Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་གྲུ་MH370 གང་དུ་ཡོད།

Posted on 2014-09-242014-09-24 By སྤོབས་པ་མཐའ་ཡས། 4 Comments on གནམ་གྲུ་MH370 གང་དུ་ཡོད།

སྤོབས་པ་མཐའ་ཡས།
—–MH370 བོར་ནས་ལོ་ཕྱེད་འཁོར་བའི་ཉིན་བྲིས།

 
༢༠༡༤ལོའི་ཟླ་༥ པའི་ཚེས་༨ ཉིན་ལ་མ་ལའེ་ཤི་ཡའི་མཁའ་འགྲུལ་གྱི་གནམ་གྲུ་MH370 ལོ་ཕྱེད་ལྷག་གི་གོང་དུ་གར་སོང་ཆ་མེད་དུ་གྱུར་པར་བསྒྲགས། ལོ་ཕྱེད་འགོར་བའི་དེ་རིང་གི་ཉིན་བར་དུ་ཚོགས་པ་ལས་ཁུངས་མང་པོས་མི་ཤུགས་རྒྱུ་ཤུགས་ཕངས་མེད་བཏང་ནས་འཚོལ་བཞིན་ཡོད། འགྲོ་སོང་ཚབ་ཆེ་ཤོས་ཀྱི་གནམ་གྲུ་བོར་སྟོར་དོན་རྐྱེན་ཞིག་ཏུ་གྱུར་ཡོད་ཟེར། ཡིན་ན་ཡང་། གནམ་གྲུ་དེར་དོན་རྐྱེན་གང་བྱུང་ཤེས་མེད། དོན་དངོས་ཡོད་ལ་མ་ལའེ་ཤི་ཡའི་གཞུང་གིས་ཆེད་དུ་སྦས་ནས་གཡོ་ཐབས་བྱེད་བཞིན་པ་མ་གཏོགས་དོན་དུ་གནམ་གྲུ་གར་སོང་མ་གོ་བ་གཏན་ནས་མིན་པ་འདྲ།
རྩོམ་ཐུང་འདིའི་ནང་ལ་ངས་གནམ་གྲུ་དེ་འཇིགས་སྐུལ་རིང་ལུགས་པས་གཏོར་བཅོམ་བྱས་པའམ་ཡང་ན་འཕྲུལ་ཆས་ལ་སྐྱོན་བྱུང་ནས་ཆག་སྒོ་དེ་ལྷགས་པ་ཡིན་ཡང་། མ་ལའེ་ཤི་ཡའི་གཞུང་གིས་སྦས་སྐུང་བྱས་སྲིད་པའི་རྒྱུ་མཚན་ཁ་ཤས་ཤིག་དྲངས་ཡོད།
དེ་ཡང་གནམ་གྲུ་བརྡབ་སྐྱོན་གྱི་གནས་ཚུལ་དྲང་པོར་བསྒྲགས་ན་ཡུལ་དེའི་དཔལ་འབྱོར་ལ་གྱོང་ཕོག་སྲིད་པ། ཨ་མེ་རི་ཁ་དང་རྒྱ་ནག་གིས་གཙོས་པའི་ཕྱིའི་སྤྱི་ཚོགས་ཀྱི་ཞི་དྲག་གནོན་ཤུགས་ནང་དུ་སླེབས་སྲིད་པ། ཡུལ་དེའི་སྤྱི་ཚོགས་ཀྱི་མཚན་མཐོང་ལ་གནོད་པ། ཨི་ཟི་ལམ་གྱི་ཆོས་ལུགས་ཀྱི་མཚན་སྙན་ལ་གནོད་སྐྱོན་ཐེབས་ངེས་པ་སོགས་ཀྱི་འཇིགས་སྣང་ལ་བརྟེན་ནས་ཁོང་ཚོས་སྦས་སྐུང་བྱས་པ་ཡིན་ནམ།

དང་པོ། མཁའ་འགྲུལ་དང་ལྟ་སྐོར་ཡོང་སྒོ་ལ་གྱོང་ཕོག་རྒྱུ་ཡིན་པ། མ་ལའེ་ཤི་ཡ་ནི་ཡུལ་སྐོར་དང་འགྲིམ་འགྲུལ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་སྟབས་འགྲིམ་འགྲུལ་དང་ལྗོངས་རྒྱུ་བའི་ཡོང་སྒོས་ཡུལ་དེའི་དཔལ་འབྱོར་འཕར་སྣོན་ཆེན་པོ་ཡོང་གིན་ཡོད། ཡུལ་དེའི་སྐད་གྲགས་དང་ཁྱབ་རྒྱ་ཆེ་བའི་མཁའ་འགྲུལ་གྱི་གནམ་གྲུ་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱས་པའམ་འཕྲུལ་ཆས་ལ་སྐྱོན་བྱུང་ཆག་སྒོ་ལྷགས་པའི་མིང་ཆད་ངན་པ་ཕོག་ན་དེ་ནི་མ་ལའེ་ཤི་ཡའི་མཁའ་ལམ་ལ་སྲུང་སྐྱོབ་མི་བཟང་བ་དང་། གལ་སྲིད་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་བྱུང་ནས་བརྡབ་བསིག་བྱུང་བ་ཡིན་ན་འཕྲུལ་ཆས་ལ་བརྟག་དཔྱད་དང་སྤུས་ཚད་ཞན་པའི་མཐོང་ཕྱོགས་བསྐྲུན་པར་ཐག་ཆོད་པ་རེད།
དེར་བརྟེན་འགྲུལ་བ་དང་ལྗོངས་རྒྱུ་བ་ཚོར་རང་བཞིན་གྱིས་འཇིགས་སྣང་སླེབས་ངེས་པས་འགྲིམ་འགྲུལ་བས་ཡུལ་དེའི་མཁའ་འགྲུལ་བེད་སྤྱོད་པ་ཉུང་དུ་འགྲོ་བ་དང་། ལྗོངས་རྒྱུ་བ་ཡུལ་དེར་བསྐྱོད་ཚད་ཉུང་དུ་འགྲོ་བ་གཏན་ཁེལ་བ་རེད། མ་ལའེ་ཤི་ཡའི་ཕྱོགས་ནས་ཡུལ་དེའི་དཔལ་འབྱོར་ཡོང་སྒོ་ལ་གྱོང་མི་ཕོག་པའི་ཆེད་དུ་གནམ་གྲུ་གར་སོང་མ་ཤེས་ཁུལ་བྱས་ནས་གནས་ཚུལ་ངོ་མ་སྦས་པ་ཡིན་ནམ།

གཉིས་པ། ཡུལ་དང་ཡུལ་དེའི་སྤྱི་ཚོགས་ཀྱི་མཚན་མཐོང་ལ་གནོད་པ། འཇིགས་སྐུལ་རིང་ལུགས་པ་ནི་དེང་དུས་སུ་ཨ་མེ་རི་ཁས་སྣེ་ཁྲིད་པའི་མཐུན་ཕྱོགས་ཁག་དང་། བྱང་ཨ་ཊི་ལན་ཊའི་སྒྲིག་འཛུགས། རྒྱལ་ཚོགས་མཉམ་འབྲེལ་གྱི་ཞི་བདེའི་སྲུང་དམག་སོགས་ཀྱིས་རྒོལ་རྡུང་གཏོང་ཡུལ་ཡོད་ན་མེད་ན་དེ་ཡིན། མ་ལའེ་ཤི་ཡ་ནི་ལྟོས་འཇོག་གིས་བལྟས་ན་ཅུང་ཞི་བདེ་ཡོད་པའི་ཡུལ་ལུང་གི་གྲས་ཡིན། འོན་ཀྱང་གློ་བུར་དུ་ཉེས་མེད་ཀྱི་འགྲུལ་བཞུད་པ་སྐྱེལ་བྱེད་ཀྱི་གནམ་གྲུ་ཞིག་ལ་ཡུལ་དེའི་འཇིགས་སྐུལ་བས་གཏོར་སྐྱོན་བཏང་བའི་གནས་ཚུལ་ཁྱབ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོར་མ་ལའེ་ཤི་ཡའི་ཡུལ་དང་དེའི་དེའི་མི་མང་ལ་ཡང་འཇིགས་སྣང་ངམ་མཐོང་ཚུལ་ངན་པ་རང་ཤུགས་ཀྱིས་སླེབས་ཡོང་ངེས་ཡིན་པས་དེ་མི་འབྱུང་བའི་ཆེད་དུ་དོན་དངོས་སྦས་གསང་བྱས་པ་ཡིན་ནམ།

གསུམ་པ། ཆབ་སྲིད་ལངས་ཕྱོགས་ཐད་ནས་རྒྱལ་སྤྱིའི་དོག་ཟོན་བྱ་ཡུལ་དང་ནང་སྲིད་ལ་ཇུས་གཏོགས་ཡོང་བའི་ཉེན་ཁ་ཡོད་པ། མིས་ཆེད་དུ་གཏོར་བཅོམ་བྱས་པ་ཡིན་སྲིད། དེ་ལྟར་ན་འཇིགས་སྐུལ་རིང་ལུགས་པས་ཡུལ་དེའི་ཉེས་མེད་འགྲུལ་སྐྱེལ་བའི་གནམ་གྲུ་གཏོར་བཅོམ་བྱས་ཚུལ་གྱི་གནས་ཚུལ་དེས་ཡུལ་དེ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོར་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཚོགས་སྡེ་ཞིག་ཡོད་པར་ངོས་འཛིན་པར་ཐག་ཆོད་པ་རེད།
ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁག་ལ་ཨ་མེ་རི་ཁའི་ཞི་དྲག་གི་ནུས་ཤུགས་ཁྱབ་རྒྱ་ཆེན་པོ་ཡིན་ཐོག་དེའི་མཐུན་ཕྱོགས་ཡུལ་ལུང་སྤྱི་ཚོགས་མང་པོས་ཀྱང་དགྲ་དོག་དང་དོ་སྣང་གི་གྲང་རླུང་བསིལ་པོ་ཞིག་ཡུལ་འདིར་སླེབས་ཐག་ཆོད་པ་རེད། ལྷག་པར་ཐེངས་འདིར་གནམ་གྲུའི་ནང་གི་འགྲུལ་བ་མང་ཆེ་བ་རྒྱ་ནག་གི་མི་སེར་ཡིན་པས་རྒྱ་ནག་གིས་ཀྱང་ལག་པ་འཇུ་བར་ཐག་ཆོད་པ་རེད།

ཉེ་བའི་དུས་འདིར་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མང་པོར་ཞི་དྲག་གཉིས་ཀྱི་ཤུགས་རྐྱེན་སྤེལ་བཞིན་ཡོད། ཐེངས་འདིར་རྒྱ་ནག་གི་མི་སེར་བརྒྱ་ཕྲག་ལྷག་ཅིག་མ་ལའེ་ཤི་ཡའི་འཇིགས་སྐུལ་རིང་ལུགས་པས་བསད་སོང་ཟེར་བའི་གནས་ཚུལ་ཁྱབ་ན་རྒྱ་ནག་གིས་མ་མཐའ་ཡང་ཡུལ་འདིའི་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་བ་སོགས་ཀྱིས་ཤུགས་རྐྱེན་གསར་པ་ཞིག་སྤེལ་ཐབས་བྱེད་ངེས་པ་རེད། དེར་བརྟེན་མ་ལའེ་ཤི་ཡས་གནམ་གྲུར་རྐྱེན་ངན་ཅི་བྱུང་གི་དོན་དངོས་སྦས་པ་ཡིན་ནམ།

བཞི་པ། ཁ་ཆེའི་ཆོས་ལུགས་ཀྱི་མཚན་མཐོང་ལ་གནོད་པ། མ་ལའེ་ཤི་ཡ་ནི་ཁ་ཆེའི་མི་འབོར་གྱིས་བརྒྱ་ཆ་ཕལ་ཆེ་བ་ཟིན་པའི་སྤྱི་ཚོགས་ཤིག་ཡིན། ཁ་ཆེའི་ཆོས་ལུགས་གི་ལྟ་བ་འཛིན་པའི་ཡུལ་མི་ཚོར་གཞུང་ངོས་ནས་ལྟ་རྟོག་དང་ཐོབ་ཐང་ཡང་དམིགས་བསལ་ཡོད། སྐབས་འདིར་གལ་སྲིད་མིས་ཆེད་དུ་མ་ལའེ་ཤི་ཡའི་མཁའ་ལམ་ལ་གཏོར་བཤིག་བྱས་པ་ཡིན་ན་བྱེད་མཁན་གྱི་མི་སྣ་དེ་ཚོ་ཡང་གཅིག་བྱས་ན་ཁ་ཆེའི་ཆོས་ལུགས་པའི་མིང་ཁྱེར་མཁན་ཡིན་སྲིད་པ་རེད།
ཨ་མེ་རི་ཁ་དང་དེའི་མཐུན་ཕྱོགས་ཚོས་ཁ་ཆེའི་ལྟ་བ་འཁྲེགས་འཛིན་ཅན་དང་འཇིགས་སྐུལ་རིང་ལུགས་པ་ངོ་བོ་གཅིག་ཏུ་བསྒྲུབ་ཅི་ཐུབ་བྱེད་ཀྱིན་ཡོད་པ་དང་། དགུ་བཅུ་གཅིག་གི་དོན་རྐྱེན་གྱི་རྗེས་སུ་ཨ་མེ་རི་ཁ་ཆེའི་ཆོས་ལུགས་ལ་དད་པའི་ཡུལ་ལུང་དུ་མར་བཙན་འཛུལ་བྱས་པ་དང་། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མང་པོ་ཞིག་ཁ་ཆེའི་ཆོས་ལུགས་པའི་མགོར་འཇོག་པ། འཇིགས་སྐུལ་རིང་ལུགས་པར་བསྙད་དེ་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་ཚོགས་སྡེ་མང་པོར་དྲག་པོའི་ཐབས་ཤེས་ཡོད་རྒུས་རྒོལ་རྡུང་གཏོང་བཞིན་ཡོད།

རྒྱ་ནག་གིས་ཀྱང་གོ་སྐབས་དེ་བཟུང་ནས་ཁྱི་རྐུན་འོ་ཟོའི་ཁ་ན་མཐུན་པའི་དཔེ་བཞིན་དུ་ཤིན་ཅང་གི་རང་དབང་དོན་གཉེར་བ་ལ་རྒོལ་རྡུང་གཏོང་ཆེད་དུ་རྒྱ་ནག་ཀྱང་འཇིགས་སྐུལ་རིང་ལུགས་པའི་གནོད་སྐྱོན་ཕོག་པའི་ཡུལ་ལུང་ཡིན་ཚུལ་བསྒྲགས་ནས་ནམ་ཡིིན་ཡང་ཤིང་ཅང་གི་ཁ་ཆེའི་ཆོས་ལུགས་ལ་དམ་དྲག་རྩུབ་མོ་བྱེད་ཀྱིན་ཡོད། དེར་བརྟེན་མ་ལའེ་ཤི་ཡའི་གཞུང་གིས་ཁ་ཆེའི་ཆོས་ལུགས་པ་ཞིག་གིས་གནམ་གྲུ་གཏོར་རྒོལ་བྱས་སོང་ཞེས་དྲང་པོར་བསྒྲགས་ན་ཨ་མེ་རི་ཁ་དང་རྒྱ་ནག་གཉིས་ཆར་གྱི་ཕྱོགས་ནས་ཁ་ཆེའི་ཆོས་ལུགས་ལ་སྒྲོ་བཏགས་སྐུར་འདེབས་ཀྱིས་མཚན་མཐོང་གཅོག་པའི་འབད་བརྩོན་བྱེད་པར་ཞེད་ནས་དོན་དངོས་དེ་སྦས་པ་ཡིན་སྲིད།

མཇུག་བསྡུ་བ། གོང་དུ་བགྲང་པ་བཞིན་ཡུལ་དེའི་དཔལ་འབྱོར་དང་། ཆབ་སྲིད་བརྟན་ལྷིང་། སྤྱི་ཚོགས་ཀྱི་ཆེ་མཐོང་། ཆོས་ལུགས་ཀྱི་མཚན་སྙན་བཅས་ལ་བསམ་གཞིག་དང་ཁེ་གྱོོང་ལ་གཞིག་ནས་ཐེངས་འདིར་གནམ་གྲུ་དེར་རྐྱེན་ངན་བྱུང་བའི་་གནས་ཚུལ་ངོ་མ་མ་ལའེ་ཤི་ཡའི་གཞུང་གིས་སྦས་སྐུང་བྱས་པ་ཞིག་ཡིན་པ་འདྲ། གནད་དོན་དེ་དང་བསྟུན་ནས་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མ་ལའེ་ཤི་ཡའི་མཁའ་ལམ་སྟངས་འཛིན་ཚོགས་སྡེ་དང་སྲིད་གཞུང་ལ་གནས་ཚུལ་གསལ་སྟོན་ཡོང་བའི་གནོན་ཤུགས་སྤྲོད་རྒྱུ་དང་། ཆེད་ལས་པས་མངོན་ལྐོག་བརྒྱུད་གསུམ་གྱིས་རྩད་གཅོད་རྒྱུན་མ་ཆད་པ་བྱ་རྒྱུ་གལ་ཆེན་རེད་སྙམ་མོ།།

དཔྱད་རྩོམ།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་བཅུ་བ།
Next Post: འཕེལ་གྱུར་རིག་པའི་བྱུང་བ་སྙིང་བསྡུས།

Comments (4) on “གནམ་གྲུ་MH370 གང་དུ་ཡོད།”

  1. ཁྲི་རལ་པ་ཅན་ says:
    2014-09-24 at 8:12 am

    ཇུས་མེད་ཇུས་གཏོགས་རང་རེད།

  2. ནུབ་ཕྱོགས་གངས་ཕྲུག says:
    2014-09-24 at 11:53 am

    ཡག་པོ་འདུག ཕྱིས་སུ་ཡང་བསྐྱར་ཡུཀ་རན་དུ་མ་ལེཤི་ཡ་གནམ་གྲུ་འཐོར་ནས་བཟུང་། ཡུལ་དེའི་འགྲུལ་བསྐྱེལ་གནམ་གྲུའི་ཚོང་ལ་གྱོང་གུད་་བྱུང་བཞིན་པ་གནས་ཚུལ་ཞིག ཟླ་བ་རེ་ཟུང་སྔོན་ལ་འཐོན་འདུག

  3. བཀྲ་ཤིས་སྒྲོལ་མ། says:
    2014-09-25 at 9:19 am

    འབྲེལ་མེད་དོན་གཞན་དང་ཇུས་མེད་ཇུས་གཏོགས་ཞེས་པའི་དཔེ་མཚོན་ཡག་ཤོས་ཤིག་རེད།

  4. སྤོབས་པ་མཐའ་ཡས། says:
    2014-09-26 at 2:46 am

    ང་ཡང་འཛམ་གླིང་སྤྱི་ཚོགས་ཀྱི་ཚོགས་མི་ཞིག་ཡིན་སྟབས་འཛམ་གླིང་སྤྱི་ཚོགས་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་པའི་ཐོབ་ཐང་དང་འོས་འགན་གཉིས་ཆར་ཡོད་པ་ཤེས་པར་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme