Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིགས་ཤིག་ལ་གསེར་གྱི་རྟགས་མ་ཐོབ་འདུག

Posted on 2014-08-272014-08-27 By ཁ་བརྡ་ 7 Comments on བོད་རིགས་ཤིག་ལ་གསེར་གྱི་རྟགས་མ་ཐོབ་འདུག

བོད་ཀྱི་དུས་བབ་ནས་དྲངས།

 

བོད་རིཊ་ཤིག་ལ་གསེར་གྱི་རྟགས་མ་ཐོབ།

བོད་རིགས་ལུས་རྩལ་བ་དབང་རྒྱལ་ལགས་ཀྱིས་རྒྱ་ནག་ཁུང་ལུང་རྟགས་མའི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་འདུག

ཉེ་སྔོན་རྒྱ་ནག་རྒྱལ་ཡོངས་ཁུང་ལུང་རྟགས་མའི་ཆེད་ལས་རང་བཞིན་གྱི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་རྟིང་རྩོད་འགྲན་ཐེངས་བརྒྱད་པ་དང་། མཚོ་སྔོན་ཟི་ལིང་འགྲན་ཚོགས་ཀྱི་ཁུ་ཚུར་གཞུ་རྩལ་གྱི་རྟིང་རྩོད་འགྲན་བསྡུར་ཚོགས་ཏེ། ཟླ་འདིའི་ཚེས་༢༤ ཉིན་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་དུ་མཇུག་སྒྲིལ་ཡོད་འདུག ཐེངས་འདིའི་འགྲན་བསྡུར་ཐོག་འཛམ་གླིང་གི་རྒྱལ་ཁབ་ཧྥ་རན་སི་དང་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་བཅས་གཙོས་པའི་རྒྱལ་ཁབ་༩ ལྷག་གི་ཁུ་ཚུར་གཞུ་རྩལ་བ་མཉམ་ཞུགས་གནང་ཡོད་པ་དང་། ཟི་ལིང་འགྲན་ཁུལ་གྱི་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བོད་རིགས་གཞོན་སྐྱེས་གཞུ་རྩལ་བ་དབང་རྒྱལ་ལགས་སྤྱི་རྒྱ་ ༩༥ ཡི་ཤུགས་ཚད་ཡོད་པའི་འགྲན་བསྡུར་ཁྲོད་ཁོང་གི་ཁ་གཏད་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་ཐོབ་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཁུང་ལུང་རྟགས་མའི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར་ཁྲོད་ཀྱི་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

8888888

རང་ལོ་ ༣༢ ཡིན་པའི་བོད་རིགས་ཁུ་ཚུར་གཞུ་རྩལ་བ་དབང་རྒྱལ་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྡོ་སྦིས་ཞང་དཔའ་སྡེ་ཞེས་པའི་སྡེ་བ་ནས་ཡིན་འདུག་ལ། ཁོའི་མ་མིང་ལ་རྡོ་རྗེ་སྐྱིད་ཞུ་བཞིན་ཡོད་འདུག ཁོང་ཆུང་དུས་ཡ་རྫི་རྫོང་རྡོ་སྦིས་ཞང་གི་སློབ་ཆུང་དང་སློབ་འབྲིང་བཅས་རིམ་པ་འགྲིམས་རྗེས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ལུས་རྩལ་སློབ་གྲྭར་ཞུགས་ཏེ་ད་བར་ཁུ་ཚུར་གཞུ་རྩལ་གཙོས་པའི་ལུས་རྩལ་གྱི་རིགས་ལ་སྦྱོང་བརྡར་བྱས་ཡོད་འདུག

གསར་འགོད་པ། དོན་གོ

གསར་འགྱུར།

Post navigation

Previous Post: རེབ་གོང་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག
Next Post: རི་གྲོང་གི་ཉི་ནུབ།

Comments (7) on “བོད་རིགས་ཤིག་ལ་གསེར་གྱི་རྟགས་མ་ཐོབ་འདུག”

  1. ངག་དབང says:
    2014-08-28 at 3:22 am

    བརྟེན་འབྲེལ་ཞུ

  2. ངག་དབང says:
    2014-08-28 at 3:23 am

    རྟེན་འབྲེལ་ཞུ

  3. ཨ་ཕྱི་ཆོས་སྒྲོན says:
    2014-08-28 at 4:21 am

    དཔའ་བོ་ངོ་མ་རྡོ་རྗེ་སྐྱིད་དེ་འདྲ་རེད། བོད་ཀྱི་དཔའ་བོ་ལ་འཚམས་འདྲི་དང་མུ་འཐུད་དུ་འཛམ་གླིང་དུ་གྲགས་པ་དོན་དང་ལྡན་པར་སྨོན་ནོ།།

  4. ཁ་བའི་ཡུལ་གྱར་བ། says:
    2014-08-29 at 1:08 pm

    དེ་དཔེ་ཡག་པོ་རེད་དགའ་འོས་པའི་གཏམ་ཞིག། བཀྲ་ཤིས་བདེ་ལེགས་ཞུ།

  5. པ་སངས་ says:
    2014-08-29 at 8:36 pm

    རྒྱ་མི་ཕར་གཏོར་བའི་རྟགས་ཡིན་ན་ཡག་པོ་རེད།

  6. སྲོང་ཚ། says:
    2014-08-30 at 9:35 pm

    ཁོང་གི་དངོས་སུ་ཁུ་ཚུར་འགྲན་བསྡུར་གནང་བའི་བརྙན་འཕྲིན་ལ་བལྟ་འདོད་ཧ་ཅང་ཆེ་བས་དྲ་གྲོགས་རྣམས་ནས་དེ་སྐོར་ལ་མཁྱེན་ཚེ་གསུང་རོགས་གནང་།

  7. སྲོང་ཚ། says:
    2014-08-30 at 9:38 pm

    གོ་སྐབས་ཐོབ་ཚེ་བོད་མིས་མི་འཇོན་པ་ཅི་ཞིག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme