Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།

Posted on 2010-02-062010-02-08 By ཁ་བརྡ་ 8 Comments on བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།

ཀ་ྐླན་འཇམ་དབྱངས་གྲགས་པ།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
སྦྲང་ནག་བཞིན་ང་ཚོའི་མིག་སྔར་འགུལ་དུས།
མཛེས་སྡུག་ཟེར་བ་ཞིག་སྦྱིན་མ་མྱོང༌།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
གྲྭ་བ་ལས་ཀྱང་ཚུལ་ཁྲིམས་གཙང་བའི་སྐྱེས་པ་ཞིག་གིས་བྲིས-པདང་འདྲ།
བོད་སྐད་ལ་ཆ་རྒྱུས་སྟོང་བའི་མགོ་སེར་ཞིག་གིས་འཆད་པ་ལྟར་སྣང༌།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོས་བྱིན་པའི།
ཆེས་སྤྱིར་བཏང་དང་ཆེས་ཐུན་མོང་གི་ཚོར་བ་རབ་རིབ་ནི།
ཁོ་མོས་ང་གཡུགས་སོང་དང་ཕྱིར་བལྟས་མེད་པ་བུད་སོང་ཟེར་བ་དེ་རེད།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ་ཀློག་པ་ལས།
ཨ་ཕྱིའི་གནའ་སྒྲུང་སེམས་ཀྱིས་ཀློག་ན་ཅི་འདྲས་སྙན།
ཨ་མའི་འོ་ཞོ་ཡིད་ཀྱིས་མྱོང་ན་ཅི་འདྲས་ཞིམ།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
ཚོར་བ་ལས་བཞུར་མ་ཡོང་བའི་ཕྱིར།
ཚོར་བ་ཞིག་སྟེར་ཡང་མི་སྲིད།

བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
ཐབས་ཆག་ཡིན་པའི་རྒྱུ་མཚན་གཙོ་བོ་ནི།
དང་པོ་ནས་ཐབས་ཆག་ཡིན་པས་རེད།༢༠༡༠ ༢ ༢

སྙན་ངག

Post navigation

Previous Post: རྒྱ་ནག་གི་རྫུན་གཏམ་ལ་སུས་བདེན་པར་འཛིན་ནམ།
Next Post: རེ་བ་དང་ཡིད་ཆེས་ཀྱིས་བརྟས་པའི་བོད་ཀྱི་མ་འོངས་པ།

Comments (8) on “བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།”

  1. ཤ་ཀླན་བུ says:
    2010-02-08 at 12:35 am

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    སྦྲང་ནག་བཞིན་ང་ཚོའི་མིག་སྔར་འགུལ་དུས།
    མཛེས་སྡུག་ཟེར་བ་ཞིག་སྦྱིན་མ་མྱོང༌།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    གྲྭ་བ་ལས་ཀྱང་ཚུལ་ཁྲིམས་གཙང་བའི་སྐྱེས་པ་ཞིག་གིས་བྲིས-པདང་འདྲ།
    བོད་སྐད་ལ་ཆ་རྒྱུས་སྟོང་བའི་མགོ་སེར་ཞིག་གིས་འཆད་པ་ལྟར་སྣང༌།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོས་བྱིན་པའི།
    ཆེས་སྤྱིར་བཏང་དང་ཆེས་ཐུན་མོང་གི་ཚོར་བ་རབ་རིབ་ནི།
    ཁོ་མོས་ང་གཡུགས་སོང་དང་ཕྱིར་བལྟས་མེད་པ་བུད་སོང་ཟེར་བ་དེ་རེད།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ་ཀློག་པ་ལས།
    ཨ་ཕྱིའི་གནའ་སྒྲུང་སེམས་ཀྱིས་ཀློག་ན་ཅི་འདྲས་སྙན།
    ཨ་མའི་འོ་ཞོ་ཡིད་ཀྱིས་མྱོང་ན་ཅི་འདྲས་ཞིམ།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    ཚོར་བ་ལས་བཞུར་མ་ཡོང་བའི་ཕྱིར།
    ཚོར་བ་ཞིག་སྟེར་ཡང་མི་སྲིད།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    ཐབས་ཆག་ཡིན་པའི་རྒྱུ་མཚན་གཙོ་བོ་ནི།
    དང་པོ་ནས་ཐབས་ཆག་ཡིན་པས་རེད།༢༠༡༠ ༢ ༢

    ཤོ་ལ་ཀ་འདི་ལྟར་དབྱེ་དགོས། དེ་མིན་ཕྱི་ཡི་སྒྲིག་གཞི་དང་རྣམ་པ་གསར་གཏོད་བྱེད་པའི་ཉམས་ཤོར་འགྲོ།

  2. ཤ་ཀླན་བུ says:
    2010-02-08 at 12:38 am

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    སྦྲང་ནག་བཞིན་ང་ཚོའི་མིག་སྔར་འགུལ་དུས།
    མཛེས་སྡུག་ཟེར་བ་ཞིག་སྦྱིན་མ་མྱོང༌།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    གྲྭ་བ་ལས་ཀྱང་ཚུལ་ཁྲིམས་གཙང་བའི་སྐྱེས་པ་ཞིག་གིས་བྲིས-པདང་འདྲ།
    བོད་སྐད་ལ་ཆ་རྒྱུས་སྟོང་བའི་མགོ་སེར་ཞིག་གིས་འཆད་པ་ལྟར་སྣང༌།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོས་བྱིན་པའི།
    ཆེས་སྤྱིར་བཏང་དང་ཆེས་ཐུན་མོང་གི་ཚོར་བ་རབ་རིབ་ནི།
    ཁོ་མོས་ང་གཡུགས་སོང་དང་ཕྱིར་བལྟས་མེད་པ་བུད་སོང་ཟེར་བ་དེ་རེད།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ་ཀློག་པ་ལས།
    ཨ་ཕྱིའི་གནའ་སྒྲུང་སེམས་ཀྱིས་ཀློག་ན་ཅི་འདྲས་སྙན།
    ཨ་མའི་འོ་ཞོ་ཡིད་ཀྱིས་མྱོང་ན་ཅི་འདྲས་ཞིམ།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    ཚོར་བ་ལས་བཞུར་མ་ཡོང་བའི་ཕྱིར།
    ཚོར་བ་ཞིག་སྟེར་ཡང་མི་སྲིད།

    བརྩེ་དུང་གི་སྙན་ངག་ཐབས་ཆག་དེ་ཚོ།
    ཐབས་ཆག་ཡིན་པའི་རྒྱུ་མཚན་གཙོ་བོ་ནི།
    དང་པོ་ནས་ཐབས་ཆག་ཡིན་པས་རེད།༢༠༡༠ ༢ ༢
    ཤོ་ལ་ཀ་འདི་ལྟར་དབྱེ་དགོས། དེ་མིན་ཕྱི་ཡི་སྒྲིག་གཞི་དང་རྣམ་པ་གསར་གཏོད་བྱེད་པའི་ཉམས་ཤོར་འགྲོ།

  3. རྩམ་དགའ་ says:
    2010-02-08 at 1:02 am

    ཡང་རྩོམ་ཡིག་སྙན་མོ་ཞིག་བྲིས་འདུག་པས་དགའ་བྱུང་།
    ཡིན་ན་ཡང་དོན་གྱི་སྒང་ནས་བལྟས་ན་བློར་མི་འབབ་རྒྱུ་རེ་ཟུང་འདུག དཔེར་ན་་་གྲྭ་བ་ལས་ཀྱང་ཞེས་པ་ནས་མགོ་སེར་ཞིག་གིས་འཆད་པ་ལྟར་སྣང་ཞེས་པ་འདི་རེད། འདི་ལ་ངས་འགྲེལ་ཡག་པོ་ཞིག་མ་རྙེད་ཐལ།

  4. རྡོ་རྗེ་དྲིལ་བུ་པ་ says:
    2010-02-08 at 12:33 pm

    སྙན་ངག་ཐེབས་ཆག་སྙན་ངག་མིན།

    ང་དང་ཁྱེད་ཀྱི་དབར་ལ། །
    འཛམ་གླིང་ཧྲིལ་པོས་བཀག་ཀྱང་། །
    ངས་ནི་ཁྱེད་རང་མི་གཏང་། །
    དེ་ལྟར་སེམས་ལ་ཞོག་ཅིག །

  5. ཤ་ཀླན་བུ says:
    2010-02-09 at 12:49 am

    སྙན་ངག་པ་ལྷ་ཆབ་སྦྱིན་པས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་སྲེད་བུ་གཅིག་ཏུ་བརྒྱུས་པའི་ཕྲེང་རྡོག་ལྟར་དོ་མཉམ་དགོས་ཞེས་བཤད་པ་བཞིན་རྩམ་དགའ་ངེད་གཉིས་དེ་ལྟར་དོ་མཉམ་སོང་བ་འདྲ། དེ་མིན་ངའི་གོང་གི་སྙན་ངག་འདི་ཡག་པོ་ཞིག་འཁྱོངས་མ་སོང༌། ཁྱེད་ཀྱིས་བཤད་པ་ལྟར་གོང་གི་སྙན་ངག་ལས་གྲྭ་བ་ལས་ཀྱང་ཞེས་པ་དེས་བརྩེ་དུང་གི་སྙན་ངག་འབྲི་མཁན་དེ་ཚོར་བརྩེ་དུང་གི་གོ་བ་མི་འདུག་ཟེར་བའི་ཁུལ་ཡིན་ཡང་དེ་ཙམ་དོན་ལ་འབྱོར་པོ་ཞིག་བྱུང་མི་འདུག དེ་བཞིན་མགོ་སེར་ལས་ཀྱང་ཞེས་པས་བོད་ཡིག་ལ་བྱང་ཆ་མི་འདུག་ཟེར་བའི་ཁུལ་ཡིན། ད་རེས་དེ་ཙམ་ཡིན། བདེ་མོ།

  6. ཤ་ཀླན་བུ says:
    2010-02-09 at 12:53 am

    རྡོ་རྗེ་དྲིལ་བུ་བའི་རྩོམ་ཁ་དམ་དྲགས་ནས་དེ་ཙམ་མ་གོ། གང་ལྟར་ཕེབས་པར་ཐུགས་རྗེ་ཆེ། རྩོམ་ཡོན་མེད་ཀྱང་ཀློག་མཁན་ཡོད་ན་ངའི་འདོད་པ་ཚིམས་འགྲོ། ཧཧཧཧཧཧ

  7. སྒང་ནེ་འཇིགས་མེད་ says:
    2010-02-09 at 2:34 am

    གངས་ལྗོངས། དཔའ་རྒོད་ཚོའི་སྙིང་གི་དུམ་བུ།
    ཀྱེ་མ།
    ལྟེ་ཁྲག་གངས་ལྗོངས་སུ་འཕོས་པའི་ཁེར་རྐྱང་གི་ད་ཕྲུག་བདག་དང༌།
    ཕ་ཡུལ་གངས་ལྗོངས་སུ་འབོད་ཀྱང་ཕ་གཞིས་མིག་གིས་མ་མཐོང་བའི་ཁྱེད་ཚོ།
    ཅིས་ཕྱིར།
    རང་དབང་དང་བགོད་སྒྲའི་ལྷན་དུ་ཡུམ་ཆེན་གྱི་སྤང་དུ་མ་བཞུགས་པར།
    སྡུག་ཡུས་དང་ཕམ་ཁ་སྟོང་གིས་མི་ཡུལ་དུ་གྱར་བ་ཡིན།
    ཁ་སང༌།
    དུང་ལྟར་དཀར་བའི་ཁ་བས་ཡོངས་སུ་གཏམས་པའི་ངའི་ཕ་ཡུལ་དུ།
    བདེ་སྐྱིད་དང་བགོད་སྒྲ།
    ལྷ་ཆོས་དང་མི་ཆོས།
    རང་དབང་དང་དྲང་བདེན།
    ཞི་བདེ་དང་བག་ཕེབས།
    ད་དུང༌།
    ཆེས་ཉམས་དགའ་ཞིང་ཀུན་གྱི་ཡིད་དབང་འཕྲོག་བའི་རང་བྱུང་གི་བཀོད་པས་ཕྱུག་ཅིང༌།
    སྤྲེལ་རྒན་དང་བྲག་སྲིན་ལས་བསྐྱེད་པའི་གདོང་དམར་གྱི་མེས་པོ་རྣམ་པས།
    མི་ལོ་སྟོང་ཚོ་བརྒལ་བར།
    འདོད་དགུའི་དཔལ་ཡོན་ལ་ལོངས་སུ་སྤྱད་དེ།
    ཡིག་དྲུག་གི་དབྱངས་རྟ་སྙན་མོ།
    གངས་རིའི་མུ་འཁྱུད་ལས་འཕྱུར་ཏེ།
    ཉི་འོད་དང་ལྷན་དུ།
    ཕྱོགས་བཞིར་ཁྱབ།
    དེ་ནི།
    གཟི་བརྗིད་ཀྱི་ལོ་ཟླ་ཡིན་ལ།
    ལོ་རྒྱུས་ཀྱི་ཆུ་འགོ་ཡིན།
    མ་ཚད།
    སེམས་ཤུགས་དང་མདུན་སྐྱོད་ཀྱི་སྣ་འདྲེན་ཡིན།
    རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དཔང་ཡིན།
    སྤུན་ཟླ་ཚོ།
    འདས་དོན་ལ་ཕྱིར་མིག་བལྟས་ནས།
    བདེན་དོན་འཚོལ་སྒྲུབ་བྱེད་དགོས།
    ང་ཚོ་སྐྱེས་པ་ནི་གཞན་དབང་ཡིན་ཞིང༌།
    འཚོ་བ་ཀྱང་གཞན་དོན་ཡིན་པར་ཁྱེད་ཅག་གིས་ཨེ་དྲན།
    ལྟོས་དང༌།
    ཤར་དང༌། ལྷོ། ནུབ།
    ད་དུང་བྱང་དང་བཅས་པའི་ཕྱོགས་ཀུན་ནས།
    ང་ཚོར་ཕ་མེས་ཀྱི་ཤུལ་འཛིན་འཚོལ་རྒྱུར་སྐུལ་འདེད་གཏོང་བཞིན་མི་འདུག་གམ།
    ན་ཟླ་ཚོ། ཨ་མའི་བུ།
    ཕ་མེས་དང་བྷོ་ཊའི་བདེ་དོན་འཚོལ་བར།
    མདུན་སྐྱོད་ཀྱི་གོམ་པ་སྤོ།
    བློ་སྟོབས་ཀྱི་མགོ་བོ་བཏེགས་དང༌།
    དྲང་བདེན་དང་སེམས་ཤུགས་ལ་ཅིས་ནས་རྒྱལ་ཁ་ཡོད་ངེས།
    དེ་རིང༌།
    མིའུ་གདུང་དྲུག་ལས་མཆེད་པའི་བོད་མི་ས་ཡ་དྲུག་གི་ཡུམ་ཆེན་དེར།
    སྤྲིན་དམར་ས་ལ་ཟག་འདྲའི་གཞི་རྒྱ།
    མེ་དམར་གྱེན་དུ་འབར་འདྲའི་ཚ་རླབས།
    ཁྲག་དམར་འགོས་པའི་དར་དམར་གྱི་དཔུང་ཁྱུ་དེས།
    ཡ་ང་དང་སྙིང་རྗེ།
    སྔ་བསམ་དང་ཕྱི་འདེང་མེད་པར།
    མི་ལོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་དྲན་རྟེན་བཤིགས།
    དགོས་འདོད་ཀྱི་ནོར་དང་འདྲ་བའི་སངས་རྒྱས་ཀྱི་བསྟན་པ་བསྣུབས།
    སྟོང་གསུམ་གྱི་ནོར་ལས་ལྷག་པའི་རིན་ཆེན་གྱི་གཏེར་དངོས་འཕྲོག།
    ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐུན་མིན་གྱི་ལེགས་སྦྱང་རྩ་བརླག་བཏང༌།
    ད་དུང༌།
    ཆེས་ཡིད་མུག་པ་ཞིག་ལ།
    རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི།
    ཕུལ་བྱུང་དཔའ་བོ་དཔའ་མོ་ཁྲི་སྟོང་མང་པོས།
    བསྟན་སྲིད་མི་རིགས་ཀྱི་ཆེད་དུ།
    ཡོད་ཚད་གངས་ལྗོངས་ལ་ཕུལ་བ་དྲན་ནམ།
    སྐབས་དེར།
    ད་གཟོད་མཆོག་གསུམ་གྱིས་ཁེངས་པའི་མི་ཡུལ་གྱི་ཞིང་མཆོག་དེར།
    ཁྲག་དྲི་ལྗན་ལྗིན་གྱིས་ཁྱབ་པའི་བོད་མིའི་དུར་ས་ཞིག
    དམར་པོ་རི་ནས་འོ་འདོད་ཀྱི་བྲག་ཆ་འཁཽར།
    ཡར་ལུང་གཙང་པོ་ཡང་དཔའ་བའི་ཟུང་ཁྲག་གིས་དམར་མདངས་སུ་བསྒྱུར།
    རེད་ཡ།
    ས་ལ་ཟག་པའི་དཔའ་བོའི་ཟུང་ཁྲག་གི་ཐིག་པ་རེ་རེ་ནི།
    ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་དྲན་རྟེན་རེ་རེ་རེད་ཨང༌།
    ཀྱེ་མ།
    སྲིན་མོ་བྲག་ལས་ཤོར་འདྲའི་མི་གཟན་སྤྱང་ཀི་མདར་མོའི།
    གདུག་རྩུབ་དང་གཡོ་སྒྱུ།
    མཐོང་ཆུང་དང་ཁྱད་གསོད།
    མགོ་སྐོར་དང་བླུ་བྲིད།
    ད་དུང༌། འཐབ་རྩོད་དང་མནར་གཅོད་དུ་མས།
    འུ་ཚོའི་ཕ་མ་དང་ཕ་མེས།
    ཕུ་ནུ་དང་སྤུ་ཟླ།
    ན་ཟླ་དང་རྩེད་གྲོགས་སྟོང་ཕྲག་བརྒལ་བར།
    གསོན་པོར་ཤ་པགས་བཤུས།
    འདྲེན་བྱེད་ཐུར་མས་བཏོན།
    མ་ཤི་དམྱལ་བར་བརྫངས།
    ཨ་ཁ།
    དེ་ནི་གནས་འདིར་སྔ་མ་གྲགས་པའི།
    མི་ཡུལ་གྱི་དམྱལ་ཁམས།
    བོད་མིའི་གཤས་ར།
    ལོག་སྤྱོད་པའི་བསྟི་གནས་ཤིག་ཏུ་བསྒྱུར།
    འོང་ཀྱང༌།
    དུས་གསུམ་ལ་འགྱུར་བ་མེད་པའི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དང༌།
    ཤ་གཅིག་ལས་མཆེད་པའི་སྤུན་ཟླ་སྟོང་ཚོ་བརྒྱད་ཅུ།
    ལོག་སྤྱོད་དང་ཁ་བྲལ་གྱི་མིང་ངན་འོག
    འབྱུང་འགྱུར་གྱི་བདེ་དོན་འཚོལ་ཕྱིར་མི་ཡུལ་དུ་བསྙེག་དགོས་བྱུང༌།
    ངོ་མ། དྲང་པོར་བཤད་ན།
    ང་ཚོའི་མ་ཡུམ་ནི།
    ཕོ་བརྒྱའི་སེམས་པ་འཕྲོག་པའི།
    སྐྱོན་ཟད་ཡོན་ཏན་རྫོགས་པའི།
    ཇི་འདྲའི་ལང་ཚོ་མ་ཞིག་རེད་ཨང༌།
    གཟིགས་དང༌།
    སྟོད་ན་གངས་རིས་མཛེས་ཞིང༌།
    གངས་ན་གངས་སེང་རང་འཁོར།
    བར་ན་རྐང་འཐུང་སྟུག་ཅིང༌།
    ནགས་ན་སྟག་གཟིགས་ཁ་སྤྲོད།
    སྨད་ཀྱི་སྤང་ཐང་ཡངས་པོར།
    རྐང་བཞིས་སྐར་ཚོགས་འགྲན་པ།
    མདའ་ཡི་མཚོ་དང་གཙང་པོར།
    ཉ་སྲམ་ཡར་འཁྱུག་མར་འཁྱུག
    དེ་ལས་ཀྱང་ཉམས་དགའ་བ་ནི།
    དཀར་ཞིང་གཙང་བའི་གངས་རི།
    མཐོ་ཞིང་རྔམ་པའི་རྫ་རི།
    བརྗིད་ཅིང་ལྷུན་པའི་སྤང་རི།
    ཡངས་ཤིང་རྒྱ་ཆེ་བའི་ས་གཞི།
    མུ་མཐའ་མེད་པའི་རྩ་ཐང༌།
    སྔོ་ཞིང་དངས་བའི་ནམ་མཁའ།
    གཙང་ཞིང་བསིལ་བའི་འབབ་ཆུ།
    ཕུན་སུམ་ཚོགས་པའི་གཏེར་ཁ།
    རོ་བཅུད་ལྡན་བའི་བཟའ་བཏུང༌།
    མདོར་ན།
    བརྗིད་ཆགས་ཤིང་ལྟ་ན་སྡུག་པ།
    སྡེ་བཞིའི་ནོར་གྱི་འབྱུང་ཁུངས།
    འཛམ་གླིང་ས་ཡི་ཡངས་རྩེ།
    སངས་རྒྱས་བསྟན་པའི་བཞུགས་གནས།
    དར་བརྒྱད་འབྱོར་བཅུའི་ཕ་ས།
    གླུ་གར་རིག་པའི་བང་མཛོད་ཏེ།
    མཐོ་སྒང་ཤམ་བྷ་ལ་ཡི་གནས་མཆོག་འདི།
    ཇི་ལྟར་འཕོངས་ཕྱིས་པའི་རྡོ་བཞིན།
    བློས་གཏོང་བྱ་ཕོད་དམ།

    ཅི་སྟེ།
    ན་གཞོན་སྤུན་ཟླ་རྣམ་པར།
    སྙིང་ལ་རུས་པ།
    བོད་མིའི་ལ་རྒྱ།
    འགྲོ་བ་མིའི་འཐོབ་ཐང་དང༌།
    བདེ་སྐྱིད་དང་རང་དབང༌།
    དྲང་བདེན་དང་འདྲ་མཉམ་འཚོལ་སྒྲུབ་དགོས་ན།
    སྙིང་རུས།
    སྤོབས་པ།
    སེམས་ཤུགས།
    ལྷག་བསམ།
    ཤེས་ཡོན།
    འགན་ཁུར།
    ད་དུང་འགྱུར་མེད་ཀྱི་ཆོད་སེམས་དང༌།
    ཞུམ་མེད་ཀྱི་སྙིང་སྟོབས།
    བླང་དོར་འབྱེད་པའི་རྣམ་དཔྱོད།
    ཕུགས་བསམ་སྐྱོང་བའི་བློ་གྲོས་སོགས་དགོས་པ་མ་ཡིན་ནམ།
    དེའི་ཕྱིར།
    ང་ཚོར་དགོས་པ་ནི་སང་ཉིན་གྱི་བདེ་སྐྱིད་ཡིན་ལ།
    ཕྲག་པར་ཡོད་པ་ནི་བདེ་སྐྱིད་ཉི་གཞོན་བསུ་བའི་ཕོ་ཉ་ཡིན།
    རྩམ་ཟས་ཚོ།
    ཆུ་ཚོད་ཉེར་བཞིའི་འཚོ་བའི་ནང༌།
    མིག་ཆུ་དང་རྔུལ་ཆུའི་ཐིག་པ་དེ་དག
    དཔའ་བོའི་ཟུང་ཁྲག་དང་ལྷན་དུ།
    ས་དྲུག་སྤུན་ཟླ་ཚོའི་ཆེད་དུ་འབུལ་དགོས།
    དེ་ནི།
    མི་རབས་གོང་མའི་རྒྱལ་གཅེས་དཔའ་རྒོད་ཚོའི་རེ་བཞག་ཡིན་ལ།
    དུས་རབས་ཉེར་གཅིག་པའི་སེང་ཆུང་གི་ལས་འགན་ཡང་ཡིན།
    མ་ཟད་ཕྱི་རབས་བུ་ཚ་རྣམས་ཀྱི་མདུན་ལམ་ཡང་དེ་བས་ཡིན།
    ཨེ་མ།
    ཁ་སང་གི་ལ་རྒྱ།
    དེ་རིང་གི་གཟི་བརྗིད།
    སང་ཉིན་གྱི་བླ་སྲོག
    བོད་མིའི་རྒྱལ་ཁ།
    འགྲོ་བའི་བདེ་སྐྱིད།
    ཞི་བདེའི་རྨང་གཞི།
    ད་དུང་
    འདི་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ཏེ།
    ཆོས་དོན་གྱི་རྒྱལ་སྲུང་ཡིན་ལ།
    རྒྱལ་དོན་གྱི་ཆོས་སྲུང་ཡང་ཡིན་དེ་བས་ཡིན་པས།
    དགོས་འདོད་ཀྱི་ནོར་ལས་ལྷག་པའི་དོན་ཆེན་འདི།
    ཇི་སྲིད་མ་འགྲུབ་ཀྱི་བར་དུ།
    ང་ཚོ་ནམ་ཡང་མ་ཤི་གསོན་པོར་གནས་དགོས་ལ།
    ནམ་ཡང་མ་གཉིད་པར་མིག་ལྡང་ནས་ཁ་ཕྱོགས་འཚོལ་དགོས།
    དེས་ན།
    འདི་ནི་ཁོག་མིན་གྱི་ཁ་བཤད་མ་ཡིན་ལ།
    དོན་མེད་ཀྱི་སྨོས་གཏམ་ཡང་དེ་བས་མིན།
    འདི་ནི།
    གངས་ཕྲུག་ངའི་གངས་ལྗོངས་ལ་ཕུལ་བའི་བརྩེ་དུང་ཡིན།
    མི་རིགས་ལ་བསྐྱང་པའི་ལ་རྒྱ་ཡིན།
    ཨ་མའི་དྲིན་གྱིས་བསྐྱང་པའི་ནུ་རིན་ཡིན་ལ།
    རང་དབང་དང་འདྲ་མཉམ་ལ་དགའ་བའི་འབོད་སྒྲ་ཡང་ཡིན།
    འབོད་སྒྲ་འདི་ནམ་ཡང་གངས་རིའི་མཁའ་དབྱིངས་སུ་རྒྱལ་གྱུར་ཅིག

  8. རྡོ་རྗེ་དྲིལ་བུ་པ་ says:
    2010-02-09 at 6:41 am

    ཤ་ཀླན་བུས་རང་གི་དགའ་གྲོགས་མ་ལ་རླུང་རྟ་རྒྱུག་དུས།

    ང་དང་ཁྱེད་ཀྱི་དབར་ལ། །
    འཛམ་གླིང་ཧྲིལ་པོས་བཀག་ཀྱང་། །
    ངས་ནི་ཁྱེད་རང་མི་གཏང་། །
    དེ་ལྟར་སེམས་ལ་ཞོག་ཅིག །

    ཡང་ཏོག་ཙམ་སེམས་ཤུགས་ཆག་དུས།

    ང་དང་མོ་ཡི་བར་ལ། །
    ཁབ་རྩེ་ཤོང་ས་མེད་དེ། །
    ད་ནི་མི་རྒྱུགས་མ་ཟད། །
    རྟ་རྒྱུགས་གཏོང་ས་འདུག་གོ །ཞེས་པ་ལྟ་བུས་ཁ་ལྷོད་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme