Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།

Posted on 2014-09-122014-09-12 By ཁ་བརྡ་ 24 Comments on སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།

བསྟན་འཛིན་ཚེ་དབྱངས་ཀྱིས།
——————
250px-RayRice27ཟླ་འདིའི་ཚེས་བཅུའི་དགོང་མོར་སྲིད་འཛིན་ཨོ་སྦ་མས་ཁ་ཆེའི་དྲག་སྤྱོད་འཇིགས་སྐུལ་བའི་སྡེ་ཁག་ཨ་ཡེ་སི་ཞེས་པ་ལ་རྒོལ་རྡུང་ཚར་གཅོད་བྱེད་རྒྱུའི་བསྒྲགས་གཏམ་སྤེལ། བསྒྲགས་གཏམ་དེ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གསར་འགྱུར་ཞིག་རེད། རྒྱལ་ཡོངས་གསར་འགྱུར་འདི་དང་གོ་ས་མཉམ་པའི་གསར་འགྱུར་གཞན་ཞིག་བྱུང་བ་ནི་ཨ་རིའི་རྐང་རྩེད་སྤོ་ལོ་རྩེ་མཁན་ཞིག་གི་སྐོར་རེད། རྩེད་མོ་བ་དེས་མིང་ལ་རའེ་རེ་སི་ཟེར། ཁོང་ཨ་རིའི་སྦོལ་ཊི་མོར་ཞེས་པའི་གྲོང་ཁྱེར་གྱི་ཕོ་རོག་རུ་ཁག་ནས་ཡིན་ཞིང་། ཁོའི་རྩེད་མོའི་ལས་འགན་ལ་ནི་རྒྱབ་ནས་རྒྱུགས་མཁན་ཟེར་བ་རེད། ཁོ་ཉིས་སྟོང་བརྒྱད་ལོར་ཨ་རིའི་རྒྱལ་ཡོངས་རྐང་རྩེད་སྡེ་ཁག་ཏུ་ཞུགས་སྐབས་གོང་གསལ་རུ་ཁག་དེས་ལོ་བཞིའི་རིང་ལ་ཨ་སྒོར་ས་ཡ་གསུམ་ཙམ་གྱི་གླ་ཕོགས་སྤྲོད་པའི་གན་རྒྱ་བཞག་པ་རེད། དེ་ནས་ ༢༠༡༢ ལོར་རུ་ཁག་དེ་ག་རང་དུ་ལོ་ལྔའི་དུས་ཡུན་ལ་ཨ་སྒོར་ས་ཡ་སུམ་ཅུ་སོ་ལྔའི་གླ་ཕོགས་སྤྲོད་པའི་གན་རྒྱ་བཞག་སྟེ་རྩེད་མོ་རྩེ་བཞིན་ཡོད།
Screen-Shot-2014-03-28-at-5.10.18-AM-549x400འོན་ཀྱང་ད་ལོའི་ཟླ་བ་གསུམ་པའི་ནང་ཁོས་རང་གི་དགའ་གྲོགས་དང་ད་ལྟ་ཆུང་མ་ཡིན་པའི་བུད་མེད་དེར་ཁུ་ཚུར་གཞུས་ཏེ་དྲན་པ་བརྒྱལ་བཅུག་པ་རེད། སྐབས་དེར་རྩེད་མོའི་རུ་ཁག་འདིས་ཁོ་རྩེད་མོ་རྩེ་ཐེངས་གཉིས་ལ་རྩེ་མི་ཆོག་ཅེས་ཆད་པ་བཅད་པ་རེད།
འོན་ཀྱང་ཟླ་བ་འདིའི་ཚེས་བརྒྱད་ཉིན་ཁོས་རང་གི་ཆུང་མ་ལ་ཁུ་ཚུར་གཞུས་པའི་བརྙན་པར་དེ་ཕྱི་ལོགས་ལ་ཐོན་པ་རེད། དེ་མ་ཐག་ཁོ་རང་གི་རྩེད་མོའི་རུ་ཁག་དེས་ཁོའི་གན་རྒྱ་རྩིས་མེད་དུ་བཏང་ནས་ཁོ་ཕྱིར་འབུད་བྱས་པ་རེད། དེ་ཙམ་མ་ཟད་ཨ་རིའི་རྒྱལ་ཡོངས་རྐང་རྩེད་སྡེ་ཁག་གིས་ཀྱང་ཁོ་དུས་ཚོད་ངེས་མེད་ཀྱི་བར་དུ་རྩེད་མོ་རྩེས་མི་ཆོག་ཅེས་བརྡ་ཁྱབ་བཏང་བ་རེད། ད་ནི་ཨ་རིའི་རྒྱལ་ཡོངས་ཀྱི་གསར་ལམ་ཁག་ན་བུད་མེད་ལ་ལག་པ་བཀྱག་མི་ཆོག་པའི་སྐོར་གྱི་བསམ་ཚུལ་རྒྱུན་ལྡན་དུ་གླེང་བཞིན་འདུག
ཁུ་ཚུར་གཅིག་གི་མཇུག་འབྲས་སུ་ཐེངས་འདིའི་རྩེད་མོ་བ་དེས་ལས་ཀ་ཤོར་བ་རེད། སྒོར་མོ་ཤོར་བ་རེད། དེ་ཙམ་དུ་མ་ཟད་མི་མང་གི་སྐད་འབོད་ལ་བརྟེན་ནས་རྒྱལ་ཡོངས་རྐང་རྩེད་སྡེ་ཁག་གི་གཙོ་འཛིན་ཡང་བཙིར་ནས་ལས་གནས་ནས་དགོངས་པ་ཞུ་དགོས་སྐོར་གྱི་གླེང་རྙོག་འབྱུང་བཞིན་པ་རེད། བུད་མེད་ལ་ལག་པ་འཕྱར་བ་ནི་མིའི་ཐ་ཤལ་རེད་ཅེས་ཟེར་རོ།།

གསར་འགྱུར།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་དང་པོ།
Next Post: སྲིད་སྐྱོང་མཆོག་གི་གསལ་བཤད།

Comments (24) on “སྟག་ཤར་བས་བུད་མེད་ལ་ལག་པ་འཕྱར་མི་རུང་།”

  1. དཀར་མཛེས་གངས་ཕྲུག་ says:
    2014-09-12 at 10:36 am

    ཡར་ཐོན་ཅན་གྱི་རྒྱལ་ཁབ་ངོ་མ་རེད་་་རྗེས་སུ་ཡིད་རངས་ཡོད་་

  2. སྦྲ་ནག says:
    2014-09-12 at 12:28 pm

    འདི་ལག་པ་འཕྱར་བ་ཙམ་མ་རེད་། གཅར་ལྡུང་ཟེར་། དག་དག་རེད་། བྱུང་གི་མི་གྲབས་ནས་བུད་གཞག་དགོ་ནི་རེད།

  3. འབྲོང་བུ་སོག་ཚ། says:
    2014-09-12 at 6:49 pm

    ཕོ་དབང་བཤེད་ཅན་གྱིས་ཆུང་མ་བརྡུང་ནས་ཚེ་འདིའི་ལས་དོན་དང་། དངུལ་རླག་པ་ངོ་མཚར་ཆེ།

  4. བསམ་ཤེས། says:
    2014-09-12 at 9:23 pm

    འོ་ད་འདིའི་རིགས་འདི་སྡུག་ཤོས་ཨེ་ཤ་ཡའི་མི་སྤྱི་དང་། ཡང་སྒོས་བོད་ཀྱི་ཞིང་པ་ཚོ་རེད། ཆོལ་གསུམ་ནང་ནས་སྡུག་ཤོས་དེ་ཨ་མདོ་བ་ཚོ་རེད། ། དངོས་སུ་རྡུང་བ་མཐོང་བ་ནི་རྒྱ་གར་ལའོ། རྒྱ་གར་ལ་གསར་འབྱོར་བ་བཟའ་ཚང་མཉམ་དུ་འདུག་མཁན་རྣམས་ཡང་ཡང་བཅར་བརྡུང་བྱེད་མཁན་ནི་ཨ་མདོ་བའི་ཕོ་ཁྱོ་ཀ་དེ་ཚོ་རེད། ཤིན་དུ་ངོ་མཚར་ཆེ་བ་ནི། རང་གི་ཆུང་མ་རྡུང་མཁན་གྱི་ནང་ལ་སློབ་གསོ་ཡོད་མེད་ཁྱད་པར་མིན་འདུག སྙན་ངག་ཡག་ཉེས་ཁྱད་པར་མིན་འདུག གྲྭ་པ་བྱེད་མིན་ཁྱད་པར་མིན་འདུག གང་ལྟར་ཕྱི་ལ་དོན་མ་གྲུབ་ན། ནང་ལ་ཆུང་མ་བརྡུང་བ་འདི་གོམས་གཤིས་ལྟ་བུར་སྣང་།

    ཡང་ཨ་མདོ་བའི་ནང་ནས། ཕོ་ཁྱོ་ཀ་དཔའ་བློ་ཁོག་ལྡན་པ། ཕྱི་ལ་གཞན་གྱི་འོག་ལ་མགོ་སྒུར་མི་ཐུབ་མཁན། སྣང་བ་མ་འགྲོ་ན་སྲོག་བདོས་ཏེ་ཁྱོད་ཤི་ང་གསོན་གྱི་འཐབ་བརྩོད་བྱེད་མཁན་དེ་ཚོ་ཁྱིམ་ལ་ཆུང་མར་བྱམས་པ་འདུག རྒྱུན་པར་ཁུ་སིམ་པོ། སེམས་ཆུང་། སྐད་ཆ་མང་པོ་མ་བཤད་མཁན། སྤྱོད་པ་འདུལ་ཞིང་ཁ་འཇམ་པ་དེ་ཚོ་རང་གི་ཆུང་མའི་སྟེང་ངར་ཤུགས་ཆེ་བ་འདུག ཁྱད་མཚར།

    དེའི་ཐོག་ལ་ཁམས་པ་ཚོ་ངོ་མ་ཕོ་ཁྱོ་ཀ་རེད། ངའི་རོགས་པ་ཁམས་པ་སྤྲོ་ཐུང་བ། གཞན་གྱི་སྙིང་ལ་གྲི་བཙུགས་སྐབས་ཐེ་འཚོམ་ཅི་ཡང་མེད་མཁན་ཚོ། ཁྱིམ་ལ་བསླེབས་ན། ཆུང་མས་གང་བཤད་རེད། དེ་ངོ་མ་ཁྱད་མཚར་ཞིག་འདུག

  5. བསམ་ཤེས། says:
    2014-09-12 at 9:33 pm

    ལྷ་སར་ཀྱལ་ཀ་ཞིག་ཤོད་སྲོལ་འདུག

    ལྷ་སའི་མྱུར་སྐྱོབ་སྨན་ཁང་ནང་ལ་རྨ་མང་ཤོས་དེ་ཞིང་པའི་བུ་མོའི་རྐུབ་དང་ཨ་མདོ་བུ་མོའི་མགོ་རེད་ཟེར། དེ་ཅིའི་ཕྱིར་ཟེར་སྐབས། ཞིང་པའི་བུ་མོ་ཞོགས་པ་འོ་མ་བཙོང་བར་འགྲོ་སྐབས་སྲང་ལམ་གྱི་ཁྱིས་རྨུག་པ་མང་པོ་རེད་ཟེར། ཨ་མདོ་བའི་བུད་མེད་ཀྱི་མགོ་ལ་ཁྱོས་བརྒྱབ་པ་ཉུང་ཉུང་མ་རེད་ཟེར།

  6. བསམ་ཤེས། says:
    2014-09-12 at 9:37 pm

    བུད་མེད་ལ་མཐོང་ཆུང་བྱེད་པ་འདི་བོད་སྤྱི་དང་ཡང་སྒོས་ཨ་མདོ། གཙང་། ལྷོ་ཁ་བཅས་ལ་ཤུགས་ཆེ་བ་འདུག དབུས་དང་། སྟོད་པ། ཁམས་བཅས་ནི་ཅུང་དྲག་པར་སྣང་། ཨ་མདོ་དང་གཙང་ལ་བུད་མེད་རྣམས་ཁྱོ་དང་བཞུགས་གྲལ་འགྲིགས་པར་མི་བྱེད།

  7. ཚེ་རིང་རྒྱལ་ says:
    2014-09-12 at 10:53 pm

    བསམ་ཤེས་ལགས་ཀྱིས་ཆུང་མ་ལ་རྡུང་མཁན་རྣམས་ས་ཆས་བགོ་བཤའ་བརྒྱབ་པ་དེ་ཏན་ཏན་ཡིན་གྱི་མ་རེད་དྲན། སྤྱིར་བཏང་བོད་འདི་ཡོངས་ན་གནས་སྟངས་འདི་འདྲ་ཏན་ཏན་ཡོད། མང་ཉུང་གྲངས་ཀ་རྒྱག་ཐུབ་ཀྱི་མ་རེད་ལ་མཐོང་ཚུལ་ཙམ་ལ་ཆ་འཇོག་རྒྱུ་ཡོད་ཀྱི་མ་རེད། འདིའི་སྐོར་ལ་བླ་མ་ཚོ་ཡིན་ན་ཡང་བསླབ་བྱ་རྒྱག་དགོས་པ་རེད་བསམས།

  8. བསམ་ཤེས། says:
    2014-09-12 at 11:01 pm

    ཚེ་རིང་རྒྱལ་ལགས།

    ཁྱེད་ཀྱིས་བསམ་ཚུལ་འདི་ཁས་ལེན་གྱི་ཡིན། གོང་གི་མཆན་འདི་ངའི་མཐོང་སྣང་དང་གཞན་གི་ལྟ་ཚུལ་ཟུང་འབྲེལ་ཡིན། འོན་ཀྱང་ཚན་རིག་དང་ཁ་གྲངས་ཁུངས་གཏུགས་པ་ཞིག་སྟོན་རྒྱུ་མེད། རྗེས་མ་དེའི་སྐོར་ལ་བགྲོ་གླེང་ཡག་པོ་ཞིག་བྱེད་ཐུབ་ན་ཕོ་ཁྱོ་ག་རེད།

  9. གཡུ་བྲག་པ says:
    2014-09-13 at 12:09 am

    ཧཧཧཧཧཧཧ ད་དེང་སང་ག་རེ་ཡིན་མིན་གང་ཤེས། མང་པོ་ཞིག་གིས་ཨ་མདོ་བ་ནི་རྒྱ་གུང་ཁྲན་ལས་སྡུག་པོ་འདྲ་ཞིག་མཐོང་བཞིན་འདུག ཁར་སྔོན་ཞིག་ལ་ཨ་མདོ་བོད་པ་མ་རེད་ཟེར། ཧཧཧཧཧཧཧཧ

  10. གནམ་བུ says:
    2014-09-13 at 4:56 am

    ཨ་མདོ་བས་ཆུང་མར་རྡུང་། ཁམས་པས་བུད་མེད་ལ་རྡུང་། ལྷ་སའི་ཨ་ཅག་ཚོས་ཁྱོ་གར་རྡུང་།
    ཨ་མདོ་བས་ཆུང་མར་རྡུང་དུས་ཕྱི་ནང་གཉིས་ཀས་མ་ཐོས་མ་མཐོང་བ་མེད་པ་བྱེད། གང་ཡིན་ཞེ་ན། ཨ་མདོ་བ་ཁ་རུ་ཁ་ཐུག་ཡིན།

    ཁམས་པས་བུད་མེད་ལ་རྡུང་ནས་ཕྱི་ནས་མི་ཤེས། ཁམས་པ་ཚོ་སློབ་སྦྱོང་མེད་རུང་ཕྱི་ལ་རྫིག་ཉམས་སྟོན་རྒྱུར་དགའ།

    དབུས་གཙང་གི་ཨ་ཅག་ཚོས་ཕྱི་ནས་ཁྱོ་ཀར་འཆམ་མདོག་བྱེད་རུང་ནང་དུ་སླེབས་ནས་རྐང་རྡུང་ལག་རྡུང་གཉིས་ཀ་བྱེད་།

  11. གནམ says:
    2014-09-13 at 6:10 am

    ཨམདོའི་བུ་མོ་ཚོས། སྐྱེས་ཕོ་ཞིག་ཡིན་ཕྱིན། ཕྱི་ནང་གཉིས་ན་ངར་ཞིག་མེད་དུས། ཡག་པོ་ཞིག་ལ་མི་རྩི་ཟེར།
    དུས་རབས་འཁོར་ནས་སོང་ན། སྤྱོད་པ་ཡང་བསྒྱུར་ནས་འགྲོ་བ་ལ་ཡིད་ཆེ་ཡོད། ཨམདོ་ན་ཡུལ་སྲོལ་ལ་བཀག་རྒྱ་མེད་པ་ཙམ་ལས་དེ་འདྲ་བྱེད་ནི་རེ་བྱུང་བ་ལས་དུད་འགྲོ་དང་འདྲ་བ་མེད།
    སྔུན་སྔོ་དྲོ་ཞིག་ལ། འཇིག་རྟེན་སྤྱི་ཡོངས་འདི་འདྲ་ཞིག་ཡིན་པ་ཡོང་གྲགས་རེད། ཆོལ་ཁ་དང་དཀར་ནག་གི་དབྱེ་བ་ཞིག་མེད་པ་གསལ་པོ་རེད། ཕྱོགས་ཞེན་པ་ཚོ། གཞན་སྨོད་པ་ཚོ། མཁྱེན་པ་སྤར་གང་ཁྲོད་ནས། འུར་ལོང་གནམ་གང་ཤད་བསྡད་པས་གང་ཡོང་། ལོག་ཟིག་ཆགས་དང་བུ་ཆུང་ཚོ།

  12. ཅོ་རི་ཉི་མ། says:
    2014-09-13 at 6:15 am

    ཁྱོད་ཚོས་་་་ཆོལ་ཁའི་དབྱེ་བ་ཕྱེས་ནས་བཟང་ངན་གྱི་སྐད་ཆ་བཤད་མ་འོང་ཨ། ཁྱི་རྒན་གྱི་རྒྱབ་ལ་བཀལ་ན་ཡང་ལྕི་ཅང་མེད་པ། དེ་ལས་རྒྱ་གར་རང་དབང་ལུང་པ། དམངས་གཙོའི་ལུང་པ། ཁྲིམས་ཡོད་ལུང་པ། བུད་མེད་དང་བ་གླང་ལ་རང་དབང་དང་རྩིས་མཐོང་ཡོད་སའི་ལུང་པའི་ནང་དུའང་བོད་པའི་བུད་མེད་ཉམ་ཆུང་ཚོ་ཁྲོམ་གཞུང་དུ་དམར་ཧྲང་མ་བཙན་ཁྲིད་བྱས་ནས་བརྡུངས་མྱོང་ཡོད་པ།

    ཨ་རུ་ཅ་ན་གཞི་ཆགས་ཀྱི་ནང་དུ་ཉམ་ཆུང་བུད་ལ་བརྙས་བཅོས་ཐབས་སྡུག་དེ་འདྲ་བྱས་མྱངས་ཡོད་པ། དེ་ཡང་བཙན་བྱོལ་གཞུང་གི་ས་གནས་ལས་བྱེད་དེ་དག་ཡིན་པ། ངོ་ཚ་མེད་པ། ཁྲིམས་མེད་པ། བདེ་སྲུང་ལས་ཁུངས་མེད་པ། ཉམ་ཆུང་བུད་མེད་ལ་རྡུང་རྡེག་བཏང་མཁན་དེ་དག་མུ་མཐུད་ནས་ལས་བྱེད་བྱས་ནས་བསྡད་མེད་དམ། ཧཧཧ

    གྲྭ་སའི་དགེ་སྐོས་ཚོ་གླང་གོག་སྨྱོན་པ་ནང་བཞིན་ཡིན་པ། གྲྭ་པ་ཉམ་ཆུང་ཚོའི་ཐོག་ཏུ་རྡུང་རྡེག་བཏང་དགོས་ན་བདུད་རྒན་དང་གཅིག་པ་ཡིན་པ། གྲྭ་པ་གྲྭ་རྐྱང་དེ་དག་ལ་འགྲོ་མི་ཞིག་གི་རིན་མཐོང་ཅང་མེད་པ། ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་མི་ལ་རྡུང་རྡེག་དེ་འདྲ་གཏོང་གྱི་ཕར་ཞོག དུད་འགྲོ་ལ་དེ་འདྲ་ལ་བརྡུངས་ནའང་བཙོན་དུ་བཅུག་ངེས་ཡིན།

    དཔེར་ན། བསྟན་འཛིན་སྒང་གི་ཉམ་ཆུང་བུད་མེད་དེ་ལ་བརྡུངས་བ་ལྟར་ནུབ་ཕྱོགས་ཡུལ་དུ་ཁྱི་ཞིག་ལ་ཁྲོམ་གཞུང་དུ་རྡུང་རྡེག་བཏང་ནའང་བདེ་སྲུང་པ་སླེབས་འོང་ངེས་ཡིན་ལ་མི་དམངས་ཀྱིས་ཀྱང་ཁྱིའི་རྒྱབ་རྩ་བྱེད་ནས་རྡུང་མི་བཅུག་ངོ་མ་རེད་དོ། རྒྱ་གར་ལུང་པའི་ནང་དུ་བོད་པའི་མི་ལ་རིན་མཐོང་ཅི་ཙམ་ཡོད་མེད་གསལ་བཤད་བྱས་ཡོད་དོ།། དུ་དུང་་ཡ་རབས་དང་བཟང་སྤྱོད་བཤད་ཀྱི་ཡོད་པ་་་་ཧཧཧ

  13. ཅོ་རི་ཉི་མ། says:
    2014-09-13 at 7:10 am

    ཨོ་རེད་་་ད་དུང་ཉོན་ཨ།
    རྡ་ས་སློབ་གྲྭ་ནང་དུ་སློབ་གྲྭའི་སློབ་ཕྲུག་ལ་རྡུང་རྡེག་བཏང་ནས་བསད་མྱོང་ཡོད་པ། བོད་ལ་བྱམས་སྙིང་རྗེ་བཤད་མཁན་གྱི་ཆོས་ལུགས་པའི་དགེ་རྒན་ཞིག་གིས་དགེ་ཕྲུག་གྲྭ་ཆུང་ཞིག་ལ་བརྡུངས་ནས་བསད་སོང་། འདི་འདྲ་བའི་ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་མང་པོ་བོད་པའི་སྤྱི་ཚོགས་ནང་དུ་ཡོད་བཞིན་པ་ཡིན།

    དེ་ཡང་་བོད་པའི་སྤྱི་ཚོགས་ནང་དུ་ཉམ་ཆུང་ནུས་མེད་ཀྱི་རྒྱབ་རྩ་བྱེད་ཀྱི་ལས་ལྡོག་ཏེ་མི་ཆེན་བླ་ཆེན་ཚོའི་རྒྱབ་རྩ་བྱེད་མཁན་ཕོ་ཐ་གླུད་རྫས་འདྲ་བ་མང་སོང་བས་རེད། ཁོ་ཚོས་བླ་ཆེན་ལ་རྒྱབ་རྩ་བྱེད་ནས་ཉམ་ཆུང་རྡོག་རོལ་བཏང་། དཔོན་པོའི་རྒྱབ་རྩ་བྱེད་ནས་ཉམ་ཆུང་མི་དམངས་རྡོག་རོལ་བཏང་བསྡད་པ་འདི་དག་རང་དོན་ཁོ་ནའི་ཆེད་དུ་རེད།

    བླ་ཆེན་གྱི་རྒྱབ་རྩ་བྱེད་ན་སྐྱེ་བ་ཕྱི་མར་བདེ་ཆེན་དག་པའི་ཞིང་ཁམས་སུ་སྐྱེ་བ་ལེན་འགྲོ་བསམས་པ་དང་ཐར་པ་དང་མཁྱེན་པའི་གོ་འཕང་མ་འཐོབ་ནའང་དམྱལ་བའི་ནང་དུ་ལྷུང་མི་འགྲོ་བསམས་ནས་རྒྱབ་ལངས་བྱས་དང་བྱེད་བཞིན་པ་རེད། དཔོན་པོའི་རྒྱབ་རྩ་བྱེད་ན་རང་ཉིད་ལ་དངུལ་དང་གོ་གནས་ཀྱི་ཁེ་ཕན་འཐོབ་ཀྱི་རེད་བསམས་པས་རེད།

    མ་གཏོགས་ཉམ་ཆུ་མི་ཡི་ཐོང་ཐང་གྱི་ཆེད་དུ་རྒྱབ་རྩ་བྱས་ནས་ཚེ་འདི་ལ་བཙོན་དུ་བཅུག་ན་བཅུག སྐྱེ་བ་ཕྱི་མར་དམྱལ་བ་ལྷུང་ན་ལྷུང་བསམ་ཕོག་པའི་སྐྱེ་ཕོ་རབ་ག་ཚོད་ཡོད། སྒྲུབ་ཕོག་པའི་བུ་དཔའ་བོ་ག་ཚོད་ཡོད། བཤད་ཕོག་པའི་མཁས་དབང་ག་ཚོད་ཡོད། བོད་པའི་སྤྱི་ཚོགས་ནང་དུ་མཛུབ་མོའི་ཐོག་ཏུ་གྲངས་ཀ་རྒྱག་ཡ་འདྲ་ཞིག་མ་གཏོགས་མཐོང་ཡ་མེད་པ།

    ཉམ་ཆུང་མི་ཡི་ཐོང་ཐང་ལ་རྡོག་རོལ་གཏོང་མཁན་གྱི་སྐྱེ་བོ་ཅི་ཙམ་མང་བ་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡོད་མི་སྲིད་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ལག་ལེན་ཡོད་མི་སྲིད། དཔེར་ན། བོད་པའི་སྤྱི་ཚོགས་ནང་དུ་མི་ཆེན་དང་བླ་ཆེན་ཚོའི་རྐུབ་ལྡག་མཁན་མང་བ་ལས་ཉམ་ཆུང་མི་དམངས་ཀྱི་རྒྱབ་ལངས་བྱེད་མཁན་ཉུང་བ་ཡོད། དེའིི་རྒྱུ་མཚན་གྱིས་་ཉམ་ཆུང་ནུས་མེད་སློབ་གྲྭའི་ནང་དུ་གསོད་ཀྱི་ཡོད་ལ་བུད་མེད་ཉམ་ཆུང་ཁྲོམ་གཞུང་དུ་ཁྲིད་ནས་བརྡུགས་ཀིན་ཡོད།

    ཉམ་ཆུང་བོད་མི་ཚོའི་ལུས་སེམས་གཉིས་ཀྱི་རང་དབང་ཤོར་ནས་ཡོད། ཤོར་སོང་བའི་རྒྱུ་མཚན་རྒྱ་དཔོན་དང་སྤྲུལ་སྐུ་ཚོའི་ལག་གཡོག་མི་ངན་གླུད་རྫས་འདྲ་བ་མང་སོང་བས་རེད་དོ།།།།

  14. ཅོ་རི་ཉི་མ། says:
    2014-09-13 at 10:37 am

    གཞན་ཕན་གཞན་ཕན་ཟེར་བའི་གླུ་དབྱངས་སྙན་མོ།
    ཤར་གྱི་ཆོས་ལུགས་པ་ཚོས་ཁུ་ཡུ་གྲགས་གྲགས།
    ཉམ་ཆུང་གཞན་གྱི་རྒྱབ་རྩ་མཆོངས་ནས་ཡོང་མཁན།
    ནུབ་ཀྱི་སྨྱོན་ཆས་ཅན་གྱི་མི་སེར་འདི་ཚོ།།།

    སྤྱིན་པའི་ཕར་ཕྱིན་ཟེར་བའི་དྲུག་འགྱུར་སྙན་མོ།
    ཤར་གྱི་ཆོས་ལུགས་པ་ཚོས་གླིང་སྒྲུང་བཤད་བཤད།
    ཉམ་ཐག་འགྲོ་བ་མི་ལ་རོགས་དངུལ་གནང་མཁན།
    ནུབ་ཀྱི་འདོད་རྔམ་ཅན་གྱི་མགོ་སེར་འདི་ཚོ།།།

    བྱམས་དང་སྙིང་རྗེ་ཟེར་བའི་རྒྱ་སེའི་མེ་ཏོག
    ཤར་གྱི་ཆོས་ལུགས་པ་ཚོས་མཆོད་པ་ཕུལ་ཕུལ།
    ཉམ་ཆུང་འགྲོ་མི་ཡང་མི་གྲལ་བཞག་མཁན།
    ནུབ་ཀྱི་དྲག་ཆས་ཅན་གྱི་ཉེན་རྟོག་འདི་ཚོ།།།

  15. ཅོ་རི་ཉི་མ། says:
    2014-09-13 at 10:40 am

    ཉམ་ཆུང་འགྲོ་བ་་མི་ཡང་མི་གྲལ་བཞག་མཁན།་་་ཞེས་བཅོས

  16. རང་ཤར་རིག་གྲོལ་རྩལ says:
    2014-09-13 at 5:38 pm

    སོ་སོའི་ཆུང་མར་གཅར་རྡུང་བྱེད་པ་དེ་མི་རིགས་གང་ལའང་ཡོད་པ་རེད། དེ་ནི་ཁོང་ཁྲོ་ལངས་དུས་དེར་གཉེན་པོ་བསྟེན་མ་ཐུབ་ཚེ་བེད་སྤྱོད་གཏོང་ས་ཞིག་དགོས་པ་རེད། ཆུང་མ་བཙན་པོའམ་འཇོན་ཐང་ཅན་ཡིན་ན་དེའི་ཐོག་ཏུ་ཁོང་ཁྲོ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་མ་རེད། བཟའ་ཟླ་སྙོམ་ཆུང་ཚོའི་ཐོག་ཏུ་ཁོང་ཁྲོ་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། ཁ་ཅིག་གིས་ཁོང་ཁྲོ་དེ་བེད་སྤྱོད་གཏོང་ས་མ་རྙེད་ཚེ་སོ་སོའི་གློག་ཀླད་དམ་ལག་འཁྱེར་ཁ་པར་ཐོག་ཏུ་བཏང་ནས་བཅགས་པ་གྲངས་མེད་རེད། །

  17. བློ་བཟང་རིག་འཛིན། says:
    2014-09-13 at 9:29 pm

    དེང་སང་ང་ཚོའི་ཝ་ཤིང་ཀྲོན་རྒྱལ་ས་ན་ཡང་གསར་འགྱུར་ཁབ་ཆེ་ཤོས་འདི་འདྲ་ཞིག་བཤད་ཀྱིན་འདུག
    དེང་སང་ང་ཚོ་ཝ་ཤིང་ཀྲོན་ཌི་སི་(d.c)ཉེ་འཁོར་བོད་ཀྱི་སྤྱི་ཚོགས་ནང་སྐུ་ཞབས་སྐལ་ལྡན་བློ་གྲོས་མཐོང་རྒྱུ་མེད་པ་ཆགས་སོང་། སྔོན་མ་ཡིན་ན་སྐུ་ཞབས་སྐལ་ལྡན་བློ་གྲོས་ང་ཚོ་ཨ་རི་རྒྱལ་སའི་ཁུལ་དུ་སྤྱི་ཚོགས་ལས་རིགས་ཁག་གི་དབུ་ཁྲིད་མཁན་གཙོ་བོའི་གྲས་ཤིག་རེད།
    བདུན་ཕྲག་སྔོན་མའི་གཟའ་འཇུག་ནས་ཨེ་རླུང་ཚང་གི་བོད་སྐད་སྡེ་ཚན་འགན་འཛིན་བཀྲས་མཐོང་བསྟན་རྣམ་གྱིས་ཀྱང་མི་ཤེས་པར་བྱས་ཏེ་གསང་བའི་སྒོ་ནས་སྐུ་ཞབས་སྐལ་ལྡན་བློ་གྲོས་ཟེར་བ་དེ་རྡ་སའི་དབུ་ལམ་ཚོགས་པ་དང་གྲོས་སྡུར་བྱེད་སར་སོང་འདུག །ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དེ་མ་འོངས་པར་བཙན་གནོན་གྱི་འོག་ཏུ་གནས་པའི་རང་དབང་བྲལ་བའི་གསར་འགོད་ཁང་བཙན་བྱོལ་དབུ་ལམ་ཚོགས་པའི་ཁྱབ་བསྒྲགས་བྱེད་ས་ཙམ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པ་གཏན་ནས་མེད་པ་ཞིག་ཆགས་འགྲོ་བའི་ཚོད་དཔག་བྱེད་མཁན་ཡང་མང་པོ་ཡོང་གི་འདུག།
    ངས་ཚོད་དཔག་བྱས་པ་ནོར་མེད་ན། སྤྱི་ཁྱབ་འགན་འཛིན་རྒྱ་མོ་ལེས་བྷེ་ལོས་ཡིས་ཨེ་རླུང་ཚང་གི་ང་ཕོད་འཇིགས་མེད་གནས་དབྱུང་བཏང་བ་ནས་བཟུང་སྟེ་རྒྱལ་སའི་ཁུལ་གྱི་བོད་མི་མང་ཆེ་བ་ཞིག་གིས་སྐུ་ཞབས་སྐལ་ལྡན་ཟེར་དུས་མིའིི་གཟུགས་བརྙན་ལས་གྲུབ་པའི་ཁྱི་ཙམ་ཞིག་མཐོང་གི་ཡོད་པ་ལས་མི་ངོ་མ་ཞིག་མཐོང་མཁན་དཀོན་པོ་རེད། ད་དུང་སྐུ་ཞབས་སྐལ་ལྡན་བློ་གྲོས་ལ་མཚོན་ན་བོད་པའི་ཤ་ཁྲག་ལས་གྲུབ་ཙམ་ཞིག་ལས། བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཅུང་ཟད་ཙམ་ཡང་མེད་མཁན་གྱི་མྱི་ངན་ལྟོ་གོས་དང་རང་དོན་ཁོ་ན་སྒྲུབ་མཁན་ཞིག་ཡིན་པ་ནི་སྔོན་ཆད་རྒྱལ་སའི་དུས་འཁོར་དབང་ཆེན་སྐབས་སུ་རྩིས་ཁྲ་གཙང་མ་བཟོས་མེད་པ་དང་དབང་ཆ་སྒེར་སྤྱོད་སོགས་བྱས་པ་ཡོངས་གྲགས་སུ་ཆགས་འདུག་པ་འདིས་ར་སྤྲོད་གསལ་པོ་བྱུང་བ་རེད། དེའི་སྐབས་སུ་རྒྱལ་སའི་ཁུལ་དུ་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་ནང་དུ་འགྲོ་ཐུབ་མཁན་སྐལ་ལྡན་བློ་གྲོས་ཀྱི་གཟའ་ཟླ་ལས་གཞན་མེད་པ་རེད་ཟེར། རྒྱུ་མཚན་དེའི་ཕྱིར་ཁོང་ང་ཚོའི་སྤྱི་ཚོགས་ནང་འོང་བའི་སྤོབས་པ་མེད་པར་གྱུར་ཏེ་ཁ་ཐག་རིང་དུ་སོང་པ་མིན་ནམ་སྙམ། ད་དུང་གཅིག་བཤད་ན་སྐུ་ཞབས་༧ ཏཱ་ལའི་བླ་མས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ནང་ཁྲི་བྱང་གི་ལམ་རིམ་རྙན་བརྒྱུད་འཁྲུལ་མེད་གསུང་སྐབས་སུ་གསང་བའི་སྒོ་ནས་ཨེ་རླུང་ཚང་གི་དམིགས་གསལ་ཛ་དྲག་གི་གསར་འགོད་པ་གལ་ཆེན་ཁ་ཤས་དང་ནོར་ཝེ་ཨ་རི་ཚང་གི་མི་སྣ་ཁ་ཤས་ལ་ནང་ཚག་བྱས་ནས་རང་བཙན་གླེང་ན་སྐུ་ཚེ་ཐུང་རུ་འགྲོ་རབས་གསུངས་པ་དང་། ད་དུང་བོད་ཀྱི་རང་བཙན་འཐབ་བརྩོད་པ་དག་མི་མང་ལ་ཤུགས་རྐྱེན་ཐེབ་པའི་ལས་གནས་ཡོད་ན་ཐབས་བརྒྱ་ཇུས་སྟོང་གི་གནོན་ཤུགས་སྤྲད་ནས་སྤྱི་ཚོགས་ནས་ཕྱིར་འབུད་ཐབས་བྱེད་དགོས་ཚུལ་སོགས་བཀའ་སློབ་ཟབ་མོ་འགའ་གསུང་ཡོད་པ་རེད།
    རྒྱུ་མཚན་དེ་ཉིད་ཀྱིས་སྐུ་ཞབས་སྐལ་ལྡན་ཡང་༧ གོང་ས་ཏཱ་ལའི་བླ་མའི་གསོལ་དཔོན་སྐུ་ཞབས་བློ་བཟང་དགའ་བའི་བཀའ་དྲིན་གྱིས་སྐབས་དེ་ནས་བཟུང་༧ ཏཱ་ལའི་བླ་མའི་སྒེར་གྱི་དམག་དཔོན་གལ་ཆེན་ཞིག་ཆགས་ནས་ཐབས་བརྒྱ་ཇུས་སྟོང་གི་དབུ་མའི་ལམ་གྱི་གཡུལ་བཤམ་ནས་གཞོན་ནུ་ཚོགས་གཙོ་སོགས་མི་ཁ་ཤས་རང་བཙན་གྱི་ལྟ་བ་ཡོད་མཁན་རྣམས་ལ་གནོན་ཤུགས་སྤྲད་ཅི་ཐུབ་བྱས་ནས་མཐའ་ན་རྒྱ་མོ་ལིས་བྷིས་ལུ་བརླ་ཤ་ཡན་ཆད་བསྟོན་ནས་༧ ཏཱ་ལའི་བླ་མའི་ཕྱག་ལག་གཡས་པ་མཚོན་བྱེད་སྐུའི་གཡས་ཟུར་དུ་གདན་འདྲེན་ཞུ་ནས་ནང་ཁུལ་འབུར་འཇོམ་བྱེད་མགོ་བརྩམས་པ་རེད། དེ་ཙམ་ནས་སྐུ་ཞབས་ཀྱི་གཟའ་ཟླ་ཡང་ངོ་ཚ་ནས་སྤྱི་ཚོགས་ནང་ངོ་སྟོན་མི་ཤེས་པའི་ལས་ཤིག་ཡིན་པ་ངོས་ཟིན་ནས་གཟའ་ཚང་ཁ་བྲལ་དུ་སོང་བ་རེད།
    དེང་སང་ཌི་སི་(d.c)ཁུལ་དུ་ཡོངས་གྲགས་ཀྱི་སྐད་ཆ་གསར་པ་ཞིག་ལ་ཉེ་སྔོན་༧ གོང་ས་ཏཱ་ལའི་བླ་མའི་ལ་དྭགས་དུས་འཁོར་དཔུང་པ་ཉེར་བཞི་ཅན་གྱི་དབང་གསུང་དུས་སུ་སྐུ་ཞབས་སྐལ་ལྡན་གྱིས་རང་གི་དགའ་རོགས་སམ་བྱང་ཨ་རི་རྒྱལ་སའི་ཁུལ་དུས་དབང་གི་སྦྱིན་བདག་མ་རྒྱ་མོ་དེ་ཁྲིད་ནས་འགྲོ་སྐབས་སྔོན་གྱི་དུས་དབང་གསུང་དུས་ཁོང་གཉིས་སྒེར་གྱི་གསང་བའི་གནས་ཚུལ་རྣམས་རྒྱ་མོའི་ཁྱོ་ག་དེའི་ལག་སོན་བྱུང་ནས་པར་བཤུས་བྱས་ནས་༧ སྐུ་སྒེར་ཡིག་ཚང་ལ་ཕུལ་དེ་སྒེར་གྱི་གཟའ་ཚང་མ་གཏོར་རོགས་ཞེས་སྙན་ཞུ་ཕུལ་ཡོད་རབས་གོ་རྒྱུ་འདུག
    ད་དུང་ཟར་ཟུར་ནས་ཨ་མདོ་བ་ཀླུ་འབུམ་ཟེར་བ་དེའི་གཟའ་ཟླ་ཡང་སྐུ་ཞབས་སྐལ་ལྡན་གྱི་ཕྱག་འོག་ནས་ཐར་ས་མ་རེད་ཟེར་ཀྱིན་འདུག

  18. གནམ says:
    2014-09-13 at 9:54 pm

    འཆལ་གཏམ་ལ་དུས་ཚོད་མེད་དོ།

  19. བསམ་ཤེས། says:
    2014-09-13 at 10:26 pm

    བློ་བཟང་རིག་འཛིན་གྱིས། བོད་མི་ཚོའི་སྙིང་གི་དཀྱིལ་ལ་ནང་ལ་སྒོམ་པའི་རྒྱལ་བ་ཡིད་བཞིན་ནོར་བུ་ལ། སྐུ་ཞབས་ཏཱ་ལའི་བླ་མ་ཟེར་དུས། ཁྱེད་རང་གི་ཁ་བྱང་ཚང་མ་བཏོན་ཚར་སོང་། ད་བཤད་ཡག་གང་ལྷག་མ་སོང་། ཁྱེད་རང་གིས་རང་ཉིད་སུ་ཡིན་མིན་གསལ་པོ་བཟོས་མ་སོང་ངམ། ལ།

  20. བློ་བཟང་རིག་འཛིན། says:
    2014-09-13 at 11:06 pm

    བསམ་ཤེས་ལགས་ཡི་གེ་དེ་འབྲི་མཁན་ང་མིན། རང་དབང་ཚོགས་པ་ལབ་ནས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ལ་ཨ་མའི་བུ་ཟེར་བ་ཞིག་གིས་ཡི་གེ་འདི་བཏང་གནང་སོང་། ད་དུང་དེ་དང་འབྲེལ་བའི་སྐད་ཆ་ཡང་མང་པོ་བཤད་སོང་།

  21. ལུང་རྟོགས། says:
    2014-09-14 at 5:21 am

    གཏམ་འཆལ་འདིར་ཁྱེར་མ་ཡོང་ཨ། ཁ་བརྡ་དྲ་རྒྱ་གད་སྙིག་སྤུང་ས་རེད་བསམ་སོང་ངམ། ཨ་མའི་བུ་ཞེས་པའི་མི་དེའི་བཤད་སྟངས་ལ་ལྟས་ན་དོལ་ཚོགས་དང་རྒྱ་ཁྱི་གང་རུང་ཡིན་པ་བརྒྱ་ཆ་བརྒྱ་རེད།

  22. ཅོ་རི་ཉི་མ། says:
    2014-09-14 at 5:44 am

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཉེན་རྟོག་པ་ལ་རྩིས་སྤྲོད་བྱེད་མཁན་སྐལ་བློ་རྒྱ་མིའི་རྒྱུགས་ཁྱི་མིན་ན་གཞན་རྒྱ་མི་རྒྱུགས་ཁྱི་ཟེར་བ་ཤིག་ས་སྟེང་འདི་ལ་མེད་ངེས་ཡིན། ད་་་་་་ག་ལུས་ལས་འབྲས་འཁོར་འོང་གི་རེད་ད། རྒྱལ་བཙོང་བ་འདི་ཚོ་གྲལ་ལ་མྱི་གཟིགས་བརྙན་ཞིག་ཅང་མེད་པ།

  23. བསྟན་འཛིན་རིགས་ལྡན་ says:
    2014-09-14 at 8:47 am

    དངོས་ཡོད་དཔང་རྟགས་དང་བཅས་པས་བཤད་དགོས། དེ་མིན་གོང་དུ་མང་པོས་འཆལ་གཏམ་མ་ཤོད་ཅེས་པར་རྒྱབ་སྐྱོར་ཡོད།
    འོན་ཀྱང་། དེ་མུ་ནས་མཐུན་གཏམ་དྲི་ཙམ་མེད་པར་འཐོར་གཏམ་རྐྱང་ཤོད་མཁན་ཇི་ཙམ་མང་ཡང་། ང་ཚོ་མཐུན་གྲོགས་རྣམ་པས་སྤྱང་ཤ་དོད་པོས་མཐུན་སྒྲིལ་དང་། བཟང་པོ་ལས་དག་སྙིང་སྟོབས་ཆེན་པོས་གུ་བཤངས་དང་མདུན་སྐྱོད་གནང་ཤོག་ཨང་།

  24. ཅོ་རི་ཉི་མ། says:
    2014-09-14 at 9:50 am

    རྐུ་རྒྱབ་ཇག་ལངས་དང་སྤྲུལ་རྒྱབ་གྲྭ་ལངས་བྱེད་བཞིན་པའི་དེ་རིང་གི་བོད།
    རེ་བ་བླ་སྤྲུལ་ལ་བཅོལ་ཞིང་འཐབ་རྩོད་ལྷ་འདྲེ་ལ་བྱེད་བཞིན་པའི་དེ་རིང་གི་བོད།
    ཀླད་པ་ལྷ་སྒྲུང་གིས་བཟི་ཞིང་ལུས་པོ་གཞན་གཡོག་རྒྱུགས་བཞིན་པའི་དེ་རིང་གི་བོད།
    ཁྱོད་ལ་མདུན་ལམ་མེད། ཁྱོད་ལ་འཚོ་གནས་མེད། ཁྱོད་ནི་རྗེས་ལུས་རེད། ཁྱོད་ཀྱི་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་སུག་བཞི་ས་ལ་བཙུག་དུས། སྨྲ་ཤེས་པ་ཙམ་ལས་དོན་གོ་བའི་མི་ཡི་མཚན་ཉིད་ཀྱང་ཚང་མིན་ནི་གནད་ལུགས་ཀྱིས་འགྲེལ་བཤད་བརྒྱབས་པ་ལས་ངས་ཐག་བཅད་པ་ཞིག་རྩ་བ་ནས་མིན།
    མི་ལོ་བརྒྱ་ཕྲག་གྱི་རིང་དུ་ཆོས་ལུགས་ནང་འཐབ་བྱས་ཤིང་སྟོང་ཕྲག་གི་རིང་དུ་ཕྱིའི་དགྲ་ནང་འདྲེན་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གདེང་ལ་བསམས་ན། ཉམས་མྱོང་ནས་བསླབ་བྱ་ལེན། ཐུན་མོང་གི་ཐབས་ཇུས་འཚོལ། ཆིག་སྒྲིལ་གྱི་གོམ་ཁ་མདུན་དུ་སྒྱུར་དགོས་པ་ནི་གནད་དོན་གལ་ཆེན་ཞིག་ཡིན་ཀྱང་།
    འདི་ནི་ཉམ་ཆུང་མི་ཡི་བསམ་ཚུལ་ཙམ་ལས་གོང་མ་ལྷ་ནས་བབ་པའི་བླ་སྤྲུལ་ཚོ་དང་དམངས་གཙོའི་འོས་ལས་བྱུང་བའི་བཀའ་སྤྱི་གཉིས་ཀྱིས་རང་རིགས་ཀྱི་ཆིག་སྒྲིལ་གཏོར་ཞིང་རང་མི་རྒྱ་ཁྲིམས་འོག་ཏུ་དེད་གང་ཐུབ་བྱེད་བཞིན་པའི་གནས་སྟངས་ལ་བསམས་ན།
    རེ་བ་ཇི་ལྟར་བྱ། འཚོ་གནས་ཇི་ལྟར་བྱ། མདུན་ལམ་ཇི་ལྟ་འཚོལ། འཐབ་རྩོད་ཇི་ལྟར་བྱ། བོད་ཆེན་པོའི་མི་རིགས་ལ་ཕ་མེས་ཡང་མེས་ནས་རྒྱུད་པའི་རང་ས་མོའི་བྲང་ཁོག་འདྲ་བ་འདི་རང་གི་མི་རིགས་ལ་བདག་ཐུབ་པ་ཇི་ལྟར་བྱ།
    འདི་ནི་ངས་ཁྱོད་ལ་འདྲི་བ་མིན་ལ་གནད་ལུགས་ཀྱིས་དྲིས་པའི་དྲི་བ་རེད། དྲི་བ་འདི་ལ་ལན་ཞིག་རང་སེམས་ན་མེད་དུས་རང་ཉིད་ལ་མི་ཡི་མཚན་ཉིད་ཚང་མིན་ཞིབ་འཇུག་བྱ་དགོས་པའི་དུས་ལ་བབ་ཡོད་དོ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (45)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme