Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།

Posted on 2014-09-122014-09-12 By ཁ་བརྡ་ 5 Comments on བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།

དུར་བྱང་།

ཁོ་བོས་«ཆོས་དུང་དཀར་པོ»ཞེས་པའི་ལོ་དེབ་སྤྱིའི་འདོན་ཐེངས་དགུ་བར་བཀོད་ཅིང་མཁན་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་«མཁས་འཇུག་ལུང་གི་རྒྱབ་མདུན་ལྗོངས་ཀྱི་འགྲེལ་བཤད»ཅེས་པའི་རྩོམ་ཡིག་དེ་ནན་ཏུར་གྱིས་བཀླགས་པ་ཡིན། ཀློག་གིན་ཀློག་གིན་གཅིག་རྗེས་གཅིག་འཕྲོར་ཨ་ལེ་འདི་རེད་འདུག ཨ་ཙི་གན་ཡིན་འདུག་ཅེས་ཆིག་ལབ་འགའ་ངག་ནས་ཐལ་རྒྱུ་བྱུང་། དཔེ་བཞག་ན། རྒྱ་གར་འཕགས་པའི་ཡུལ་ན་རླུང་ལྟར་གྲག་ཅིང་བོད་སྐད་དུ་མིང་ཙམ་ལས་མ་བྱུང་བའི་«དབྱངས་ཅན་མགུལ་རྒྱན»ཞེས་པའི་རྩོམ་པ་པོ་སུ་ཡིན་དང་དུས་རབས་སོགས་ཀྱི་ཆ་ལ། སྔ་འགྲེལ་ཕལ་མོ་ཆེས་བསྟན་བཅོས་ཀྱི་མིང་ཙམ་བགྲང་བ་དང་། ཁ་ཅིག་གིས་རཱམཤརྨས་མཛད་ཅེས་པ་དང་། རེ་འགས་ཧ་ཅང་ཤེས་རློམ་གྱིས་མེ་ལོང་མའི་རྩ་བར། “བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང”ཟེར་བར་འགྲེལ་སྐབས་«དབྱངས་ཅན་འགུལ་རྒྱན་»ཡང་ཡིན་ཤག་གནང་བ་སོགས་དགོད་བྲོ་བོ་མང་དུ་མཆིས་པ་དེ་དག་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས།

དུས་རབས་བཅུ་བའི་དབུ་སྟོད་དུ་བྱོན་པའི་རྒྱལ་བོ་བྷོཇའམ་བོད་སྐད་ལ་བཟའ་མ་ཟེར་བས་མཛད་པའི་«དབྱངས་ཅན་མགུལ་རྒྱན་»ཞེས་ཁུངས་དང་བཅས་ཏེ་དྲངས། སྔ་ཆད་ཁོ་བོའི་དགེ་རྒན་གྱིས་«མཁས་འཇུག»འཆད་ཁྲིད་སྐབས་སུ། རྩོམ་པ་པོ་མ་ངེས་པའི་«སྣ་ཚོགས་གསལ་བ»དང་«འདོད་འཇོ་བ་མོ»གཉིས་མིང་གི་རྣམ་གྲངས་ལས་གཞུང་ཐ་དད་པ་ཞིག་ཨེ་ཡིན་ཞིབ་ཏུ་དཔྱོད་ཅེས་ངག་བཀོད་གནང་བ་གང་ད་རེས་དྲན་གསོ་ཐུབ་པའང་ཡག་སོང་། སློབ་དཔོན་དཔལ་འཛིན་སྡེས་མཛད་པའི་«སྣ་ཚོགས་གསལ་བ་»ཞེས་དང་། རབ་འབྱོར་ཟླ་བས་མཛད་པའི་«འདོད་འཇོ་བ་མོ་»ཞེས་བཀའ་མཆིད་ལྷུག་སྩོལ་གནང་བ་འདི་ལས་ལྷག་པ་ཅང་ཨེ་ཡོད། འདི་དག་མཐོང་ཙ་ན་ཁོ་བོའི་རྣམ་རྟོག་གི་ཆ་དང་ནག་ཁུང་གི་ཆ་འབེལ་བོ་ཞིག་དཀར་སེང་ངེ་བཏང་བར་དྲིན་ལན་གསབ་ཏུ་དཀའ། ལར་དཔེ་ཀློག་གི་གྲུབ་དོན་ཟེར་ཡ་དང་དཔེ་ཀློག་གི་ལག་ཡོང་ཟེར་ཡ་སོགས་ཀྱང་འདི་འདྲ་མ་ཞིག་ལོས་ཡིན་སྙམ་སྟེ་སེམས་དགའ་ལ་དུང་བ་ལྷག་པར་འཕེལ།

དེ་ལྟ་ནའང་། སྒོ་ཀུན་ནས་དག་ལ་གཙང་བ། སྐྱོན་ཕྲ་མོ་ཙམ་ཡང་མེད་པ་དེ་འདྲ་རང་མིན་སོང་། རྩོམ་པ་པོ་ཁོང་ཡང་། མཁས་པའི་མིང་འཛིན་པ་ཞིག་གིས་བརྩམས་གནང་མཛད་པ་ཡིན་ཚད་པོ་ཚད་མ་ཡིན་མི་བསླུ་བ་ཡིན་ཞེས་“ཨ་མ་ཡིན་ཤག ནུ་མ་ནུ་ཤག”རང་ལ་ཐུགས་མཉེས་པ་ཞིག་ལར་ནས་མ་ཡིན། བརྩམས་ཆོས་ཀློགས་དང་མཁས་པ་རྩེ་གྲ་ཡིན་པའི་དོར་ཞི་སོགས་ལའང་མིང་ནོར་ཚིག་ནོར་དོན་ནོར་ཞེས་རེ་རེ་ནས་དགག་པ་དཔེ་མེད་གནང་འདུག ཆ་དེ་ཡིས། ཁོང་ནི་རྩ་བའི་ཁོངས་གང་ཡིན་ལ་གཞོལ་ཅི་ཐུབ་ལས་མཁས་པའི་གསུང་ཚད་ཚད་མའོ་ཞེས་པའི་རྨོངས་ལས་ནར་མ་དག་ལ་ཡི་ག་གཏིང་ནས་ལོག་ཡོད་པ་འདྲ། དེ་འདྲ་ཡིན་ཤག་གིས། ཐོས་ཆུང་བཤད་དགའ་ཁོ་བོས་འདི་ནས་འཛེམ་ཟོན་མེད་པར་མཁན་ཆེན་ཁོང་གིས་ཉེས་མེད་ཉེས་འགེལ་བྱས་སོང་། གཉོམ་ཆུང་ལ་ཐུབ་ཚོད་བྱས་སོང་ཞེས་ཚིག་སྒྲུབ་འགའ་ལྷོད་ཤིག་ཤིག་གིས་འབྲི་ཡ་ཡིན།

མཁན་ཆེན་ཁོང་གིས་མཛད་གནང་བའི་ལྡེབ་མ་སུམ་བཅུ་ལྷག་ཅན་གྱི་རྩོམ་ཐུང་དེའི་ནང་དུ“ད་འདི་མན་ཆད་ཞར་བྱུང་འབྲེལ་ཡོད་འགའ་ཞུ་ན་སྙམ་པས་གོ་སྐབས་སྩོལ་གནང་ཞུའོ།། དེ་ཡང་། ཕྱིས་ཀྱི་མཁས་པ་འགྲན་ཟླ་བྲལ་བ་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི«སྙན་ངག་སྤྱི་དོན»དེ་ཤིན་ཏུ་ལེགས་པོ་འདུག སྙན་ངག་གི་ཕྱོགས་ལ་རང་བློའི་གོ་རྟོགས་འཕེལ་བ་ལ་དགེ་བའི་བཤེས་གཉེན་རང་དུ་བྱུང་། ཁོང་འདྲ་བའི་མཁས་པ་དུས་ཕྱིས་ཡོང་དཀའི་ཚོད་དུ་མཐོང་། ཡིན་ནའང་སྙན་ངག་སྤྱི་དོན་དུ་ཡིག་མཁན་གྱི་ཡིག་ནོར་མང་དུ་མཇལ།
དེའི་མཚན་གཞི་ནི། ས་སྐྱ་པཎྜིཏས་མཛད་པའི་མཁས་པ་འཇུག་པའི་སྒོར་འདི་སྐད་གསུང་སྟེ། ཚིད་སྡུད་དང་། སྡེབ་སྦྱོར་ལྕི་ཡང་གི་པྲསྟཱར་དང་། ངལ་གསོའི་སྡོད་མཚམས་དང་། སྦྱར་རྒྱན་ཕལ་ཆེར་དང་། སྒྲ་རྒྱན་གྱི་བྱ་དཀའ་བ་སོགས་ནི་སྣམ་བུའི་ཐགས་ལ་ཟ་འོག་གི་རི་མོ་ལྟར་བོད་སྐད་ལ་སྦྱོར་མི་བཏུབ་ཅེས་པ་ནི་མེ་ལོང་མ་སོགས་མ་འགྱུར་བའི་དུས་སུ་ངེས་པར་དེ་འདྲ་ཞིག་ཡིན་མཆི་ཡང་། ཞེས་སོགས་ནས། སྣམ་བུའི་ཐགས་སུ་མ་ཟད་དར་གོས་ཀྱི་ཐགས་ལ་ཟ་འོག་གི་རི་མོ་ཅི་འདོད་དུ་ཕབ་པ་ལྟར་དུ་སྣང་ངོ་ཞེས་པ་ནི་མཁས་དབང་ཁོང་གི་གསུང་མིན་པར་ཡིག་མཁན་གྱི་ཡིག་ནོར་རེད། ཅེས་པ་ནས། ཡིག་མཁན་ཁྱོད་ལ་ཕྱོགས་ཞེན་རབ་རིབ་ཀྱི་ནད་གདུག་པོ་ཆེ་ཡོད་བཟོ་འདུག སྨན་བཅོས་གནང་ན་ལེགས་སོ།། ཞེས་དང་། ཡིག་མཁན་ཁྱོད་ཀྱིས་མགྱོགས་བྲིས་མ་གནང་བར་གནའ་བོའི་མཁས་པའི་གསུང་ལ་དད་པ་དང་ཡིད་ཆེས་ཀྱི་བྱ་མོ་ལབ་ཕུལ་ནས་སྤྱི་དོན་གྱི་ཡི་གེ་འདི་བྲིས་ཡོད་ན་ད་ལྟའི་གཞུར་བརྟག་དེ་ཉེན་ནས་མི་ཡོང་བ་ཆོས་ཉིད་ཡིན་ཅེས་དང་། ཁོ་བོ་ཅག་གིས་ཡིག་ནོར་འབྲི་མཁན་ཁྱོད་ལ་སྟོངས་གདབ་པར་བྱའོ།།”མཁན་ཆེན་ཁོང་གིས་འདི་ལྟར་བྲིས་པ་རེད། ཚིག་ཐག་བཅད་དེ་ཤར་ཤར་བྲིས་པ་རེད་དེ། བག་ཙམ་སྔ་དྲགས་སོང་། ཨེན་ཙམ་ཐལ་དྲགས་སོང་།

ཞིབ་ཏུ་སོམས། «སྙན་ངག་སྤྱི་དོན་»དུ། མཁས་པ་འཇུག་པའི་སྒོར་འདི་སྐད་གསུང་སྟེ། ཞེས་པ་ནས་འགོ་བརྩམས་ཏེ་ཁུངས་སུ་དྲངས་པ་དག་མཁས་འཇུག་ཏུ་མི་གསལ་ཞེས་པ་ཐུགས་ཤིན་ཏུ་མད། སྔོན་ཆད་ཅིག་ལའང་། ལུང་ཚིག་འདི་དང་འཕྲོས་ཏེ་སེང་རྡོར་ཟེར་བའི་གསར་བུ་ཁ་ཤོམ་ཅན་དེ་ལ་རྩོམ་ཡིག་ཐུང་ཐུང་ཞིག་བྲིས་ནས་བསྐུར་བ་ཡིན། དེའི་ནང་དུའང་ཚིག་དེ་འདྲ་ཞིག་མཁས་འཇུག་ནང་དུ་མི་གསལ་ཞེས་ཡང་ཡང་ཟློས་ཤིང་བསྐྱར་རྒྱུ་བྱུང་། རེད་དེ། ལུང་ཚིག་དེ་ཡིག་མཁན་གྱི་ཡིག་ནོར་མ་རེད། ཁྱོད་ཀྱི་དགོངས་པ་ལྟར། ཕྱིས་སུ་ཡོང་དཀའ་བའི་མཁས་པའི་གྲལ་མགོ་འཛིན་པ་ཚེ་ཏན་ཞབས་དྲུང་རང་གིས་ནོར་བ་རེད།

ནོར་སྟངས་དེའང་མཁས་འཇུག་རང་ལ་མ་གཟིགས་པར་འབྲུག་ཁམས་སྤྲུལ་གྱིས་མཛད་པའི«རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ»ཞེས་པའི་ནང་དུ་དྲངས་པའི་ཚིག་དེ་ཇི་མ་ཇི་བཞིན་བཤུས་པ་རེད། དིང་སང་སྐད་ཀྱིས་བརྐུས་པ་ཟེར་ན་ཨེ་འགྲིག ཏག་ཏག་གཏན་ཁེལ་བ་ཞིག་མ་བྱུང་མོད། ལོང་བས་ལོང་བ་ཁྲིད་པའི་དཔེ་གསོན་པོ་འདི་ཨེ་བདེན་གཟིགས་པར་འཚལ། ད་ལྟ་ད་ལྟར་ཆ་རྐྱེན་ཡག་པོ་ཡོད་པ་འདི་གལ་ཆེ་བོ་ཞེ་དྲགས་རེད། ཚེ་ཏན་ཞབས་དྲུང་རང་གིས་འཆད་ཁྲིད་གནང་བའི་«སྙན་ངག་སྤྱི་དོན»སྒྲ་ཕབ་བྱས་བཞག་པ་ག་ས་གང་དུ་ཡོད། ཁོ་བོར་ཡོད་ལ་གཞན་ལའང་ཡོད་ཤག་རེད། སོས་དལ་དུས་ཤིག་ལ་གསོན་དང་བདེན་རྫུན་གྱི་ཁྲུན་ཐག་དེ་ནས་ཆོད་ཡོང་།

ཡང་སྙིང་རྡོག་རྡོག་པོ། ཡིག་མཁན་ཆེ་གེ་མོ་དེས། བོད་ཀྱི་རིག་གནས་ལ་སྒོ་ཀུན་ནས་བག་ཙམ་པ་ཞིག་ཕན་རེ་སྙམ་སྟེ། ཤ་ཐང་ཐང་གིས་འབད་པ་གནང་བ་དེར་ངོ་སོ་འདི་འོ་ཟེར་བ་ཞིག་མེད་པའི་སྟེང་དུ། གཞན་གྱིས་བྱས་ཉེས་ལྗིད་ལ་ལྕི་བ་ཞིག་སྣོན་མ་བརྒྱབ་པ་དེ་སྙིང་རེ་རྗེ། བྱས་ཙང་། ཁོ་བོས་ཉེས་མེད་ཉེས་འགེལ་བྱས་སོང་། གཉོམ་ཆུང་ལ་ཐུབ་ཚོད་བྱས་སོང་ཟེར་དོན་འདི་ཡིན།

སྨྲས་པ།
ཁམས་སྤྲུལ་འབོད་པའི་མཁས་པའི་རྩེ་གྲ་ཁྱེད།།
ལས་ཀྱིས་བྲེལ་ལམ་ཇི་ལྟར་འཁྲུལ་སོང་ངམ།།
མ་ཕྱི་བཙལ་ལམ་ཕྱག་ཏུ་མ་འབྱོར་རམ།།
འོལ་ཚོད་ཡིན་ནམ་རང་བཟོར་མཉེས་སམ་ཅི།།
ས་སྐྱའི་པོ་ཏི་མ་མཇལ་རྟོག་གེ་ཁྱོས།།
གང་བྱུང་སྣོག་ལས་བརྒྱབ་པ་ཐལ་དྲགས་སོང་།།
ཞིབ་མོས་རྣམ་པར་འཐག་པའི་གླེགས་བམ་ལ།།
རང་བློས་རྒྱས་འགེབས་བྱས་པའང་ཐལ་དྲགས་སོང་།།
ཁམས་སྤྲུལ་ཚང་གི་རྒྱན་གྱི་བསྟན་བཅོས་དེ།།
ཤིན་ཏུ་ལེགས་སོ་རབ་ཏུ་རྨད་དོ་ཞེས།།
མཁས་པ་ཕལ་གྱིས་ཚད་མར་བསྔགས་ན་ཡང་།།
ནན་གྱིས་བཀླགས་ན་རྟོག་བཟོ་འགའ་རེ་མཆིས།།
ཚེ་ཏན་ཞབས་དྲུང་དེ་ཡི་རྗེས་སུ་འབྲངས།།
རང་བཟོར་བྱས་པའང་ཚད་མ་ཡིན་པར་རློམ།།
དེ་ལྟར་ཕྱོགས་ཁ་མཐུན་པ་བཙན་དྲགས་ནས།།
ས་སྐྱའི་གླེགས་བམ་མག་མོག་རྡུལ་གྱིས་ཟོས།།
མཁས་པའི་གོལ་བ་གཡས་འགེབ་གཡོན་འགེབ་བྱེད།།
ཟུར་དང་གུད་དུ་ས་སྐུང་རྡོ་སྐུང་བྱེད།།
གཅིག་གི་རྒྱབ་ནས་གཅིག་གིས་སྐྱོར་ཚུལ་འདི།།
རིག་གནས་གྲལ་དུ་འཚེང་བ་ཨ་ཁ་ཁ།།
གང་དང་གང་གི་ཕྱི་མོ་གོ་བསྡུར་བྱོས།།
དེ་དང་དེ་ལ་བཀའ་མཆན་ལྷན་ཐབས་བྱོས།།
དཔེ་ཆ་བཀླག་ན་འདི་ལྟར་ཀློགས་ཤིག་ཅེས།།
རང་མཉམ་བློ་ལྡན་རྣམས་ལ་གྲོས་སུ་འདེབས།།

2014.9.13

དཔྱད་རྩོམ།

Post navigation

Previous Post: རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ།
Next Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་དང་པོ།

Comments (5) on “བརྩམས་ཆོས་བཀླག་ན་འདི་ལྟར་ཀློགས།”

  1. དཀར་མཛེས་གངས་ཕྲུག་ says:
    2014-09-12 at 11:07 am

    གོ་མ་ཐལ་་་་ཧཧཧ

  2. རྡོ་རྗེ་སྐྱོབ་པ། says:
    2014-09-12 at 11:56 pm

    ེདེ་ནི་ས་སྐྱ་པ་སྐྱོན་མེད་ཡང་དག་ཏུ་སྒྲུབ་མཁན་གྱི་མཁན་པོ་གྱོང་པོ་ཞིག་རེད།
    ཁོང་གི་དེ་ཚང་མ་བྲིས་པ་ས་སྐྱ་ཀུན་དགའ་རྒྱལ་མཁན་བསྟོད་པའི་ཕྱིར་རེད། ཁོང་གི་རྩོམ་དེ་ལ་རིན་ཐང་མེད་དེ།
    ཐ་ན་བོད་ཀྱི་སྔགས་ཡིག་འབྲི་སྟངས་ཀྱང་ཡག་པོ་ཞིག་ཤེས་མི་འདུག
    ད་རུང་དེའི་ཁྲོད་ན་ནོར་བ་མང་པོ་འདུག་པས་ག་ལེར་འཁྱེར་ཡོང་ངེས།
    བོད་ཀྱི་མཁས་པ་གཞན་གྱི་དྲིང་མི་འཇོག་པ་དེ་དག་ལ་དགག་པ་རྒྱག་དགོས་དོན་ནི་དེ་དག་གིས་ས་སྐྱ་ཀུན་དགའ་རྒྱལ་མཚན་ལ་དགག་པ་འདྲ་བྱས་པས་དེའི་ནད་མ་འཁྱོག་པ་རེད། དངོས་གནས་སེམས་དགོས་པ་ཞིག་ཡོད་རེད། ཁོང་གིས་ནོར་བར་བཤད་པ་དེ་དག་ཀྱང་མ་དག་པས་དག་པར་འཕྱས་པའི་ཚུལ་རང་དུ་སོང་སྟེ། དེ་ལྟར་ན་ས་སྐྱ་ཀུན་དགའ་རྒྱལ་མཚན་ཡང་ནོར་ཏེ། སྙན་ངག་མེ་ལོང་བོད་དུ་བསྒྱུར་ཁག་པོ་བྱུང་ཞིང་། ཁོང་གིས་བསྒྱུར་མི་ཐུབ་པར་བཤད་པ་དགག་པའི་ཚུལ་དུ་མེ་ལོང་མ་བོད་ལ་བླ་ན་མེད་པར་འགྱུར་བ་རེད།
    ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་མ་ཤེས་པ་ཁོང་གི་མཁས་འཇུག་ལ་གཟིགས་དང་། མཁན་པོའི་མིང་བཟུང་མཁན་དེའི་ཧིན་དཱི་སོགས་ལས་གཞན་ལ་དྲིས་པ་དང་གང་བྱུང་དུ་བྲིས་པ་རྩོམ་དེ་དང་ཧ་ཅང་འདྲ་བ་སྟེ། ནོར་བ་མང་ཞིང་རབ་ཏུ་འཆལ་བའི་ཕྱིར།

  3. རྡོ་རྗེ་སྐྱོབ་པ། says:
    2014-09-13 at 12:10 am

    རྡོག་རྡོག་བཤད་ན་ས་སྐྱའི་ཕྱོགས་ཞེན་བྱེད་ཀི་ཡོད་པ་རེད།
    འདི་འདྲ་བའི་ཡིག་མཁན་དག་གི་ཀུན་སློང་གཏན་ནས་མ་དག་པས། ཕན་ཐོགས་ཟེར་བའང་ཁབ་རྩེ་ཙམ་རེད།
    ས་སྐྱ་ས་སྐྱ་ཟེར་ངར་ནས་རྩོམ་འཆལ་དེ་བྲིས་པ་རེད།
    བོད་ཀྱི་མཁས་པ་དེ་དག་དོན་མེད་དུ་སྡིག་དམོད་ཞེད་པོ་བྱས་པ་རེད། དྲིན་ལན་ལོག་འཇལ་རང་རེད།
    ངོ་ཚ།

  4. བསམ་ཤེས། says:
    2014-09-13 at 6:57 pm

    ད་ང་ཚོ་ད་ལྟ་དུས་རབས་འདི་ཙམ་ལ་བསླེབས་ཀྱང་། ད་དུང་རྒྱ་གར་གྱི་མི་ཐེར་འབུམ་གཅིག་ལྷག་གི་ནང་ལ་སུ་ཞིག་གིས་ལག་པ་མ་འཆང་བའི་སྙན་ངག་གི་གཞུང་ཁྱོད་ང་གཉིས་སུ་ལ་ཕན་མ་ཐོགས་པ་དེ་ཁ་བསྔོག་ནས། དེའི་སྐོར་ལ་བགྲོ་གླེང་བྱེད་ཁུལ་བགྱིས་པ་ནི། ངོ་མ་ངུ་མ་དགོད་ཀྱི་ཚོར་བ་སྐྱུར་མོ་སྤྲོད་པའི་དམིགས་ཡུལ་འབའ་ཞིག་ཡིན་ན། དེ་བསྒྲུབས་འདུག དེ་མིན་རྩོམ་འདི་རིགས་ལ་ལག་པ་འཆང་ས་དང་མགོ་ལ་རྒྱག་རྒྱུ་ཅང་མིན་འདུག

    ཁ་ཡོད་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཡོད་ན། ཁ་སྐད་ཡིག་སྐད་ལ་འབབ་རྒྱུ་མང་པོ་འདུག དེ་དག་བསམ་བློ་གཏོང་དགོས་འདུག དེ་བཞིན་དབྱིན་ཡིག་གི་ཁ་ཡོད་ལག་ཡོད་ཀྱི་རྒྱོ་རྒྱག་ཡུལ་གི་བུད་མེད་དེ་ཚོའི་མིང་དང་། སྒོར་མོ་མགོ་སྐོར་གཏོང་ཡུལ་གྱི་ནང་ཆོས་སློབ་མ་དེ་དག་གི་མིང་འབྲི་སྟངས། དེ་བཞིན་སྐྱབས་བཅོལ་རྫུན་མ་ཞུ་ཡུལ་གྱི་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོའི་མིང་འབྲི་སྟངས་ཤེས་ན། ང་ཚོ་ཚང་མར་ཕན་པ་མི་ཆེའམ། ད་དུང་བཀོར་དེ་ཚོ་བཀོལ་ཡུལ་གྱི་རླིག་ཤུབ་དང་། ཚོང་ཁང་གི་མིང་། དེ་བཞིན་ཁ་པར་བཟོ་གྲྭ་དང་དེ་དག་གི་མིང་། དེ་བཞིན་ཞོགས་པ་འཐུང་བའི་བཀོར་ཕིར་དང་། ཉིན་གུང་བཟའ་བའི་ཧམ་བྷ་ག དགོངས་མོ་བཟའ་བའི་པི་གསར། ད་དུང་ཀོ་ཀོ་ཀོ་ལ་དང་། སྦིར་རག་མི་འདྲ་བ། དེ་བཞིན་རྒྱལ་བ་རིན་པོ་ཆེ་ཕེབས་སའི་རླངས་འཁོར་དེ་ཚོའི་མིང་། ཤུགས་ལྡན་བ་ཚོས་བཀོལ་བའི་ངོ་རྒོལ་ཁྲོམ་གཞུང་དང་གྲོང་ཁྱེར་གྱི་མིང་སོགས་བོད་ཡིག་ལ་མིན་འདུག་པས་དེ་དག་ལ་བསམ་བློ་མི་འཁོར་བ་ཡ་མཚན་མ་རེད་པས།

    འདི་ཁ་ནས་བོད་ཀྱི་སྐད་ཡིག་ཟེར་མཁན་ཚང་མར་ཞུའོ།

  5. རྡོ་རྗེ་སྐྱོབ་པ། says:
    2014-09-16 at 1:24 pm

    བསམ་ཤེས་ཟེར་བ་འདིས་བོད་ཀྱི་སྐད་ཡིག་ཨང་།
    བོད་ཀྱི་སྐད་ཡིག་དེ་ཙམ་ཞིག་ལ་ཐུག་བསྡད་ཡོད་ན་ཚར་ཚར་རེད། རྩ་བ་དོར་ནས་ཡལ་ག་འཇུས་ཟེར་བ་འདི་ལྟ་བུ་ལ་ཟེར་བ་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme