Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་སྡོད་བོད་མི་རྐང་འདྲེན་པ་ཚོ་ཐོས་པར་སྨོན།

Posted on 2014-08-212014-08-21 By ཁ་བརྡ་ 19 Comments on ཕྱི་སྡོད་བོད་མི་རྐང་འདྲེན་པ་ཚོ་ཐོས་པར་སྨོན།

གླིང་གཟི་མིག

ལོ་ངོ་ལྔ་བཅུ་ལྷག་རིང་ལ་བཙན་བྱོལ་བོད་མི་དང་ཕྱི་སྡོད་བོད་པ་ཚོས་བོད་ནང་གི་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་དང་འཚོ་བ་ལ་གནོད་པ་བྱེད་པ་ལས་གཞན་ཅི་ཡང་འཇོན་མ་སོང་ཟེར་ནས་ཚོར་བ་རྣོན་པོའི་སྐད་ཆ་བཤད་ཆོག་ལ་བཤད་འདོད་ཀྱང་ཡོད།
བཙན་བྱོལ་བོད་མི་ཚོ་ལ་གཞིས་སྡོད་བོད་མི་འདྲ་བའི་སྙིང་སྟོབས་མེད་ལ་ཤེས་ཡོན་མེད། ལ་རྒྱ་དང་རང་ཚུགས་མེད་པར་མ་ཟད། ཐ་ན་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཁུར་གྱི་འདུ་ཤེས་མེད། གཞིས་སྡོད་བོད་མིའི་ཚེ་སྲོག་རྒྱ་ནག་ལག་ལ་འཇོག་མཁས་པ་ལས་གཞན་ཅི་ཡང་མི་འཇོན་པའི་ཚོགས་པ་དག་ནི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ཚོགས་པ། སློབ་ཕྲུག་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ་སོགས་རེད།
མི་རིགས་ཀྱི་འཐབ་རྩོད་ཟེར་བ་ང་ཚོ་ཐུན་མོང་གི་འགན་ཁུར་ནས་རྩོད་དགོས་པ་ཞིག་ཡིན་ཞིང་གཞིས་སྡོད་བོད་མིའི་རང་སྲོག་མེ་ལ་སྒྲོན་ཞིང་ཕ་སྐད་གཅེས་ཤིང་ཕ་ས་སྲུང་ཡང་། རང་དབང་ལུང་པའི་བོད་མི་ཚོས་མར་མེ་ཁྲོམ་བསྐོར་ཙམ་བྱེད་ནས་རྡ་སའི་སྲང་ལམ་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་སོང་བ་ལས་གཞན་ཅི་ཡང་འཇོན་མ་སོང་ཟེར་ན་ཆོག

འཐབ་རྩོད་རྫུན་མ་བྱེད་ཅིང་་རང་དོན་སྒྲུབ་མཁས་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རང་བཙན་འཐབ་རྩོད་པ་ཡི་མིང་ཙམ་ཡོད་པའི་ངོ་གཉིས་མ་དེ་ཚོ་གཞིས་སྡོད་སྤུན་ཟླའི་སྲོག་ལེན་གྱི་གཞི་མ་རེད། ཁོ་ཚོས་རང་དབང་ལུང་པ་ནས་འུར་གཏམ་རླུང་ལ་སྐུར་ནས་འཐབ་རྩོད་རྫུན་མ་རེ་བྱེད། ནམ་ཞིག་ན་གཞིས་སྡོད་བོད་མིས་ཁྱེད་ཚོ་ལོ་རྒྱུས་ཀྱི་ཁྲོད་ནས་ནག་ཉེས་ཅན་ལ་བརྩི་སྲིད། མི་རིགས་ཀྱི་མིང་ཁུར་ནས་རང་གི་ཕོར་ཁ་ཙམ་འཚོལ་བའི་སྤྲང་འཁྱམ་ཞིག་དང་འདྲ།
ཤེས་ཡོན་་སློབ་གསོ་ཡི་གྲུབ་འབྲས་མེད་ལ་ཆབ་སྲིད་འཐབ་རྩོད་ཀྱི་གྲུབ་འབྲས་མེད་པར་བཙན་བྱོལ་བོད་པ་ཚོ་མི་རིགས་སླར་གསོ་ཡི་དོན་དུ་ཡོང་བ་བརྗེད་སོང་ལ་གཞན་གྱི་གཡོག་ལ་རྒྱུག་ཞིང་། སྤུན་ཟླའི་བརྩེ་དུང་བརླགས་པ་ནི་མི་རིགས་ཀྱི་འདུ་ཤེས་བོར་བ་འདྲའོ།།

རང་གི་ཁ་རྒྱབ་རང་དབང་དང་ཐོབ་ཐང་ལས་ཀྱང་གལ་ཆེ་སོང་བ་རེད་ལ། མི་ཡུལ་ལུང་པ་རང་ཡུལ་ལས་ཀྱང་སྐྱིད་སོང་བ་རེད། ཡང་ན་བཙན་བྱོལ་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་གི་རིན་ཐང་མ་ཤེས་པ་རེད་ལ། ཕ་ས་དང་ཕ་སྐད་ལ་དུང་ཞེན་མེད་སོང་བ་རེད། ཉིན་ཞིག་གི་སྔ་ཕྱི་རེད་མ་གཏོགས་གཞིས་སྡོད་བོད་མི་ཚོས་ང་ཚོའི་ངན་མཚང་ཤེས་ཡོང་ལ་ང་ཚོ་ལ་རེ་བ་མི་བྱེད་ལ་ང་ཚོའི་བར་གྱི་དུང་བ་ཡང་བརླག་སྲིད། ལོ་ངོ་མི་ཉུང་བ་ཞིག་ལ་ཁོ་ཚོས་ང་ཚོ་ལ་རེ་བ་བྱས་པ་ང་ཚོས་རྫུན་གཏམ་རྫིག་པོ་འགའ་བཤད་ནས་འཚོ་བ་ལས་གཞན་གྱི་གྲུབ་འབྲས་བཟང་བོ་ཞིག་ང་ཚོ་སྟོན་རྒྱུ་ཕར་བཞག་ངོ་ཚ་དགོས་པ་ཞིག་རེད།

ང་ཚོ་འཚོ་ཡོད་པ་ཙམ་ལས་གཞན་གྱི་རིན་ཐང་འདྲ་གླེང་རིན་མི་འདུག གཞིས་སྡོད་བོད་མིས་ཡུལ་སྲོལ་གོམས་གཤིས་ལ་བདག་སྐྱོང་དང་ཕ་སྐད་གཙང་མ་སྲུང་སྐྱོབ་བྱེད་བཞིན་འདུག སྤུན་ཟླའི་དུང་བ་ཟབ་ཅིང་མི་རིགས་ཀྱི་ལ་རྒྱ་ཆེ་བ། མདོར་ན་བོད་ནང་གི་བོད་མི་མེད་ན་བོད་ཅེས་པ་འདི་སྔར་ནས་མེད་སོང་བ་རེད། ང་ཚོ་ཕྱི་འཁྱམ་བོད་མི་དག་ནི་དེ་ལས་ལྡོག་ཏེ་རང་སྐད་དང་གཞན་སྐད་མང་ཉུང་མེད་པ་འདྲ་བཤད་ལ་རང་ལུགས་དང་གཞན་ལུགས་གང་ཡང་མི་ཤེས་པ་ཡིན། དུང་བ་དང་ལ་རྒྱ་ཟེར་བ་སྒོར་མོ་འདྲ་ཡིན་པས། རུས་པ་ལ་བརྒྱབ་ན་ན་རྒྱུ་མེད་པའི་ཕྱི་འཁྱམ་བོད་མི་ཚོ་བཙན་བྱོལ་བའི་ལོ་ངོ་ལྔ་བཅུ་ཟེར་ན་ཐུང་ཐུང་མིན་པའི་གཞིས་སྡོད་བོད་མི་ཚོས་ང་ཚོ་ལ་ཞེན་པ་མ་ལོག་སྔོན་ལ་འགྱུར་བ་ཞིག་གཏོང་རན་རེད་ལ་བསམ་བློ་ཞིག་ཏན་ཏན་འཁོར་དགོས་རེད།

༨.༩.༢༠༡༤ ཉིན

སྣ་ཚོགས།

Post navigation

Previous Post: བོད་ཀྱི་མཛངས་མ།
Next Post: ཚོར་བས་བྲིས་པའི་འཇིག་རྟེན།

Comments (19) on “ཕྱི་སྡོད་བོད་མི་རྐང་འདྲེན་པ་ཚོ་ཐོས་པར་སྨོན།”

  1. འཇམ་གཅེས། says:
    2014-08-21 at 9:34 am

    སྐད་ཆ་འདི་འདྲ་བཤད་མཁན་དང་། རྩོམ་ཡིག་འདི་འདྲ་སྐུར་མཁན་མི་བུ་སུ་ཡིན་དང་། དམིགས་ཡུལ་ཅི་ཞིག་ཡོད་མིན། གང་ཞིག་གཏོར་གཤིག་གཏང་འདོད་ཀྱི་ངན་སེམས་ཡོད་པ་གསལ་པོ་འདྲ་རེད་བསམ། སྤྱི་ཏང་བོད་ནས་འབྱོར་བའི་རྩོམ་ཡིག་ཟེར་དུས་རིན་ཐང་ཆེ་ཆེ་འདྲ་ངོས་འཛིན་ནས་དྲྭ་ལམ་ནང་འགོད་རྒྱུ་གང་རག་བྱས་བསྡད་པ་ཡིན་ན། ཏག་ཏག་གཅིག་མ་རེད་དྲན། མདོར་ན་སྤྱི་ཚོགས་ཀྱི་ཁེ་ཕན་དང་། དགེ་སྐྱོན་གང་ཐད་ནས་ཞིབ་འཇུག་དགོས་པ་ལས། གད་སྙིགས་བླུག་སྣོད་ནང་དུ་གད་སྙིགས་བླུག་བ་ནང་བཞིན་བྱས་བསྡད་པ་ཡིན་ན་འགན་ཁུར་ལྡན་པའི་ལས་ཀ་ཞིག་ལས་དེ་མིན་ཅང་མི་འདོད། གད་སྙིགས་བླུག་སྣོད་ཡིན་ཡང་དབྱེ་བ་དང་སྡེ་མཚན་སོ་སོར་ཕྱེ་ནས་བླུག་མཁན་ཡོད་པ་རེད།

  2. འཇམ་གཅེས། says:
    2014-08-21 at 9:35 am

    འགན་ཁུར་མི་ལྡན་པའི་ལས་ཀ་ལ་ཆོས་་་་

  3. པ་སངས་ says:
    2014-08-21 at 9:46 am

    གཟི་མིག་ལགས་ ཧ་ཅང་ཡག་པོ་གསུང་འདུག་ ད་བར་ང་ཚོས་བྱས་ཀྱང་མ་འཇོན་པ་རེད་ ད་རེས་ཡག་པོ་བྱུང་ ཁྱེད་རང་གིས་མཚན་དང་ཞལ་བྱང་ ཞལ་དཔར་ཨང་གྲངས་བཅས་གསལ་པོ་ཞིག་འདིར་བྲིས་རོགས་གནང་ དེ་ནས་ཁྱེད་ཀྱི་ང་ཚོའི་འགོ་ཁྲིད་གནང་རྒྱུ་དང་ ང་ཚོས་ཁྱེད་ཀྱི་བཀའ་གསུང་ཅི་གྲུབ་ཞུས་མཆོག་ འོན་ཀྱང་ཁྱེད་ཀྱི་དེ་ལྟར་མ་གནང་ཚེ་ ཁྱོད་ར་རང་དོན་ཁོ་ན་གྲུབ་ནས་སྤྱི་དོན་ལ་སྐད་ཆ་སྟོང་པ་ཤ་དག་བཤད་མཁན་སྐྱེས་པ་མཐའ་མ་ཞིག་ཡིན་པས་ཡང་སྐྱར་དེར་མ་ཡོང་ན་དགའ་ལ་
    སྡུག་ཤི་རྒྱབ་དགའ་

  4. གནམ says:
    2014-08-21 at 10:28 am

    (གླིང་གཟི་མིག)་ཟེར་བ་འདི་ཁྱེད་ལ་འབྱོར་མོ་མི་འདུག། དེ་རིང་ནས། ཁྱེད་ལ་(གླང་གཟའ་མིག)་ཟེར་རྒྱུ་ཡིན། བྱ་སྤྱོད་མེད་ནི་གླང་འདྲ་ཞིག་རེད། སྐད་ཆ་གཟའ་རོ་འདྲ་ཞིག་བཤད། མིག་གིས་མཐོང་བ་དེ་ཡང་གཟའ་ཞེར་ཙམ་རེད།

    ཆོས། སྲིད། འཁོར་བ་སོགས། ལུགས་གང་ལ་ཡང་མི་མཁས་བའི་གླང་གཟའ་མིག་ལགས། ཡར་བལྟ་མར་བལྟ་མང་ཙམ་བྱོས། ཁྱོད་དཔོན་ཡིན་ན་འདྲ། འབང་ཡིན་ན་འདྲ། ཅི་གང་མིན་ན་ཡང་འདྲ། གང་ལྟར་མ་ལྟར་གླུན་པོ་གླང་འདྲ་བ་འདི་འདྲ་བོད་དར་སྒུར་གང་གི་དུས་སུ་མི་དགོསོ།

  5. དབང་འདུས། says:
    2014-08-21 at 10:43 am

    གླིང་གཟི་མིག་ལགས་ཁྱེད་ཀྱིས་ནོར་བ་རེད། བོད་མི་ཚོ་སྟོད་པ་ཁོ་ན་ལས་སྨད་པ་བྱེད་མཁན་གཅིག་ཀྱང་མེད་དགོས་པ་རེད། ཁྱོད་ནི་རང་གི་རྒྱུས་མ་ལོན་པའི་མི་ལྐུག་པ་ཞིག་ཡིན་པ་འདྲ་འདུག

  6. མེ་ཏོག་དཀར་པོ says:
    2014-08-21 at 11:18 am

    གཟི་མིག་པས་སྐྱག་པ་རི་ཙམ་ཞིག་བཏང་འདུག

  7. ལུང་རྟོགས། says:
    2014-08-21 at 11:21 am

    ཕྱི་སྡོད་བོད་མིས་ཅི་ཡང་འཇོན་མིམའདུག་ཟེར་ནམི་ཤེས་ཏེ་ཆེན་པོ་ཞིག་འཇོན་མེད་པ་ནི་དངོས་ཡོད་རེད། ཐ་ན་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབས་ཙམ་ཡང་བྱེད་ཐུབ་ཀྱི་མེད་པ་འདི་ནི་ཐབས་སྐྱོ་པོ་འདྲ་ཞིག་རེད།

  8. ནུབ་ཕྱོགས་གངས་ཕྲུག says:
    2014-08-21 at 1:14 pm

    ཕྱི་སྡོད་བོད་མིའིབཀའ་དྲིན་ལ་བརྟེན་ནས་གསར་འབྱོར་བ་གླིང་གཟི་མིག་དང་ལུང་རྟོགས་གཙོས་པའི་གསར་འབྱོར་བ་ཚང་མ་རྒྱ་གར་ནང་སློབ་གྲྭ་དང་དགོན་པ་དེ་བཞིན་གཞིས་ཆགས་སུ་བསྡད་མཆོག་མཆོག་ཡོད། དེ་མིན་རྒྱ་གར་གཞུང་གིས་ཁྱེད་ཚོར་རྒྱ་ནག་གི་མི་ཡིན་པ་ངོས་ལེན་གྱིས་ལམ་སེང་ཕྱིར་འབུད་བཏང་གི་རེད།
    ཕྱི་སྡོད་བོད་མི་མི་ལོ་ལྔ་བཅུ་ལྷག་རིང་རང་གི་སྐད་ཡིག་དང་རིགས་གཞུང་མི་ཉམས་པར་རྒྱུན་་འཛིན་བྱས་ཡོད།
    ཕྱི་སྡོད་བོད་མི་དང་གཙོ་བོ་༧ གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་འཛམ་བུ་གླིང་དུ་མི་མང་ཆེ་བས། ་བོད་དང་བོད་མིར་ཤ་ཚ་དང་ཡ་རབས་བཟང་པོ་ཞིག་ལ་ངོས་འཛིན་བྱས་བཞིན་ཡོད།
    ཕྱི་སྡོད་བོད་མི་བླ་མ་དགེ་བཤེས་རྣམས་ཀྱི་ཤར་ནུབ་གང་སར་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སྟོང་ལས་བརྒལ་བ་འཛུགས་ཡོད།
    ཕྱི་སྡོད་་བོད་མི་ཕྱོགས་ཡོངས་ནས་ཆིག་བསྒྲིལ་དང་མི་རིགས་ཀྱི་ངོ་བོ་མ་བརླག་པར་གནས་་ཡོད། དེ་ལས་ལྷག་པ་ག་རེ་དགོས།

  9. བསམ་ཤེས། says:
    2014-08-21 at 1:32 pm

    གླིང་གཟི་མིག་མཆོག་བོད་ཀྱི་ཕྱི་ནང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོག་དེ་ཙམ་ཡོད་མཁན་ཞིག་རེད་མིན་འདུག འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་ལས་བྱེད་དེ་ཚོ་ཡང་བོད་ཕྱི་ནང་གི་གནས་ཚུལ་ཡག་པོ་ཤེས་ཀྱི་མ་རེད། བྱས་ཙང་གཞུང་གི་བཀའ་འབྱོར་ནས་གཅིག་ཕྲིས་ཟེར་དུས་འབྲི་ཡག་མེད་ཙང་། སྨྱོ་ལབ་ལྟ་བུ་རྒྱག་ཡོང་གི་རེད།

    ཕྱིར་སྡོད་བོད་མི་རྣམས་མི་རིགས་གཞན་གྱི་སྤྱི་ཚོགས་ནང་ལ་སྐད་ཡིག་དང་རིག་གཞུང་། གོམས་གཤིས། འཚོ་བརྟེན་བཅས་བོད་ཀྱི་སྐད་ཡིག་དང་འབྲེལ་བ་མེད་པ་ཞིག་གི་ནང་ལ་འཚོ་སྡོད་བྱ་མུས་ལ། ཞར་ཞོར་ལ་རང་གི་སྐད་ཡིག་དང་རིག་གཞུང་ལ་དོན་གཉེར་བྱས་པའི་འབྲས་བུར། བོད་ཡིག་གི་སློབ་གྲྭ་མི་ཉུང་བ། བོད་ཡིག་གསར་ཤོག་མི་ཉུང་བ་དང་། ཁ་བརྡ་ལ་སོགས་པའི་དྲ་རྒྱ་མི་ཉུང་བ། དེ་བཞིན་བོད་ཀྱི་སྐད་ཡིག་ཐོག་ལ་རླུང་འཕྲིན་དང་བརྡ་འཕྲིན། བོད་ཀྱི་སྐད་ཡིག་ཐོག་ལ་གཞུང་ཞིག་བཙུགས་ནས། གཞུང་དེའི་མ་ལག་ཚང་མ་བོད་ཡིག་ཐོག་ལ་སྐྱོད་བཞིན་པ་དེ་རྒྱ་ནག་གཞུང་སྐྱིད་པོ་མ་བྱུང་བར་བརྟེན། གླིང་གི་མིང་ཐོག་ནས་ཕྲག་དོག་གི་མདའ་མོ་འཕེན་པ་དེ་རེད།

    གླིང་ཁྱེད་ལ་གླ་ཕོག་སྤྲོད་མཁན་གྱི་རྒྱ་གཞུང་དེས་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དོན་གཉེར་བྱེད་མཁན་འབའ་ཞིག་བཙོན་ལ་བཅུག་པ་དང་དམར་གསོད་གཏོང་བ། བཅར་བརྡུང་བྱེད་པ་འདི་རྒྱུ་མཚན་ཅི།

  10. དོན་འགྲུབ། says:
    2014-08-21 at 2:33 pm

    མི་སུ་ཡིན་ཡང་སོ་སོའི་བསམ་ཚུུལ་བཤད་པའི་དབང་ཆ་ཡོད་རེད། དེ་ལ་ཁ་རྡུང་མ་གཏོང་རོགས། ཡིན་ཡང་འཛམ་གླིང་འདིར་བོད་དང་བོད་ཀྱི་མཐའ་རྩོད་ལ་རྒྱབ་སྐྱོར་འདི་ཙམ་ཡོད་པ་འདི་ལ་ནི། ཕྱི་སྡོད་བོད་མིས་འབྱིན་ཐོ་བརྒྱ་ཆ་ལྔ་བཅུ་ཙམ་མ་མཐའ་ཡང་ཡོད་རེད་དྲིན་གྱུར་འདུག

  11. ཀརྡོ་གཉེར་ཕྱག་པ་ says:
    2014-08-21 at 2:43 pm

    གླིང་གཟི་མིག་གིས། ངེས་ལྟ་དགོས་པའི་ལོ་རྒྱུས་གློག་བརྙན།

    https://www.facebook.com/photo.php?v=10152536099966460&set=vb.824661459&type=2&theater

  12. Chime in italy says:
    2014-08-21 at 9:30 pm

    ཕྱི་སྡོད་བོད་མིས་ཅི་འཇོན་མ་སོང་འདི་གནས་ལུགས་མེད་པའི་ཧམ་བཤད་རེད་་་་

  13. རང་སྐྱེས། says:
    2014-08-21 at 9:55 pm

    ཕྱི་སྔོད་བོད་མིའི་འཇོན་མི་འདུག་རང་དབང་རང་བཙན་ལོན་མི་འདུག་ཟེར་ན་ཧམ་བཤད་རེད། ༧ གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ནུས་བ་ཆེན་པོ་ཐོན་ཡོད་པ་རེད།

  14. ཞོལ་གཡག་འབྲོང་རྒྱུད། says:
    2014-08-22 at 4:02 am

    རྩོམ་ཡིག་གི་ནང་དོན་ལ་ཧོབ་ཏེ་བལྟས་ན་ཡུལ་བགྱར་བ་ཚོ་འདྲོགས་འགོ་བསློང་བྱེད་འདྲ་ཞིག་རེད། གནད་དོན་འགའ་རེ་བདེན་པ་རེད་ལ་གནད་དོན་འགའ་རེ་ཕྱོགས་ལྷུངས་ཀྱི་གཏམ་དུ་ཟད། ད་དུང་ཧ་ལས་དགོས་པ་ཞིག་ལ་ཡུལ་བགྱར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་རེའི་མིང་ནས་སྨྲོས་ཏེས་གཞིས་སྡོད་སྤུན་ཟླའི་སྲོག་ལེན་གྱི་གཞི་མ་དང་། རྒྱ་ལག་ཏུ་འཇོག་མཁན་ཡིན་རབས་བཤད་པ་ནི་གཞིས་བྱེས་གཉིས་འགལ་ཟླ་བསློང་བའི་ཉེན་ཁ་རང་བཞིན་གྱི་འགན་འཁུར་མེད་པའི་དཀྲོག་གཏམ་འོག་ན་མེད་པ་ཞིག་རེད།
    གཞི་རྩའི་གཞིས་ལུས་སྤུན་ཟླའི་མེ་མདའི་ཁ་འོག་གི་འཐབ་རྩོད་ནི་ཕྱི་ཕྱོགས་ནས་ཤུགས་རྐྱེན་དང་བསྐུལ་བསློང་བྱས་པ་ཞིག་མིན་པར་ཏང་གིས་སྔ་ཕྱི་བར་གསུམ་གྱི་གདུག་རང་བཞིན་ཅན་གྱི་སྲིད་ཇུས་རྒྱུན་འཁྱོངས་རང་བཞིན་དང་། ལག་བསྟར་རང་བཞིན་ཅན་གྱིས་བྱུང་བ་ཞིག་ལས་ཡུལ་བགྱར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཙམ་པོ་བ་ལས་བྱུང་བ་ཞིག་རྩ་བ་ཉིད་ནས་མ་རེད་འདོད། ལྷག་པར་དུ་གཞིས་ལུས་སྤུན་ཟླའི་འཐབ་རྩོད་པ་ནི་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། འཐབ་རྩོད་ཀྱི་སྙིང་སྟོབས། བློས་གཏོང་། ཤེས་འཇོན་གང་གི་ཆ་ནས་ཡུལ་བགྱར་བོད་མིའི་འཐབ་རྩོད་པ་དང་གང་གི་ཆ་ནས་བསྡུར་ཐབས་མེད་ལ་མགོ་བསྐོར་བསླུ་འཁྲིད་བཏང་ཆོག་ཆོག་ཤིག་ག་ལ་ཡིན། དེས་ན་ལྷག་བསམ་དང་སེམས་འཚོར་ཆེན་པོ་ཡོད་མདོག་གིས་གཞིས་ལུས་སྤུན་ཟླའི་འཐབ་རྩོད་ལ་ནག་ཐིག་བརྒྱབས་ནས། ཕྱི་ཕྱོགས་ནས་བསྐུལ་བསློང་ཡིན་རབས་བཤད་པ་ནི་ཀྲུང་ནན་ཧེའེ་ནས་སྔ་ཕྱི་བར་གསུམ་དུ་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་ངན་བསྐུལ་ཡིན་རབས་བཤད་པ་དང་སྒོ་ཀུན་ནས་མཚུངས་པས་སོ།

  15. ཞོལ་གཡག་འབྲོང་རྒྱུད། says:
    2014-08-22 at 4:07 am

    དྲ་བདག་ལ་ཞུ་རྒྱུར། གོང་གི་སྨྱུག་མིང་ནང་རྗེས་འཇུག་གཉིས་པ་ཆད་ལུས་སོང་བར་འབྲོང་རྒྱུད་ལ་བཅོས་རོགས་ཞུ།

  16. ཞོལ་གཡག་འབྲོང་རྒྱུད། says:
    2014-08-22 at 8:12 am

    རྩོམ་ཡིག་འདིའི་ནང་དོན་ཧོབ་ཏེ་བལྟས་པ་ཡིན་ན་བཙན་བྱོལ་བ་ཚོ་འདྲོག་འགོ་བསློང་བྱེད་འདྲ་ཞིག་རེད། ག་ལེར་ཞིབ་མོར་བཀླགས་ན་གནད་དོན་འགའ་རེ་བདེན་བདེན་འདྲ་སྣང་ཡང་། བཙན་བྱོལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་འགའ་རེའི་མིང་ནས་སྨྲོས་ཏེས། གཞིས་ལུས་སྤུན་ཟླའི་ཚེ་སྲོག་རྒྱ་ལག་ཏུ་འཇོག་མཁན་དང་སྲོག་ལེན་གྱི་གཞི་མ་ཡིན་རབས་བཤད་པ་ནི་གཞིས་བྱེས་གཉིས་དབར་འགལ་ཟླ་བསློང་བྱེད་ཀྱི་འགན་འཁུར་མེད་པའི་གཏམ་ཁོ་ན་ཉིད་དུ་ཟད། གཞིས་ལུས་སྤུན་ཟླའི་ཚེ་སྲོག་རྒྱ་ལག་ཏུ་འཇོག་རྒྱུ་དང་སྲོག་ལེན་རྒྱུའི་ཐོབ་ཐང་དང་དབང་ཚད་ཞིག་བཙན་བྱོལ་བ་སུ་གཅིག་གི་ལག་ཏུ་ནམ་ཡང་ཡོད་མི་སྲིད་པ་རེད། མ་གཞི་གཞིས་ལུས་སྤུན་ཟླ་ཚོས་རྩ་དོན་འཐབ་རྩོད་རང་བཞིན་ལྡན་པ་དེ་ཏང་གིས་སྔ་ཕྱི་བར་གསུམ་དུ་གདུག་རྩུབ་རང་བཞིན་ལྡན་པའི་སྲིད་ཇུས་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་ལ་རྒྱུན་འཁྱོངས་རང་བཞིན་འོག་ནས་བྱུང་བ་ཞིག་ལས། ཕྱི་ནས་གཞུང་འབྲེལ་ཚོགས་པ་བྱེ་བྲག་པ་འགས་སྐད་འབོད་སྐམ་པོ་བ་ཞིག་གིས་ཤུགས་རྐྱེན་འཐེབས་པ་ཞིག་རྩ་བ་ནས་མ་རེད་འདོད། ལྷག་པར་དུ་གཞིས་ལུས་ཀྱི་འཐབ་རྩོད་པ་ནི་བཙན་བྱོལ་གྱི་འཐབ་རྩོད་ལས་སྙིང་སྟོབས་དང་བློས་གཏོང་། ཤེས་འཇོན་གང་གི་ཆ་ནས་བྱེས་བགྱར་བ་དང་བསྡུར་ས་མེད་ལ་མགོ་བསྐོར་གཏོང་ཆོག་ཆོག་ཤིག་ག་ཡིན།
    དེས་ན་བཙན་བྱོལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་བྱེ་བྲག་པ་འགའ་འདིས་རྒྱལ་སྤྱིའི་སྡིང་ཆའི་སྟེང་ངུ་འབོད་ཏོག་ཙམ་དེ་ཡང་མ་བྱས་ན། ད་གཟོད་གཞིས་ལུས་སྤུན་ཟླའི་ཚེ་སྲོག་ཏིལ་འབྲུ་ཙམ་དེ་ཡང་གནས་སྲིད་དམ། འདི་དྲི་རྟགས་ཆེན་པོ་ཡིན་བསམ་གཞིག་ནན་མོ་བྱོས། ལར་ནས་གཞིས་སྤུན་ཟླའི་འ་ཆད་འུ་འཐུག་གི་འཐབ་རྩོད་དེ་ཀྲུང་ནན་ཧེའེ་ནས་ཕྱི་ནས་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་ཕྱི་ནས་ངན་སྐུལ་ཡིན་རབས་ཀྱི་འགྲེལ་བརྗོད་བྱེད་སྟངས་དང་འདྲ་སེའེ་མི་འདུག་གམ།

  17. ཞོལ་གཡག་འབྲོང་རྒྱུད། says:
    2014-08-22 at 8:14 am

    གཞུང་འབྲེལ་མིན་པའི་ཚོགས་པ་བྱེ་བྲག་པ་འགས། ཞེས་བཅོས་རོགས།

  18. ཀརྡོ་གཉེར་ཕྱག་པ་ says:
    2014-08-22 at 10:21 am

    ་་་་་་་་་་་་ གཞིས་བྱེས་གཉིས་དབར་འགལ་ཟླ་བསློང་བྱེད་ཀྱི་འགན་འཁུར་མེད་པའི་གཏམ་ཁོ་ན་ཉིད་དུ་ཟད། ་་་་་་་་་་

  19. མྱི་ལྟིག says:
    2014-08-22 at 1:38 pm

    མི་འདི་གཞིས་སྡོད་བོད་མི་ཞིག་མིན་པ་འདྲ། རྒྱུ་མཚན། བོད་ནང་གི་མི་ཚོས་རྩོམ་ཡིག་གིས་མཚོན་པའི་ཡིག་རིགས་གང་བྲིས་ཀྱང་། མཇུག་གི་ཟླ་ཚེས་འབྲི་སྟངས་ནི་གོང་བཀོད་ལྟར་མིན་ཏེ། ཐོག་མར་ལོ་དང་དེ་ནས་ཟླ། དེ་ཡི་རྗེས་ལ་ཚེས་གྲངས་འབྲི་ཡི་རེད། སོང་ཙང་། རྣམ་པ་ཚོས་འདི་རིགས་ལ་ཡ་ལན་སྟེར་དགོས་དོན་ཅི་ཡང་མི་འདུག་བསམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme