Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་འཁོད་འདུག

Posted on 2014-09-052014-09-05 By ཁ་བརྡ་ 11 Comments on ༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་འཁོད་འདུག

ཡོང་ཁུངས། བོད་ཀྱི་དུས་བབ།
 

ཁ་སང་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བརྒྱུད་༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་བརྡ་སྤྲད་ཡོད་འདུག

འཆར་ལོའི་ཟླ་༡༠ ནང་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་(Cape Town) ནང་ནོ་སྤེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷོ་ཨ་ཧྥི་རི་ཀའི་ཞི་བདེའི་དེད་དཔོན་ནེལ་སན་མན་ཌ་ལཱ་(Nelson Mandela) མཆོག་དང་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་(Desmond Tutu) མཆོག ཌི་ཁེ་ལག་(FW de Klerk ) མཆོག ཨལ་བྷར་ཌེ་(Albert Luthuli) མཆོག་བཅས་ཀྱི་ཐེབས་རྩ་ཁང་གི་གོ་སྒྲིག་འོག ནེལ་སན་མན་ཌ་ལར་རྗེས་དྲན་དང་འབྲེལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐབས་༡༤ པའི་ཆེས་མཐོའི་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་འཆར་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གཙོས་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་དབུ་ཁྲིད་༡༣ ཙམ་མགྲོན་འབོད་ཞུས་ཡོད་ཀྱང་། ཁ་སང་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བརྒྱུད་༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་བརྡ་ལན་སྤྲད་ཡོད་འདུག

འདིའི་ཐད་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་(AFP) གསར་འགྱུར་བརྒྱུད་ལམ་ཐོག་བརྗོད་དོན། “ཁ་སང་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཁ་པར་བརྒྱུད་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀའི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུ་མིན་པའི་བརྡ་ལན་སྤྲད་བྱུང་ཡང་། ད་ལྟ་ད་དུང་ཡིག་ཐོག་ནས་ཐོངས་མཆན་སྤྲོད་མིན་གྱི་གང་ཡང་འབྱོར་མེད་སྟབས། རེ་བ་མུ་མཐུད་བརྒྱབ་ནས་འབད་བརྩོན་བྱེད་བཞིན་ཡོད། ད་རེབ་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་ཡིན་ན། འདི་ནི་འདས་པའི་ལོ་ལྔའི་ནང་འབྲེལ་ཡོད་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད” €ཅེས་བརྗོད་འདུག

ལྷོ་ཨ་ཧྥི་རི་ཁའི་ཕྱི་སྲིད་ལྷན་ཁང་གིས་དཔལ་འབྱོར་དུས་བབ་ཐོག་(The Economic Times) བརྗོད་པར། “རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཁང་ལ་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོངས་མཆན་ཡིག་ཆ་འབྱོར་ཡོད་སྟབས། ད་ལྟ་ང་ཚོས་ཁོང་ལ་ཐོངས་མཆན་སྤྲོད་མིན་ཐད་ཐག་གཅོད་གང་ཡང་བྱས་མེད” ཅེས་བརྗོད་འདུག

10562640_9395760

༡༩༩༦ ལོར་ལྷོ་ཨ་ཧྥི་རི་ཀའི་མི་རིགས་ནག་པོའི་སྲིད་འཛིན་ནེལ་སན་མན་ཌ་ལཱ་མཆོག་གིས་༧གོང་ས་མཆོག་གདན་འདྲེན་ཞུས་པ་ལྟར། ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་བསྐྱངས་ཏེ་ནེལ་སན་མན་ཌ་ལཱ་མཆོག་གཙོས་འབྲེལ་ཡོད་དཔོན་རིགས་མཇལ་འཕྲད་གནང་སྟེ། བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད་ཀྱང་། ༢༠༠༠ ལོ་ནས་བཟུང་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀའི་འབྲེལ་ལམ་ཡར་རྒྱས་ཕྱིན་ཏེ། ལོ་རེར་རྒྱལ་ཁབ་<གཉིས་བར་ཨ་སྒོར་ཐེར་འབུམ་༨༠ ལྷག་གི་ཚོང་འབྲེལ་བྱེད་བཞིན་ཡོད་སྟབས། ལྷོ་ཨ་ཧྥི་རི་ཀས་བོད་དོན་ཐད་ལྟ་བ་ལངས་ཕྱོགས་འགྱུར་ཏེ། ༢༠༠༩ ལོར་༧གོང་ས་མཆོག་ལ་འབྲེལ་ཡོད་གཞུང་གིས་ལྷོ་ཨ་ཧྥི་རི་ཀར་ཚོགས་བཞིན་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཞི་བདེའི་ལྷན་ཚོགས་སྟེང་། མཉམ་བཞུགས་གནང་རྒྱུའི་ཐོངས་མཆན་སྤྲད་མེད་པ་མ་ཟད། ༢༠༡༡ ལོར་ཆོས་དཔོན་ཌ་སེ་མོན་ཌེ་ཀྲུ་ཌོ་མཆོག་དགུང་ལོ་༨༠ ཕེབས་པའི་གྱ་སྟོན་སྲུང་བརྩི་ཞུ་ཆེད་༧གོང་ས་མཆོག་གདན་ཞུ་གནང་ཡོད་ཀྱང་། སྐབས་དེའི་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཐོངས་མཆན་སྤྲད་མེད་པ་ལྟར། ད་རེབ་ཟླ་འདིའི་ཚེས་༤ ཉིན་སླར་ཡང་དོན་གཅོད་བརྒྱུད་ཁོང་ལ་ཐོངས་མཆན་སྤྲོད་རྒྱུ་མིན་པའི་བརྡ་ལན་སྤྲད་ཡོད།

ཆོས་དཔོན་ཌ་སེ་མོན་ཀྲུ་ཌོ་མཆོག་གི་མགྲིན་ཚབ་པ་རོ་ཇར་(Roger Friedman) ལགས་གྱིས། “ད་རེབ་ལྷོ་ཨ་ཧྥི་ཀའི་གཞུང་གིས་༧གོང་ས་མཆོག་ཞི་བདེའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོངས་མཆན་མ་ཕུལ་ཚེ། ལྷན་ཚོགས་སུ་མགྲོན་འབོད་གནང་བའི་མི་སྣ་གཞན་ཁག་ཅིག་ཀྱང་ཕྱིར་འཐེན་བྱེད་སྲིད་པ་གོ་ཐོས་བྱུང” € ཞེས་བརྗོད་འདུག

ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་དང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཌི་ཁེ་ལག་(FW de klerk) གི་ཐེབས་རྩའི་མགྲིན་ཚབ་པ་སེ་ཌེ་ཝར་ཌི་(Dave steward) ལགས་ཀྱིས། “གལ་སྲིད་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་ལ་བརྟེན་ཏེ། ཚོགས་ཞུགས་པ་གཞན་དག་ཀྱང་ལྷན་ཚོགས་སྟེང་བཅར་རྒྱུ་ཕྱིར་འཐེན་བྱས་པ་ཡིན་ན། དེ་ནི་ངོ་རྒོལ་གྱི་ཐབས་ལམ་སྡུག་ཤོས་ཤིག་ཆགས་སྲིད་པ་ཞིག་ཡིན་སྟབས། ཚོགས་ཞུགས་པ་ཚོ་ཚོགས་འདུར་དངོས་སུ་བཅར་ཏེ་ཚོགས་ཐོག་རང་དུ་ངོ་རྒོལ་གྱི་རྣམ་འགྱུར་ཇི་ཡོད་སྦ་གསང་མེད་པར་བརྗོད་ཐུབ་པ་ཡིན་ན། དེ་ནི་ངོ་རྒོལ་གྱི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད”ཅེས་དང་། ཡང་ཁོང་གིས། “€œལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་མཐོང་མཆན་མ་ཕུལ་བ་དེ་ནི། རྩ་ཁྲིམས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་རེད” ཅེས་སོགས་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། “ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་བསྐྱང་རྒྱུའི་ཐོངས་མཆན་སྤྲོད་རྒྱུ་མིན་པའི་གནས་ཚུལ་འདི་དངོས་ཡོད་ཡིན་ཚེ། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་གཞན་ལྟར་གཅིག་མཚུངས་ཀྱི་མཐུན་འགྱུར་མ་གནང་བ་དེ་ནི་ཐབས་སྡུག་རེད” ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

གསར་འགྱུར།

Post navigation

Previous Post: བསུ་བ་ཞུ།
Next Post: བརྩེ་བ་ཨང་དང་བོ་དེ་ཕ་མའི་བརྩེ་བ་རེད།

Comments (11) on “༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་འཁོད་འདུག”

  1. རྒྱང་མིག says:
    2014-09-05 at 9:07 am

    ༧གོང་ས་མཆོག་སོག་ཡུལ་ལ་ཕེབས་རྒྱུར་ཡང་ཉེ་སྔོན་འདིར་ཕྱིར་འཐེན་གནང་སོང་། རྒྱ་གཞུང་གི་གནོན་ཤུགས་ཀྱི་ནད་འབུ་འདི་གང་སར་ཁྱབ་འདུག ནད་འབུ་འདི་རྒྱ་གཞུང་གི་དཔལ་འབྱོར་སྟོབས་ཤུགས་ཀྱི་ནུས་པ་ཞིག་རེད།

    རྒྱ་གཞུང་གིས་༧གོང་ས་མཆོག་ལ་བཟུང་བའི་སྲིད་ཇུས་དང་དམིགས་འབེན་ལ་ནམ་ཡང་འགྱུར་བ་ཕྱིན་མེད་ཅིང་། མ་འོངས་པར་རྒྱ་ནག་དམར་གཞུང་དེ་ཉིད་འཐོར་ཞིག་མ་ཕྱིན་བར་དུ་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད།

    ཁ་སང་གསར་ལམ་གྲགས་ཅན་སྦི་སྦི་སའི་ནང་དུ་ཡང་༧གོང་ས་མཆོག་གི་ཐོངས་མཆན་སྐོར་དེ་འཁོད་འདུག་པ་འབྲེལ་ཐག་འདིར་འདུག http://www.bbc.com/news/world-africa-29069140

  2. ཀརྨ་བློ་གསལ་ says:
    2014-09-05 at 10:04 am

    གོང་ས་མཆོག་སྐུ་མཚམས་ལ་ལོ་ཁ་ཤས་བཞུགས་རན་འདུག སྐུ་ངལ་གསོ་ཞོར་དུ་ག་རེ་བྱེད་ས་རེད་ལྟ་ཆོག་གི་རེད་པ། དེ་ནི་འཚམས་གཟིགས་གནང་པ་ལས་ཀྱང་ནུས་ལྡན་དུ་གྱུར་སྲིད།

  3. མངའ་རིས་འཕྲིན་ལས། says:
    2014-09-05 at 11:17 am

    ད་རེ་༧གོང་ས་མཆོག་ཨབ་ཧྥི་རི་ཀའི་མཐོང་མཆན་མ་ཕུལ་བ་དེ་རྒྱ་ནག་དང་འབྲེལ་བ་ཨ་ཡོད་ན་སྙམ། གང་ལགས་ཞེ་ན་ང་ཚོས་ཡིད་ཆེས་ཆེན་པོས་དབུ་མའི་ལམ་ནས་མེས་རྒྱལ་པང་དུ་ལོག་རྒྱུར་ངང་སྒུག་བྱེད་བཞིན་པར་དེ་འདྲའི་དོགས་པ་གང་ནས་ཡོང་། རྒྱ་ནག་གིས་དེ་འདྲ་བྱེད་མི་སྲིད་པ་རེད། དེ་མ་ཡིན་པའི་རྒྱུ་རྐྱེན་གཞན་ཡོད་སྲིད། དཔེར་ན་སྔོན་མ་ནོ་ཝེལ་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་བཀག་འགོག་བྱས་པ་ལྟ་བུ་རེད།

  4. བསམ་ཤེས། says:
    2014-09-05 at 11:32 am

    ངས་བལྟས་ན། ཐོངས་མཆན་མ་ཕུལ་བ་དེ་རྐྱེན་ངན་གྲོགས་ཤར་རེད། ང་རང་ཤིན་དུ་དགའ་སོང་། སྐུ་སྒེར་ཡིག་ཚང་ལ་དགའ་སྟོན་གྱི་བཀྲ་ཤིས་བདེ་ལེགས་ཀྱི་ཡི་གེ་ཞིག་འབུལ་གྱི་ཡིན།

    ཐོངས་མཆན་ཐོབ་ན། ཕེབས་དགོས་རེད། འགྲོ་སོང་མང་ཆེ་བ་སོ་སོས་གཏོང་དགོས་པ་རེད། ༧གོང་ས་མཆོག་གི་ངལ་གསོའི་དུས་ཚོད་དཔེ་དཀོན་པོ་རེད། ཕ་གིར་ཕེབས་ནས་ཕན་ཐོགས་པ་གང་ཡང་མེད། ཚོགས་འདུ་ནང་དོན་མེད་པ་ཞིག་ཚོགས། གྲོས་ཆོད་ནུས་པ་མེད་པ་ཞིག་བཞག འཛམ་གླིང་ནང་ལ་དབང་ཆ་དང་རྒྱུ། ནུས་པ་ཅི་ཡང་མེད་པའི་མི་རྒན་སྤོ་ཏོ་ལག་པས་འདེགས་ཐུབ་ཚད་དེ་ཚོ་མཉམ་དུ་དཔར་ཞིག་སྐྱོན། ད་དེ་སུ་ལ་ཕན་སོང་། ཨ་ཕ་རི་དཀར་ཁོང་ཚོར་ཕན་གྱི་རེད། བོད་པར་མི་ཕན། འཛམ་གླིང་ཞི་བདེར་མི་ཕན། གོང་ས་མཆོག་ལ་མི་ཕན། ༧གོང་ས་མཆོག་ཕེབས་ཀྱི་མིན་གསུངས་ན་བདེ་པོ་མེད། དེ་ལས་རྒྱ་མིས་རོགས་པ་བྱས་ནས་ཐོངས་མཆན་མ་ཐོབ་ན་ཁེ་བཟང་རེད།

    ངའི་རེ་བར་༧གོང་ས་མཆོག་ཚོགས་འདུ་ཆོ་མེད་པ། དོན་མེད་པ། ནུས་པ་མེད་པ། རང་གཞན་གཉིས་ཀར་ཕན་མེད་དེ་ཚོར་ཕེབས་མ་ཐུབ་ན་བཟང་། དེ་ལས་སྐུ་ངལ་གསོས་ནས་སྐུ་ཚེ་རིང་ཙམ་བཞུགས་ཐུབ་ན་ང་ཚོར་ཕན་པ་ཆེ།

    ཁྱོད་སོམས་དང་། ༧གོང་ས་མཆོག་གུང་ལོ་༨༠ཕེབས་གྲབས་ཡོད། རྡ་རམ་ས་ནས་ལྡི་ལི་བར་ལ་ཕེབས་པར་ཆུ་ཚོད་ག་ཚོད་དགོས་སམ། ང་ཚོ་ཕོ་གསར་ཡིན་དུས་རླངས་འཁོར་ཆུང་ཆུང་ནང་ལ་འགྲོ་སྐབས། ཉིན་གཉིས་པ་དེ་ལ་ལྟོ་མཐོང་ན་ཟ་མི་འདོད། མན་ཇུ་ཀྲི་ལའི་སྨད་ཚོང་གསར་པ་དེ་ཚོ་མཐོང་ཡང་རྒྱོ་མི་འདོད། ཉིན་གང་ཐང་ཆད་ནས་གཉིད་ལ་ཤོར་བ་དེ་སོམས་དང་། ༧གོང་ས་མཆོག་ལ་ཇི་ཙམ་སྐུ་ངལ་མི་ཡོང་ངམ།

  5. བསམ་ཤེས། says:
    2014-09-05 at 11:49 am

    ངའི་རེ་བ་ལ། རྒྱ་ནག་གཞུང་གིས་ནུས་པ་ཤུགས་ཆེ་ཙམ་འདོན་ནས། ༧གོང་ས་མཆོག་ཕྱི་རྒྱལ་ལ་ལོ་གཉིས་ཙམ་ཕེབས་མ་ཐུབ་ན། འདི་ནི་ང་ཚོར་མཁོ་བ་དེ་མ་རེད་པས། དེང་སང་ཨ་རིར་ཕེབས་ཐུབ་ཀྱང་དགའ་རྒྱུ་མིན་འདུག དོལ་ཚོགས་དེ་ཚོས་བསུན་པོ་བཟོས་ནས། བོད་པ་དང་བོད་པའི་གྲོགས་པོ་ཚོ་སེམས་སྐྱོ་བ། རྒྱ་མི་དགའ་དགོས་པ། གོང་ས་མཆོག་སྐུ་ངལ་བ། ཐབས་སྡུག་རེད།

    ཁྱོད་ཚོ་ཆོས་པ་ཚོ་ལ་རྒྱུ་དག་མིན་འདུག ༧གོང་ས་མཆོག་གིས་བཙན་བྱོལ་བོད་པ་ཆོས་པ་ཁྱོད་ཚོར་ཇི་ཙམ་བཀའ་དྲིན་སྐྱང་མ་སོང་ངམ། གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་དང་། བོད་མི་བཅས་ལ་དགོངས་ནས་ཤུགས་ལྡན་བཀག་པ་རེད། ད་ཆ་གོང་ས་མཆོག་ལ་བདུད་བསྟེན་མཁན་དེ་ཚོས་ངོ་རྒོལ་ཤུགས་ཆེ་རྒྱག་དུས། ཡུ་རོབ་ནང་གི་བོད་པའི་ཆོས་ཚོགས་དང་བླ་མ་དེ་ཚོས་ལྟད་མོ་བལྟས་ནས་གོང་ས་མཆོག་ལ་རོགས་པ་མི་བྱེད་པ་འདི་ལ་བལྟས་ན། ཁྱོད་ཚོ་ཡང་ལས་རྒྱུ་འབྲས་མ་ཤེས་མཁན་ནམ་མི་བརྩི་མཁན་ཤ་སྟག་རེད།

    ཟླ་རྙིང་གོང་ས་མཆོག་གི་ཆོས་སྐྱོང་ཞིག་གིས་ལུང་བསྟན་ཞིག་ཕུལ་འདུག དེའི་ནང་ལ་རིང་མིན་རྒྱ་ནག་གི་དཔོན་པོ་ཞིག་གིས་གོང་ས་མཆོག་ལ་གྲོགས་ཆེན་པོ་བྱ་རྒྱུ་ཡིན་པ་དང་། དཔོན་དེས་གོང་ས་མཆོག་གི་དགྲ་བོ་ཚང་མ་འབད་མེད་དུ་བཅོམས་པར་བྱེད་ཟེར། ད་དུས་ལ་བབ་འདུག་ཟེར། དེ་ངོ་མ་ཡིན་ན་དགའ་སོང་། དེ་མིན་ཕྱི་རྒྱལ་ལ་གོང་ས་མཆོག་ལ་གྲོགས་པོ་བློས་ཐུབ་མེད་ཐག་ཆོད་རེད།

    ལོ་སྔོན་མ་ལྷ་སའི་ཨ་ཅག་ཞིག་གིས། ལྷ་ས་ནས་ཁྲན་ཏུ་ལ་གནམ་གྲུར་སྡོད་སྐབས། དེའི་ནང་ལ་དོལ་རྒྱལ་བསྟེན་མཁན་གྱི་གངས་ཅན་བླ་མ་ཟེར་བ་དེ་ཡོད་པ་ཤེས་ཕྲལ། ལམ་གསེང་རང་གི་ཕྲུ་གུ་ཁྲིད་ནས་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་འདུག མར་ཐོན་ཤོག་ཟེར་ནས་གནམ་གྲུ་ནས་བབ་འདུག གངས་ཅན་བླ་མས་དེ་གོ་ནས་བགད་མོ་ཤོར་སོང་ཟེར།

    བོད་པ་གཞན་གྱིས་དྲིས་པར། མོས་ང་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་མཉམ་དུ་ཐོག་གཅིག་གི་འོག་ལ་སྡོད་ཐུབ་པ་མིན་འདུག་ཟེར་དུས། བོད་གཞན་གཞན་གཉིས་ཡང་བབ་འདུག ཁོང་ཚོར་གནམ་གྲུའི་སྤ་སེ་གྱོང་གུན་རག་རུང་སྤྱོད་པ་དེས་གངས་ཅན་བླ་མ་ཇི་ཙམ་ཁ་སྐྱེང་པོ་བྱུང་མེད་དམ།

    དེ་བཙན་དབང་འོག་ལ་དཔལ་འབྱོར་དཀའ་བའི་བོད་པ་ཚོའི་བྱེད་སྟངས་རེད།

  6. དགའ་སྐུ་ says:
    2014-09-05 at 1:16 pm

    བསམ་ཤེས་ལགས་ཀྱི་མཆན་ལ་དགའ་བསུ་ཞུ། སྐད་ཆ་བདེན་པ་རེད། ༧གོང་ས་མཆོག་དངོས་ནས་སྐུ་ངལ་མང་ཙམ་གནང་དགོས་རེད། གུང་ལོ་ཆེན་པོ་རེད། མིས་མཐོང་ཆེན་མ་སྤྲད་དུས་ཨུ་ཚུགས་མཐའ་སྐྱེས་བྱེད་དགོས་དོན་མིན་འདུག།

  7. ཨ་ཕྱི་ཆོས་སྒྲོན says:
    2014-09-05 at 2:24 pm

    ཨ་ཕྱི་ཆོས་སྒྲོན་ལ་་ཇི་བཞིན་བསྟོད་པ།

    ཧྲཱིཿ ཧེ་རུ་ཀ་དཔལ་ཕྱག་རྒྱ་རྡོ་རྗེ་ཕག།

    སེམས་མ་ཆེན་མོ་རྗེ་བཙུན་སྒྲོལ་མ་དང་།།

    དབྱེར་མེད་སྐུར་བསྟོན་འགྲོ་བའི་གཉེན་མཆོག་མ།།

    མ་གཅིག་ཆོས་ཀྱི་སྒྲོལ་མའི་སྐུ་ལ་བསྟོད།།

    འབྲི་གུང་ཡུལ་ནས་མཚན་དཔེའི་གཟི་བྱིན་རྒྱས།།

    སྐྱུ་རའི་ཡུལ་དུ་སྐུ་དངོས་གདུལ་ཞིང་གྱུར།།

    ཏིང་འཛིན་ཕུག་ནས་དངོས་གྲུབ་རྣམ་གཉིས་ཐོབ།།

    མ་གཅིག་ཆོས་ཀྱི་སྒྲོལ་མའི་སྐུ་ལ་བསྟོད།།

    ཉིད་ཀྱི་སྒྲུབ་ཐབས་ཉིད་ཀྱི་བེའུ་འབུམ་བརྩམས།།

    མ་འོངས་སྐྱུ་རའི་འཕྲིན་ལས་སྐྱོང་བའི་མགོན།།

    སྐུ་ཉིད་བྱོན་པར་ཞལ་གྱིས་བཞེས་མཛད་པའི།།

    མ་གཅིག་ཆོས་ཀྱི་སྒྲོལ་མའི་སྐུ་ལ་བསྟོད།།

    གངས་ལྗོངས་ལྷ་སྲུང་ཀུན་ལས་མཆོག་གྱུར་པའི།།

    ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་དང་།།

    ཁྱོད་ནི་མཁའ་འགྲོ་ཁྱོད་ནི་ཆོས་སྐྱོང་ཡིན།།

    མ་གཅིག་ཆོས་ཀྱི་སྒྲོལ་མའི་སྐུ་ལ་བསྟོད།།

    དེ་ལྟར་མ་གཅིག་དཔལ་ལྡན་ཆོས་སྒྲོན་མར།།

    ཅུང་ཟད་བསྟོད་ལས་བྱུང་བའི་བསོད་ནམས་དེ།།

    གངས་ལྗོངས་རྒྱལ་བསྟན་གོ་ལར་ཁྱབ་པ་དང་།།

    འཚེ་མེད་ཞི་བདེས་འགྲོ་ཀུན་དབུགས་དབྱུང་མཛོད།།

    ཅེས་པ་འདི་ཡང་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་སྤྱི་ཟླ་དགུ་པའི་ཚེས་བཞིའི་ཉིན་གྲོགས་བཟང་ཞིག་གི་འབྲི་གུང་ཨ་ཕྱིའི་སྐུ་པར་ཞིག་གནང་བ་མཇལ་བ་དང་ཐད་ཀར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་ནས་སོ།།

  8. ཅོག་མྱི། says:
    2014-09-05 at 5:12 pm

    སེམས་ཤུགས་བཅག་པའི་གསར་འགྱུར་འདི་རིགས་ང་ཚོའི་བརྒྱུད་ལམ་ནས་མ་སྤེལ་ན་བཟང་། ༧ཁོང་ཚང་གི་མཛད་པ་འཕྲིན་ལས་ལ་འགལ་རྐྱེན་བྱེད་པའི་དོན་ངན་འདི་དག་དོལ་ཚོགས་དང་རྒྱ་གཞུང་གིས་ས་ཁྱབ་རྡོ་ཁྱབ་ཀྱིས་སྒྲག་གིན་ཡོད་པས་འཛམ་བུ་གླིང་བས་སྔ་ས་ནས་ཤེས་ཚར། ཁྭ་ཏའི་ཁ་ལྟར་ལྟས་ངན་འདི་རིགས་འདི་ནས་མ་སྒྲོགས།

  9. གནམ says:
    2014-09-05 at 11:58 pm

    ཨ་ཧྥི་རི་ཀས་དགྱ་ནག་གི་རྒྱུ་ངོ་མ་ཟློག་པ་ལས། ༧གོང་ས་མཆོག་གི་རླབས་བརྗིད་མ་ཤེས་བ་དེ་འདྲ་གང་ཡང་མ་རེད། སྐབས་འདི། དངུལ་ཏང་ཡང་ཨ་ཧྥི་རི་ཀ་ལ་འབབ་པའི་དུས་ཞིག་རེད། སྔོན་མར། ཞིན་ཅང་དང་བོད་ལ་དངུལ་ཏང་ཡང་ཆར་བ་འབབ་འབབ་བྱས་པ་རེད། ཡིན་ན་ཡང་། ད་ལྟ་ཕྱོགས་གཉིས་ཀ་དགྱ་དམར་ཚང་གི་དགྲ་ཡིན་པ་རེད། རྗེས་སུ་ཨ་ཧྥི་རི་ཀ་འདི་ཡང་། དགྱ་ནག་གི་དགྲ་བོར་ཆགས་འགྲོ་ནི་རེད།
    གསར་བུ་ཚོ། བློ་ཕམ་མདོག་ཞེ་པོ་ཅིག་སྟོན་དགོས་བ་མ་རེད། གོ་སོང་ངམ། གསར་ས་ན་ཡོད་ན། འོད་གནམ་ཁར་འཆར་བ་ལ་དཀའ་ངལ་ཡོད་ནི་མ་རེད། དྲ་ཉེ་ཚོ།

  10. འབྲོང་བུ་སོག་ཚ། says:
    2014-09-06 at 7:09 am

    ཨ་ཕྱི་ཆོས་སྒྲོན་ལགས། སྐྱུ་རའི་ཡུལ་དུ་སྐུ་དངོས་གདུལ་ཞིང་གྱུར། ཞེས་བྲིས་འདུག་པ་དེ་ཏོག་ཙམ་ནོར་བ་མིན་འགྲོ གང་ལགས་ཤེ་ན། སྐྱུ་ར་དེ་རིགས་སམ་གདུང་ལ་གོ་དགོས་པ་ལས་ཡུལ་ལ་མི་འཇུག་པའི་ཕྱིར་རོ།

  11. ཤར་པ་ says:
    2014-09-06 at 8:25 pm

    ཡ་བོད་པ་ཚོ། ཁྱི་རྒན་རྒྱ་རོས་གནུས་ཤུགས་དང་བྱེད་གཏང་ལ་་དཔག་པའི་དབུ་ལམ་དེ་རང་བཙན་གཙང་་མར་སྒྱུར་བའི་དུས་ལ་བབས་སམ། བོད་རེ་བས་ རྒྱ་དྭོགས་པས ང་ཅག་བོད་པ་ཚོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme