Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆེས་མཛད་འཕྲིན་ཆེ་ཤོས་ཀྱི་གྲལ་དུ་ངོས་འཛིན་ཞུ་འོས།

Posted on 2014-08-212014-08-21 By ཁ་བརྡ་ 68 Comments on ཆེས་མཛད་འཕྲིན་ཆེ་ཤོས་ཀྱི་གྲལ་དུ་ངོས་འཛིན་ཞུ་འོས།

འཇམ་གཅེས།

སྲིད་འབྱོར་རིག་གསུམ། ཆོལ་ཁ་ཆོས་ལུགས། མདོར་ན་ཡོད་ཚད་ཁོང་དུ་ཆུད་པར་རློམ་མཁན་གྱི་བོད་རིགས་སྤྱི་དང་། ལྷག་པར་དུ་དོལ་རྒྱལ་དང་འབྲེལ་བའི་ཇུས་གཏོགས་མཁན་པོ་ཚོས་ཉོན་ཤིགས།

ཁྱེད་ཅག་དང་དོལ་རྒྱལ་ཚོགས་པའི་བར་དུ་འདྲ་བའི་ཆ་ཁ་ཤས་ཡོད་པའི་ནང་ནས་གཅིག་ནི་ཆོས་དད་རང་དབང་དགོས་ཚུལ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་ཚུལ་ཟེར་ནས་འུར་སྒྲོག་བཟོ་བཞིན་པ་དེ་རེད། འོ་ན་དོལ་ཚོགས་ལ་ཆོས་དད་རང་དབང་དགོས་ན་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་ཆོས་དད་རང་དབང་ཅིའི་ཕྱིར་མི་དགོས། ཡང་ན་དོལ་ཚོགས་ཀྱི་ཆོས་དད་རང་དབང་འཕྲོགས་མཁན་སུ་ཞིག་རེད་དམ། ༸དོལ་རྒྱལ་གྱི་རྗེས་སུ་འབྲངས་མཁན་དག་ལ་༸གོང་ས་སྐྱབས་མགོན་པོ་མཆོག་གིས་དབང་ཆེན་གང་གནང་སར་མ་ཡོང་རོགས་ཞེས་འབོད་བསྐུལ་གནང་བ་དེ་དག་ནི་ཁོང་རང་ཉིད་གང་ཟག་སྒེར་གྱི་བདག་དབང་དང་ཐོབ་ཐང་ཡིན་པས་ཁྱེད་ཅག་གི་མི་ཆོག་པའི་ཧམ་བཤད་བྱེད་བཞིན་པ་ནི་གང་ཟག་སྒེར་གྱི་བདག་དབང་ལ་གུས་བཀུར་མ་བྱས་པ་དང་། མི་གཞིར་དམའ་འབོད་བྱེད་བཞིན་པ་འདི་དག་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་སོགས་ལ་གཏོར་གཤིག་ཚབས་ཆེན་བཏང་བ་མ་ཡིན་ནམ།

འདི་ནི་ཚད་མ་རིག་པའི་གཞུང་ལུགས་ཀྱི་བརྡ་ཆད་ལས་གསལ་བའི་འགོ་མཚུངས་ཀྱི་རིག་པ་འམ་གཏན་ཚིག་ཅེས་འབོད་ཀྱིན་ཡོད།

༧མགོན་པོ་གང་ཉིད་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱེད་མིན་ནི་སོ་སོའི་འདོད་པ་རེད། གལ་སྲིད་བསྟེན་མཁན་ཡིན་ཚེ་ངས་ཆོས་འཆད་སར་མ་འོང་རོགས་ཅེས་འབོད་བསྐུལ་གནང་བ་ལས་མི་ཆོག་པའི་བཙན་བཀའ་སུ་ཤིག་གིས་བཏང་ཡོད་དམ། ཉོན་དང་མི་ཉོན་སོ་སོའི་འདོད་པ་རེད་ཅེས་པའི་ཁ་ཆེ་ཕ་ལུའི་ལུང་འདྲེན་ཡང་ཡང་མཛད་པ་མ་ཡིན་ནམ། ད་དུང་ཁྱེད་ཚོས་ཕ་འོང་ཁ་དང་། ཁྲི་བྱང་རིན་པོ་ཆེ་སོགས་ཀྱིས་རྩོམ་པའི་དོལ་རྒྱལ་གྱི་འཕྲིན་བཅོལ་ཁག་ཕུ་སྒྲུབ་མདའ་སྒྲུབ་བྱས་ནས་དོལ་འདྲེ་སྐྱབས་གནས་ཀུན་འདུས་ཡིན་ཅེས་ཚོགས་ཞིང་གི་གྲལ་དུ་འཇོག་པ་ནི་ཚེ་རབས་གཏན་གྱི་འདུན་མ་བརླག་བྱེད་ཀྱི་རྒྱུ་ཕུལ་ཏུ་ཕྱིན་པ་ཞིག་སྒྲུབ་པ་དང་། རང་ཉིད་ཀྱིས་རང་ཉིད་ནང་པ་སངས་རྒྱས་པའི་གྲལ་ནས་ཕྱིར་འབུད་བྱས་པ་སོགས་ཀྱི་མཚོན། འདི་ཕྱི་ཚེ་རབས་གཏན་གྱི་ཡང་དག་པའི་ལམ་བཟང་གི་སྒོ་ཆེན་བཀག་པའི་བྱ་སྤྱོད་ཀྱི་ཚུལ་འདི་དག་ལ་བསམ་ཚེ་སྙིང་རྗེའི་ཡུལ་ལས་མ་འདས།

སྤྱིར་བསྟོད་ཚིགས་རྩོམ་མཁན་ཞིག་ལ་མཚོན་ན་སྙན་ངག་དང་འབྲེལ་བའི་ཕུལ་བྱུང་རབ་བཏགས་སོགས་ཀྱི་སྒྲོ་བཏགས་ནི་འགྲོ་སྟངས་སམ་ཁྱད་ཆོས་ཡིན་པ་ཙམ་ཡང་མ་ཤེས་པར་དེ་དག་ཚད་མར་འཛིན་པ་ནི་བླུན་པོའི་རང་གཤིས་གསལ་སྟོན་བྱས་པ་ཙམ་ལས་དོལ་འདྲེ་སྐྱབས་གསུམ་ཀུན་འདུས་ཡིན་པའི་སྒྲུབ་བྱེད་ཀྱི་གཏན་ཡང་དག་ཞིག་ལ་ཅིའི་ཕྱིར་འགྲོ ལོག་བཤད་དང་ཧམ་བཤད་འདི་ཚོ་ནི་ཤེས་ཡོན་ཅན་དང་གཟུར་ཅན་གྱི་སྐྱེ་བོ་དག་སེམས་ཁོང་ཁྲེལ་བྱེད་རང་དུ་མི་འདུག་གམ།

དེ་སྔར་ད་བར་དུ་དོལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་འཕྲོགས་ཚུལ་སོགས་ལ་ཁ་གཡར་ཏེ་རྒྱ་གར་གཞུང་གི་ཁྲིམས་ཁང་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་དང་འབྲེལ་ཡོད་ཁྲིམས་ཁང་གཉིས་ལ་སྔར་ཕྱིར་རིན་བཞིན་ཞུ་གཏུག་བགྱིས་པའི་རྗེས་སུ་ཁྲིམས་ཁང་དེ་གཉིས་ཀྱིས་ངོས་ནས་ཀྱང་ཁྲིམས་ལུགས་གཞིར་བཟུང་སྟེ་ཞིབ་འཇུག་མཐིལ་ཕྱིན་པ་གནང་གྲུབ་པའི་རྗེས་སུ་ཁྱེད་རང་ཚོས་ཁ་མཆུ་འདི་བཞིན་ང་ཚོས་ངོས་ལེན་བྱ་རྒྱུའི་གཞི་རྩ་གང་ཡང་མི་འདུག བོད་ནང་དུ་ཆོས་དད་རང་དབང་མེད་པ་ནི་དངོས་ཡོད་ཡིན་མོད། བཙན་བྱོལ་བོད་མི་ཡོད་དོ་ཅོག་ལ་ཆོས་དད་རང་དབང་ཆ་ཚང་བ་ཡོད་པས་ཁྱེད་ཚོས་ཆོས་དད་རང་དབང་ལ་ཕོག་ཐུག་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཕོག་ཐུག་ཕྱིན་ཡོད་པར་ཁྲིམས་ལུགས་ཀྱིས་དག་འབུད་བྱ་རྒྱུའི་ཞིབ་གཏུག་ཡིག་ཆ་འདིའི་འགོ་འཇུག་བར་གསུམ་དུ་དོན་ཚན་སྣ་གཅིག་ཀྱང་མི་འདུག་ཅེས་འབྲི་དོན་རེ་རེ་བཞིན་ཕྱིར་སློག་བྱས་པར་ཡོངས་སུ་གྲགས་པ་ཡིན་པ་མ་ཟད། ཁྲིམས་ཁང་སོ་སོས་ཕྱིར་སློག་པའི་ཡིག་ཆ་དེ་དག་ད་ཆར་ཁྱེད་ཚོས་ལག་ཏུ་ཡོད་པས་ཡང་ན་ཁྲིམས་ཁང་གིས་དྲང་བདེན་མ་བྱས་པར་སྨྲ་བར་ནུས་སམ།

དེ་བཞིན་དགེ་ལྡན་པའི་འདུས་སྡེ་ཆེ་ཆུང་ཀུན་ལ་དོལ་ཚོགས་དང་འབྲེལ་བ་ཡོད་རིགས་འཛུལ་ཞུགས་མི་ཆོག་པའི་ཁྲིམས་ལུགས་དེ་ཡང་རི་བོ་དགེ་ལྡན་པའི་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་སྟེ་ཁྱེད་ཅག་གི་ཕྱོགས་གཏོགས་དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིགས་རྣམ་རྒྱལ་གྱིས་གཙོ་སྐྱོང་བྱས་ནས་གཏན་ལ་ཕབས། ས་རྟགས་བཀོད་ནས་ཁྲིམས་མཐུན་གྱི་གཏན་ལ་ཕབས་ཟིན་པ་དེའི་ཚིག་དོན་རྣམས་ཇི་ལྟ་བ་བཞིན་དུ་ལག་བསྟར་གནང་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་བཤད་ན་ཚོགས་པ་གང་འདྲ་ཞིག་ཡིན་རུང་སྒྲིག་གཞི་རེ་ཡོད་པ་ནི་གསལ་བཤད་མི་དགོས་ལ། དེའི་བདག་དབང་ཡང་ལས་བྱེད་པ་པོ་དག་དང་། མང་གཙོའི་ལམ་ལུགས་ལྟར་བྱས་ན་མི་དམངས་ལ་ཡོད་པ་ནི་ཡོངས་གྲགས་ཀྱི་འགྲོ་སྟངས་ཤིག་ཡིན་པ་དེ་ཡང་ཤེས་དགོས།

གཉིས་པའི་ཆ་ནས་བཤད་ན་ཁྱེད་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་ངམ་མང་གཙོའི་རང་དབང་དང་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་བཞིན་དུ་བོད་པའི་སྤྱི་ཚོགས་ཀྱིས་ཕྱིར་འབུད་བྱས་ཚུལ་སོགས་རྒྱ་དམར་གཞུང་གིས་བཀོད་ཇུས་འོག་ནས་ཕྱོགས་གང་སར་འུར་སྒྲོག་བྱེད་བཞིན་པ་འདི་ཡང་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་གང་ཡང་མེད་པ་ནི་གོང་དུ་ཞུས་མ་ཐག་པའི་ཁྲིམས་ཁང་སོ་སོས་ཕྱིར་སློག་པའི་ཡིག་ཆ་དེ་དག་གིས་བདེན་དཔང་ཡོངས་རྫོགས་བྱས་ཟིན་པ་ཡིན་པས་དེ་དག་གི་འབྲི་དོན་རེ་རེ་བཞིན་ཞིབ་ཏུ་སྦྱོངས་ཤིགས། དོན་ངོ་མ་ཆོས་དད་དང་ཐོབ་ཐང་གང་ལ་ཡང་མ་འབྲེལ་པར་སྒེར་གྱི་གྲོད་ཁོག་གི་ཆེད་དུ་མི་རིགས་ཀྱི་ལ་རྒྱ་དངུལ་དངོས་དང་ཚང་འབྲེལ་ཡིན་པར་དེ་ཡང་ཡོངས་གྲགས་ཡིན།

ད་དུང་ཁ་ཤས་ཀྱིས་ཕན་ཚུན་གོ་བསྡུར་དང་གྲོས་མོལ་དགོས་ཚུལ་བཤད་ཀྱིན་ཡོད་མོད། དེ་དག་ལ་ཡང་གཞི་རྩ་གང་ཡང་མེད་སྟེ། དོལ་ཚོགས་ཀྱི་ངོས་ནས་རྒྱལ་འགོང་ངམ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་བྱས་པ་ཡིན་ན་དུས་ནམ་ཡང་གྲོས་མོལ་ཡོང་མི་སྲིད་པ་ཞིག་རེད་ལ་ཁོང་ཚོས་དོལ་འདྲེ་མཚམས་འཇོག་བྱས་པའི་ཉིན་དེར་ནས་ཁོང་ཚོ་ལ་ཆོས་དང་ཟང་ཟིང་གི་འབྲེལ་ལམ་གཅོད་མཁན་སུ་གང་མི་ཡོང་བ་གསལ་པོ་བཤད་ཐུབ་པ་ཞིག་ལས། ཆ་རྐྱེན་གཉིས་པ་ཞིག་ནམ་ཡང་འཁྱེར་ཤོག་ཟེར་མཁན་སྔར་བྱུང་མྱོང་མེད་ལ་ཕྱིས་སུ་ཡང་ཡོང་མི་སྲིད་པ་རེད། དེ་སྔར་ད་བར་དུ་བོད་ཀྱི་ལུང་ཁུག་ཁག་དང་། ནང་ཆོས་ཀྱི་ཤེས་ཚད་དམན་པའི་སྐྱེ་བོ་ཉུང་ཤས་ཤིག་མགོ་སྐོར་བསླུ་བྲིད་བཏང་བ་དག་ཀྱང་རིམ་བཞིན་རྨོངས་གཉིད་ལས་གྲོལ་བར་ངེས།།

མདོར་བསྡུས་ནས་བཤད་ན་ལོ་ངོ་བཞི་བརྒྱ་མ་ཟིན་ཙམ་གྱི་རིང་དུ་བོད་པའི་ཆོས་བརྒྱུད་ནང་ཕན་ཚུན་དབར་དང་། བསྟན་སྲིད་སྤྱི་ལ་འཁོན་འཛིན་ཅན་གྱི་དམ་སྲི་དོལ་འདྲེ་འདི་བཞིན་༸གོང་ས་བཅུ་བཞི་པ་ཆེན་པོས་ལོ་རྒྱུས་དང་། གཏན་ཚིགས། ལུང་བསྟན་དང་། ཉམས་སྣང་མཚན་མ་སོགས་ལ་བརྟེན་ནས་དགག་བྱ་ནན་པོ་གནང་བ་འདི་ནི་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆེས་མཛད་འཕྲིན་ཆེ་ཤོས་ཀྱི་གྲལ་དུ་ངོས་འཛིན་ཞུ་འོས་པ་ཞིག་ཀྱང་ཡིན་ནོ།། །།

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་མཆོག་གི་དོལ་རྒྱལ་ཐད་ཀྱི་རྣམ་འགྱུར།
Next Post: ཡོངས་ཁྱབ་གསལ་བསྒྲགས།

Comments (68) on “ཆེས་མཛད་འཕྲིན་ཆེ་ཤོས་ཀྱི་གྲལ་དུ་ངོས་འཛིན་ཞུ་འོས།”

  1. འཇམ་གཅེས། says:
    2014-08-21 at 2:08 am

    གོང་གསལ་རྩོམ་ཡིག་ནང་དུ་མི་འོས་པའི་ཆེ་རྟགས་༧དེ་བརྩིས་མེད་དགོས་ད་དུང་གཏན་ཚིག་བཅས་ནོར་བཅོས་དགོས་འདུག་དགོངས་སེལ་ཞུ་་

  2. མྱི་དཀར། says:
    2014-08-21 at 2:31 am

    ༧འདི་ཆེ་རྟགས་ཡིན་པའི་རྒྱུ་མཚན་འགྲེལ་བཤད་ག་འདྲ་ཡོད་དམ་་་་་་་་་་

  3. འཇམ་གཅེས། says:
    2014-08-21 at 3:39 am

    གྲོགས་ཨ་ཕྱི་ཆོས་སྒྲོན་སམ་ཕྱི་གསལ་ནང་གསལ། ཡང་ན་བཀྲ་ཤིས་བདེ་ལེགས། འཇམ་མགོན་བླ་མའི་རིང་ལུགས་གཙང་མ་ཟེར་བ་དེ་ཁ་ནས་བརྗོད་ཤེས་པ་ཙམ་གྱི་བསོད་ནམས་ཀྱི་བགོ་སྐལ་མ་ཆད་བ་ཙམ་ལ་ངས་ངོས་འཛིན་ཡོད། དེ་མིན་ལྟ་དཔྱོད་ཀྱི་ཐོག་ནས་བཤད་ན་ད་དུང་ཕྱི་གསལ་ནང་གསལ་ཡོང་བ་ལ་ལེབ་དབར་འབུམ་ཕྲག་ཙམ་གྱི་ས་ཁུལ་དུ་ཁྱེད་རང་རྗེས་ལུས་ཅན་ཡིན་པར་ངས་རྒྱུན་དུ་ནས་ངོས་འཛིན་ཡོད།

    ༧གོང་ས་མཆོག་གི་ཀརྨ་པར་ཉེ་པོ་གནང་བའི་རྐྱེན་གྱིས་བཀའ་རྒྱུད་པའི་ནང་ཁུལ་དུ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་མེད་ངས་ནི་གསལ་པོ་གང་ཡང་ཞུ་མི་ཤེས་ལ། གལ་སྲིད་དེ་ལྟར་ཡང་གི་ཡོད་པའི་དབང་དུ་བྱས་ཀྱང་དེ་ནི་༧གོང་ས་མཆོག་གིས་ནོར་བ་མ་ཡིན་པར་དེ་ལྟ་བུའི་བསམ་སྤྱོད་འཛིན་མཁན་ཚོས་ནོར་བ་རེད།

    ད་དུང་རང་ལུས་མེར་མཆོད་ཕུལ་མཁན་དང་འགྲེལ་བའི་རྒྱ་གཞུང་གིས་བཤད་སྟངས་དང་ཕྱོགས་འདྲ་བ་དེ་ཚོ་ནི་གནས་སྟངས་མ་ཤེས་པ་དང་། ཡང་ན་ཤེས་བཞིན་དུ་དམིགས་ཡུལ་ངན་པ་ཁོག་དུ་བཅངས་ནས་འགན་འཁུར་མེད་པའི་སྟོང་གཏམ་འབའ་ཞིག་ལས། སུ་གང་ལ་འང་མཚམས་འཇོག་དགོས་པའི་བཀོད་པ་ཤོད་དབང་ཡོད་པ་མ་རེད་ལ་བཤད་ཀྱང་ཤེས་ཀྱི་མ་རེད།

  4. རྒྱལ་རོང་། says:
    2014-08-21 at 3:57 am

    དེང་སྐབས་གཙང་ཁ་པའི་རིང་ལུགས་དྲི་མ་མེད་པ་འཛིན་ནས་ཆོས་རྒྱུད་སྐྱོངས་རྒྱུ་ཕར་ཚོད། སྐྱབས་འགྲོ་དང་སློབ་སྡོམས་རྣམ་དག་རྒྱུད་ལ་ཡོད་པའི་དགེ་ལུགས་པ་ཞིག་ཡོད་ནི་མ་རེད།

  5. འཇམ་གཅེས། says:
    2014-08-21 at 4:02 am

    གྲོགས་པོ་མྱི་དཀར་ལགས་ལ་ཞུ་རྒྱུར། ༧འདི་ལ་ཆེ་རྟགས་ཅེས་བྲིས་པ་ངས་ནོར་བ་རེད། བོད་ཀྱི་བླ་ཆེན་རྣམས་ཀྱི་མཚན་གྱི་འགོ་མར་ཨང་ཀི་བདུན་པ་འབྲི་སྲོལ་ཡོད་པ་འདིའི་མཚོན་དོན་ཡང་འཕགས་ནོར་བདུན་དང་། རྒྱལ་སྲིད་བདུན་སོགས་ཀྱི་མཚོན་བྱེད་དུ་ངོས་འཛིན་སྲོལ་ཡོད་པ་ཡིན་ནོ་་

  6. ཀརྡོ་གཉེར་ཕྱག་པ་ says:
    2014-08-21 at 6:47 am

    # 3 ཨ་ཕྱི་ཆོས་སྒྲོན་ལགས།

    ཁྱོད་ཀྱི་མི་ཤེས་པའི་དད་ལོག་གསུམ་།
    ༡༽ ཨ་ཕྱི་ཁྱོད་རང་གཅིག དོལ་རྒྱལ་བ་ཚོ་འཇམ་མགོན་བླ་མ་ཙོང་ཁ་པའི་རིང་ལུགས་འཛིན་མཁན་མིན་པ་གཅིག་མཚུངས་རེད།

    ༢༽ ཞྭ་དམར་དང་། མཐའ་ཡས་རྡོ་རྗེ་དང་། ཨ་ཕྱི་ཁྱོད་རང་གསུམ་ནོར་བ་ལས། སི་ཏུ་རིན་པོ་ཆེ་དང་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་དང་། ༸གོང་ས་མཆོག་གསུམ་ནོར་ཡོད་མ་རེད།

    ༣༽ བོད་བསྟན་སྲིད་ལ་རྒྱའི་དོན་དུ་རང་ལུས་མེར་སྲེག་གནང་ཟིན་པ་རྣམས་མ་འགྲིག་པ་སུས་བཤད་ན་ཡང་། འདས་གསོན་མ་མང་པོ་ཕོག་ཐུག་ཤོར་འགྲོ་བ་དང་། འབྱུང་འགྱུར་མ་འོངས་པ་ལ་ཡང་། དེ་འདྲ་མ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཙམ་ལས། ༸གོང་ས་མཆོག་གིས་བཀག་འགོག་བྱས་ན་མང་པོའི་སེམས་ཤུགས་ལ་གནོད་འགྲོབ་བས་རེད། ཨ་ཕྱི་ཁྱོད་རང་བོད་མིན་རྒྱ་མིན། ནང་མིན་ཕྱིན་ཡིན་ཙང་དེ་ཤེས་ཐུབ་བགྱི་ཡོད་མ་རེད།

  7. མྱི་དཀར། says:
    2014-08-21 at 8:18 am

    འཇམ་གཅེས་ལགས་ཀྱིས་ཆེ་རྟགས་༧ལ་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ། ད་དུང་འཁྱུག་ཡིག་དང་དབུ་མེད་ལ་ཆེ་རྟགས་འབྲི་ཚུལ་གཅིག་པ་ཨེ་རེད།

  8. འཇམ་གཅེས། says:
    2014-08-21 at 9:21 am

    རྨྱི་དཀར་ལགས། དེ་ནི་ངས་ཡང་གསལ་པོ་ཤེས་ཀྱི་མེད། སྤྱི་ཏང་རྟགས་༸འདི་ལ་ཆེ་རྟགས་འབོད་གྱི་ཡོད་པ་ལས་༧འདི་ལ་ཆེ་རྟགས་མི་འབོད། ཆེ་རྟགས་ཀྱི་མཚོན་དོན་ཡང་གང་ཡིན་མ་ངེས་མོད་མང་ཤོས་ཀྱི་བོད་ཀྱི་བླ་ཆེན་ཚོས་མཚན་གྱི་ཐོག་མར་འབྲི་སྲོལ་ཡོད་པ་ནི་གསལ་པོ་རེད། ༧འདིའི་མཚོན་དོན་ནི་གོང་དུ་ཞུས་ཟིན་པ་ལྟར་རོ།།

  9. མྱི་དཀར། says:
    2014-08-21 at 9:42 am

    ངའི་ཁ་པར་ནང་ཆེ་རྟགས་དེ་བཏགས་སྤྱད་མི་འདུག་པས་༧བཏགས་དགོས་བྱུང་སོང་། ཐུགས་རྗེ་ཆེ་གྲོགས་པོ་ལགས།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-08-22 at 5:59 am

    ༧སྐྱབས་རྗེ་ཕ་བོང་ཁ་དང་ཡོངས་འཛིན་དམ་པ་ཁྲི་བྱང་རིན་པོ་ཆེ་དགེ་ལུགས་པ་གཙང་མ་རེད་ལ། ཁོང་གཉིས་ཀྱིས་ཀྱང་དོལ་རྒྱལ་དྲེག་པར་བརྩིས་ནས་བསྟེན་གསོལ་གནང་ཡོད་རེད།
    ༧གོང་ས་མཆོག་གིས། ཁོང་གཉིས་དྲེག་པ་དེ་སྨོན་ལོག་རེད་འདུག བསྟེན་ན་མི་འགྲིག་པ་དང་། དེའི་སྟེང་གལ་སྲིད་སྒེར་གྱིས་བསྟེན་ན་ཡང་། ལས་བྱེད་རིགས་སོགས་ལ་མ་སྤེལ་རོགས་འབོད་སྐུལ་གནང་བ་ལས། ཨ་ཕྱི་ཁྱོད་རང་ནང་བཞིན་། ཁོང་གསུམ་གྱི་བར་དད་པ་དང་། དམ་ཚིག་ཉམས་ཡོད་མ་རེད།
    གཉིས་པའི་སྐོར་ལ་མི་ཟློས། ལབ་རྡོལ་གསུམ་པར་ཨ་ཕྱི་རང་གིས། རང་མདོག་བསྟན་ཟིནད་པ་ལ་ངས་ལག་པ་འཆང་ནས་ཅི་བྱེད། ངའི་མཆན་བུ་༦པའི་ཁ་སྣོན་དུ་ཕུལ།། །།

  11. བློ་བཟང་དབང་འདུས་ says:
    2014-08-22 at 8:57 am

    རྒྱལ་ཆེན་འགོང་པོ་ཡིན་རྒྱུ་བྱས་ནས་དེ་བསྟེན་པས་ཆབ་སྲིད་ལེགས་ལམ་མི་འབྱུང་ངོ་སྙམ་པ་ནི་དཔྱོད་ལྡན་གཟུ་བོར་གནས་པའི་ལུགས་སུ་མི་སེམས་ཏེ། འགོང་པོ་དང་འདྲེ་གདོན་ཟེར་བ་ཕྱི་རོལ་ནས་ཚུགས་ཐུབ་པ་འཇིགས་སུ་རུང་བ་ཞིག་ཡོད་དུ་རེ་བ་ཡང་མཚང་ཆེ་ལ། གྲུབ་མཐའ་དང་དགེ་འདུན་སྡེ་རིས་སུ་གཅོད་པ་དང་། རིགས་རུས་དང་ལུང་པ་ལུང་ཚན་སོ་སོར་བཅད་ནས་ཕྱི་ནང་གང་ས་ནས་གྲ་མི་འགྲིག་པ་དང་སྲིད་དོན་རྨང་ནས་འགྱེལ་འགྲོ་བ་འདི་དག་གི་རྩ་བ་ཞིབ་མོར་བསམ་ཚེ། ཕྱི་རོལ་ནས་འགོང་པོ་ཞིག་གིས་ཆེད་དུ་བྱས་པ་མིན་པར་ཐམས་ཅད་ཀྱི་བྱེད་པོ་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་འགོང་པོ་དེ་ལ་ཐུག་འདུག་པར་སེམས་

    མདོ་སྨད་པ་ཡོན་ཏན་རྒྱ་མཚོ།

  12. འཇམ་གཅེས། says:
    2014-08-22 at 10:00 am

    མདོ་སྨད་ཡོན་ཏན་པ་དང་། ཁ་བརྡའི་དྲྭ་མཆན་པ་ཕྱི་གསལ་ནང་གསལ། དེ་བཞིན་དེ་དག་གི་རྗེས་འབྲངས་དང་བཅས་པ་ལ་ཡིན།

    བོང་རྒན་ཨ་མཆོག་དང་ནང་དུ་གསེར།།

    དང་པོ།

    དོལ་འདྲེ་འདི་ནི་རྒྱུ་སྨོན་ལམ་ལོག་པ་དང་། ངོ་བོ་དམ་བསྲི། བྱེད་ལས་བསྟན་པ་དང་འགྲོ་བར་འཚེར་བྱེད་ཡིན་པ་ནི་༧གོང་ས་ལྔ་པའི་རང་རྣམ་ལས་གསལ་བ་ལྟར་ལགས་པས་ཀུན་གྱིས་མཁྱེན་ཆུད་ཡོད་ཤག

    གཉིས་པ།

    ནང་བསྟན་སྤྱི་དང་ཁྱད་པར་དུ་ཡང་དགེ་ལྡན་པའི་བསྟན་པའི་དགྲ་བོ་དངོས་ཡིན་པ་ནི་གཞན་ཟེར་རྗེས་རྒྱུགས་ཙམ་མ་ཡིན་པར་ཕྱོགས་ལྷུང་བྲལ་བའི་གཟུར་གནས་ཀྱི་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་

    ཞིབ་འཇུག་གི་ངལ་བར་ཅུང་ཟད་བསྟེན་ནུས་ན་ལྐོག་འགྱུར་གྱི་གནས་གང་ཡང་མ་ཡིན་པས། རྒྱལ་བསྟན་ཆབ་སྲིད་དང་བཅས་པ་ལ་ཤ་ཞེན་ལྡན་པའི་རིགས་མཐུན་སྤུན་ཟླ་ཡོངས་ཀྱིས་ངེས་པར་དུ་དཔྱད་པ་
    གནང་གལ་ཆེ། རྒྱུ་མཚན་ནི་བདེན་རྫུན་གྱི་གནས་ལུགས་གཉིས་ལས་རིན་ཐང་སོ་སོར་དཀའ་ཚེགས་གང་ཡང་མེད་པར་གཟིགས་ཐུབ་པས་སོ།

    གསུམ་པ།

    དོལ་འདྲེ་འདི་ནི་འདས་པའི་དུས་ཡུན་ལོ་ངོ་སུམ་བརྒྱ་ལྷག་ཡས་མས་ནས་བོད་རྒྱུད་ནང་བསྟན་དུ་སུན་གཙེར་བྱས་པ་ཙམ་དུ་མ་ཟད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བསྲུང་ཀུན་དང་མི་མཐུན་
    པའི་ཁྱད་ཆོས་ནི་སུ་དང་འགྲོགས་ན་དེར་ཁ་ཆག་སྣ་རལ་དང་། བཀྲ་མི་ཤིས་པའི་ངན་ལྟས་སྣ་ཚོགས་པ་ཡོང་གི་ཡོད་པ་ནི་༧གོང་ས་ལྔ་པའི་སྐབས་ནས་ད་ལྟའི་བར་དུ་བྱུང་རབས་ཀྱི་ལོ་རྒྱུས་དག་ལས་བར་མ་
    ཆོད་པར་གསལ།

    ལྷག་པར་དུའང་འདྲེ་ངན་འདིར་བསྟེན་གསོལ་གནང་མཁན་སྐྱབས་རྗེ་ཕ་བོང་ཁ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་འཛེ་སྨད་རིན་པོ་ཆེ་སོགས་ནི་དོན་དངོས་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཡིན་པ་ནི་རྩོད་མེད་ཡོངས་གྲགས་ཡིན་མོད། ངག་རྒྱུན་ལས། མཁས་པ་ནོར་ན་འདོམ་གོང་དང་། བླུན་པོ་ནོར་ན་འཐོ་གོང་ཟེར་སྲོལ་ལྟར་འདྲེ་ངན་འདིར་བསྟེན་པས་ནོར་ཚབས་ལས་བསྟན་སྲིད་གཉིས་སམ་སྤྱིར་སྒེར་
    གཉིས་ཀ་ལ་གྱོང་གུད་བློ་ཡུལ་ལས་འདས་པ་བྱུང་ཡོད།

    བཞི་པ།

    དེང་སྐབས་དོལ་ཚོགས་རྗེས་འབྲངས་པ་དག་གིས་དོལ་འདྲེ་འདི་ནི་འཇམ་མགོན་བླ་མའི་བསྟན་བསྲུང་དུ་རློམ་པ་ནི་བསྟན་པ་སྤྱི་དང་། ལྷག་པར་དུ་རྗེ་བླ་མའི་བསྟན་པ་རིན་པོ་ཆེའི་ལོ་རྒྱུས་ནང་དུ་སུས་ཀྱང་སུན་
    འབྱིན་མ་མྱོང་བའི་ལས་ངན་ཚབ་ཆེན་ཞིག་བསོགས་པ་ཡིན་སྟེ། རྗེ་བླ་མའི་བསྟན་བསྲུང་ངོ་མ་ཞིག་ཡིན་ན་བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་ལྷག་པར་དུའང་དགེ་ལྡན་པའི་བསྟན་འཛིན་གྱེས་སྐྱེན་དག་གི་མཛད་འཕྲིན་རྒྱས་ཕྱིར་དུས་ཀུན་དུ་བསྲུང་སྐྱོབས་འཕྲིན་ལས་དབྱེ་མེད་དགོས་པ་ལས། ཆོས་རྒྱུད་ཕན་ཚུན་འཁོན་འབྲས་དང་། དགེ་ལྡན་པའི་སྐྱེས་ཆེན་དག་གི་མཛད་འཕྲིན་ལ་བར་ཆད་དང་མཚན་ཤས་ཅིའི་ཕྱིར་ཡོང་བཟོ་གིན་ཡོད་དམ།
    མདོར་ན་བསྟན་སྲིད་སྤྱིའི་ཁོར་ཡུག་ནང་དུ་མི་བསད་ཁྲག་གི་འཁོར་ལོ་བསྐོར་མཁན་ཞིག་རྗེ་བླ་མའི་བསྟན་བསྲུང་ཡིན་ཅེས་ངག་ནས་སྨྲོས་པ་ཙམ་གྱིས་ངན་སོང་ངན་འགྲོའི་རྒྱུ་ཕུལ་དུ་ཕྱིན་པ་ཞིག་བསྒྲུབ་པ་ཡིན་པ་ནི་བཤད་ག་ལ་དགོས།

    ལྔ་པ།

    དེང་སྐབས་ཁོང་ཚོས་བཤད་བཞིན་པ་ནི་ཆོས་ལུགས་དད་མོས་ཁ་ལ་འཁྱེར་བཞིན་༧གོང་ས་མཆོག་ལ་གཞི་མེད་བསྐུར་འདེབས་དང་། སྐྱག་རྫུན་དང་ཧམ་བཤད་སྣ་ཚོགས་པ་བྱེད་བཞིན་པ་འདི་ནི་ཞིབ་ཏུ་
    དཔྱད་ན་ཆོས་ལུགས་དད་མོས་དང་ཐོབ་ཐང་ལ་རྩོད་པ་མ་ཡིན་པར་ཕ་ཆུས་དང་ཕོར་ཆུས། བསྟན་པ་དང་ཤ་སྐལ་བརྗེ་པོ་རྒྱག་གིན་ཡོད་པ་ནི་འཛམ་གླིང་ཀུན་ལ་གྲགས་བཞིན་པ་འདི་ལས་ཤེས་ནུས།

    མདོར་ན་གནས་ལུགས་དང་རྒྱུ་མཚན་ཤེས་བཞིན་པའི་སྒོ་ནས་སྡིབ་པ་མིག་བཙུམ་དང་མིག་ལྡན་གཡང་འཆོང་ཡིན་པས་ན་ངས་ཀྱང་རེ་རེ་བཞིན་འགྲེལ་བཤད་ཀྱི་ངལ་བ་ནི་བོང་རྒན་རྣ་ཅོག་ནང་དུ་གསེར་དང་ཐལ་བའི་དཔེ་ཡིས་སྒོ་ནས་གོང་གསལ་དོན་ཚན་ལྔ་པོ་དག་འདི་ནས་རེ་ཞིག་འཇུག་བསྡུས་པ་ཡིན་ནོ།། །།

  13. བློ་བཟང་དབང་འདུས་ says:
    2014-08-23 at 3:12 am

    སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས། སྤྱིར་བླ་མ་ཡི་དམ་ཆོས་སྲུང་གང་ཡིན་རུང་བསྟེན་ཡུལ་རྣམ་པར་དག་དག་མི་དག་གིས་འཇོག་པ་གལ་མི་ཆེ་བར། བསྟེན་པ་པོའི་ཀུན་སློང་ལ་རག་ལུས་པ་སྟེ། ཡུལ་ལྷ་འདྲེ་གང་ཡིན་ཡང་ལྷའི་ངོ་བོར་བསྟེན་ན་ལྷ་དང་། འདྲེའི་ངོ་བོར་བསྟེན་ན་འདྲེའི་འཕྲིན་ལས་འཇུག་པ་ཞིག་ཏུ་སྣང་སྟེ། སངས་རྒྱས་ལ་སྐྱོན་ཅན་དུ་བལྟ་བའི་ལྷས་བྱིན་ལ་སངས་རྒྱས་ཀྱི་བྱིན་རླབས་མི་འཇུག་ཅིང་། རྒན་མོ་དད་ཅན་གྱི་ངོ་བོར་ཁྱི་སོ་ལས་རིང་བསྲེལ་འབྱུང་བ་ལྟར་རོ། མདོ་ལས། གང་གིས་མོས་པ་གཙོར་བྱས་ན། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ།།

  14. བློ་བཟང་དབང་འདུས་ says:
    2014-08-23 at 3:12 am

    སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས། སྤྱིར་བླ་མ་ཡི་དམ་ཆོས་སྲུང་གང་ཡིན་རུང་བསྟེན་ཡུལ་རྣམ་པར་དག་དག་མི་དག་གིས་འཇོག་པ་གལ་མི་ཆེ་བར། བསྟེན་པ་པོའི་ཀུན་སློང་ལ་རག་ལུས་པ་སྟེ། ཡུལ་ལྷ་འདྲེ་གང་ཡིན་ཡང་ལྷའི་ངོ་བོར་བསྟེན་ན་ལྷ་དང་། འདྲེའི་ངོ་བོར་བསྟེན་ན་འདྲེའི་འཕྲིན་ལས་འཇུག་པ་ཞིག་ཏུ་སྣང་སྟེ། སངས་རྒྱས་ལ་སྐྱོན་ཅན་དུ་བལྟ་བའི་ལྷས་བྱིན་ལ་སངས་རྒྱས་ཀྱི་བྱིན་རླབས་མི་འཇུག་ཅིང་། རྒན་མོ་དད་ཅན་གྱི་ངོ་བོར་ཁྱི་སོ་ལས་རིང་བསྲེལ་འབྱུང་བ་ལྟར་རོ། མདོ་ལས། གང་གིས་མོས་པ་གཙོར་བྱས་ན། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ།།

  15. རོང་པོ་འཇོ་ན་ནས says:
    2014-08-23 at 3:19 am

    འཇམ་གཅེས་ལགས་གཟུར་བོ་དང་ལེགས་དཔྱད་ལ་བརྩོན་ན་བཟང་། ངོ་དེབ་ལ་བྲིས་ཤེས་པ་ཙམ་དང་རང་གི་དྲན་པ་ཙམ་གྱིས་གནས་ལུགས་རྟོགས་པར་དཀའ་བས་དེ་ལུགས་སོམས་ཤིག།

  16. འཇམ་གཅེས། says:
    2014-08-23 at 3:41 am

    མི་ཤེས་རྨོངས་པའི་མུན་པ་ཀུན་ནས་འཐུལ། །
    མི་རུང་ངན་རྒུ་གོམས་པའི་ལོག་སྤྱོད་མཁན། །
    མི་གཞི་ས་ལ་ཟགས་པ་མི་ཤེས་པར། །
    མི་སྔོན་ལོག་པར་བཤད་འདིར་ཀྱེ་མ་ཧོ། །

    རང་གཤིས་དྲི་གཙང་ལྷ་ཡི་ཁང་བཟང་འཛིན། །
    གཞན་གཤིས་མི་གཙང་སྐྱག་དོང་བཞིན་དུ་འཛིན། །
    མཐོ་ལ་ཕྲོག་དོག་འདྲ་མཉམ་འཁོན་དུ་འཛིན། །
    དམན་ལ་མཐོང་ཆུང་གསར་འགྲོགས་གཙིས་སུ་འཛིན། །

    མི་ངན་གང་གནས་གཏམ་ངན་རྫོགས་མཐའ་མེད། །
    མི་བཟང་གང་གནས་ལེགས་བཤད་རྫོགས་མཐའ་མེད། །
    མི་བུ་ཀུན་གྱི་ཐལ་ཤལ་རང་མཐོང་ཅན། །
    མི་རིགས་འདི་ལ་ཡོད་པར་རྒུད་པའི་རྒྱུར། །

    རང་གི་ངོ་གདོང་ཙམ་ཡང་མི་མངོན་པར། །
    རང་རིགས་ལ་རྒྱལ་འཛིན་ཁུལ་ཁྲམ་རྒན་འདིས། །
    རང་རིགས་ཕུངས་ལ་སྦྱར་འདོད་བསམ་སྦྱོར་ལས། །རང་གི་རིགས་ལ་ལྷག་བསམ་དྲི་ཙམ་མེད། །

    ལེགས་བཤད་གང་ཡིན་ཉེས་བཤད་གནས་སུ་བསྒྱུར། །
    ཉེས་བཤད་གང་ཡིན་ལེགས་བཤད་ཡིན་ཞེས་འགྲེལ། །
    སྔོན་ཚེ་སྨོན་ལམ་ལོག་པའི་དམ་སྲི་སམ། །
    ཡང་ན་གདོན་བགེགས་འབྱུང་པོ་ཁྱོད་མིན་སུ། །

    མདོར་ན་དངོས་ཤུགས་རྒྱུད་གསུམ་ཐམ་ཅད་དུ། །
    རང་རིགས་སྡང་སེམས་བཅངས་ཏེ་ཁ་གཡང་འོག །
    མི་རིགས་བདེ་སྡུག་ཁ་ནས་གླེང་བཞིན་དུ། །
    ནང་ཁུལ་དཀྲུགས་འདོད་བསམ་ངན་སེམས་ཁོང་བཅངས། །

    རིགས་རུས་གཅིག་ལས་སྐྱེས་ཀྱང་རིགས་ཞེན་མེད། །
    འདས་དོན་ལོ་རྒྱུས་གཅིག་རུང་དཔྱོད་ཤེས་མེད། །
    མ་འོངས་འདུན་ལམ་གཅིག་རུང་ཕུག་བསམ་མེད། །
    ད་ལྟའི་གནས་བབ་གཅིག་རུང་བསམ་ཤེས་མེད། །

    མེད་པ་མཐའ་དག་འཛོམས་པའི་མི་བུ་དག །
    ས་ཕྱོགས་ཡུལ་གྲུལ་རིགས་རུས་གང་ཡིན་ཀྱང་། །
    སྔོན་ཐོན་སྟོང་གི་བཀག་རྡོ་དངོས་ཡིན་པས། །
    རིགས་མཐུན་གྲོགས་ཚོས་རྟག་ཏུ་བག་ཡོད་བྱོས། །

  17. འཇམ་གཅེས། says:
    2014-08-23 at 7:36 am

    དབང་ཆེན་དཔོན་གནས་མཁས་པའི་གྲགས་སྙན་དང་། །

    དགོས་འདོད་ནོར་དང་བཙན་པོའི་སྟོབས་ཤུགས་སོགས། །

    གང་ཡང་མི་ལྡན་ནུས་མེད་སྤྲང་རྒན་ང་། །

    གསད་ཀྱང་གནས་ལུགས་རྒོལ་འདོད་སེམས་ལ་མེད། །

    འཇམ་པོའི་ངོ་བསྟོད་རྩུབ་མོའི་ཚིག་རྩུབ་སོགས།།

    དགྲ་དང་མཛའ་གྲོགས་གཉེན་བཤེས་སུས་སྨྲས་ཀྱང་།།

    ལྷན་སྐྱེས་གཤིས་སུ་གྲུབ་པའི་ལྟ་དཔྱོད་འདི། །

    གང་འདོད་རྩེད་ཆས་སྤྱོད་ན་མི་བུ་མིན། །

    རང་གཤིས་མི་གཙང་སྐྱག་པའི་ཁང་ཆེན་དེའི།།

    ནང་གི་དེ་ཉིད་དཔྱོད་བྱེད་བློ་མིག་ཞར། །

    འགྲན་མེད་གཞན་གྱི་དཔའ་ཡོན་མཐོང་བའི་ཚེ། །

    མི་བཟོད་ཆོ་ངེར་འདོན་མཁན་ཡ་ངའི་གནས། །

  18. རོང་པོ་འཇོ་ན་ནས says:
    2014-08-23 at 3:05 pm

    ཕྱོགས་གཅིག་ཞེན་པའི་རིག་སྨྲ་ཡིན་ཁུལ་དེ།།
    མུན་པའི་འུག་པས་ཉིན་མོའི་ངུ་སྐད་ཙམ།།
    ནམ་ཡང་བློ་མིག་འབྱེད་པའི་ཤེ་རབ་དེ།།
    ཁྱེད་ལ་བསྐལ་བ་དབེན་ཡང་བྱ་ཐབས་ཅི།།

    ཁྱེད་དང་ང་ཞེས་རྩོད་པའི་དགོས་པ་ཞིག།
    མེད་ཀྱང་དང་དུ་བླང་ལ་ཡ་རེ་མཚན།།
    མི་རིགས་གཅིག་ལ་ཁག་གཉིས་བཟོ་བཞིན་དུ།།
    ད་དུང་འགྲིག་ཞེས་སྨྲ་བ་མི་བུར་སྐྱོ།།

  19. འཇམ་གཅེས། says:
    2014-08-23 at 10:20 pm

    རྟ་བདུན་དབང་པོའི་འོད་ཀྱི་གླིང་བཞིར་ཁྱབ།།

    བྱ་ཐན་འུག་པའི་མིག་ལ་མུན་པ་འཐུལ།།

    དེ་ཡང་སྔོན་ཚེ་ལས་ཀྱི་འབྲས་བུ་ལས། །

    སུ་ལ་འཁོན་དུ་འཛིན་པའི་གནས་མ་ཡིན། །

    གསུམ་ལྡན་བླ་མའི་མཛད་བཟང་མཁའ་དང་མཉམ།།

    ཁ་ཕོར་སྒེར་དོན་ཅན་ལ་སྙིང་དུ་གཟན། །

    དེ་ཡང་སྨོན་ལམ་ལོག་དམ་བསྲིས་དངོས་གྲུབ་ལས། །

    དྲང་བདེན་མི་བུ་ཞིག་གི་ཚུགས་ཀ་མིན། །

    བླུན་པོས་རང་ལྟ་གསེར་གྱི་འདུ་ཤེས་དང་། །

    གཞན་གྱི་དཔལ་ཡོན་གད་སྙིགས་འཛིན་པར་དགའ། །

    ཚུལ་འདི་བླུན་པོ་དག་ལ་མཛའ་ན་ཡང་།།

    གཟུར་སྐྱེས་བུ་དག་ནི་ཐུགས་སེམས་ཁྲེལ། །

  20. བློ་བཟང་དབང་འདུས་ says:
    2014-08-24 at 3:56 am

    རྙིང་མིན་དགེ་མིན་ཆོས་གཟུགས་སྐྱེ་བུ་འགའ། །མཁས་མིན་བླུན་མིན་ཀུན་གྱི་རྗེས་འབྲང་ནས། །ཡིན་ཡིན་མིན་མིན་གྲུབ་མཐའ་ཀུན་བསྲེས་པས། །འདི་ཡིན་འདི་མིན་གཏད་སོ་ཅང་མི་སྣང་། །རིས་མེད་གྲུབ་མཐའ་རབ་དཀར་འོ་མའི་མཚོར། །དབྱེན་སྦྱོར་ཁྲག་གིས་མངོན་སུམ་སྦགས་བཞིན་དུ། །ད་དུང་ཁོ་བོ་ཡ་རབས་ཡིན་ནོ་ཞེས། །སྨྲས་པའི་སྨྱོན་ཚིག་དེ་ལ་སུ་ཡིད་རྟོན། །

  21. འཇམ་གཅེས། says:
    2014-08-24 at 4:32 am

    གནས་ལུགས་བདེན་པ་འཆད་དུས་ལྕེ་རྩེ་ཐུང་།།

    རྒྱ་དངུལ་དོན་དུ་རྒྱ་ཆུས་ཚང་ལ་མཁས། །

    ངོ་ཚའི་གོས་བྲལ་དྲྭ་ནང་སྨད་འཚོང་མ།།

    ཕྱོགས་ཞེན་སྐྲན་ནད་དྲག་པོའི་མནར་བར་སྐྱོ།།

    སྔོན་ཚེ་སྨོན་ལམ་ལོག་པའི་འབྲས་བུ་ཡིས། །

    ད་ལྟ་བླང་འདོར་འབྱེད་བྱེད་བློ་མིག་ཞར།།

    གཏན་གྱི་མདུན་མའི་ལམ་བཟང་སྲིད་མཐའི་བར། །

    དངོས་སུ་ལྟ་ཅི་སྨོན་པའི་ཡུལ་ལས་འདས།།

  22. རོང་པོ་འཇོ་ན་ནས says:
    2014-08-24 at 2:29 pm

    དམར་སེར་མཚམས་སྤྲིན་བླ་གོས་རབ་མཛེས་ཀྱང་།།
    ཞེ་སྡང་དུག་སྦྲུལ་ནག་པོ་གཟུགས་གཞི་ལ།།
    ཇི་ལྟར་བྱས་ཀྱང་མཛེས་པའི་ཐབས་མེད་པས།།
    སྙིང་རྗེ་ཡུལ་ལས་ཐབས་གཞན་ཡོད་མ་ཡིན།།

  23. འཇམ་གཅེས། says:
    2014-08-24 at 11:26 pm

    དོལ་འདྲེ་ཚོགས་ཞིང་གྲལ་དུ་འཇོག་དང་གཅིག །

    རྡོ་རྗེ་སློབ་དཔོན་ལོག་པར་བལྟ་དང་གཉིས། །

    སྐྱབས་སྡོམ་ཙམ་ཡང་རྒྱུད་ལ་མི་ལྡན་གསུམ། །

    འཇམ་མགོན་བླ་མའི་རྗེས་འཛིན་ཨེ་ཡིན་ནམ། །

    ཕ་བསད་དགྲ་རྐུབ་ལྕེ་ལེས་ལྡག་དང་གཅིག །

    ཚད་ལྡན་བཤེས་གཉེན་སྐུ་སྲོག་འཕྲོག་དང་གཉིས། །

    ཁ་ཕོར་དོན་དུ་རྒྱ་ཆུས་བཙང་དང་གསུམ། །

    རང་རིག་ལ་རྒྱ་སྐྱོང་སྟངས་ཨེ་ཡིན་ན། །

    གནས་ལུགས་དོན་ལ་རྒྱབ་འགའ་བྱེད་དང་གཅིག །

    བདེན་པའི་དངོས་པོ་རྫུན་མར་བསྒྱུར་ཐབས་གཉིས། །

    མ་བྱས་ལས་ལ་བྱས་སོང་ཧམ་བཤད་གསུམ། །

    གཟུར་གནས་བུ་ཡི་ལྟ་སྤྱོད་ཨེ་ཡིན་ན། །

  24. རོང་པོ་འཇོ་ན་ནས says:
    2014-08-25 at 1:54 am

    རྒྱ་སྐུབ་སུ་བདག་འཛམ་གླིང་ཡོངས་ཀྱིས་ཤེས།།
    སློབ་དཔོན་སུ་བརྙས་རྒྱལ་བའི་གཞུངས་ལས་ཤེས།།
    བོད་རིགས་སུ་་གཙོང་བོད་པས་ཤེས་གསལ་ལས།།
    ལོ་རྒྱུས་དེ་ཐེར་ངོས་སུ་གསལ་ནས་ཡོད།།

    ལ་རྒྱ་མི་ཤེས་ཁ་ནས་འུད་སྒྲོགས་ཀྱིས།།
    མི་རིགས་ནང་ཁུལ་མཐུན་བསྒྲིལ་གཏོར་ལ་ལྟོས།།
    ཆོས་དང་འཇིག་རྟེན་གང་ལ་མི་ཕན་པའི།།
    སྐབ་འཚོལ་རིངས་ལུགས་པ་ལ་ང་མི་སྐྲགས།།

  25. བློ་བཟང་དབང་འདུས་ says:
    2014-08-25 at 1:55 am

    ༧སྐྱབས་རྗེ་ཕ་བོང་ཁ་བདེ་སྙིང་པོའི་གསུང་ལྷ་མཆོག་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་རྩལ་གྱི་སྒེར་བསྐང་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ལས།

    འདིར་ཚང་ལ་མ་ནོར་བའི་བསྟན་པའི་སྙིང་པོ་དགེ་ལྡན་རིང་ལུགས་འཆང་བའི་བསྟན་སྲུང་ཀུན་གྱི་ནང་ནས་ཆེས་ཤིན་ཏུ་གཉན་ཅིང་། མྱུར་ལ་ཐོགས་པ་མེད་པ་རྡོ་རྗེའི་སྟོབས་ཤུགས་དྲག་པོ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཞེས་ཡོངས་སུ་གྲགས་པ་འདི་ཉིད་མཆོད་ཅིང་བསྐང་བའི་རིམ་པ་ཁྲིགས་ཆགས་སུ་དགོད་པ་ལ། ངེས་པ་བསྐྱེད་པའི་ཕྱིར་ལོ་རྒྱུས་ཅུང་ཟད་དགོད་པ་དང་། མཆོད་ཅིང་བསྐང་བའི་རིམ་པ་ཉིད་བཤད་པའོ། །དེ་ལ་དང་པོ་ནི། འགའ་ཞིག་གིས། ལྷ་མཆོག་སྤྲུལ་པའི་རྒྱལ་པོ་ཆེན་པོ་འདི་ཉིད་ལ་བན་བོན་ཤི་སྟེ་ལས་ངན་གྱིས་ཡིད་ལུས་བཟུང་བའི་རྒྱལ་བཙན་ཕལ་པ་དག་དང་ཁྱད་པར་མ་མཆིས་པར་ལྟ་ཞིང་། གཞན་ལའང་སྐད་གསངས་མཐོན་པོས་སྒྲོག་པར་བྱེད་ལ། རང་ཉིད་ལྟ་ཅི་གཞན་བསྟེན་པར་བྱེད་པ་དག་ལའང་འཕྱ་བར་བྱེད་པ་མང་དུ་སྣང་ཞིང་། གཞན་དག་ཀྱང་དེའི་རྗེས་སུ་འབྲངས་ཏེ་ལོག་རྟོག་དམ་དུ་བཟུང་བ་ཆེས་མང་བ་དེ་དག་ནི་ཁུངས་མ་ཆོད་པའི་འོལ་ཚོད་སྨྲ་བ་ཁོ་ན་སྟེ། བསྟན་སྲུང་རྒྱལ་པོ་འདི་ཉིད་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་རོལ་འཁྲུལ་མེད་དུ་གྲགས་ལ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ནི་པཎ་ཆེན་བསོད་གྲགས་དང་རྗེ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱི་སྐྱེ་མཐར་འཁྲུལ་པ་མེད་དོ། །དེའི་ཕྱིར་བདག་ཉིད་ཆེན་པོ་དེ་དག་ནི་ཐུབ་པའི་བཅས་མཚམས་ཕྲ་མོ་ལས་མི་འདའ་བའི་གནས་བརྟན་འདུལ་བ་འཛིན་པ། བདག་པས་གཞན་གཅེས་ཀྱི་སེམས་དཔའ་ཆེན་པོ། མདོ་སྔགས་རིག་གཞུང་དང་བཅས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བའི་མཁས་པའི་དབང་པོ། རིམ་གཉིས་ཀྱི་རྟོགས་པ་མཆོག་ལ་མངའ་བསྙེས་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་ལ། དེ་ཉིད་དྲེགས་པའི་སྐུར་བཞེངས་པའང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་སྐུའི་རྣམ་པར་བསྟན་པ་ཙམ་ལས། ཕལ་པ་གཞན་ལྟར་ལས་ངན་པའི་ཤུགས་ཀྱིས་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེ་བ་ག་ལ་སྲིད། གལ་ཏེ་དེ་ལྟར་དུ་སྐྱེ་བར་སྨྲ་ན་ནི་ལས་མ་བྱས་པ་དང་འཕྲད་པ་དང་བྱས་པ་ཆུད་ཟ་བ་སོགས་སུ་འགྱུར་བས། ལས་འབྲས་ཀྱང་མི་བདེན་པར་སྨྲ་བ་སོགས་སྐུར་འདེབས་ཐ་ཆད་དུ་འགྱུར་རོ། །དེར་མ་ཟད་རྗེ་འདུལ་བ་འཛིན་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་རྣམ་རོལ་དུ་གྲུབ་ལ། བུ་སྟོན་རྗེ་ནི། འཇམ་འབྱངས། བིར་ཝ་པ། ས་པཎ་སོགས་ཀྱི་སྐྱེ་མཐར་རྣམ་ཐར་དེབ་ཐེར་ཁུངས་ལྡན་དུ་མར་རྩོད་མེད་དུ་ཡོངས་སུ་གྲགས་པས། འཕགས་བོད་ན་ཉི་ཟླ་ལྟར་གྲགས་པའི་པཎ་གྲུབ་ཆེན་པོ་དེ་དག་གི་སྐྱེ་མཐའ་ལ་དམན་པའི་ལུས་ངན་བླངས་པའི་ཡི་དྭགས་རང་མཚན་པར་ལྟ་ཞིང་སྨྲ་བ་ནི། བདག་ཉིད་ཆེན་པོ་དེ་དག་ལ་སྐུར་པ་འདེབས་པའི་ལོག་རྟོག་ངན་སོང་མི་བཟད་པའི་རྒྱུ་ཡིན་པས། འདི་ལྟ་བུ་དག་ལ་ཀུན་གྱིས་བག་ཡོད་པར་བྱོས་ཤིག གལ་ཏེ་དེ་ལྟར་ཡིན་ན་བདེན་མོད། འོན་ཀྱང་བདག་ཉིད་ཆེན་པོ་དེ་ལྟ་བུ་དག་ནི་འཇིག་རྟེན་དྲེགས་པའི་རྣམས་པར་འགྱུར་བ་མི་སྲིད་པས། དེ་ལ་བརྟེན་སྲོལ་གུས་མཆོད་བྱེད་པའང་མི་རིགས་སོ་ཞེ་ན། བདག་ཉིད་ཆེན་པོ་དག་ལས་ཉོན་གྱི་དབང་གིས་དེ་ལྟ་བའི་ལུས་བཟུང་བ་མི་སྲིད་པ་ནི་བདེན་ཡང་། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་དགོས་པ་ཁྱད་པར་ཅན་གྱི་ཆེད་དུ་དེ་ལྟ་བུའི་རྣམ་པར་རོལ་པ་ནི་ངེས་པར་ཡོད་དེ། དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་དུ་འགྱུར་ན། དེ་ལས་ཀྱང་དམན་པ་བྱ་དང་རི་དྭགས། བདུད་དང་སྲིན་པོ། ཆགས་ཅན་དང་རྨོངས་པ། ཞ་བ་དང་ལོང་བ་སོགས་ཀྱི་རྣམ་པར་སྟོན་པ་མདོ་བསྟན་དུ་མ་ལས་གསུངས་པ་སྒྲ་ཇི་བཞིན་པར་ཁས་ལེན་དང་ལེན་བཞིན་དུ་རྒྱལ་བསྟན་སྲུང་བའི་དྲེགས་པའི་རྣམ་པར་བཞེངས་པ་མེད་དོ་ཞེས་སྨྲ་བ་ནི། ཕྱོགས་ལྷུང་གི་རྡོལ་གཏམ་ཁོ་ནར་ཟད་དོ། །གཞན་ཡང་། གནས་ཆུང་སྤྲུལ་པའི་ཆོས་རྒྱལ་རྡོ་རྗེ་གྲགས་ལྡན་ཆེན་པོས་ཀྱང་པཎ་ཆེན་བསོད་གྲགས་སྐུ་ཕྲེང་སྔ་ཕྱིར་སྔོན་གྱི་ཐུགས་བསྐྱེད་དང་དམ་བཅའ་མ་བོར་བར་དགེ་ལྡན་ཐུན་མོང་མིན་པའི་སྲུང་མའི་སྐུར་བཞེངས་ཤིག་ཅེས་ཡང་ནས་ཡང་དུ་བསྐུལ་མ་མཛད་པའི་ལོ་རྒྱུས་རྣམ་ཐར་ན་ཡོད་དོ། །མཆོད་པར་ཡང་རིགས་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པར་གྱུར་པའི་རི་དྭགས་རུ་རུ་སོགས་ཀྱང་མཆོད་པའི་ཞིང་དམ་པ་ཡིན་པར་བཀའ་བསྟན་ཚད་མར་གྱུར་པ་དུ་མ་ལས་གསུང་པ་བཞིན་ནོ། །དེས་ན་བསྟན་སྲུང་ཆེན་པོ་འདི་ཉིད་ནི་རྗེ་བཙུན་འཇམ་དབྱངས་ཞི་ཁྲོ་ཉིད་རང་བསྟན་སྲུང་ཕྱིར་འཇིགས་བྱེད་དྲེགས་པའི་སྐུར་བཞེངས་པ་ཡིན་པར་གདོན་མི་ཟ་བ་གྲུབ་ཅིང་།དེའི་ཕྱིར་དགེ་ལྡན་བསྟན་པའི་བཤད་སྒྲུབ་དྲི་མ་མེད་པ་གང་ན་ཡོད་པ་དེར་བསྟེན་ཅིང་མཆོད་པ་ལ་མ་ལྟོས་པར་སྲུང་ཞིང་སྐྱོབ་པར་མཛད་ལ། ཞྭ་སེར་གྱི་བསྟན་པ་ལ་ལོག་པར་སྤྱོད་པའི་འགྲོ་བ་མཆོད་དམན་ཀུན་ལ་དྲག་པོའི་ཆད་པ་ཐོག་ལྟར་འབེབས་ཤིང་། བསྟེན་ཅིང་མཆོད་པའི་དགེ་ལྡན་གྱི་བསྟན་པ་འཛིན་པའི་དཔོན་སློབ་དགེ་འདུན་གྱི་སྡེ་དང་བཅས་པར་སྙིང་ཉེ་ཞིང་ལས་བཞིའི་འཕྲིན་ལས་སྒྲུབ་པ་ལ་དགོས་འདོད་སྩོལ་བའི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ་སོགས་རང་གི་མྱོང་གྲུབ་ཀྱིས་བསྙད་པར་བྱ་བ་མང་ན་ཡང་། རེ་ཞིག་དེ་ཙམ་མོ།།
    (ཞེས་སོགས་གསུངས་པས་སོ)

  26. འཇམ་གཅེས། says:
    2014-08-25 at 5:25 am

    ཕ་འོང་ཁ་སྐུ་ཚེའི་སྟོད་ལ་མཛད་འཕྲིན་ཇི་ལྟར་བཟང་ཡང་དེ་དག་ཡོངས་རྫོགས་སྐང་རྗེས་ལག་བསིབ་བྱས་ནས་ཆོས་ལུགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་ངན་པ་ཧ་ཅང་མང་པོ་རྩོམས་ནས་མཐར་༸གོང་ས་བཅུ་གསུམ་པའི་ཐུགས་དགོངས་དཀྲུགས་མཁན་ཞིག་ཏུ་གྱུར་སོང་བ་རེད། ལྷག་པར་དུ་བཀའ་རྙིང་གི་ཆོས་ལུགས་རྗེས་འཛིན་གྱི་དགོན་སྡེ་མང་པོར་དགེ་ལུགས་ལ་བསྒྱུར་བ་དང་། གཞན་གྱི་ཆོས་རྒྱུད་རྗེས་འབྲངས་པ་དག་ལ་གཞི་མེད་བསྐྱོན་བརྗོད་དང་། ཇུས་མེད་ཇུས་གཏོགས་ཚ་དྲགས་པ། ལྷག་པར་དུ་སྐྱུག་དྲོ་བའི་ལས་ཀ་ཞིག་ནི་༸གོང་ས་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་སུ་གོ་སྐབས་དམ་འཛིན་ཐོག་ནས་སྔར་རང་ཉིད་ཀྱི་བཀའ་དྲིན་གསུམ་ལྡན་གི་རྩ་བའི་བླ་མའི་དྲུང་ནས་དོལ་རྒྱལ་བསྟེན་གསོལ་ཁྱབ་སྤེལ་མི་བྱེད་རྒྱུའི་ཁས་བླང་དམ་བཅའ་གཙང་མ་ཞུས་ཡོད་དེ་དག་ཡོངས་རྫོགས་བརྩིས་མེད་བཏང་སྟེ་སྔར་ལྷག་ཁྱབ་སྤེལ་བྱས་པ་རེད།

    སྤྱིར་ཁོང་ཉིད་ལམ་ཉམ་ལེན་དང་། ལྟ་གྲུབ་ཐོག་ནས་བཤད་ན་མཁས་པ་ཡིན་པ་ནི་ཡོངས་སུ་གྲགས་པ་རེད་མོད། དོལ་འདྲེས་རྒྱུད་རློམ་པའི་རྐྱེན་ཀྱི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་དེ་དག་ནི་ནམ་ཡང་ནག་པོ་ནས་དཀར་པོ་བཟོ་ཐབས་མེད་པར་གྱུར་ཡོད། རྒྱུ་མཚན་དེའི་ཕྱིར་ན་ཁོང་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཆགས་སོང་བ་རེད། ཕྱོགས་གཅིག་ནས་བཤད་ན་ཁོང་ནི་ཚད་ལྡན་གྱི་སྐྱེས་བུ་ཞིག་ཡིན་མིན་དེ་ཡང་བློ་གཟུར་བོའི་སྒོ་ནས་དཔྱད་ན་གོང་དུ་ཞུས་མ་ཐག་པ་བཞིན། རྩ་བའི་བླ་མ་དབུ་སྐོར་ཞུས་སྟངས་འདིའི་འབྲས་རྟགས་ཡང་དག་གསལ་པོ་བསྟོན་ཡོད་པ་རེད་དྲན།

  27. འཇམ་གཅེས། says:
    2014-08-25 at 5:54 am

    ཕ་འོང་ཁ་་་

  28. བློ་བཟང་དབང་འདུས་ says:
    2014-08-25 at 6:57 am

    སྤྲུལ་པའི་བསྟན་སྲུང་ཆེན་པོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་འདི་ཉིད་ལ་ས་དགེ་སྐྱེས་ཆེན་མཁས་གྲུབ་རྣམས་ཀྱིས་འཕྲིན་བཅོལ་བསྟོད་བསྐུལ་དང་བསྐང་བཤགས་སོགས་མཛད་པ་
    ཆེས་མང་བ་འདི་འདྲ་སྲུང་མ་གཞན་ལ་བྱུང་ཡོད་མེད་རྣམ་དཔྱོད་དང་ལྡན་པ་དག་བསམ་པར་རིགས་སོ།
    འདིར་སྲུང་མ་དེ་ཉིད་ལ་འཕྲིན་བསྐུལ་སོགས་མཛད་པའི་སྐོར་མཚོན་ཙམ་ཞིག་ལས་ཡོད་ཚད་འགོད་མེད། ཞིབ་པར་ཤེས་འདོད་ན་བེའུ་བུམ་པོད་ལྔ་ཡོད་དེ་ལས་ཤེས་པར་བྱའོ།

    ༡༽ པན་ཆེན་ཆོས་ཀྱི་ཉི་མས་མཛད་པ་རྒྱལ་ཆེན་ཁོག་ཞུགས་ཐོག་གཡར་དམ་དབྱེར་མེད་དགོས་པའི་རྡོ་རྗེའི་ཐ་ཚིག་ཅེས་བྱ་བ་སོགས།

    ༢༽པན་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་
    རིགས་ལྔ་དྲག་པོ་རྩལ་གྱི་བསྐང་ཆོག་ལས་བཞི་ལྷུན་གྱིས་འགྲུབ་པའི་སྒྲ་དབྱངས་ཞེས་བྱ་བ།

    ༣༽ ༸གོང་ས་ལྔ་པ་ཆེན་པོས་མཛད་པའི་འཕྲིན་བསྐུལ།

    ༤༽༸གོང་ས་རྒྱལ་དབང་བཅུ་བཞི་པ་ཆེན་པོས་འཕྲིན་ལས་འགག་མེད་རྡོ་རྗེའི་སྒྲ་དབྱངས།

    ༥༽༸རྒྱལ་བའི་ཡོངས་འཛིན་སྟག་བྲག་རྡོ་རྗེ་འཆང་གི་གསུང་བསྐང་གསོ་གསེར་ཞུན་མའི་ནང་ཆོས་སྐྱོང་ཤུགས་ལྡན་གྱི་བསྐང་བསྟོད་སྦྲག་མ་འདོན་ཚུལ།

    ༦༽༸རྒྱལ་བའི་ཡོངས་འཛིན་གླིང་རྡོ་རྗེ་འཆང་ཆེན་པོས་མཛད་པ་ཝ་ནའི་དགེ་ལྡན་མཐོ་སློབ་འདུས་མང་ཡོངས་ཀྱི་ཚོགས་འདོན་འཕྲིན་བཅོལ།

    ༧༽༸རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་མཛད་པ་སྤྲུལ་པའི་ ཆོས་རྒྱལ་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསང་གསུམ་རྨད་དུ་བྱུང་
    བའི་རྟོགས་པ་བརྗོད་པ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་དང་།མདོས་འཕྲིན་གྱི་ལག་ལེན་སོགས་ཆོས་སྐོར་དུ་མ།

    ༨༽༸གོང་ས་མཆོག་གི་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་སོགས་ཀྱི་རིགས་ཀྱི་ཅོད་པན་ཁྱབ་བདག་བླ་མ་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་གསུང་ལས་སྲུང་པ་འདི་ཉིད་ཀྱི་ སྲོག་གཏད་ཀྱི་སྐོར་དང་། བསྙེན་སྒྲུབ་ལས་གསུམ་གྱི་སྐོར། སྒེར་བསྐང་རྒྱས་བསྡུས།
    འཕྲིན་བསྐུལ་གསེར་སྐྱེམས།ཚོགས་འཁོར་སོགས་ཆོས་སྐོར་མང་པོ།

    ༩༽སྟག་ཕུ་གར་དབང་པདྨ་བཛྲ་དང་རྗེ་ཕ་བོང་ཁ་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་མཛད་པ་ཆོས་སྐྱོང་རྡོ་རྗེ་གྱི་སྲོག་འཁོར་འབྲི་ཚུལ་སོགས།

    ༡༠༽གྲུབ་དབང་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱིས་མཛད་པ་འཇམ་མགོན་བསྟན་སྲུང་རྒྱལ་ཆེན་ཤུགས་ལྡན་རྩལ་གྱི་བསྐང་གསོ་ཆ་ཚང་འཕྲིན་ལས་འདོད་འཇོ་བསམ་དབང་གི་རྒྱལ་པོ།

    ༡༡༽ སླེ་ལུང་བཞད་པའི་རྡོ་རྗེས་མཛད་པ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་རྣམ་པར་ཐར་པ་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ་ཞེས་བྱ་བ་ལས་སྤྲུལ་པའི་བསྟན་སྲུང་འདི་ཉིད་ཀྱི་སྐོར

    ༡༢༽ བཞི་སྡེ་སྨྱུང་གནས་བླ་མ་ཡེ་ཤེས་བཟང་པོས་མཛད་པ་འཇམ་མགོན་རྒྱལ་བའི་བསྟན་སྲུང་མཐུ་ལྡན་དགྲ་ལྷ་ཡོངས་ཀྱི་གཙོ་བོ་སྲིད་གསུམ་སྐྱེས་འགྲོ་ཀུན་གྱི་སྲོག་བདག་སྤྲུལ་ཆོས་སྐྱོང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རབ་འཇིགས་དྲག་པོ་རྩལ་སྐུ་ལྔའི་སྒེར་བསྐང་རྒྱས་པ་དགའ་ལྡན་བསྟན་སྲུང་སྡང་དགྲ་ཚར་གཅོད་མ་ཞེས་བྱ་བ་དང་། འཕྲིན་བཅོལ་གནམ་ལྕགས་ཐོགས་འབེབས།

    ༡༣༽ སེར་སྔགས་མཁན་ནམ་མཁའ་བསྟན་སྐྱོང་གིས་མཛད་པ་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བསྐང་འཕྲིན་མདོར་བསྡུས་བྱ་ཚུལ་ལས་བཞིའི་འཕྲིན་ལས་འགུགས་པའི་མྱུར་མགྱོགས་འཕྲུལ་གྱི་ཕོ་ཉ།

    ༡༤༽ ལྷ་སྡིངས་རྒྱལ་སྲས་སྐལ་བཟང་བསྟན་འཛིན་མཁས་གྲུབ་གྱིས་མཛད་པ་སྤྲུལ་པའི་ཆོས་སྐྱོང་རྒྱལ་ཆེན་ཤུགས་ལྡན་རྩལ་ཆེན་པོ་བསྐང་འཕྲིན་སྦྱོར་དངོས་ཆ་ཚང་དགེ་ལྡན་བསྟན་པའི་དབུ་འཕངས་བསྟོད་བྱེད་ཁམས་གསུམ་ཟིལ་གྱིས་གནོན་པའི་དབྱར་རྔ།

    ༡༥༽ རྒྱལ་སྲས་རྡོ་རྗེ་འཆང་བསྐལ་བཟང་ཐུབ་བསྟན་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་ལ་མཆོད་གཏོར་འབུལ་ཚུལ་དམ་ཅན་དགྱེས་པའི་མཆོད་སྤྲིན་དང་། བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རྩལ་གཙོ་བོར་བྱས་པའི་སྤྱིའི་བསང་མཆོད་འདོད་དགུར་འཁྱིལ་བའི་དགའ་སྟོན།

    ༡༦༽ སྲིད་སྐྱོང་རྒྱལ་ཟུར་ར་སྒྲེང་རིན་པོ་ཆེ་མཆོག་ནས་བཀས་བསྐུལ་བ་བཞིན་བྲག་རི་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས་གྱིས་མཛད་པ་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གཏོར་ཆོག་རྒྱས་པ་ལས་བཞིའི་བང་མཛོད།

    ༡༧༽ མདོ་སྨད་ཀི་རྟི་མཆོག་སྤྲུལ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་གྱི་རྗེས་བཞང་བྱ་ཚུལ་འཕྲིན་ལས་ལྷུན་འགྲུབ།

    ༡༨༽ མཁས་གྲུབ་ཆེན་པོ་དཱགས་པོ་སྐལ་བཟང་མཁས་གྲུབ་ཀྱིས་མཛད་པ་སྤྲུལ་པའི་བསྟན་སྲུང་ཆེན་པོ་བསྟོད་པ་པ་དཔག་མེད་བསྐལ་སྔོན་མ་དང་འཕྲིན་བཅོལ།

    ༡༩༽ བྱང་ཕྱོགས་ཆེན་པོ་ཧོར་ཡུལ་གྱི་མཁས་གྲུབ་ཆེན་པོ་བློ་བཟང་རྟ་དབྱངས་ཀྱིས་མཛད་པ་བསྐང་འཕྲིན་དང་བེའུ་བུམ།

    ༢༠༽ དགའ་ཤར་སྐྱབས་རྗེ་ཟོང་རྡོ་རྗེ་འཆང་གིས་མཛད་པ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་དྲག་པོ་རྩལ་གྱི་གཏོར་ཆེན་གནམ་ལྕགས་ཐོག་སེར་རབ་འབར་ལས་བསྐང་གསོའི་འདོན་ཆོག་ཟུར་དུ་ཕྱུང་བ།

    ༢༡༽ མཁས་དབང་རབ་འབྱམས་སྨྲ་བ་ངག་དབང་ཐུབ་བསྟན་གྱིས་མཛད་པ་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གཏོར་ཆོག་བསྡུས་པ་དམ་ཅན་དགྱེས་པའི་མཆོད་སྤྲིན་བཞི་ལྷུན་འགྲུབ། དེའི་གཏང་རག་གཤེགས་གཏོར་འབུལ་ཚུལ། དེའི་ཆ་ལག་ཚོགས་མཆོད་འབུལ་ཚུལ་རྒྱལ་ཆེན་དགྱེས་པའི་འཛུམ་ཞལ་སོགས།

    ༢༢༽ བཀྲིས་ལྷུན་རྒྱ་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཆེ་བརྟན་རྒྱལ་མཚན་གྱིས་མཛད་པ་རྒྱལ་ཆེན་བསང་མཆོད་བཀྲ་ཤིས་འོད་འབར།

    ༢༣༽ འབྲས་བློ་གླིང་ཆབ་མདོ་རྒྱ་ར་མཆོག་སྤྲུལ་བློ་བཟང་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་རྒྱལ་ཆེན་ཤུགས་ལྡན་གྱི་བཀའ་དྲིན་དྲན་ཞིང་འཕྲིན་ལས་བསྐུལ་བ་དང་། ནོར་སྒྲུབ་འདོན་ཆོག

    ༢༤༽ དགའ་ཤར་ཛེ་སྨད་མཆོག་སྤྲུལ་རིན་པོ་ཆེས་མཛད་པ་རྒྱལ་ཆེན་བསྟོད་འགྲེལ་གྱི་ཁ་སྐོང་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི།

    ༢༥༽ འབྲས་སྤུངས་པ་མཆོག་སྤྲུལ་མ་ཏིའི་མཚན་ཅན་གྱིས་མཛད་པ་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩ་ལ་བྱུང་ཚུལ་མདོ་ཙམ་བརྗོད་པ་པད་དཀར་ཆུན་པོ།

    ༢༦༽ རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ་ཀྱིས་མཛད་པ་ལས་གསུམ་རྒྱལ་པོའི་རྣམ་བཞག།

    ༢༧༽ རྨོར་ཆེན་དང་དྲེའུ་ལྷས་པ་རྣམ་གཉིས་ཀྱིས་གསོལ་ཁ་འཕྲིན་ལས་འདོད་འཇོ།

    ༢༨༽ ས་སྐྱ་བདག་ཆེན་བསོད་ནམས་རིན་ཆེན་གྱིས་མཛད་པ་རྒྱལ་གསོལ་ལོག་འདྲིན་ཚར་གཅོད།

    ༢༩༽ ས་སྐྱ་ཀུན་དགའ་བློ་གྲོས་ཀྱི་མཛད་པའི་རིགས་ལྔ་མཆོག་ཆོག་ཕུན་ཚོགས་འདོད་འཁྱིལ་དང་། ཤུགས་ལྡན་གྱི་དྲག་པོའི་གཏོར་ཆེན།།

    ༣༠༽ ཕུར་ལྕོགས་བྱམས་པས་མཛད་པའི་རྒྱལ་བ་བཅུ་གསུམ་པའི་རྣམ་ཐར་ནང་། འཇམ་མགོན་བསྟན་པ་སྲུང་བ་ལ་གཡར་དམ་ཤིན་ཏུ་བཙན་པ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཞེས་སྔགས་བརྗོད་དང་ཆེ་སྟོད་གནང་བ་དང་།

    ༣༡༽ དངུལ་ཆུ་དྷ་མ་བྷ་དྲ་མཆོག་གི་གསུང་འབུམ་པོད་ང་པའི་གྲངས་༡༥ཕྲེང་ལྔ་པ་ན། ད་ལམ་གསུང་བྲིས་གནང་རྟེན་གྱིས་ཀླུབས་པ་སྩལ་འབྱོར་བཀའ་དྲིན་ཆེ་དོན་བཞིན་སྙིང་པོ་དོན་གསུམ་གྱི་བླ་བརྒྱུད་དུ་འབྱུང་བའི་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་དུ་སྤྲུལ་སྐུ་དགེ་ལེགས་དཔལ་བཟང་དང་།དེའི་ཡང་སྲིད་དུ་གཟིམ་ཁང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་།དེ་ཉིད་གློ་བུར་རྐྱོན་ལམ་དུ་གཤེགས་པའི་ཡང་སྲིད་དུ་དོལ་རྒྱལ་པོའམ་ཤུགས་ལྡན་རྡོ་རྗེ་འབར་བར་གྲགས་པ་ཡིན་པར་གནང་ལཊ། ཞེས་དངུལ་ཆུ་ཡབ་སྲས་ཀྱིས་ཤུགས་ལྡན་རྩལ་འདི་ཉིད་པཎ་ཆེན་བསོད་གྲགས་ཀྱི་སྐྱེ་བརྒྱུད་འཁྲུལ་མེད་དུ་ཞལ་བཞེས་ཀྱིས་དགེ་ལྡན་བསྟན་པའི་སྲུང་མ་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་མཛད་ལགས།།

  29. འཇམ་གཅེས། says:
    2014-08-25 at 7:34 am

    ནང་བསྟན་སྤྱིའི་ལྷ་བསྲུང་ནང་དུ་རིགས་གཉིས་ཏེ། འཇིག་རྟེན་ལས་འདས་པའི་བསྲུང་མ་འམ་ས་ལ་གནས་པའི་བསྲུང་མ་དག་ནི། མྱུར་མཛད་མགོན་དང་། དཔལ་ལྡན་ལྷ་མོ། རྣམ་ཐོས་སྲས། ཆོས་རྒྱལ་སོགས་ཡིན་པས་འདི་དག་ནི་ཚོགས་ཞིང་གི་གྲལ་ལ་འཇོག་ནས་ཕྱག་བྱ་བའི་ཡུལ་དུ་བརྩིས་རུང་བ་ཡིན། དེ་མིན་དྲེག་པའི་རིགས་དང་འབྱུང་པོའི་རིགས་དེ་དག་ནི་བྲན་གཡོག་དང་། དཔུང་རོགས་ཀྱི་འདུ་ཤེས་ཐོག་ནས་བསྟེན་དགོས་པ་ལས་བླུན་རྨོངས་ཅན་ཚོས་བྱེད་སྟངས་བཞིན་སྐྱབས་གནས་ཀུན་འདུས་ཡིན་ཟེར་ནས་ཚོགས་ཞིང་གྲལ་དུ་འགོད་ནས་སྐྱབས་སུ་འགྲོ་བ་ནི་ནང་པ་སངས་རྒྱས་པའི་གྲལ་ནས་རང་ཉིད་ཀྱིས་རང་ཉིད་གནས་ནས་དབྱུངས་བ་ལོས་ཡིན།

    སྤྱིར་ཏང་བོད་རྒྱུད་ནང་བསྟན་གྱི་ལྷ་བསྲུང་འབྱུང་པོ་ཚོའི་ནང་ནས་དོལ་རྒྱལ་ནི་གཞན་དང་མི་འདྲ་བའི་ལོ་ངོ་བཞི་བརྒྱ་ཡས་མས་ཀྱི་རིང་དུ་མི་བསད་རྟ་བརྡུང་སོགས་ཆོས་རྒྱུད་ནང་ཁུལ་དང་། ཆོས་ལུགས་ཕན་ཚུན་དབར་ཁ་ཆག་ཆག་དང་། སྣ་རལ་རལ་ཁོ་ནའི་ལམ་ནས་ཡོང་བསྡད་པ་ལས་རྩོད་མེད་ཡོངས་སུ་གྲགས་པའི་བསྟན་བསྲུང་ཞིག་ནམ་ཡང་ངོས་འཛིན་བྱུང་མེད།

    དོལ་འདྲེ་བསྟན་གསོལ་བྱེད་མཁན་ཚོས་ཀྱང་སྐབས་དང་དུས་ནམ་བྱུང་ལ་བསྟོད་པ་དང་འཕྲིན་བཅོལ་སོ་སོས་རྩོམས་པ་དང་། གཞན་ལ་རྩོམ་བསྐུལ་བྱས་པ་དང་། སྐབས་རེར་གོ་སྐབས་དང་བལྟུན་ནས་གནོན་ཤུག་དང་།མགོ་སྐོར་སོགས་ཀྱི་ལམ་ནས་བསྟོད་ཚོགས་རྩོམས་བསྐུལ་གྱི་ལས་ལ་འབད་བརྩོན་ཆེན་པོ་བྱས་ཡོད། དེ་དག་གི་ནང་ནས་༸གོང་ས་བཅུ་བཞི་པ་སྐུ་ན་གཞོན་དུས་ནས་དོལ་རྒྱལ་དང་འབྲེལ་བ་གནང་རྒྱུའི་གཡོ་ཇུས་ཀྱི་དབང་འོག་ནས་དུས་ཡིན་མི་ཉུང་པའི་རིང་དུ་དོལ་འདྲེ་བསྟེན་གནང་ཡོད་པ་དང་། ཕྱིས་སུ་བསམ་བློའི་རང་དབང་སྤྱོད་ཐུབ་པའི་དུས་སུ་བླང་འདོར་གྱི་ལས་སུ་འཇུག་པ་ལྟ་བུ་རེད། ད་དུང་དེ་ལྟ་བུའི་ལོ་རྒྱུས་ནི་ཤིན་ཏུ་མང་།

    མདོར་ན་ཇམ་མགོན་བླ་མའི་བསྟན་བསྲུང་ངོ་མ་ཞིག་ཡིན་ན་དགེ་ལྡན་པའི་གདན་ས་རྗེ་རང་ཉིད་ཀྱི་གདན་ས། དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དུ་བསྟེན་ཁང་ཙམ་ཡང་འཛུག་མི་ཆོག་པ་གང་ཡིན་ནམ།

    དོན་ངོ་མ་ཇམ་མགོན་བླ་མའི་བསྟན་བསྲུང་ནི་མི་ཤེས་ཏེ། ཡིན་ངོ་མ་གུང་ཕྲན་ཏང་གི་སྒོ་ཁྱི་མ་ནོར་བ་ཞིག་ནི་གཏན་གཏན་ཡིན་འདུག །

  30. འཇམ་གཅེས། says:
    2014-08-25 at 7:58 am

    ད་དུང་གྲགས་རྒྱན་གྱི་ཨ་མ་ལག་ཨ་རྒྱ་ཟེར་མཁན་གཡོ་སྒྱའི་ལས་ལ་གོམས་པ་ཧ་ཅང་ཆེ་བ་དེས་གྲགས་རྒྱན་ཐོག་མར་༧གོང་བཞི་པའི་ཡང་སྲིད་ཡིན་ཅེས་སྐྱག་རྫུན་བཤད། དེ་ནས་༧གོང་ས་ལྔ་པར་ངོས་འཛིན་མ་ཐོབ་དུས་ཡང་སྐབས་དེའི་གཟིམས་ཁང་གོང་གི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་པོའི་ཡང་སྲིད་ཅེས་འཕྲུལ་སྣ་ཚོགས་ལ་བརྟེན་ནས་མཐར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཡིན་པར་སྣང་ཅེས་གསུང་དགོས་བྱུང་ཡོད། སྤྱིར་ལག་ཨ་རྒྱལ་ནི་སྐབས་དེའི་དུས་སུ་སྡེ་པ་གཞུང་གི་སྐུ་དྲག་མི་དཔོན་དག་དངོས་ཤུག་ཅི་རིག་ནས་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པ་དང་། དེ་ལ་དཔག་པའི་ནུས་ཤུགས་ཡང་ཆེན་པོ་ཡོད་པས་མོ་རང་གི་བུ་གྲགས་རྒྱན་དེ་ཡང་༧གོང་ས་སྐྱབས་མགོན་ལྔ་པ་ཆེན་པོའི་མཚན་གནས་མ་ཐོབ་རུང་། གཟིམས་ཁང་གོང་གི་སྤྲུལ་སྐུའི་གོ་གནས་ཐོབ་ངེས་ཞེས་པར་བཟོས་ཡོད། ལོ་རྒྱུས་འདི་དག་ལ་བསམ་གཞིགས་རེ་བྱེད་དུས་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་མིན་པ་ཙམ་དུ་མ་ཟད་སྤྲུལ་པའི་སྐུ་གང་གི་ཀྱང་ཡང་སྲིད་མིན་པ་དེ་ཤེས་ནུས། གོང་གསལ་རྒྱུ་མཚན་དེ་དག་ལ་ནརྟེན་ནས་༴༸གོང་ས་ལྔ་པ་ཆེན་པོས། དམ་མིན་དམ་རྫིན་གྲགས་པ་རྒྱལ་མཚན་དང་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་སོགས་གསུངས་ཡོད་པ་རེད། ཞིབ་ཏུ་ཤེས་འདོད་ན་ལོ་རྒྱུས་ལ་ཡང་ཡང་བལྟོས་ཤིག།

  31. བློ་བཟང་དབང་འདུས་ says:
    2014-08-25 at 8:24 am

    ࿐ངུལ་ཆུ་དྷ་མ་བྷ་དྲ་མཆོག་གི་གསུང་འབུམ་པོད་ང་པའི་གྲངས་༡༥ཕྲེང་ལྔ་པ་ན། ད་ལམ་གསུང་བྲིས་གནང་རྟེན་གྱིས་ཀླུབས་པ་སྩལ་འབྱོར་བཀའ་དྲིན་ཆེ་དོན་བཞིན་སྙིང་པོ་དོན་གསུམ་གྱི་བླ་བརྒྱུད་དུ་འབྱུང་བའི་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་དུ་སྤྲུལ་སྐུ་དགེ་ལེགས་དཔལ་བཟང་དང་། དེའི་ཡང་སྲིད་དུ་གཟིམ་ཁང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་། དེ་ཉིད་གློ་བུར་རྐྱེན་ལམ་དུ་གཤེགས་པའི་ཡང་སྲིད་དུ་དོལ་རྒྱལ་པོའམ་ཤུགས་ལྡན་རྡོ་རྗེ་འབར་བར་གྲགས་པ་ཡིན་པར་གནང་ལཊ། ཞེས་དངུལ་ཆུ་ཡབ་སྲས་ཀྱིས་ཤུགས་ལྡན་རྩལ་འདི་ཉིད་པཎ་ཆེན་བསོད་གྲགས་ཀྱི་སྐྱེ་བརྒྱུད་འཁྲུལ་མེད་དུ་ཞལ་བཞེས་ཀྱིས་དགེ་ལྡན་བསྟན་པའི་སྲུང་མ་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་མཛད་ལགས། (དེ་ཡང་རྫུན་མ་ཡིན་ནམ)

  32. བློ་བཟང་དབང་འདུས་ says:
    2014-08-25 at 8:31 am

    ࿐ཡོངས་འཛིན་གླིང་རྡོ་རྗེ་འཆང་གི་གསུང། རྒྱལ་བ་ཀུན་ཡུམ་དམག་དང་ཟོར་གྱི་ལྷ།།འདོད་དགུའི་ཆར་འབེབས་རྒྱལ་ཆེན་རྣམ་ཐོས་སྲས། །མཐུ་སྟོབས་གནམ་ལྕགས་རྡོ་རྗེ་ཤུགས་འཆང་བ།།བཀའ་གཉན་འཁོར་ཚོགས་དམ་བཅས་གནས་འདིར་གཤེགས། ཞེས་སོགས་གསུངས་སོ།།

  33. འཇམ་གཅེས། says:
    2014-08-25 at 8:38 am

    ཡིན་པར་སྣང་ཟེར་བ་ནི་ཡི་གེའི་དོན་ཤེས་མཁན་ཞིིག་ཡིན་ཚེ། ཐག་ཆོད་པའི་སྐད་ཆ་ཞིག་གང་ཡང་མིན། མདོར་ཧྲིལ་གྱི་སྒྲིལ་ན། དངོས་བྱུང་ལོ་རྒྱུས་དང་། གཏན་ཚིག་གང་ལ་གཞིགས་ཀྱང་དོལ་འདྲེ་འགོང་པོ་འདི་ནི་རྒྱལ་བསྟན་སྤྱི་དང་། ལྷག་པར་བོད་གངས་ཅན་པའི་ཆོས་རྒྱུད་དམ་ཚིག་འོ་མའི་འཚོ་ཆེན་གི་ནང་དུ་ཁྲག་གི་ཐིག་པ་བླུགས་མཁན་ཞིག་ཡིན་པ་ནི་བློ་གཟུར་བོའི་སྒོ་ནས་དཔྱད་ན་མངོན་སུམ་ལ་བསྙོན་འདིངས་དགོས་དོན་གང་ཡོད། ཡིན་ནའང་ཁ་ཕོར་སྒེར་དོན་དང་དངུལ་དངོས་ལ་ཐུག་ཡོད་དུས། བློས་བཏང་རྒྱུ་ཁག་པོ་གྱུར་བསྡད་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད།

  34. འཇམ་གཅེས། says:
    2014-08-25 at 8:41 am

    སྤྱིར་བསྟོད་ཚིགས་རྩོམ་མཁན་ཞིག་ལ་མཚོན་ན་སྙན་ངག་དང་འབྲེལ་བའི་ཕུལ་བྱུང་རབ་བཏགས་སོགས་ཀྱི་སྒྲོ་བཏགས་ནི་འགྲོ་སྟངས་སམ་ཁྱད་ཆོས་ཡིན་པ་ཙམ་ཡང་མ་ཤེས་པར་དེ་དག་ཚད་མར་འཛིན་པ་ནི་བླུན་པོའི་རང་གཤིས་གསལ་སྟོན་བྱས་པ་ཙམ་ལས་དོལ་འདྲེ་སྐྱབས་གསུམ་ཀུན་འདུས་ཡིན་པའི་སྒྲུབ་བྱེད་ཀྱི་གཏན་ཡང་དག་ཞིག་ལ་ཅིའི་ཕྱིར་འགྲོ ལོག་བཤད་དང་ཧམ་བཤད་འདི་ཚོ་ནི་ཤེས་ཡོན་ཅན་དང་གཟུར་ཅན་གྱི་སྐྱེ་བོ་དག་སེམས་ཁོང་ཁྲེལ་བྱེད་རང་དུ་མི་འདུག་གམ། ཞེས་གོང་གསལ་རྩོམ་ཡིག་དེ་དང་། ངེའི་འོག་གི་མཆན་རིང་དེ་ཚོ་ལ་མིག་གིས་ཡག་པོ་བལྟོས། དེ་ནས་སྐད་ཆ་ཤོད།

  35. བློ་བཟང་དབང་འདུས་ says:
    2014-08-25 at 8:44 am

    སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས། སྤྱིར་བླ་མ་ཡི་དམ་ཆོས་སྲུང་གང་ཡིན་རུང་བསྟེན་ཡུལ་རྣམ་པར་དག་དག་མི་དག་གིས་འཇོག་པ་གལ་མི་ཆེ་བར། བསྟེན་པ་པོའི་ཀུན་སློང་ལ་རག་ལུས་པ་སྟེ། ཡུལ་ལྷ་འདྲེ་གང་ཡིན་ཡང་ལྷའི་ངོ་བོར་བསྟེན་ན་ལྷ་དང་། འདྲེའི་ངོ་བོར་བསྟེན་ན་འདྲེའི་འཕྲིན་ལས་འཇུག་པ་ཞིག་ཏུ་སྣང་སྟེ། སངས་རྒྱས་ལ་སྐྱོན་ཅན་དུ་བལྟ་བའི་ལྷས་བྱིན་ལ་སངས་རྒྱས་ཀྱི་བྱིན་རླབས་མི་འཇུག་ཅིང་། རྒན་མོ་དད་ཅན་གྱི་ངོ་བོར་ཁྱི་སོ་ལས་རིང་བསྲེལ་འབྱུང་བ་ལྟར་རོ། མདོ་ལས། གང་གིས་མོས་པ་གཙོར་བྱས་ན། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ།།

  36. བློ་བཟང་དབང་འདུས་ says:
    2014-08-25 at 8:50 am

    ཤུགས་ལྡན་བརྟེན་མཁན་ཚོ་རྒྱ་མི་དང་འབྲེལ་བ་ཡོད་པ་དང་རྒྱ་མི་རྒྱུག་ཁྱི་རེད་ཟེར་བ་ནི་ལོག་བཤད་ཙམ་ལས་དཔང་རྟགས་ནི་སྣ་གཅིག་མེད།

  37. ཨ་ཕྱི་ཆོས་སྒྲོན says:
    2014-08-25 at 9:06 am

    བློ་དབང་གིས་ཡག་པོ་བཤད་སོང་། ཡིན་ན་ཡང་ཁྱོད་ཀྱིས་ཤུགས་ལྡན་བརྟེན་མཁན་ཚོ་རྒྱ་མི་དང་འབྲེལ་བ་ཡོད་པ་དང་རྒྱ་མི་རྒྱུག་ཁྱི་རེད་ཟེར་བ་ནི་ལོག་བཤད་ཙམ་ལས་དཔང་རྟགས་ནི་སྣ་གཅིག་མེད།ཟེར་བ་བདེན་པ་མ་རེད། ད་ལྟའི་པན་རྫུན་དེ་རྒྱ་མིའི་རྒྱུག་ཁྱི་ངོ་མ་ཡིན་པར་བཤམས་བཞག་ཡོད་པ་རེད། xxxxx

  38. འཇམ་གཅེས། says:
    2014-08-25 at 9:08 am

    ཡ་ཡ་་་དེ་ག་རང་རེད། རྒྱ་མའི་རྒྱུགས་ཁྱི་ཡིན་མིན་དེ་ངས་གསལ་བཤད་དགོས་པ་འདུག་གམ། འཛམ་གླིང་ལ་ཡོངས་སུ་གྲགས་ཟིན་པ་རེད། གནས་ལུགས་ལྡན་པའི་གཏན་ཚིག་དང་། རྩོད་མེད་ཡོངས་སུ་གྲགས་པའི་མཁས་གྲུབ་ཚོས་མཐུན་སྣང་དུ་ངོས་འཛིན་གནང་བའི་ལྷ་སྲུང་དང་། ལོ་རྒྱུས་གང་ཡིན་ཡང་ཁས་ལེན་ཞུ་ནུས། ཡིན་ནའང་བྱུང་རིམ་ལོ་རྒྱུས་ནང་དུ་དཀྲུགས་ཤིང་གི་ཟམ་ཆེན་འཛུགས་ནས་ད་ལྟའི་བར་དུ་ཕོ་རོག་དཀར་པོ་དོན་ནས་ཡོང་བསྡད་པའི་རྩོད་གཞི་ཅན་གྱི་འབྱུང་པོ་ཞིག་ལ་སྐྱབས་སུ་འཛིན་པ་ནི་བླུན་པོས་རང་མཚང་དམར་རྗེན་མ་བསྟོན་པ་ཙམ་ལས་བསྟན་སྲིད་སྤྱི་ལ་དགོས་པའི་གནད་དོན་ཞིག་ལ་ཡིན། མདོ་སྨད་པ་གདོང་ཐོག་བསྟན་རྒྱམ་ཁོ་རང་ཁྱི་མགོ་ལ་དད་པ་བཞག་ནས་བསྡད་ན་འགྲིག་པ་རེད། དམ་ཉམ་ཟིན་པའི་མི་གཅིག་གི་གཏམ་ཉོག་དེ་འདྲ་ང་ལ་ངོ་སོ་འགྲོ་ས་གང་ཡང་མེད། འདི་ལུང་འདྲེན་པའི་ཁུལ་ཡིན་ནམ། ཧི་ཧི་ཧི་་་ཨ་མཐའི་བྱ་སྤྱོད་་་་་་་

  39. འཇམ་གཅེས། says:
    2014-08-25 at 9:13 am

    རྒྱ་ནག་དམར་གཞུང་གི་བསོས་ཕྲུག་དོལ་ཚོགས་ཕྱོགས་གཏོགས་དང་བཅས་པར་ཉོན་ཤིག ངས་ཁྱོད་ཚོས་ལོག་བཤད་ལ་འདི་ལྟར་འགྲེལ།

    དེང་སང་རྒྱ་ནག་པེ་ཅིང་ནས་ཤོར་བཞིན་འདུག པེ་ཅིང་ཕོ་བྲང་ངམ་དམར་པོ་གཞུང་གི་བཏགས་ཁྱི་རྣམས་བོད་མིའི་ནང་ཁུལ་ལ་ཐེ་ཚོམ་མེད་པར་ཤོར་བཞིན་འདུག ཟུག་བཞིན་འདུག་ལ་ངུ་བཞིན་འདུག ཕྱོགས་མཐའ་ཀུན་ནས་ཁྱི་ཚོགས་རྣམས་ངུ་སྐད་རྒྱག་གིན་འདུག དེ་དག་ནི་པེ་ཅིང་ཕོ་བྲང་གིས་ལྟོ་བ་བརྒྱང་པའི་ཁྱི་ཚོགས་རྣམས་རེད། ཁྱི་ཚོགས་འདི་ཀུན་མཆེ་བའི་རྣོ་སོ་སྟོན་ནས་ཟུག་ས་དེ་༸གོང་ས་ཡིད་བཞིན་ནོར་བུ་སྐུ་སྒེར་ཙམ་མ་ཡིན་པར་ཤ་རུས་གཅིག་པའི་བོད་རིགས་ཡོངས་ཀྱི་ཐོག་ལ་ཟུག་བཞིན་ཡོད་པ་རེད། ལོ་རབས་ནས་ལོ་རབས་དུས་རབས་ནས་དུས་རབས་བརྒྱུད་དམར་པོ་སྲིད་གཞུང་གིས་བོད་རིགས་ནང་ཁུལ་དུ་བཏང་པའི་བོད་རིགས་ཞབས་འདྲེན་པ་ཁག་ཅིག་དང། གཤིས་ངན་རྒྱུད་འཛིན་མཁན་གྱི་རྒྱུགས་ཁྱི་སྐྱག་ཟན་ཆེས་ཉུང་ཤས་དེ་དག་རེད། ད་ཐེངས་ཡང་པེ་ཅིང་སྲིད་གཞུང་གིས་མངོན་ལྐོག་གང་སར་གསོ་སྐྱོངས་བྱས་པའི་བཏགས་ཁྱི་རྣམས། བརྒྱུད་ལམ་མ་འདྲ་བའི་ཐོག་ནས་ཟུག་བཞིན་འདུག བཏགས་ཁྱི་ལ་ལ་ཞིག་རང་དབང་ལྡན་པའི་བོད་མིའི་གྲོགས་ཚོགས་ཀྱི་གཟི་བརྗིད་དང་དཔལ་ཡོན་ལ་སྙིང་ན་སྟེ་ཟུག་བཞིན་འདུག བཏགས་ཁྱི་འདི་ཚོས་ཁ་གདང་ཞིང་མཆེ་བའི་རྣོ་སོ་སྟོན་ནས་ཟུག་ས་དེ། གངས་ཅན་ཁ་བ་པའི་ནང་ཁུལ་དུ་རེད། བཏགས་ཁྱིའི་བདག་པོའམ་བཏགས་ཁྱིའི་བཀོད་འདོམས་པ་ནི་ཡབ་མེས་ཚེ་སྲོག་དུར་ས་རུ་གཡུགས་མཁན་དགྲ་བོ་རྒྱ་ནག་དམར་པོའི་སྲིད་གཞུང་རེད། དམར་པོ་གཞུང་ལ་ངོ་འབག་དང་རྣམ་པ་མི་འདྲ་བའི་ཐོག་ནས་གཏོང་ཆོག་ཆོག་གི་བཏགས་ཁྱི་སྐྱག་ཟན་ལོག་འཇོམས་མིང་ཅན་ལྟ་བུ་གང་མང་མང་ཞིག་ཡོད་པ་རེད། བཏགས་ཁྱི་འདི་ཚོ་ནི་ལོ་མང་ལོ་མང་རིང་དུ་དམར་གཞུང་གིས་ལྟོ་བ་བརྒྱང་པའི་བཏགས་ཁྱི་རྐྱང་རྐྱང་ཡིན་ཞིང་། བཏགས་ཁྱི་འདི་ཚོ་བཏགས་ཁྱི་བཀོད་འདོམས་པས་གང་ལ་བཏང་ན་དེ་རུ་ཟུག་ཅིང་གང་ལ་བཏགས་ན་དེ་རུ་ཉལ་གྱི་ཡོད། དམར་པོ་གཞུང་གིས་བཏགས་ཁྱི་ལ་ལ་ཞིག་ལ་གཡོ་འཕྲུལ་ཡི་དངོས་གྲུབ་གནང་ཡོད་ཅིང་། བཏགས་ཁྱི་ལ་ལ་ཞིག་ལ་བང་མཛོད་ནོར་གྱིས་བཀང་ཡོད། བཏགས་ཁྱི་ལ་ལ་ཞིག་ལ་ཐོབ་དང་གོ་ས་ཕུལ་ཡོད། བཏགས་ཁྱི་ལ་ལ་ཞིག་ལ་མཁར་དང་ཕོ་བྲང་བཞེངས་ཡོད། རྒྱུ་མཚན་དེས་ཁྱི་ཚོགས་འདི་ཚོ་བཀོད་འདོམས་པ་པེ་ཅིང་སྲིད་གཞུང་གིས་མཛུབ་མོ་གང་བཙུགས་ལ་མཆོང་བཞིན་ཡོད་ཅིང་ཟུག་བཞིན་ཡོད། རྒྱུགས་ཁྱི་འདི་ཚོའི་འདས་མ་ད་གསུམ་དང་། སྔར་ཕྱི་བར་གསུམ་གྱི་ལོ་རྒྱུས་ལ་གཟིགས་དང་། པེ་ཅིང་གཞུང་གིས་བཏགས་ཁྱི་ཚོས་གཞིས་བྱེས་བོད་མིའི་ནང་ཁུལ་དུ་མི་བསད་ཁྲག་སྦྱོར་གྱི་བྱ་ངན་བསྒྲུབས་མྱོང་ཡོད་ཅིང་། འཛམ་གླིང་ས་ཕྱོགས་གང་སར་ཁྱི་སྐྱག་བཏང་བཞིན་༸གོང་ས་མཆོག་ལ་ངུ་ཟུག་དང་བོད་མིའི་གོད་ཆག་ལ་དགའ་བསུའི་མཚོན་བྱེད་དུ་དགྲ་དམར་གཞུང་ཚབས་རེ་འགའི་ནང་དུ་རྒྱུན་ལྡན་དུ་ཁྱི་ལྟོ་ཟ་བཞིན་ཡོད་ལ། དམིགས་བསལ་༢༠༠༨ལོར་མཚོན་ན་ཁོང་ཚོས་ལྟོ་བ་འགྲངས་ངེས་ཞེས་པ་ཟས་མྱོང་ཡོད། བཏགས་ཁྱི་འདི་ཚོས་དུས་ཀུན་ཏུ་བོད་རིགས་ནང་ཁུལ་དུ་ཁྱི་སྐྱག་གང་སར་བཏང་བཞིན་ཡོད་ལ་སྡུག་སྐད་གང་སར་འདོན་གྱིན་ཡོད། མི་ལོ་ལྔ་བཅུའི་ནང་ལ་རྒྱ་དམར་ཡིས་བཏགས་ཁྱི་རྣམས་མངོན་ལྐོག་མེད་པར་ཕྱོགས་མཐའ་གང་སར་བཏང་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་ཀྱི་བདེ་འཇགས། ཆོས་ལུགས་ནང་ཁུལ་དུ་མཐུན་ལམ་ལ་རྒོལ་བརྡུང་གཏོང་འདོད་བྱས་ཡོད། དེ་རིང་ཁ་སང་བཏགས་ཁྱི་བཀོད་འདོམས་པ་དམར་ཤོག་ཀླད་རྙིང་ཅན་ཚོས་བོད་རིགས་མཐུན་སྒྲིལ་ཐོག་ལ་ཚ་ཚ་འུར་འུར་གྱིས་བཏགས་ཁྱི་རྣམས་ངོ་བོ་དང་། རྣམ་པ། བརྒྱུད་ལམ་མ་འདྲ་བ་ཐོག་ནས་གཏོང་བཞིན་པའི་དུས་སྐབས་ཤིག་ཡིན་པས་ཀུན་གྱི་དོ་སྣང་བྱོས།།

    འདི་ཉེ་སྔོན་བྲིས་པ་ཡིན། གནས་ལུགས མེད་པ་གང་ཡང་བྲིས་མེད་་་

  40. འཇམ་གཅེས། says:
    2014-08-25 at 9:16 am

    སྤྱི་ཚོགས་དྲྭ་འབུ་ཨ་ཕྱི་ལགས། ངས་ཁྱེད་རང་ནམ་ཡང་མི་གྲལ་དུ་འཇོག་མྱོང་མེད། བདེན་པ་ཡིན་་་་ལན་གྱི་ང་བར་མི་འདོད་པ་དེ་ཁྱོད་ལ་ལན་ཡིན་་་་་

  41. འཇམ་གཅེས། says:
    2014-08-25 at 12:10 pm

    སྤྱིར་ཏང་གོང་དུ་ལབ་ཟིན་པ་བཞིན་ཨ་ཕྱི་མིང་ཅན་ནམ་ཕྱི་གསལ་མིང་ཅན་གྱི་སྤྱི་ཚོགས་དྲ་འབུ་འདི་ནི་མི་གྲལ་དུ་འཇོག་མ་མྱོང་ལ་མ་འོངས་པ་ལའང་དེ་ལྟར་ཡིན།

    འོན་ཅང་མཆན་ནག་འདིའི་ནང་དུ་ཤེས་མདོག་དང་འཇོན་མདོག་མང་འདུག་པས་ཚིག་ཉུང་བསྡུས་ཤིག་གིས་བརྡ་ཞིག་སྤྲད་འདོད་ཡིན། དེ་ཡང་གཙོ་བོ་རང་སྣང་དག་པ་རབ་འབྱམས་མ་འཛིན་ཅེས་པའི་དོན་དུ་གོ་དགོས།

    སྔ་དུས་བོད་མིའི་ཆབ་སྲིད་དང་ཆོས་ལུགས་བརྟན་ལྷིང་མེད་པ་དང་། ལྷག་པར་དུའང་ཆོས་ལུགས་བར་གྱི་གནོན་ཤུགས་སྤྲོད་རེས་བྱས་པའི་སྐྱུག་དྲོ་བའི་ལོ་རྒྱུས་དེ་དག་རང་རང་ཕྱོགས་ནས་གཞན་ཕྱོགས་ལ་ཕྱིར་མིག་རེ་བལྟས་ན་ཡིད་མུག་དགོས་པའི་གནས་སྟངས་ཙམ་ལས་གཟི་བརྗིད་ལྡན་པ་དང་། དྲང་བདེན་ཅན་ཞིག་མཐོང་བ་ཧ་ཅང་དཀོན།

    དཔེར་ན་དགེ་ལུགས་དང་བཀའ་རྒྱུད་བར་གྱི་རྙོག་གླེང་གི་བྱུང་རིམ་ནས་བཤད་ན། སོ་སོའི་ཕྱོགས་ནས་སོ་སོར་བདེན་པ་ཡིན་པའི་སྒྲུབ་བྱེད་རེ་ནི་བདེན་མིན་ལ་མ་བལྟོས་པར་མང་ཙམ་རེ་བཤད་རྒྱུ་ཡོད་པ་རེད།

    གོང་དུ་དྲྭ་འབུས་ཀྱི་བཤད་པ་ལྟ་ན་ནི་སྐབས་དེའི་དུས་སུ་དགེ་ལུགས་པས་ཉེས་མེད་བཙལ་འགེལ་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་ཞིག་བྱས་ཡོད་པ་ལས། བཀའ་རྒྱུད་པ་དག་ནི་ཆེས་ཡབ་རབ་ཚུལ་མཐུན་གྱི་ངང་དུ་གནས་ཡོད་པའི་བཟོ་འདྲ་པོ་ཙམ་མ་ཡིན་པར། རྗེ་བླ་མ་གཙོང་ཁ་པས་གསར་གཏོད་གནང་བའི་ལྷ་ལྡན་ཆོལ་འཕྲུལ་སྨོན་ལམ་ཆེན་མོ་དེ་ལའང་གདན་ས་སེར་འབྲས་གསུམ་གྱི་དགེ་འདུན་པ་ཕེབས་མི་ཆོག་པ་བཟོ་མཁན་དང་། ད་དུང་གོ་ཁའི་དམག་དཔུང་བོད་ཡུལ་དུ་དྲངས་བའི་ལོ་རྒྱུས་དེ་དག་ཡང་ལོ་རྒྱུས་རང་ཡིན་པར་ཤེས་དགོས་ལ། མ་ཟད་ངག་རྒྱུན་དུ། ཝ་མི་རྒྱལ་ཀ་མེད་འདྲེས་འགྲམ་ལྕག་དང་། ཁྱི་མི་ཟུག་ཀ་མེད་རྐུ་མས་བརྡོ་བརྡུང་ཟེར་བ་དེ་ཚོ་བློ་ལ་ངེས་དགོས་པ་རེད།

    སྤྱིར་བདག་ལ་མཚོན་ན་རང་ཕྱོགས་ཞེན་པ་ཆེ་བའི་མཁས་མིང་ཅན་ཚོས་ལོག་བཤད་དང་རྫུན་གཏམ་དུ་སྤུངས་ནས་དེང་དུས་འདས་དོན་གྱི་ལོ་རྒྱུས་ཟེར་བ་དེ་དག་ལ་ཡིད་ཆེས་དང་དགའ་ཞེན་གང་ཡང་མེད་ལ། དེ་དག་བསྐྱར་བཤད་ཡང་བཤད་ཡང་ག་ཚོད་བྱས་རུང་བསྟན་སྲིད་སྤྱི་ལ་སྨན་པའི་བྱ་བ་ཞིག་ཡོང་མི་སྲིད་པའི་རྒྱུ་མཚན་གྱིས་བྱེད་རྒྱུའི་དགའ་མོས་ཀྱང་མེད། ཡིན་ནའང་དེ་རིང་དྲྭ་འབུའི་བྱ་སྤྱོད་ལ་གཞིགས་ནས་ལོ་རྒྱུས་ཟེར་བ་དེ་སུ་ལའང་ཤོད་རྒྱུ་ཡོད་ལ་ཤེས་ཀྱིན་ཡོད་ཅེས་པའི་བརྡ་ཙམ་ཡིན།

    འདིའི་སྐོར་དེ་རིང་ཐེངས་དང་པོ་གླེང་བ་ཡིན་ལ་མཐའ་མའང་ཡིན་སྲིད།

  42. བསམ་ཤེས། says:
    2014-08-25 at 12:20 pm

    ང་རང་དངོས་ཐོག་བདེན་འཚོལ་གྱི་ཐབས་ལ་འབད་བཞིན་ཡོད། འདིར་བལྟས་ཡོང་དུས། ཤུགས་ལྡན་གྱི་རྒྱབ་ལ་བློ་བཟང་དབང་འདུས་དང་། ཞྭ་དམར་གྱི་རྒྱབ་ལ་ཨ་ཕྱི་ཆོས་སྒྲོན་ཡོང་ནས་ཤུགས་དམར་གཉིས་ཀྱི་འཐབ་རྩོད་ཐན་ཐུན་ཞིག་ཁ་བརྡར་འོང་།

    ངའི་རེ་བ་ལ། ཁ་བརྡ་འདིར་ཡོང་མཁན་ནང་ནས་རྩོམ་ཡིག་དང་མཆན་འཁྲུག་ཤོས་དེ་ཞ་དམར་དང་ཤུགས་ལྡན་གྱི་བརྗོད་གཞིའི་སྟེང་ལ་འོང་བས། དེ་གཉིས་ལ་རྒྱུན་གཏན་གྱི་རྩོམ་གྱི་ཁ་བྱང་ཞིག་ཟུར་དུ་སྤྲད་ནས། མུ་མཐུད་གླེང་ཆུག་ན་རྩོམ་པ་པོ་གཞན་རྣམས་ལ་གུ་ཡངས་ཐོབ་སྲིད། བྱས་ཙང་ཁ་བརྡ་དྲ་ཚང་གིས་གོང་གི་བརྗོད་གཞིའི་སྟེང་ལ་མཆན་རྒྱག་སའི་ཐབས་ཤིག་སྤེལ་རོགས།

    བློ་བཟང་དབང་འདུས་སྤྱིར་ཤུགས་ལྡན་ལ་རྒྱབ་སྐྱོར་ཅན་ཞིག་ཡིན་པ་ཁ་གསལ་པོ་འདུག འོན་ཀྱང་། ཁོང་གིས་ཐོག་མཐའ་བར་ལ་རྒྱུ་མཚན་ཞིག་གི་ཐོག་ནས་ཤུགས་ལྡན་ཡང་དག་སྒྲུབ་བཞིན་འདུག་པས། དེ་ཤུགས་ལྡན་པ་ངོ་རྒོལ་དང་གཏོར་བཅོམ་གཅིག་པུར་སྐྱག་ལང་ཤོར་བ་དང་བསྡུར་ན་ཡར་རྒྱས་རེད།
    འོན་ཀྱང་ཨ་ཕྱི་ཆོས་སྒྲོན་དེ་རྒྱུ་མཚན་ཡོད་མེད་གང་རུང་ཁ་དེ་ལྷ་སའི་བར་སྐོར་ནང་གི་ཨ་ཅེ་སྨྱོན་མ་ལུས་ཕྱེད་དམར་ཧྲེང་མར་བཏོན་ནས། ཉིན་མཚན་རྫོགས་རྒྱུ་མེད་པ་ལབ་རྟོལ་བྱེད་མཁན་ཞིག་འདྲ་བ་ལས་རྒྱུ་མཚན་དང་ཁུངས་སྟོན་རྒྱུ་མིན་འདུག

  43. བསམ་ཤེས། says:
    2014-08-25 at 12:31 pm

    བློ་བཟང་དབང་འདུས་ལ་ཤུགས་ལྡན་སྐོར་ལ་ང་རང་གི་བསམ་ཚུལ་ཏོག་ཙམ་ཞུ་ཆོག་པ་ལ།

    དང་པོ། ཤུགས་ལྡན་དེ་དགེ་ལྡན་པའི་སྲུང་མ་འོས་མིན་དེ་དགེ་ལྡན་པའི་སྲུང་མ་དམ་ཅན་ཆོས་རྒྱལ་གྱིས་ཐག་གཅོད་མི་དགོས་སམ། རྗེ་རིན་པོ་ཆེས་དམ་ཅན་ཆོས་རྒྱལ་ལ་དགེ་ལྡན་པའི་ཕ་ཤུལ་སྲུང་སྐྱོབ་ཀྱི་ལས་ཀ་སྐུལ། ཆོས་རྒྱལ་གྱིས་ཀྱང་ཕྱི་ནང་གསང་གསུམ་གྱི་འཕྲིན་ལས་ཀྱི་བཀའ་དྲིན་ལས། དགེ་ལྡན་པའི་ཆོས་རྒྱུད་འདི་བོད་ཕྱི་ནང་ལ་ལེགས་པར་གནས་ཐུབ་ཡོད། ཅིའི་ཕྱིར་སྲུང་མ་གསར་པ་རྩོད་རྙོག་ཅན་ཞིག་ཁྲིད་ནས་དམ་ཅན་ཆོས་རྒྱལ་ལས་མེད་བཟོ་འམ།

    གཉིས་པ། ཤུགས་ལྡན་གྱི་ལོ་རྒྱུས་ཁོ་ནར་གཞིགས་ན་རྩོད་རྙོག་ཅན་ཞིག་རེད། ཁྱེད་དགེ་ལྡན་པར་བཞེན་ཁོག་ཡོད་ན། ཅིའི་ཕྱིར་དམ་སྲི་ཞིག་ལ་དགེ་ལྡན་པའི་སྒོ་སྲུང་གི་ལས་ཀ་སྤྲོད་དོད་དམ།

    གསུམ་པ། རྗེ་རིན་པོ་ཆེས་བོད་ཀྱི་ཆོས་རྒྱུད་སྔ་མ་རྣམས་ལ་ཉམས་བཞེས་ལེགས་པར་བསྐྱང་ནས་དེའི་ཉིང་ཅུད་དེ་དགེ་ལྡན་པའི་བསྟན་པར་བཞེངས་ཡོད། གསང་སྔགས་རྙིང་མ་ལྟ་བུར་མཚོན་ན་དགེ་ལྡན་པར་ཤིན་དུ་ནས་བཀའ་དྲིན་ཆེ་བ་རེད། ང་རང་ལྟ་བུར་མཚོན་ན། གསར་རྙིང་གཉིས་ཀའི་བྱིན་རླབས་ཆུ་ཏིག་ཙམ་ཐོབ་མྱོང་བའི་གང་ཟག་ཕལ་པ་ཞིག་ལ་མཚོན་ན། དེ་གཉིས་ཆུ་དང་ཆུ་འདྲེས་པ་ལས་མེ་དང་སྤུ་ལྟ་བུ་ནམ་ཡང་མི་མཐོང་བས། ཤུགས་ལྡན་གྱིས་རྙིང་མར་རྙོག་ཁྲ་ཤོད་པ་དེ་ལ་རྒྱུ་མཚན་ཅུང་ཙམ་ཡང་མེད་འདུག ཕ་བོང་ཁ་རིན་པོ་ཆེའི་རྣམ་ཐར་ནང་ལ། ཤུགས་ལྡན་གྱིས་རྙིང་མའི་ཆོས་རྒྱུད་ཉམས་ལེན་བྱེད་མཁན་གྱི་དགེ་ལྡན་པའི་བླ་མ་རྣམས་ལ་སྡིག་ར་སྤྲད་པ་གསལ་པོ་འདུག་པས། དེ་ཇི་ལྟར་དག་ཐེར་བྱེད་དམ།

  44. བསམ་ཤེས། says:
    2014-08-25 at 12:34 pm

    དེ་ནས་བློ་བཟང་དབང་འདུས་ལགས་ཀྱིས་མཛེ་སྨད་རིན་པོ་ཆེར་མཐོང་ཚུལ་ཇི་འདྲ་ཡོད་པ་གསལ་པོར་གསུངས་རོགས།

  45. ལུང་རྟོགས། says:
    2014-08-25 at 12:37 pm

    དོལ་རྒྱལ་བ་ཚོས་དམངས་ཁྲོད་ཁ་བརྡའི་ནང་ཁོང་ཚོ་རྒྱ་གཞུང་དང་འབྲེལ་བ་ཡོད། རྒྱ་མིའི་གཞུང་ཚབ་ནང་ལ་འགྲོ་གི་ཡོད་ཅེས་བཤད་ཡོད་པ་རེད། ད་དུང་དོལ་ཚོགས་ཀྱི་ཚོགས་མི་རྣམས་བོད་དང་རྒྱ་ནག་ནང་ལ་འགྲོ་ནམ་བསམ་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་ཚངས་མས་མཐོང་སྡད་པ་འདི་རེད། ད་དུང་བོད་མི་རིགས་དཔྲལ་བའི་མིག་དང་ཁོག་པའི་སྙིང་གོང་ས་མཆོག་དང་། བོད་མི་རིགས་ཀྱི་སྐུ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་ལ་ངན་སྨོད་དང་སྐྱོན་བརྗོད་ཁ་ནས་གང་ཐོན་བཤད་ཀྱི་ཡོད་པ་རེད། འདི་ལས་ལྷག་པའི་རྒྱ་གཞུང་ལ་འབྲེལ་བ་ཡོད་པའི་དཔང་རྟག་ཅི་དགོས།

  46. བསམ་ཤེས། says:
    2014-08-25 at 1:56 pm

    ཨ་ཕྱི་ཆོས་སྒྲོན་ལགས།

    ཁྱོད་ལ་ངོ་མ་སྔོན་ཤེས་ཏོག་ཙམ་འདུག བྱས་ཙང་དད་པ་ཏོག་ཙམ་སྐྱེས་སོང་། ཁ་སང་དགོངས་མོ་གྲོགས་པོ་འགའ་མཉམ་དུ་རྒུན་ཆང་ཏོག་ཙམ་བཏུང་ནས། དོལ་རྒྱལ་དང་ངོ་དེབ་ནང་གི་དྲ་བུ་ཚོའི་སྐོར་ལ་ཁ་བརྡ་བྱས་པ་ཡིན། ཁྱོད་ཀྱིས་དེ་ཤེས་ཟིན་འདུག

    དོལ་རྒྱལ་ངོ་རྒོལ་བ་ཚོས། རྒྱལ་བ་རིན་པོ་ཆེའི་གསུང་ཆོས་བསྒྲུབས་རྗེས་དྲི་བ་ཞུ་བའི་སྐབས་ལ། རྫུན་མ་ཤོད་ཟེར་ནས། ཁོང་སྐད་ཆ་མཇུག་སྒྲིལ་ཐུབ་མ་སོང་། ཁོང་གིས། “ང་མི་རྒན་ལོ་བརྒྱད་བཅུར་བསླེབས་པ་ཞིག་་་་་་་་ཞེས་འགྲེལ་བཤད་རྒྱག་རྩིས་བྱས་རུང་། ཚོགས་ཁང་ནང་ནས་དོལ་རྒྱལ་བ་ཚོས་རྫུན་མ་ཤོད། ཁྱོད་ད་ལྟ་རང་རྫུན་ཤོད་མཚམས་ཞོག་ཟེར་ནས་ངར་ནས། རྒན་པོ་ཁོང་གི་ངག་ནས་སྐད་ཆ་བཤད་ཆུག་མ་སོང་།” དོལ་རྒྱལ་བ་ཚོར་མཚོན་ན་ཁོང་བདུད་ལྟ་བུར་རྩི་བཞིན་འདུག ཨ་ཕྱི་ཁྱེད་ལ་མཚོན་ན་ཡང་ཁོང་བདུད་ལྟར་རེད་འདུག ལྷག་དོན་ཨ་ཕྱི་ཁྱེད་རང་རྙིང་མ་ཞིག་གིས། འབྲི་གུང་བཀའ་བརྒྱུད་ཀྱི་སྲུང་མ་ཞིག་གི་མིང་ཁྱེར་ནས། རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པར་དོན་མེད་ངོ་རྒོལ་བྱེད་པ་འདིས། འབྲི་གུང་སྐྱབས་མགོན་ཡང་ཅུང་བདེ་པོ་མེད་པ་འདི་ངའི་གྲོགས་པོ་ཞིག་གིས་དང་དགོངས་གླེང་སོང་།

    ཁྱོད་ཀྱིས་རྙིང་མ་ཞིག་གིས། བཀའ་བརྒྱུད་ནང་ཁུལ་དཀྲུག་ཤིང་ཆེ་ཐག་ཆོད་ཞིག་བརྒྱབས། ཀམ་ཚང་ནང་ཁུལ་དཀྲུག་ཤིང་བསླངས། དེ་ནས་དགེ་ལུགས་དང་རྙིང་མ་མི་འཆམ་པ་བཟོས། དགེ་ལུགས་ནང་ཁུལ་མི་འཆམ་པ་བཟོས། ཡང་རྙིང་ཨ་ཕྱི་ཁྱེད་ཀྱི་དམིགས་ཡུལ་ཅི་ཡིན། འདི་གསལ་པོ་གསུངས་རོགས།

    ང་ཚོ་གྲོགས་པོ་ཚོ་དང་དགོངས་ཆང་འཐུང་སྐབས་སྐད་ཆ་གཉིས་པ་དེ། ཅིའི་ཕྱིར་ཁ་བརྡའི་དོ་དམ་པ་ཚོས་ཁྱོད་ཁ་བརྡར་བཀག་མེད་པའི་རྒྱུ་མཚན་ཐོག་ལ་ཡང་གཏམ་གླེང་མང་པོ་བྱས་པ་ཡིན།

    བསམ་ཚུལ་མང་པོ་བཤད་སོང་རུང་། དེ་སྒེར་གྱི་བསམ་ཚུལ་ཡིན་སྟབས་ངས་འདིར་མི་གླེང་། ང་རང་ཁ་བརྡ་ཐོག་མ་བཙུགས་ནས་ད་བར་ལ་བགྲོ་གླེང་མང་པོར་བཞུགས་པ་ཡིན། ངས་བཏབ་ཟིན་པའི་མཆན་གྱི་ནང་ལ་བོད་མི་རིགས་དང་། བོད་ཀྱི་ཆོས་ལུགས་ཐ་དག ཆོལ་ཁ་ཀུན་གྱི་ཁེ་ཕན་མགོ་བོར་འཁུར་ནས་མཆན་བཏབ་ཡོད། ༢༠༠༨ནས་ད་བར་བཏན་ཟིན་པའི་མཆན་ལ་གཟིགས་ཤིག

    སྔོན་གྱི་དྲ་གྲོགས་མང་པོ་ཞིག་གི་མཆན་མིང་མཐོང་རྒྱུ་མེད་སྟབས་ཁོང་ཚོར་སྐད་ཆ་དྲིས་པ་ཡིན། ཅིའི་ཕྱིར་དེང་སང་ཁ་བརྡར་མཇལ་རྒྱུ་མིན་འདུག་ཟེར་དུས། མང་ཆེ་བས། ཁ་བརྡར་ཡོང་ནས་བློ་ཕམ་དང་ཁོང་ཁྲོ་ལས་རེ་བ་དང་རིག་པ་ཅང་མིན་འདུག ད་མཚམས་བཞག་པ་ཡིན་ཟེར། དེ་ངོ་མ་སེམས་སྐྱོ་དགོས་པ་རེད།

    ངས་མི་བཤད། ཁ་བརྡའི་དྲ་འཛིན་པ་ཚོས་གཟིགས་དང་། ཁ་བརྡར་མཆན་འགོད་མཁན་ཇེ་མང་རེད་དམ་ཇེ་ཉུང་རེད།

    རྒྱུ་མཚན་གཅིག་ཁྱེད་ལྟ་བུའི་མཆན་པ་མི་ཉུང་བ་འདིར་ཡོང་ནས། ཆོས་ལུགས་དང་ཆོལ་ཁའི་ནང་རྨེ་ཤ་སྟག་གི་དུག་གཏམ་བཤད་ནས་མི་ཚང་མར་དོ་ཕོག་འགྲོ་བཞིན་འདུག

    སྐད་ཆ་དྲང་པོ་བཤད་ན་ང་ཡང་མགྱོགས་མྱུར་ཁ་བརྡ་ནས་འཐོན་རྩིས་ཡིན། དེ་དུས་གསལ་བཤད་ཡག་པོ་ཞིག་བརྒྱབ་ནས་འཐོན་རྩིས་ཡིན། མ་ཟིན་བྲིས་ཟིན་པ་ཡིན། དེ་ཡང་ཁྱེད་དང་འབྲེལ་བ་ཡོད་སྟབས་འདིར་བཤད་པ་ཡིན།

  47. བློ་བཟང་དབང་འདུས་ says:
    2014-08-25 at 1:57 pm

    བསམ་ཤེས་ལགས།࿐ཛེ་སྨད་རིན་པོ་ཆེས་བཀའ་རྙིང་བསྟན་པ་ཡང་དག་པར་མ་ཡིན་པ་བསྒྲུབས་པའི་གསུང་ཚིག་གཅིག་ཀྱང་མེད། ཁོང་གི་གསུང་འབུམ་དེབ་དྲུག་པ་ན། འདི་ལྟར་གསུང་འདུག (ཡང་ཁོ་བོས་དགེ་ལྡན་པའི་བསྟན་པ་འཛིན་པ་རྣམས་ཀྱི་རང་ལུགས་གཙང་མར་བཟུང་དགོས། རྙིང་མའི་ལྟ་གྲུབ་བཟུང་མི་འོས་ཞེས་བཤད་པ་ན་རྙིང་མ་ལ་སྨད་པར་གོ་བ་འདི་ཞིབ་ཏུ་མ་བརྟག་པ་སྟེ། དཔེར་ན་ཐེག་ཆེན་རིགས་ངེས་རྣམས་ཉན་རང་ལམ་དུ་འཇུག་མི་རུང་ཞེས་བརྗོད་ན་ཉན་རང་ལ་སྨད་པ་མིན་ཅིང་། ཉན་ཐོས་རིགས་ངེས་རྣམས་ཐེགས་ཆེན་ལམ་དུ་འཇུག་མི་རུང་ཞེས་བརྗོད་ན་ཐེགས་ཆེན་ལ་སྨད་པ་མིན་པའི་ཕྱིར་དང་། འཇིག་རྟེན་གྱི་དཔེར་མཚོན་ནའང་། ཨ་རིའི་མི་རིགས་ཀྱིས་རྒྱ་གར་བའི་སྲིད་བློན་འོས་འདེམས་མི་རུང་ཞེས་བརྗོད་པས་རྒྱ་གར་ལ་སྨད་པ་མིན་ཞིང་། རྒྱ་གར་བའི་མི་རིགས་ཀྱི་ཨ་རིའི་སྲིད་འཛིན་འོས་འདེམས་མི་རུང་ཟེར་ན། ཨ་རི་ལ་སྨད་པར་མི་འགྱུར་བ་དང་། གལ་ཏེ་འོས་འདེམས་བགྱིས་ན་རྒྱལ་ཁབ་སོ་སོའི་ཁྲིམས་ཁང་ཉེས་ཆད་བརྗོད་ཀྱང་ནོངས་པ་མི་འགྱུར་བ་ལྟར་ཡིན་མོད། གོ་བ་ཕྱིན་ཅི་ལོག་ཏུ་སོང་སྟེ། ཕ་མ་གསོད་ཅེས་བརྗོད་པ་ན། ཕའི་སྟེང་དུ་མ་ཡང་བསྣན་ནས་གསོད་ཅེས་གོ་མཁན་དང་མཚུངས་སོ།།)
    ཞེས་སོགས་གསུངས་འདུག་་་་་འདི་ལ་བསྟེན་ནས་ཛེ་སྨད་རིན་པོ་ཆེ་བཀའ་རྙིང་ལ་སྨད་མཁན་ཡིན་མིན་གསལ་པོ་རྟོགས་ནུས་སོ།།

  48. བསམ་ཤེས། says:
    2014-08-25 at 2:09 pm

    བློ་བཟང་དབང་འདུས་ལགས།

    དེ་ངས་ཀྱང་མཐོང་བྱུང་། ཐུགས་རྗེ་ཆེ། མཛེ་སྨད་རིན་པོ་ཆེའི་གསུང་འབུམ་དེ་དེབ་སེར་པོ་དེ་ཐོན་རྗེས་དང་། ཁོང་སྐུ་གཤེགས་རྗེས་རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བསྒྲིགས་པ་རེད། མཛེ་སྨད་རིན་པོ་ཆེའི་རྩོད་མེད་ཀྱི་ལྗགས་རྩོམ་འདི་”ཕ་རྒོད་བླ་མའི་ཞལ་ལུང་།”རེད།

    དེའི་ནང་གི་མཛེ་སྨད་རིན་པོ་ཆེ་དང་གསུང་འབུམ་ནང་གི་མཛེས་སྨད་རིན་པོ་ཆེའི་གསུང་གི་དབར་ལ་ཁྱད་པར་ཆེན་པོ་རེད། དེ་གཉིས་དབར་ལ་རྟ་མི་ཐར་རུང་མི་ཐར་བའི་སྟོང་ཆ་འདུག བྱས་ཙང་ཕ་རྒོད་བླ་མའི་ཞལ་ལུང་ནང་ལ་མཛེ་སྨད་རིན་པོ་ཆེ་བདག་ཚོ་རྙིང་ཆོས་ཉམས་ལེན་བྱེད་མཁན་རྣམས་ལ་བཀའ་སློབ་ཇི་གནང་འདི་ལ་ཁྱེད་ཀྱི་འགྲེལ་བཤད་ཅིག་གནང་རོགས།

  49. བློ་བཟང་དབང་འདུས་ says:
    2014-08-25 at 2:23 pm

    ཛེ་སྨད་རིན་པོ་ཆེས་ཕ་རྒོད་བླ་མའི་ཞལ་ལུང་ནང་བཀའ་རྙིང་བསྟན་པ་ཡང་དག་མ་ཡིན་གསུང་པའི་གསུང་ཚིག་ཡོད་ན་སྟོན་རོགས་

  50. བསམ་ཤེས། says:
    2014-08-25 at 2:37 pm

    བློ་བཟང་དབང་འདུས་ལགས་ཀྱིས་བྱས་ན་མཛེ་སྨད་རིན་པོ་ཆེའི་ཕ་རྒོད་བླ་མའི་ཞལ་ལུང་མཇལ་མིན་འདུག རེད། བྱས་ན་ང་གཉིས་ངོ་མ་རྩོད་པ་ཡོང་ཐབས་མེད། ད་བདེ་མོ་གྱིས་ཤིག

    ཕ་རྒོད་བླ་མའི་ཞལ་ལུང་འདི་ལ་རྙོག་ཁྲ་མེད་ན། ད་གཟོད་མཛེ་སྨད་རིན་པོ་ཆེ་ཡང་ཞུགས་སྒར་ནས་གོང་ས་མཆོག་གིས་ཁྱི་སྨྱོན་རྒྱུག་པས་ཕྱིར་བསྐྲད་པ་བཞིན་ལྷོ་ཕྱོགས་ལ་ཕུད་དགོས་དོན་མིན་འདུག་ག

    བྱས་ན། ཅིའི་ཕྱིར་གོང་ས་མཆོག་གིས་མཛེ་སྨད་རིན་པོ་ཆེ་ཁོང་གི་ཞལ་མཐོང་ས་དང་གསུང་བྱོན་ས་མེད་པར་ཕྱིར་སྐྲོད་དགོས་པའི་རྒྱུ་མཚན་མིན་འདུག་ག

    རྙིང་མའི་ཆོས་ཡང་དག་ཡིན་ན། ཅིའི་ཕྱིར་ཤུགས་ལྡན་གྱིས་རྙིང་ཆོས་ཉམས་ལེན་པ་ཚོའི་སྲོག་བསྡུ་བཞིན་ཡོད། ཁྱེད་ཀྱིས་དགུ་རྫོགས་གནམ་གང་ཟེར་བའི་ཐ་སྙད་འདི་གོ་ཨེ་མྱོང་།

    ཕ་བོང་ཁ་རིན་པོ་ཆེ་རྟ་མགྲིན་ཡང་གསང་གི་བསྙེན་སྒྲུབ་གནང་སྐབས། ལག་པ་ཁྲག་གིས་མཚོས་པ་ཞིག་མཚམས་ཁུང་ནང་ལ་བསྐྱང་དགོས་དོན་ཅི། དེ་རྙིང་མ་ཡང་དག་ཡིན་ཙང་བགྱིས་པ་རེད་དམ།

  51. བློ་བཟང་དབང་འདུས་ says:
    2014-08-25 at 2:43 pm

    རང་ཉིད་དགེ་ལྡན་པའི་བསྟན་འཛིན་ཡིན་བཞིན་དུ་གཞན་ལ་འགྲམ་ཆུ་ལྡང་ན་དགེ་ལྡན་པའི་ལྟ་གྲུབ་གཙང་མར་བསྲུང་བའི་སྲུང་མ་ཞིག་གིས་བར་ཆད་གཏོང་བ་དང་། དེ་བཞིན་རང་ཉིད་རྙིང་མ་པའི་བསྟན་འཛིན་ཡིན་བཞིན་དུ་གཞན་ལ་འགྲམ་ཆུ་ལྡང་ན་རྙིང་མ་པའི་ལྟ་གྲུབ་གཙང་མར་བསྲུང་བའི་སྲུང་མ་ཞིག་གིས་བར་ཆད་གཏོང་བ་གཅིག་མཚུངས་ལྟར་གསུངས་ཡོད། དེ་ཙམ་གྱིས་རྙིང་མ་པ་དང་དགེ་ལུགས་པའི་བསྟན་པ་ལ་མ་གུས་པ་དང་དུག་ལྟར་འཛིན་པ་ག་ལ་ཡིན། ཆོས་ལུགས་རང་རང་གི་ལྟ་སྒོམ་སྤྱོད་གསུམ་བསྲེས་བསླད་མེད་པར་གཙང་མ་འཛིན་དགོས་པ་ལས་ཚར་བསྲེས་ཕར་བསྲེས་བྱེད་མི་རུང་གསུངས་ཡོད་
    དེ་ཡང་སློབ་དཔོན་རིན་པོ་ཆེས། བསྟན་པ་མ་བསྲེས་རང་རང་ཆོས་ལུགས་གྱིས

  52. ཀརྡོ་གཉེར་ཕྱག་པ་ says:
    2014-08-25 at 4:37 pm

    ངས་ཤེས་པའི་༸གོང་ས་མཆོག་ལ། ཏ་ལེ་ཟེར་མཁན་དེ་ཡི་མིང་ལ། བསྟན་པའི་རྒྱལ་མཚན་ཟེར།

  53. ནུབ་ཕྱོགས་གངས་ཕྲུག says:
    2014-08-25 at 5:49 pm

    ཀ་རྡོ་ལགས། དགོན་པ་དཀར་པོའི་བདག་པོ་དེ་ཁྱེད་རང་ནང་བཞིན་ཨྱོ་རྒྱན་འཕྲིན་ལས་ལ་བརྩི་བཀུར་བྱེད་མཁན་བྱེད་མཁན་རེད། རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ན་ག་རེ་ཧང་སངས་དགོས། དབུ་མའི་ལམ་པ་ཚོས་རྒྱ་ནག་དང་འབྲེལ་བ་ཅི་ཐུབ་བྱེད་བཞིན་ཡོད།

  54. འཇམ་གཅེས། says:
    2014-08-25 at 10:47 pm

    བསྲེས་ལྷད་མེད་པ་རྣམ་ཐར་སྐྱོང་སྟངས་ནི་མདོ་སྔགས་ཀྱི་གཞུང་ལུགས་སོ་སོར་ཐུན་མིན་གྱི་བརྡ་ཆད་ཡོད་པ་དེ་དག་ཕན་ཚུན་མི་དཀྲུགས་པ་དང་། གྲུབ་མཐའ་གོང་འོག་གི་ལྟ་གྲུབ་མི་འདྲ་བའིབཞེད་གཞུང་ཇི་སྙེད་ཅིག་ཡོད་པ་དེ་དག་གི་དོན་རྣམས་རང་རང་ལུགས་ཀྱི་དགོངས་པ་རྟོགས་པའི་སྒོ་ནས་མཁས་པའི་བྱ་བ་རྣམས་གསུམ་ལ་འཇུག་དགོས་པའི་དོན་ལས། དོལ་ཕྲུག་ཚོས་འགྲེལ་ལོག་བྱེད་བཞིན་པའི་སྐྱེ་བོ་བྱེ་བྲག་པ་གཅིག་གི་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲངས་ཆོས་ལུགས་འདྲ་མིན་ལ་དག་སྣང་སྦྱོང་བ་དང་ཉམས་སུ་ལེན་མི་ཆོག་པའི་དོན་ག་ལ་ཡིན། གལ་སྲིད་དེ་ལྟར་ཡིན་ན་རི་དགེ་ལྡན་པའི་སྲོལ་གཏོད་ཀྱི་མཁན་པོ་རྗེ་བློ་བཟང་གྲགས་པ་རང་ཉིད་ཀྱིས་ཀྱང་བསྲེས་ལྷད་མེད་པའི་རྣམ་ཐར་ཞིག་སྐྱོང་མེད་པ་དང་། མ་ནུས་པའི་ཐལ་བ་ཟློག་ཏུ་མེད་པ་འགྱུར་བའི་ཕྱིར་ཏེ། ཁོང་གི་ཡང་འཛིན་རེ་མདའ་བ་གཞོན་ནུ་བློ་གྲོས་དང་། ལྷོ་གྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་སོགས་ཀྱང་དགེ་ལུགས་པ་མ་ཡིན་པས་སོ། ད་དུང་མཁས་གྲུབ་རིན་པོ་ཆེ་ཡང་ས་སྐྱ་བ་ཡིན་པས་བསྲེས་ལྷད་མེད་པའི་རྣམ་ཐར་སྐྱོངས་མེད་པར་འདོད་དགོས་པའི་ལྟ་བ་ངན་པ་རྒྱུད་ལ་ལྡན་པའི་རྨོངས་བློ་ཅན་དེ་དག་ནི་སྙིང་མ་རྗེ། དེང་གི་དུས་འདི་ལ་ཡང་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་སྐྱེས་བུ་དམ་པ་ཚོས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་དུས་འཁོར་དབང་ཆེན་གྱི་མཚོན་པའི་དམ་པའི་ཆོས་ཀྱི་དགའ་བསྟོན་ལ་རོལ་བཞིན་པ་འདི་དག་ཀྱང་བསྲེས་ལྷད་ཅན་དུ་འདོད་དགོས་པ་འདུག་པས་ད་ནི་ས་སྟེང་འདི་ན་བསྲེས་ལྷད་མེད་པའི་རྣམ་ཐར་འཛིན་མཁན་ནི་སྐྱབས་གནས་འདྲེ་ལ་གཅོལ། དམ་སྲི་ཚོགས་ཞིང་ལ་འགོད་མཁན་ཚོ་ལས་མེད་པའི་ཚོད་དུ་གདའ། གསར་རྙིང་གྲུབ་མཐའི་དབྱེ་བ་ནི་འགྱུར་སྔ་ཕྱི་ལ་བརྟེན་ནས་མིང་འདོགས་སྲོལ་བྱུང་བ་ཙམ་ལས། སྟོན་པ་གཅིག་གིས་གསུངས་པའི་མདོ་རྒྱུད་ལས་ལོགས་སུ་མེད་པར་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་མ་ཡིན་ནམ། གསར་རྙིང་གང་གི་ཆོས་རྒྱུད་ཡིན་ཡང་རྒྱལ་བའི་བཀའ་བསྟན་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་དགོངས་དོན་ལས་ཕྱི་རོལ་དུ་བརྒལ་བའི་ལྟ་གྲུབ་ཞིག་གང་དུ་ཡོད་དམ། ད་དུང་བོད་གངས་ཅན་དུ་རྒྱུད་རྒྱལ་གསང་བ་འདུས་པ་གཙོ་བྱས་པའི་སྔགས་གཞུང་དག་ནི་མ་ལུགས་དང་བུ་ལུགས་གཉིས་སུ་གྲགས་ཆེ་བ་ལྟར་བོད་གངས་ཅན་པའི་ནང་པའི་ཆོས་ལུགས་རྗེས་འཛིན་པ་ཡོངས་ཀྱི་ཚད་མར་འཛིན་སྟེ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གནང་བཞིན་པ་འདི་དག་ཡང་ཁྱོད་ཚོ་ལྟ་ན་བསྲེས་ལྷད་ཅན་ཟེར་དགོས་པ་དང་། དགེ་ལུགས་པའི་ཉམས་སུ་ལེན་མི་རུང་སྟེ་གོང་གི་སྐྱེས་ཆེ་མ་མུ་དག་གསུམ་དང་། བུ་སྟོན་རིན་པོ་ཆེ་སོགས་ནི་དགེ་ལུགས་པ་མ་ཡིན་པས་སོ། འགའ་འདུ་གྱི་ཕུང་པོ་རང་གི་འཇིང་པའི་སྒང་དུ་ཡོད་བཞིན་དུ་ལོང་བ་ཆུའི་ནང་དུ་འཆོང་བའི་ངང་ཚུལ་འདི་དག་ནི་སྨོན་ལོག་དམ་སྲི་དེས་རྒྱུད་རློམ་པ་ལས་དེ་མིན་གང་ཞིག་ཡིན།།།།

  55. ལུང་རྟོགས། says:
    2014-08-25 at 11:37 pm

    རྙིང་ཆོས་ནང་ལ་རྙིང་མ་བ་ཞིག་གིས་དགེ་ལྡན་པའི་ཆོས་ཉམ་ལེན་བྱས་ན་ཆོས་སྲུང་གིས་སྲོག་གཅོད་འགྲོ་བའི་སྐད་ཆ་ཚིག་ཅིག་ཡོད་མ་རེད། དོལ་རྒྱལ་བ་ཚོས་དགེ་ལུགས་པ་ཞིག་གིས་རྙིང་ཆོས་བྱས་ན་ཤུགས་ལྡན་གྱིས་སྲོག་གཅོད་འགྲོ་བ་བཤད་ཀྱི་ཡོད་པ་ནི་ཛེ་སྨད་ཀྱི་ཕ་རྒོད་བླ་མའི་ཞལ་ལུང་ལ་ལྟས་ན་ཤེས།

  56. བློ་བཟང་དབང་འདུས་ says:
    2014-08-25 at 11:41 pm

    ࿐གྲུབ་མཐའ་རང་རང་གི་ལྟ་གྲུབ་གཙང་མ་འཛིན་དགོས་གསུངས་པ་མ་གཏོགས་གྲུབ་མཐའ་གཞན་ལ་དད་པ་དང་དག་སྣང་མི་ཆོག་གསུངས་མེད་་བཀའ་རྙིང་སོགས་ཆོས་ལུགས་ཐམས་ཅད་ཡང་དག་པ་དང་མ་ནོར་བ་ཡིན་མོད་་་ཐམས་ཅད་གཅིག་ཏུ་བསྲེས་མི་རུང་བ་ཡིན་་་དཔེར་ན་སྨན་ཐམས་ཅད་ནད་དྲག་བྱེད་ཡིན་ཀྱང་ཐམས་ཅད་གཅིག་ཏུ་བསྲེས་ཏེ་ཟ་མི་རུང་བ་ལྟར་ཡིན་་་

  57. འཇམ་གཅེས། says:
    2014-08-26 at 12:01 am

    ད་ནག་ཉེས་ངོས་ཟིན་པ་ཡིན་ནམ། དོལ་ཕྲུག་ཚོ་གུ་རུའི་མཚན་སྔགས་བགྲང་མི་རུང་བ་དང་། སློབ་དཔོན་རིན་པོ་ཆེའི་སྐུ་ཆུའི་ནང་གཡུག་པ་དང་། བཀའ་ཐང་མེ་ལ་བསྲེགས་པའི་ཚུལ་མིན་གྱི་བྱ་སྤྱོད་དེ་ཚོ་བྱེད་མཁན་སུ་ཡིན་ཤེས་ཀྱིན་ལོ་ཡོས་ཡོད་་་་

  58. བློ་བཟང་དབང་འདུས་ says:
    2014-08-26 at 12:10 am

    ཤུགས་ལྡན་བརྟེན་མཁན་ཚོ་གུ་རུའི་མཚན་སྔགས་བགྲང་མི་རུང་བ་དང་། སློབ་དཔོན་རིན་པོ་ཆེའི་སྐུ་ཆུའི་ནང་གཡུག་པ་དང་། བཀའ་ཐང་མེ་ལ་བསྲེགས་པ་རེད་ཟེར་བ་ནི་ལོག་བཤད་ཁོ་ན་མ་གཏོགས་ཁུངས་དང་ལུང་གང་ཡང་མེད་་་དེ་འདྲ་ཟེར་མཁན་ནི་རྙིང་མ་དང་དགེ་ལུགས་བར་དཀྲུགས་ཤིང་བཟོ་པར་འདོད་མཁན་ཞིག་ཡིན་པས་དེ་ལ་ཟབ་དགོས་སོ།།

  59. བློ་བཟང་དབང་འདུས་ says:
    2014-08-26 at 12:27 am

    ࿐ཤུགས་ལྡན་གྱི་བསྐང་གསོ་ཞིག་གི་ནང་དུ་་་་དང་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་།།བར་དུ་ཀུན་མཁྱེན་མཉམ་མེད་ཙོང་ཁ་པ།།ཐ་མ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་་་ཞེས་སོགས་ཡོད་

  60. བསམ་ཤེས། says:
    2014-08-26 at 12:47 am

    ད་གོང་ལ་འཇམ་གཅེས་ཀྱིས་བཤད་དགོས་པ་ཚང་མ་བཤད་ཟིན་འདུག དེའི་སྟེང་ལ་གཅིག་སྣན་ན། བློ་བཟང་དབང་འདུས་མཆོག་གིས་གོང་ལ་སྟག་ཕུ་པད་མ་གར་དབང་གི་མཚན་དྲངས་འདུག ངུ་མ་ཤེས་དགོད་མ་ཤེས་པའི་གནས་ཚུལ་ཞིག་ངས་བཤད་ཆོག བློ་བཟང་དབང་འདུས་མཆོག་ལན་གྲ་སྒྲིག་གྱིས་ཨང་།

    སྟག་ཕུའི་སྐུ་ཕྲེང་རིམ་བྱོན་ནི་དགེ་རྙིང་ཟུང་འབྲེལ་དམ་པོ་བྱེད་མཁན་གྱི་བླ་མ་ཞིག་རེད། ཕ་བོང་ཁ་རིན་པོ་ཆེས་སྟག་ཕུའི་དྲུང་ནས་རྙིང་ཆོས་གསན་པས། བྱས་ན་ཅིའི་ཕྱིར་ཤུགས་ལྡན་གྱིས་སྟག་ཕུ་དཀྲོངས་མེད་དམ། ཁོང་ཡང་ཤུགས་ལྡན་པ་ཚོས་བཤད་པ་བཞིན་གསར་རྙིང་བསྲེས་པས་སོ།

    དེ་ལས་དགོད་བྲོ་བ་ངུ་དགོད་མ་ཤེས་པ་ཞིག་ནི། ཤུགས་ལྡན་བ་ཚོས་གསང་དབང་དང་ཡང་གསང་བགྱིས་པའི་ཤུགས་ལྡན་གྱི་སྲོག་གཏད་ཀྱི་དཔེ་ཆ་ནག་པོ་དེ་སྟག་ཕུའི་དག་སྣང་ལ་གཞི་འཛིན་ནས་བྲིས་པ་ཡིན་ཞེས་ཕ་བོང་ཁ་རིན་པོ་ཆེས་གསུངས་འདུག དེ་ལྟར་ཡིན་ན། དགེ་ལུགས་གཙང་མར་སྐྱོང་མཁན་གྱི་ལྷ་དེ་རྙིང་མའི་དག་སྣང་ལ་བརྟེན་ནས་ཐག་བཅད་འདུག དེ་ལ་བློ་བཟང་དབང་འདུས་འགྲེལ་བཤད་ཇི་ལྟར་བརྒྱབ་བམ།

    དེ་བཞིན་ཕ་བོང་ཁ་རིན་པོ་ཆེའི་ཡོང་འཛིན་དང་བཤེས་གཉེན་སེར་བྱེས་ནས་ཕེབས་པ་རྣམས་རྟ་མགྲིན་ཡི་དམ་གཙོ་བོར་བརྟེན་བཞིན་པས། འོ་ན་ཤུགས་ལྡན་གྱིས་ཕ་བོང་ཁ་རིན་པོ་ཆེའི་བཤེས་གཉེན་དེ་ཚོ་ཡང་དཀྲོངས་མི་དགོས་སམ།

  61. བསམ་ཤེས། says:
    2014-08-26 at 12:55 am

    ཕ་བོང་ཁ་རིན་པོ་ཆེའི་བླ་བརྒྱུད་ནང་ལ་རྟ་མགྲིན་ཡང་གསང་བརྟེན་མཁན་མང་ཆེ་བ་རེད། དཔེར་ན། གོང་ས་སྐུ་ཕྲེང་༡༣ཆེན་མོ། སྟག་བྲག་རིན་པོ་ཆེ། དྭགས་པོ་འཇམ་དཔལ་ལྷུན་གྲུབ། དེ་བཞིན་སེར་བྱེས་ཀྱི་བླ་མ་འགའ་ཤས་ཡོད། ཁོང་རྣམས་ཀྱི་རྒྱུད་པའི་ནང་ལ་རྙིང་མ་ཉམས་ལེན་པ་མང་པོ་ཡོད་པས། ད་འོ་ན། ཤུགས་ལྡན་གྱིས་ཁོང་ཚོ་ཚང་མ་ཚར་གཅོད་མི་དགོས་སམ། བཤད་རྒྱུར་ཤུགས་ལྡན་གྱིས་གོང་ས་༡༣ཆེན་པོ་དཀྲོངས་པ་ཡིན་ཞེས་བཤད་ཀྱི་ཡོད་ཚོད། ད་ལྟོས་དང་། ཆོས་ལུགས་གཞན་ལ་དམའ་འབེབ་ལྟ་ཅི། གཞན་གྱི་རང་དབང་འཕྲོག་མིན་འདུག་གམ།

    ལྷ་དེ་འདྲ་དགེ་ལུགས་པའི་སྲུང་མར་ཁྲིད་ཡོང་བ་དེ་ལྐུགས་རྟགས་མིན་ན་སྨྱོ་རྟགས་རེད། བློ་བཟང་དབང་འདུས། རྗེ་ཙོང་ཁ་པའི་ཞལ་རས་ལེགས་པར་ཡིད་ལ་སྒོམས། ཁོང་གི་གསུང་རྣམས་ལེགས་པར་ཡིད་ལ་སྒོམས་ནས་བསམ་བློ་ནང་ལ་གཏོང་དང་། ང་ཚོར་རྙོག་ཁྲ་དང་མགོ་སྐོར་གཏོང་ཐུབ་རུང་རྗེ་བླ་མར་འདི་ལྟར་བྱེད་པ་ངོ་མི་ཚ་འམ།

    རྗེ་རིན་པོ་ཆེའི་གསུང་པོད་༡༨ནང་ལ་ཤུགས་ལྡན་གྱི་མིང་ག་པར་འདུག རྗེས་བཀའ་བཀོད་གནང་བའི་སྲུང་མ་ཚང་མ་བཀའ་རྙིང་ས་འབྲུག་ནང་རྙོག་ཁྲ་ལྟ་ཅི། དད་པ་དང་གོང་ལ་བཀུར་བ་ཤ་སྟག་རེད།

    རྣམ་ཐོས། མགོན་པོ། ཆོས་རྒྱལ། དེ་བཞིན་ལྷ་མོ་སོགས་ཀྱིས་མ་འགྲིགས་པ་གང་འདུག

  62. བསམ་ཤེས། says:
    2014-08-26 at 1:10 am

    རྗེ་རིན་པོ་ཆེས་རྙིང་མར་མཐོང་ཇི་འདྲ་ཙམ་གནང་གི་ཡོད་པ་དེ་རྗེ་རིན་པོ་ཆེས་བརྩམས་པའི་ལྷོ་བྲག་རྣམ་མཁའ་རྒྱལ་མཚན་གྱི་བསྟོད་པར་གཟིགས་དང་། རྗེ་བླ་མའི་མི་ཚེའི་ནང་གི་ཐག་གལ་ཆེ་ཤོས་དེ་ཡི་དམ་དང་ལྷ་དང་གྲོགས་པོ་ཚོར་སྐད་ཆ་དྲིས་མེད་པར། རྙིང་མའི་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་དྲིས་པ་རེད།

    རྒྱ་གར་ལ་ཕེབས་རྩིས་ཀྱིས། བོད་ནས་ལྷོའི་ས་མཚམས་ལྷོ་བྲག་བར་ལ་ཕེབས་ཟིན་ནས། གྲུབ་ཆེན་རྣམ་མཁའ་རྒྱལ་མཚན་གྱི་བཀའ་སློབ་ཞུས་ནས་བོད་ལ་ཚུར་ཞལ་བསྒྱུར་བ་རེད། རྗེ་རིན་པོ་ཆེས་རྙིང་མའི་བླ་མ་ཞིག་ལ་རྩི་འཇོག་གནང་སྟངས་འདི་འདྲ་རེད། ཁྱོད་ཚོ་རྗེའི་སློབ་མར་གྲགས་པ་ཚོས་ཤུགས་ལྡན་དཔེ་ཆ་གཅིག་པུ་བཀླགས་ནས་དགེ་ལུགས་པ་ཡིན་པའི་རྣམ་པ་བཏོན་དུས། མཚན་ལྡན་གྱི་དགེ་ལུགས་བླ་མ་མང་པོ་ངུ་ཤོར་གྱི་ཡོད། རྒྱུ་མཚན་ཧ་གོ་གི་འདུག་གམ།

    ཕ་བོང་ཁ་རིན་པོ་ཆེས་ལམ་རིམ་གྱི་འགྲེལ་པ་རྣམ་གྲོལ་ལག་བཅངས་མཛད་ཡོད། ལམ་རིམ་གྱི་ཁུངས་གཏུགས་ས་གཙོ་བོ་གཅིག་རྙིང་མའི་གཞུང་རེད། གཞུང་དེ་རྙིང་མའི་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་རེད། ད་དགེ་རྙིང་འདྲེས་པར་མི་འཇིགས་གམ། རྗེ་བླ་མས་བསྲེས་ཚར་འདུག སྔོན་ལ་རྗེ་བླ་མའི་གཞུང་ལ་བལྟས་ནས་རྗེ་བླ་མའི་ཡོན་ཏན་ཤེས་དགོས།

    རྙིང་མའི་འཁྲུལ་ཤིག་རིན་པོ་ཆེ་མེད་ན་དགེ་ལུགས་ཀྱི་སྤྱོད་འཇུག་གི་ལུང་རྒྱུན་སྟོང་ཟིན་པ་རྒྱལ་བ་རིན་པོ་ཆེས་གསུངས་འདུག རྒྱུ་མཚན་ནི་གདན་ས་གསུམ་ལ། དགེ་ལུགས་ཀྱི་སྤྱོད་འཇུག་རྒྱུད་པ་གཅིག་ཁོ་ན་ཡོད་པ་དེ་ཁྲི་ཟུར་ལྷུན་གྲུབ་བརྩོན་འགྲུས་ཀྱིས་གསན་ཡོད་པ་དང་། རྙིང་མའི་འཁྲུལ་ཤིག་རིན་པོ་ཆེས་ཁོང་གི་དྲུང་ནས་གསན་ནས་རྒྱལ་བ་རིན་པོ་ཆེར་ཕུལ་འདུག དགེ་ལུགས་བླ་མ་གཞན་ལ་རྒྱུད་པ་དེ་མིན་འདུག རྙིང་མ་ཚོ་དགེ་ལྡན་པར་བཀའ་དྲིན་མི་ཆེའམ།

  63. བློ་བཟང་དབང་འདུས་ says:
    2014-08-26 at 1:20 am

    ༧སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་འདི་ལྟར་གསུངས་ཡོད།
    ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་རྒྱ་གར་གྱི་པཎ་གྲུབ་ཚད་ལྡན། ངོ་བོ་ཇོ་རྗེ་དང་འཇམ་མགོན་ཙོང་ཁ་པ་རྣམ་གསུམ་དབྱེར་མེད། ཁོ་བོ་ཡང་དད་གུས་དྲག་པོ་ཁ་ཞེ་མེད་པ་སྙིང་གི་མཐིལ་དུ་ཡོད། བརྟུལ་ཞུགས་རྡོ་རྗེའི་གར་གྱིས་སྣང་སྲིད་ཀུན།།བདེ་ཆེན་དྲ་བར་འཆིང་མཛད་གྲུབ་པའི་རྗེ།།གངས་ཅན་མགོན་པོ་པདྨ་སམྦྷ་བར།།ཟག་མེད་མཆོད་པའི་སྤྲིན་ཕུང་བཀྱེ་བ་དང།།ཆབས་གཅིག་བཟོད་མེད་གདུང་བས་གསོལ་འདེབས་ན།།ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།།བསམ་དོན་འབད་མེད་ལྷུན་གྱིས་འགྲུབ་པ་ཡི།།བྱིན་བརྒྱ་མྱུར་དུ་འབེབས་པར་མཛོད་ཅིག་ཀྱེ།
    ཞེས་སོགས་གསུངས་པ་ལྟར་ཤུགས་ལྡན་བརྟེན་མཁན་ཚོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཉམ་མེད་ཇོ་བོ་རྗེ་འཇམ་མགོན་ཙོང་ཁ་པ་རྣམ་གསུམ་དབྱེར་མེད་ལྟ་བཞིན་ཡོད།

  64. བློ་བཟང་དབང་འདུས་ says:
    2014-08-26 at 1:40 am

    ༡༽ ངས་གོང་དུ་ཞུས་ཟིན་པ་ལྟར་གྲུབ་མཐའ་རང་རང་གི་ལྟ་གྲུབ་གཙང་མ་འཛིན་དགོས་གསུངས་པ་མ་གཏོགས་གྲུབ་མཐའ་གཞན་ལ་དད་པ་དང་དག་སྣང་མི་ཆོག་གསུངས་མེད་་བཀའ་རྙིང་སོགས་ཆོས་ལུགས་ཐམས་ཅད་ཡང་དག་པ་དང་མ་ནོར་བ་ཡིན་མོད་་་ཐམས་ཅད་གཅིག་ཏུ་བསྲེས་མི་རུང་བ་ཡིན་་་རྙིང་ཆོས་གསན་པ་ཙམ་གྱིས་བསྲེས་སླད་གཏོང་བ་དང་ཤུགས་ལྡན་གྱིས་ཚར་གཅོད་པ་རེད་གསུང་མེད་་་་རྙིང་ཆོས་དང་དགེ་ཆོས་ཁ་ལ་འཁྱེར་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལྟ་གྲུབ་དང་མི་མཐུན་པའི་ལུགས་འཛིན་དེ་བསྲེས་སླད་གཏོང་མཁན་དང་ཤུགས་ལྡན་གྱིས་ཚར་གཅོད་ཀྱི་གསུངས་ཡོད་་་་
    གོང་དུ་ཁྱོད་རང་གིས་བཤད་པའི་ཆོས་བརྒྱུད་དེ་ང་ཚོ་ཚང་མས་ཧ་གོ་ཡི་ཡོད་་

  65. ཀརྡོ་གཉེར་ཕྱག་པ་ says:
    2014-08-26 at 10:44 am

    ལགས་སོ། །ནུབ་ཕྱོགས་ལགས།

  66. ལུང་རྟོགས། says:
    2014-08-26 at 11:01 am

    ཕ་ཝོང་ཁ་པས་དེ་འདྲ་ཞིག་གསུངས་ཡོད་པ་བདེན་ན་དེ་ནི་ཤུགས་ལྡན་མ་གསོལ་སྔོན་གྱི་སྐད་ཆ་ཞིག་ཡིན་ཐག་ཆོད་རེད། ཕ་ཝོང་ཁ་པ་ཤུགས་ལྡན་མ་གའོལ་སྔོན་ལ་རིས་མེད་གནང་མཁན་གྱི་བླ་མ་ཡག་པོ་ཞིག་ཡིན་པའི་ལོ་རྒྱུས་ཐོས་མྱོང་། འོན་ཀྱང་ཤུགས་ལྡན་དང་འབྲེལ་བ་བྱུང་རྗེས་རྦད་དེ་འགྱུར་སོང་བ་རེད། དེ་ཡིན་པའི་དཔང་རྟགས་གཅིག་ནི་ཕ་ཝོང་ཁ་པའི་སྐུ་ཚེའི་སྟོད་ལ་གོང་ས་བཅུ་གསུམ་པས་ཐུགས་རྩིས་ཆེན་པོ་གནང་ས་ཞིག་ཡིན་ཡང་། སྐུ་ཚའི་སྨད་ལ་ཤུགས་ལྡན་སྟེན་པའི་དབང་གིས་གོང་ས་མཆོག་ཐུགས་འཁྲུག་ནས་བཀའ་བཀྱོན་ཕེབས་པའི་ལོ་རྒྱུས་ཡོངས་གྲགས་རེད། དེ་བཞིན་ཕ་ཝོང་ཁ་པའི་དངོས་སློབ་ལྕང་མ་རྟོག་ལྡན་ཞེས་པ་དེས་ཁམས་སྨར་ཁམས་སོགས་སུ་གུ་རུའི་སྐུ་གཏོར་བཤིག་བཏང་བ་དང་པདྨ་བཀའ་ཐང་མེར་སྲེག་བཏང་བ་སོགས་སྤྱི་ཚོགས་ནང་ཡོངས་གྲགས་རེད།

  67. ཨ་ཕྱི་ཆོས་སྒྲོན says:
    2014-08-26 at 11:44 am

    བོན་ནག་གིས་འདིར་བཤད་འདུག
    http://blog.himalayabon.com/u/yxlz/archives/2011/1489.html

  68. ཀརྡོ་གཉེར་ཕྱག་པ་ says:
    2014-08-26 at 4:11 pm

    དོལ་རྒྱལ་ནི།
    རྩོད་ཅན་སྲུང་མ་དོལ་རྒྱལ་ཤུགས་ལྡན་ཁྱོད། །
    རྒྱུ་ནི་སྨོན་ལམ་ལོག་པ་རྩོད་མེད་རེད། །
    ངོ་བོ་འབྱུང་པོ་ཡིན་པ་རྩོད་མེད་རེད། །
    འབྲས་བུ་བསྟན་འགྲོར་གནོད་པ་རྩོད་མེད་རེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme