒྱལ་ཁབ་འབོད་ནའང་ཆོག མདོར་ན་མི་རིགས་ཤིག་གི་སྲིད་གཞུང་གི་བདག་པོ་གནང་མཁན་བླ་བྲང་ཞིག་གི་ནང་དུ་བྱུང་བ་རེད་ལ། དེའི་ཤུགས་རྐྱེན་ནམ་མཇུག་འབྲས་བཟང་ངན་གང་ཡོད་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་བདག་དབང་འོག་ཏུ་ཡོད་པའི་བོད་མི་དམངས་ཀྱི་མགོ་ཐོག་ཏུ་ལྷུང་གི་ཡོད་པ་ནི་ཁྱེད་ཅག་ལ་འདོད་མོས་ཡོད་མིན་ཇི་ལྟར་ཡང་དུས་ནམ་ཡང་ཆོས་ཉིད་རང་གི་ངོ་བོ་ལས་མ་འདས། །

གལ་སྲིད་དོལ་ཚོགས་ཀྱི་གནད་དོན་དེ་བཞིན་ཆོས་ལུགས་བྱེ་བྲག་པ་གཅིག་གི་རྩོད་གླེང་ལ་ཨུ་ཚུགས་ཀྱིས་བསྒྱུར་འདོད་ན། ད་ལྟའི་དུས་འདི་ལ་མིག་མཐོང་ལག་ཟིན་གྱི་སྒོ་ནས་ཆོས་མེད་སྨྲ་བའི་སྲིད་གཞུང་གིས་དོལ་ཚོགས་ལ་མཐུན་འགྱུར་རོགས་རམ་དང་། དོལ་ཚོགས་ཀྱིས་ཀྱང་དམར་གཞུང་གི་དཔོན་རིགས་ཚོས་སྐྱག་པ་ཞིག་བྱིན་ན་ཡང་རོ་མི་ཞིམ་པ་རོ་མཆོག་ཏུ་འཛིན་པའི་འདུ་ཤེས་ཀྱི་སྒོ་ནས་ཞིམ་ཞིམ་མངར་མངར་ངང་ནས་བཟའ་བར་ཐེ་ཚོམས་གང་ཡང་མེད་པའི་གནས་སྟངས་འདི་ཡང་ཆོས་ལུགས་བྱེ་བྲག་པ་གཅིག་གི་གནད་དོན་ལ་ངོས་འཛིན་དགོས་སམ།
ད་དུང་གནས་ཡུལ་རྒྱ་གར་གཞུང་དང་། དེ་མིན་ནུབ་ཨ་རི་སོགས་ནུབ་ཕྱོགས་ཀྱི་སྲིད་གཞུང་ཁག་གིས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་དོལ་ཚོགས་ཀྱི་གནད་དོན་འདི་བཞིན་ཅིའི་ཕྱིར་ཁྱེད་ཅག་གིས་ཆོས་ལུགས་བྱེ་བྲག་པའི་གནད་དོན་ལ་བཙན་བརྫངས་བྱེད་ཀྱིན་དམ། དོན་དངོས་སུ་རྒྱབ་ལོག་ནས་ཅི་ཞིག་གཡོས་སྦྱོར་བྱེད་ཀྱིན་ཡོད་དམ།

ཡང་བླུན་པོ་རེ་འགས་བཤད་རྒྱུར། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བརྩིས་སྤྲོད་གནང་ནས་རྒན་ཡོལ་དུ་ཕེབས་ཟིན་པ་ཡིན་པས་ཁོང་ལ་སྐྱོན་བརྗོད་བྱས་ཀྱང་གནད་འགག་མེད་ཚུལ་གྱི་མདོར་ན་ཡུན་རིང་མངོན་པར་མ་གསལ་བའི་རང་གི་དེ་ཉིད་དེ་ཡང་སྤྱི་ཚོགས་ཀྱི་མིག་སྔར་བཤམས་འདུག་སྟབས་སྤྱིའི་ཆ་ནས་དམིགས་བསལ་འགྲེལ་བཤད་དགོས་གལ་མ་མཐོང་མོད། རེ་ཟུང་ཞིག་བཤད་ན། བོད་མི་དམངས་ཀྱི་བསམ་པའི་དཔལ་ཡོན་ཟེར་ན་ཆོག །མཚོན་དོན་ཟེར་ན་ཆོག
གང་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གུས་བཀུར་ཞུ་མཁན་གྱི་མི་བུ་ཞིག་ཡིན་ཕྱིན་༸མགོན་པོ་གང་ཉིད་ཀྱི་མཚན་ནི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་གལ་གནད་ཆེ་ཤོས་ལ་ངོས་འཛིན་ཐོག་ནས་བཀོད་ཡོད་པ་རེད་ལ། ད་ལྟའི་དུས་འདིར་རྒྱལ་སྤྱིའི་ནང་དུ་༸མགོན་པོ་གང་ཉིད་ཀྱི་མཚན་གནས་ལས་ཡུལ་ལུང་སོ་སོར་སྐུ་ཚབས་དོན་གཅོད་ཁག་གནས་དགོས་པ་དང་། རྒྱལ་བོད་འབྲེལ་མཐུད་ཀྱི་སྐད་ཆ་བཤད་དགོས་ཚེ་བརྒྱུད་ལམ་གཅིག་ཁོ་ནར་ལས་མེད་པའི་དབང་གིས༸གོང་ས་མཆོག་གི་མཚན་གནས་གཡར་དགོས་བྱུང་གིན་ཡོད་པ་ནི་འདས་མ་ད་གསུམ་གྱི་གནད་དོན་མང་ཙམ་ཞིག་ལ་བསམ་བློ་འཁོར་ཐུབ་པ་ཡིན་ན་གལ་འགངས་ཆེ་ཆུང་དང་། དགེ་མཚན་ཡོད་མིན་རྩོད་པ་དགོས་དོན་ག་ལ་ཡོད།
སྤྱིར་བཏང་བདེ་ས་ནས་ཨ་ལ་ཐ་ལ་དང་། འགག་དོག་ས་ནས་ཨོ་རྒྱན་པདྨ་ཟེར་མཁན་དེ་དག་ནི་འགྲོ་བ་མི་ཞིག་ལ་དགོས་པའི་མ་མཐའི་ཆ་རྐྱེན་སྟེ་མི་གཞི་ཀུན་སྤྱོད་དེའང་ཁྱི་ལས་ལོད་སོང་བའི་རང་རྟགས་ལས། ཆེན་པོ་དང་གཉེན་པོ་ཞིག་ག་ལ་ཡིན།།

མཇུག་མཐར་གསལ་བཤད་བྱ་རྒྱུར། ངས་དེ་སྔར་ཐེངས་མང་བཤད་ཟིན་པ་ལྟར། མང་གཙོའི་གཞུང་ཞིག་ལ་མཚོན་ན་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་དང་། ལངས་ཕྱོགས་དང་ལྟ་བ་འདྲ་མིན་དགོས་པ་ནི་མང་གཙོའི་གཞུང་ཞིག་ལ་མཚོན་ན་དགེ་མཚན་དང་གཟི་བརྗིད་ཟེར་ནའང་ཆོག་གང་ལྟར་ཡན་ལག་དང་ཉིང་ལག་ལྟ་བུར་ངོས་འཛིན་ཞུ་སྲོལ་ཡོད་པ་ལྟར་ངས་ཀྱང་དེ་ལྟར་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་དུ་བོད་མིའི་བཙན་བྱོལ་བ་ལ་མཚོན་ནའང་གཞོན་ལྷན་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་དག་ལ་ནུས་པ་ཡོད་མིན་དང་། འཇོན་ཐང་ཡོད་མིན་ལ་མ་བལྟོས་པར་གང་ལྟར་དགེ་མཚན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

ཡིན་ནའང་། སྐབས་འཚོལ་བ་རེ་ཟུང་གིས་ལངས་ཕྱོགས་འདྲ་མིན་ཁ་ལ་འཁྱེར་བཞིན་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ཐུག་པ་དཀྲུག་དཀྲུག་བྱེད་མཁན་དང་། ཌཱ་རི་འདྲ་བའི་མགོ་གཉིས་མ་དང་། དྲིལ་བུ་འདྲ་བའི་ལྕེ་གཉིས་མ་དག་ལ་བརྡ་ལན་རེ་སྤྲོད་པའི་སྐབས་སུ་གཞོན་ལྷན་དང་། ༸གོང་ས་མཆོག བཙན་བྱོལ་སྒྲིག་འཛུགས། དབུ་མའི་ལམ་སོགས་ཀྱི་མིང་ཚིག་འདི་ཚོ་རང་བཞིན་གྱི་བེད་སྤྱོད་མི་བྱེད་ཀ་མེད་དུ་འདུག་ལགས་ན་སྐབས་སོ་སོའི་གོ་དོན་མ་ནོར་བ་གནང་རོགས་ཞུ་རྒྱུ་དང་། རྩོམ་ཡིག་འདིས་རྐྱེན་བྱས་ནས་མི་སྐད་སྨྲ་མཁན་དག་ལ་གང་འོས་ཀྱི་ལན་རེ་དང་། ཁྱི་སྐད་སྨྲ་མཁན་དག་ལ་ནི་ད་ལྟ་ནས་ཁྱི་གྲལ་དུ་བཞག་པ་ཡིན་པས་དེ་ལུགས་གོ་བ་བྱོས།།

སྣ་ཚོགས།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་མཐའ་མ།
Next Post: གསར་འགོད་གསལ་བསྒྲགས་ཤིག

Comments (12) on “སྐབས་སུ་བབས་པའི་གཏམ་དང་། དུས་སུ་བབས་པའི་ཆར།”

  1. རོང་པོ་འཇོ་ན་ནས says:
    2014-09-25 at 8:50 am

    འཇམ་གཅེས་ལགས་དངོས་ནས་ངོ་མི་ཚ་འམ། མི་རིགས་ཀྱི་ལ་རྒྱ་དང་དྲང་བདེན་ཟེར་བ་ཁྱོད་ལ་མྱོང་ཚོར་ཞིག་མི་འདུག་གམ། དུས་རྟག་ཏུ་སྐབས་འཚོལ་བའི་སྐད་ཆ་མ་ཏོགས་མི་ཤེས་སམ། འོ་ན་ཤེས་བཞིན་ཁྱད་བསོད་ཡིན་ནམ། ངོ་མ་སྐྱོ་བ་ལ།

  2. འཇམ་གཅེས། says:
    2014-09-25 at 9:17 am

    རེད་རེད། ངོ་ཚ་མེད་པའི་བྱ་སྤྱོད་སྤེལ་མཁན་དེ་ང་རེད་དམ། ཁྱེད་ཅག་དོལ་ཚོགས་ཡིན་ཡོངས་སུ་གྲགས་བཞིན་པ་རེད། དོལ་ཕྲུག་ཁྱོད་ལ་ལན་འདི་ལས་འདེབས་མི་འདོད།

  3. དྲན་དཀར་དཔལ་ཡོན་ says:
    2014-09-25 at 12:40 pm

    བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཇམ་གཅེས་ལགས། བྱོན་ལེགས། དོལ་མིར་འདི་རབ་ཏུ་བྱུང་དུས་འདུལ་བ་དགོས་མདོག འདུལ་བའི་ཁྲིམས་དང་འགལ་དུས་མི་དགོས་མདོག་མདོག དོལ་ཕྲུག་ཁ་ལག་མི་གཙང་བ་འདི་ཚོར་གར་འགྲོ་གར་ཡོང་སྐྱག་དྲི་འཚུབས་སེ་འདུག་ག

  4. སྲིན་པོ་རྫ་རྒན་ says:
    2014-09-27 at 12:43 am

    ཚར་གཅིག་བཀླགས་པ་ཡིན། ཡིག་ནོར་མང་དྲགས་ནས་ཀློག་ཁག་ཙམ་དང་གོ་ཁག་ཙམ་བྱུང་། ཐུགས་རྗེ་ཆེ།

  5. དྲན་དཀར་དཔལ་ཡོན་ says:
    2014-09-27 at 7:49 am

    དྲྭ་བར་ཞལ་མཁས་མང་ཡང་བསམ་དཀར་དཀའ།།
    བློ་དཀར་གཞུང་དྲང་མི་སེར་གྲགས་ཅན་རིགས།།
    ཞོལ་གཡག་བཞོན་བྱས་ཅོ་རུའི་སྒ་གཡོགས་ཅན།།
    གངས་རིའི་ཕོ་རྒོད་འཇམ་གཅེས་ལྷ་རྒྱལ་ལོ།།
    ཧ་ཧཧ།

  6. འཇམ་གཅེས། says:
    2014-09-27 at 9:44 am

    ཡང་དག་ཚིག་གི་མདའ་མོ་རེ་འགའ་ཡིས།།
    ལོག་ལྟའི་བྲག་རི་རྨོངས་ནས་འཇོམས་པ་བྱས།།
    བདེན་པའི་གད་རྒྱང་དབྱངས་སུ་གྱེར་བ་ཡིས།།
    ཝ་སྐྱེས་ཚོགས་ཀུན་མི་སྨྲའི་གནས་སུ་བཀོད།།

    མ་བཅོས་བཞིན་བཟང་རྟ་བདུན་དབང་པོའི་འོད།།
    ལྟས་ངན་འུག་རྒན་ཚོགས་ཀྱི་མཐོང་བྱེད་སྒྲིབ།།
    འོན་ཀྱང་གཟུར་གནས་བློ་གྲོས་པདྨ་དཀར།།
    འདབ་བརྒྱ་ཕྱོགས་ཀུན་བཞེད་འདིར་ཨེ་མ་ཧོ།།

  7. ཞོལ་གཡག་འབྲོང་རྒྱུད། says:
    2014-09-27 at 12:38 pm

    བྱང་ཐང་སྟོང་པར་བོང་བུ་ཁེར་རྒྱུགས་བྱེད།
    རྫ་རོང་ཟུར་ན་སྤྱང་ཀིས་ངུ་འབོད་བྱེད།
    རྒྱ་ཐང་རོང་ན་ཁྱི་སྤྱང་ངུར་སྒྲས་ཁེངས།
    རྩ་ཐང་སྟེང་གི་འབྲོང་གཡག་ལྷིང་འཇགས་དཀྲོགས། ཧ་ཧ།

  8. ཞོལ་གཡག་འབྲོང་རྒྱུད། says:
    2014-09-27 at 12:39 pm

    ཁྱི་སྤྱང་ངུ་སྒྲས། ལ་བཅོས།

  9. འཇམ་གཅེས། says:
    2014-09-27 at 1:09 pm

    ཁྱི་སྤྱང་ཝ་དང་འགྲོག་སའི་ཁོར་ཡུག་ནང་།།
    བདེན་དོན་རིན་ཆེན་སྒ་སྲབ་རྒྱན་བཟང་སྤྲས། །
    གནས་ལུགས་བང་རྩལ་མྱུར་མགྱོགས་རླུག་ནག་འགྲན། །
    རྣམ་དཔྱོད་རྨིག་སྒྲས་ཁྱི་རྐུན་རྣ་བར་བཟན།།

  10. ཞོལ་གཡག་འབྲོང་རྒྱུད། says:
    2014-09-27 at 2:45 pm

    གནས་ལུགས་རྨོངས་པའི་བོང་བུ་ཁེར་རྒྱུགས་དེ།
    རྨོངས་དད་སྒ་སྲབ་རྒྱན་དུ་སྤྲས་གྱུར་ཀྱང་།
    རྣམ་དཔྱོད་སྟུག་དྲིའི་རླུང་འཚུབ་རྒྱུན་ཆད་མེད།
    རྫུན་སྒྲོགས་བང་རྩལ་རླུང་ནག་རྟ་ལ་འགྲན།

  11. འཇམ་གཅེས། says:
    2014-09-28 at 6:33 am

    མདུན་གྱི་ལམ་སྣེ་གཡང་ལ་ཐུག་རུང་ཕྱིར་ནུབ་བསམ་པ་མེད་དང་གཅིག །
    རྒྱབས་ཀྱི་མྱི་ཁ་ཐོག་ལས་ཚ་རུང་ཕྱི་བལྟས་བྱ་འདོད་མེད་དང་གཉིས།།
    ཕྱོགས་མཚམས་ཀུན་ནས་སྡང་མིག་བགྲད་རུང་ངོ་བསྲུང་བྱ་འདོད་མེད་དང་གསུམ།།
    མེད་པ་གསུམ་འདི་བདག་ལ་མངའ་བའི་གདོད་མའི་ལྷན་སྐྱེས་གཤིས་ཀ་ཡིན།།

    ལེགས་ཉེས་གང་ཡིན་དྲང་གཏམ་ལམ་ནས་ཁ་ཐུག་འཆད་པ་དགའ་དང་གཅིག །
    བདེན་རྫུན་གང་ཡིན་འགན་ཁུར་ལྡན་པའི་ཇུས་གཏོགས་བྱེད་པ་དགའ་དང་གཉིས། །
    སུ་ཞིག་ཡིན་རུང་ཁ་གཏད་ལངས་ནས་འདི་དང་འདི་ཞེས་གསལ་བཤད་གསུམ། །
    ང་ཡི་དགའ་ཕྱོགས་ངོ་མ་ཡིན་པས་ནམ་ཡང་མཚམས་འཇོག་བྱ་འདོད་མེད། །

    སྡ་མ་ཝ་ཡིས་སྐད་ངན་་དེ་དང་ཐན་བྱ་འུག་པའི་ཧ་རྒོད་གཉིས།།
    ཁྱི་སྤྱང་ལྟོག་པའི་ངུ་ཟུག་དེ་དང་ཁྭ་ཏ་ནག་པོའི་ཨག་སྐད་བཞི།།
    བོང་བུའི་རྒན་པོའི་སྐད་ངན་དེ་དང་སྤྱི་ཚོགས་དྲྭ་འབུ་གཤིས་སྤྱོད་དྲུག།
    ནམ་ཡང་མིག་གི་ཚེར་མར་འཛིན་ཡོད་ཆོ་ངེར་འདོན་མིན་རང་འདོད་བྱོས།།

    ཧི་ཧི་ཧི་་

  12. བཀྲ་ཤིས། says:
    2014-09-30 at 7:13 am

    ལས་ཀ་མེད་པའི་ལས་ཀ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme