Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཁོང་ནས་བོར་བའི་འབྲུག་རྒྱལ་ཁབ།

Posted on 2014-08-152014-08-15 By ཁ་བརྡ་ 52 Comments on སེམས་ཁོང་ནས་བོར་བའི་འབྲུག་རྒྱལ་ཁབ།

བསྟན་འཛིན་བྱམས་བརྩེ།

ངས་ལོ་མང་གི་སྔོན་དུ་འབྲུག་ཆོས་ལྡན་རྒྱལ་ཁབ་ཞེས་མི་ཚོས་འབོད་པ་གོ་མྱོང་ལ། འབྲུག་མི་སེར་སྐྱེ་མ་ཚོ་ཡང་གནས་མཆོག་རྡོར་གདན་དུ་མང་པོ་མཐོང་མྱོང་། མ་ཟད་བོད་འབྲུག་གཉིས་སྐད་ཡིག་གཅིག་གྱུར་གྱི་འོག་ནས། རིག་གཞུང་དང་། ཡུལ་གོམས་གཤིས་ལུགས་སོགས་མཐུན་པ་མང་བས། དེ་སྔོན་ང་རང་འབྲུག་དང་སེམས་ཐག་ཀྱང་ཧ་ཅང་ཉེ་བོ་ཡོད། ཕྱོགས་གཅིག་ནས་བཤད་ན། འབྲུག་ནི་བོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད་ལ། དེ་ལས་ཧམ་བཤད་ཅིག་བྱས་ན། འབྲུག་ནི་བོད་པའི་ཆ་ཤས་ཤིག་རེད།
དེའི་གལ་ཆེའི་བདེན་དཔང་ཞིག་ནི། སྔོན་ཆད་འབྲུག་པས་བོད་སྡེ་བ་གཞུང་ལ་བཅའ་ཁྲལ་འབུལ་དགོས་ཀྱི་ཡོད་པ་དང་། ད་ལྟའི་འབྲུག་ཡུལ་དེ་ཉིད་ཀྱང་བོད་པའི་ས་ཀྲའི་གཟུར་ཞིག་ཏུ་མངོན་པ་སོགས་བདེན་དཔང་མང་དུ་མཆིས། དཔེར་ན། བོད་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་པའི་ཡ་གྱལ་ལྷ་ཁང་འགའ་ཤས་འབྲུག་ཡུལ་དུ་ད་ལྟར་ཡང་དངོས་སུ་མཇལ་རྒྱུ་འདུག་ལ། འབྲུག་མི་རྒན་རབས་པ་ཚོས་ཀྱང་ལྷ་ཁང་དེ་དག་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་བཞེངས་གནང་བ་ཡིན་པར་བཤད་ཀྱི་འདུག

སྲོང་བཙན་སྒོམ་པོས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་དགོས་དོན་ནི། བོད་ཀྱི་ས་ཀྲའི་ས་དབྱིབ་ནི་སྲིན་མོ་གན་ཀྱལ་དུ་ཉལ་བ་ལྟ་བུ་ཡིན་པས། དེའི་ཁ་གནོན་ཏུ་ལྷ་ཁང་དེ་དག་བཞེངས་དགོས་བྱུང་པ་རེད། དཔེར་ན། འབྲུག་སྤ་རོ་ན་ཡོད་པའི་ལྷ་ཁང་དེ་ནི་མཐའ་འདུལ་གྱི་ལྷ་ཁང་ཡིན་པས། སྲིན་མོ་དེའི་ལག་གཡོན་མའི་མཛུབ་མོའི་དཀྱིལ་དུ་ཁེལ་ཡོད་རབས་འདུག དེ་ལྟར་སྲོང་བཙན་སྒོམ་པོས་བཞེངས་པའི་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་འགའ་ཤས་འབྲུག་ཡུལ་དུ་ཡོད་པ་སོགས། འདས་པའི་ལོ་རྒྱུས་ཀྱི་བྱང་རབས་དེད་ན་བོད་འབྲུག་གཉིས་དེ་སྔོན་རྒྱལ་ཁབ་ཅིག་ཡིན་པ་བཤད་ཐུབ།

དེ་མིན་བོད་པའི་ས་ཀྲའི་ཐོག་ཏུ་བཞེངས་པའི་ལྷ་ཁང་འབྲུག་ཡུལ་ཏུ་སླེབས་དོན་མི་འདུག མ་ཚད་མཐུན་མིན་སྐད་ཡིག་དང་། རིག་གནས་ཀྱི་འབྱུང་ཁུངས། ཆོས་ཀྱི་ལེགས་བྱང་། རྒྱལ་རབས་ལོ་རྒྱུས་སོགས་ཕྱོགས་གང་ཐད་ནས་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་ཡིན་པ་མ་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད། ཐ་ན་དེ་རིང་གི་གནས་བབས་ཡིན་ཡང་། བོད་འདི་ནི་འབྲུག་ལ་ཆེས་སུབ་ཏུ་མེད་པའི་བཀའ་དྲིན་ཆེན་པོ་ཞིག་རེད། དཔེར་ན། ཐོག་མར་བོད་ཀྱི་སྐད་ཡིག་དང་། བར་དུ་ཞབས་དྲུང་ངག་དབང་རྣམ་རྒྱལ། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དུ་མགོ་འབུལ་ལུས་འབུལ་ཞུས་ཟིན་པའི་འབྲུག་པའི་སློབ་ཕྲུག་ཚོའི་བར་དུ་བསམ་ཞིབ་ཅིག་བྱས་ན་ཝ་ལེར་ཤེས་ཡོང་། དེར་བརྟེན་ངའི་སེམས་ཁོང་ན་བོད་འབྲུག་གཉིས་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཡོད་པས། འདི་ལོ་འབྲུག་ཡུལ་དུ་འབྱོར་རྗེས། འབྲུག་མང་ཚོགས་ཚོ་དང་དངོས་སུ་ཕྲད་སྐབས། བདག་གིས་དགའ་ཚོར་ཆེན་པོས་བཅོས་མིན་གྱིས་མཛུམ་མདངས་དང་ལྷན་གུས་འདུད་ཞུས་སྐབས། ཁོང་ཚོ་ནི་དེ་ལས་ལྡོག་སྟེ་ལྟ་བའི་མགོ་བོ་རི་ལས་མཐོ་བ་རེ་ཀྱག་སྟེ་མ་ཚོར་སྣང་མེད་ཀྱི་རྣམ་འགྱུར་ཞིག་གིས་ང་ལ་ལན་འདེབས་བྱས་བྱུང་།

ངས་གནས་ཚུལ་གཞན་ཞིག་ཤེས་ཡོད་པ་དེ་ནི། བཙན་བྱོལ་བོད་མི་འགས་འབྲུག་ལ་དམག་རྒྱག་རྩིས་བྱས་ཡོད་རབས་དང་། ཕྱིས་སུ་གསང་བ་ཕྱིར་ཤོར་རྗེས་འབྲུག་པས་བོད་མི་ཚོར་སྡུག་སྦྱོང་ནར་བཅོད་ཚད་མེད་བཏང་བའི་ལོ་རྒྱས་ཤིག་སྔོན་ཆད་གོ་ཐོས་བྱུང་། དེར་བརྟེན་ངས་གུང་གསེང་གི་ཉིན་མོ་དག་དཔྱད་ནས་འབྲུག་ཡུལ་དུ་འཚོ་བཞུགས་གནང་བའི་གནའ་མི་རྒན་རབས་པ་འགའ་ཤས་དང་ལྷན། དེའི་སྐོར་གླེང་སློང་བྱས་དུས། དེ་ནི་བོད་མི་ཚོར་གཞི་མེད་སྐུར་འདེབས་དང་། འབྲུག་པས་ལོག་འབྲེལ་ཡིན་པ་ལས། བདེན་གཏམ་ཞིག་ནམ་ཡང་མིན་རབས་གསུངས་ཀྱི་འདུག འབྲུག་རྒྱལ་གསུམ་པའི་དུས། འབྲུག་ཡུལ་དུ་བོད་མི་ཚོར་བདེ་བ་ལྡན་ཞིང་རང་དབང་ཆེན་པོ་ཡོད་འདུག དེ་ནི་གཙོ་བོ་འབྲུག་རྒྱལ་གསུམ་པ་འཇིག་མེད་སང་གེ་དབང་ཕྱུག་གི་བཀའ་དྲིན་རེད། མ་ཟད་འབྲུག་རྒྱལ་གསུམ་པའི་ཡུམ་ནི་བོད་མོ་ཨ་ཞེ་བསྐལ་བཟང་ཆོས་སྒྲོན་ཞེས་པ་དེ་ཡིན་པ་དང་། ཟུར་གསལ་དགའ་རོགས་ཀྱང་བོད་མོ་(དབྱིངས་སྐྱིད)ཞིག་ཡིན་འདུག

སྟབས་མ་ལེགས་པ་ཞིག་ལ། རྒྱལ་པོ་སྐུ་ན་གཞོན་བའིི་དུས་སུ་དགོངས་པ་རྫོགས་རྗེས། དམ་པ་ཁོང་གི་ཡུམ་དང་། དེའི་སྤུན་མཆེད་ཚོས། བོད་མི་ཚོར་ཁོན་སེམས་དང་ཕྲག་དོག་དྲག་པོས། གཞི་མེད་སྐུར་འདེབས་ཀྱི་འོག་ནས་བོད་འབྲུག་གཉིས་ནང་འཁྲུག་བཏང་། འབྲུག་སྲིད་གཞུང་གིས་མཉམ་ཆུང་བོད་མི་ཚོར། སྲོག་ཐོག་དང་། རྒྱང་ཕུད། བཙོན་བཅུག་དང་། མནར་གཅོད་སོགས་སྡུག་སྦྱོང་ཚད་ལས་རྒལ་བ་བཏང་བའི་ལོ་རྒྱུས་ཡ་ང་བ་ཞིག་ཀྱང་འདུག དེ་ལྟ་བུའི་བག་ཆགས་དེ་ད་ལྟའང་འབྲུག་སྲིད་གཞུང་གི་ནང་ལོག་ན་དྲི་ངན་ཐུལ་ལེ་ལུས་ཡོད་པའི་ཚོད་དུ་སྣང་། དེ་སྔོན་ཡང་ཕྱི་ལོ་༢༠༡༠ ལོར་འབྲུག་པས་དེར་ཡོད་བོད་མི་ཚོར་ཏོགས་ཙམ་མིན་ན་དཀའ་རྙོག་ཆེན་པོ་ཞིག་སླངས་པ་རེད།

དེར་བརྟེན། ད་ནས་བཟུང་། འབྲུག་གཞུང་དང་མི་མང་ཚོས། མགོ་བོ་མཐོ་རུ་བཏེགས་ཏེ། རྣ་བ་ཤུགས་ཀྱིས་གཏད་ནས། དྲང་བདེན་དང་ལྷག་བསམ་ལ་རྒྱབ་མ་ལོག་པར། མགོ་སྐོར་དང་སླུ་ཁྲིད་ཀྱི་འོག་ཏུ་འགྲོ་མི་བཅུག་པར། རྣམ་དཔྱོད་ཀྱི་སྒོ་མོ་ལེགས་པར་ཕྱེས་ནས། ཆོས་སྲིད་ཀྱི་ལེགས་བྱང་། མཐུན་མིན་གྱི་སྐད་ཡིག མེས་པོ་ཡི་ཤུལ་བཞག ཤེས་རིག་ཀྱི་འབྱུང་ཁུངས་བཅས་ལ་བསམ་གཞིག་ནན་གྱིས་བཏང་ནས། སུ་ཞིག་འབྲུག་ལ་བཀའ་དྲིན་ཆེན་པོ་ཡིན་མིན་ཤེས་པའི་ཐོག་ནས་དྲིན་ཅན་གྱི་དྲིན་ལན་འཇལ་རྒྱུ་དེ་ནི་དམ་པའི་ལྷ་ཆོས་སུ་མ་ཟད་འཇིག་རྟེན་མི་ཆོས་སུ་ཡང་དགོས་ངེས་ཀྱི་ཡོན་ཏན་ཞིག་ཏུ་སེམས་སོ།། །།

ངོ་སྤྲོད།

Post navigation

Previous Post: ངའི་རྩོམ་ཆད་འགོད་སྤེལ།
Next Post: ལི་ཡུལ་དང་ཞིན་ཅང་། ད་དུང་བསྟན་པའི་མཇུག་བསྡུ།

Comments (52) on “སེམས་ཁོང་ནས་བོར་བའི་འབྲུག་རྒྱལ་ཁབ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-08-15 at 8:26 am

    ་་་་་་་ སྲོང་བཙན་སྒོམ་པོས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་དགོས་དོན་ནི། བོད་ཀྱི་ས་ཀྲའི་ས་དབྱིབ་ནི་སྲིན་མོ་གན་ཀྱལ་དུ་ཉལ་བ་ལྟ་བུ་ཡིན་པས། དེའི་ཁ་གནོན་ཏུ་ལྷ་ཁང་དེ་དག་བཞེངས་དགོས་བྱུང་པ་རེད། དཔེར་ན། འབྲུག་སྤ་རོ་ན་ཡོད་པའི་ལྷ་ཁང་དེ་ནི་མཐའ་འདུལ་གྱི་ལྷ་ཁང་ཡིན་པས། སྲིན་མོ་དེའི་ལག་གཡོན་མའི་མཛུབ་མོའི་དཀྱིལ་དུ་ཁེལ་ཡོད་རབས་འདུག ་་་་་
    ཞེས་དང་།
    ་་་་་་་ འབྲུག་ཡུལ་དུ་བོད་མི་ཚོར་བདེ་བ་ལྡན་ཞིང་རང་དབང་ཆེན་པོ་ཡོད་འདུག དེ་ནི་གཙོ་བོ་འབྲུག་རྒྱལ་གསུམ་པ་འཇིག་མེད་སང་གེ་དབང་ཕྱུག་གི་བཀའ་དྲིན་རེད། མ་ཟད་འབྲུག་རྒྱལ་གསུམ་པའི་ཡུམ་ནི་བོད་མོ་ཨ་ཞེ་བསྐལ་བཟང་ཆོས་སྒྲོན་ཞེས་པ་དེ་ཡིན་པ་དང་། ཟུར་གསལ་དགའ་རོགས་ཀྱང་བོད་མོ་(དབྱིངས་སྐྱིད)ཞིག་ཡིན་འདུག ་་་་་་

  2. ཨ་ཕྱི་ཆོས་སྒྲོན says:
    2014-08-15 at 11:14 am

    འབྲུག་རྒྱལ་ཁབ་གཅིག་གནས་ཐུབ་པ་ནི་དགེ་ལུགས་པའི་དོལ་འདྲེ་གསོལ་མཁན་མེད་པས་རང་རྒྱལ་ཁབ་རང་དབང་པ་ཞིག་ཆགས་པར་ཡོངས་གྲགས་རེད། དེས་ན་དགེ་ལུགས་པ་ཚོས་དཔྱད་དགོས་པའི་དུས་སུ་བབས་འདུག

  3. མེ་ཏོག་དཀར་པོ says:
    2014-08-15 at 11:36 am

    བསྟན་འཛིན་བྱམས་བརྩེ་ལགས། འབྲུག་རྒྱལ་གསུམ་པའི་དུས། འབྲུག་ཡུལ་དུ་བོད་མི་ཚོར་བདེ་བ་ལྡན་ཞིང་རང་དབང་ཆེན་པོ་ཡོད་འདུག ཞེས་དང་། སྟབས་མ་ལེགས་པ་ཞིག་ལ། རྒྱལ་པོ་སྐུ་ན་གཞོན་བའིི་དུས་སུ་དགོངས་པ་རྫོགས་རྗེས། དམ་པ་ཁོང་གི་ཡུམ་དང་། དེའི་སྤུན་མཆེད་ཚོས། བོད་མི་ཚོར་ཁོན་སེམས་དང་ཕྲག་དོག་དྲག་པོས། གཞི་མེད་སྐུར་འདེབས་ཀྱི་འོག་ནས་བོད་འབྲུག་གཉིས་ནང་འཁྲུག་བཏང་། འབྲུག་སྲིད་གཞུང་གིས་མཉམ་ཆུང་བོད་མི་ཚོར། སྲོག་ཐོག་དང་། རྒྱང་ཕུད། བཙོན་བཅུག་དང་། མནར་གཅོད་སོགས་སྡུག་སྦྱོང་ཚད་ལས་རྒལ་བ་བཏང་བའི་ལོ་རྒྱུས་ཡ་ང་བ་ཞིག་ཀྱང་འདུག དེ་ལྟ་བུའི་བག་ཆགས་དེ་ད་ལྟའང་འབྲུག་སྲིད་གཞུང་གི་ནང་ལོག་ན་དྲི་ངན་ཐུལ་ལེ་ལུས་ཡོད་པའི་ཚོད་དུ་སྣང་། དེ་སྔོན་ཡང་ཕྱི་ལོ་༢༠༡༠ ལོར་འབྲུག་པས་དེར་ཡོད་བོད་མི་ཚོར་ཏོགས་ཙམ་མིན་ན་དཀའ་རྙོག་ཆེན་པོ་ཞིག་སླངས་པ་རེད། ཅེས་བྲིས་དོན་ལྟར་བོད་མིར་ཆགས་སྒོ་བྱུང་དོན་ནི་ཁྱོད་རང་གིས་སྲོང་བཙན་སྒམ་པོའི་སྐབས་ཅིག་ཅིག་མིག་མིག་ཟེར་ནས་ཧམ་བཤད་ཐོག་འབྲུག་བོད་ཀྱི་ཆ་ཤས་སུ་བསམ་པའི་ལོག་རྟོག་འདི་རང་རེད། དེ་བས་དང་པོ་བོད་རྒྱ་འོག་ནས་ལོན་ཐབས་ལ་བསམ་བློ་གཏོང་། འབྲུག་རྒྱལ་ཁབ་ལ་ཕྲག་དོག་བྱས་ནས་ཕན་ཐོགས་གང་ཡོང་། དཀའ་ལས་ཁག་རོགས་རེད། འབྲུག་ནི་འཛམ་གླིང་ནང་གི་དམང་གཙོའི་རྒྱལ་ཁབ་གསར་ཤོས་དང་སྟོབས་རྒྱ་དཀར་ནག་བར་གྱི་ས་མཚམས་ཀྱི་ཚུལ་དུ་ཆགས་ཤིང་། ཉེ་འཆར་རྒྱ་གར་གྱི་སྲིད་བློན་དེར་ཕེབས་ཏེ་གང་འདྲ་གྲོགས་རམ་མཐོང་ཆེན་གནང་མ་སོང་ངམ།
    ལྷག་པར་གུ་རུ་བཀའ་དྲིན་ཅན་ལ་སྙིང་དད་གུས་ཡོད་མཁན་ལས་ཤུགས་ལྡན་ལྷ་རུ་འཛིན་མཁན་གྱི་དགེ་ལུགས་པ་མེད་པའི་ཡུལ་གཙང་མ་ཞིག་རེད། དེ་ལ་མིག་ཚ་ན་སྡུག་གྱོང་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-08-15 at 12:21 pm

    སློབ་དཔོན་རིན་པོ་ཆེའི་ལུང་བསྟན་ཅིག་གི་ནང་ལ།
    ལྷོ་ཡི་ཕྱོགས་སུ་ཁྲི་ཡི་ཟུར་ཆ་འཛིན་མཁན་ངའི་སྤྲུལ་པ་འོངས་ཞེས་པ་དེ། ཁ་ཅིག་གིས། ད་ལྟའི་འབྲུག་རྒྱལ་དེ། སློབ་དཔོན་རིན་པོ་ཆེའི་སྤྲུལ་པ་ཡིན་པར་འདོད་མཁན་ཁག་ཅིག་དང་།
    ཡང་ཁག་ཅིག་གིས། ཁྲི་ཡི་ཟུར་ཆ་འཛིན་མཁན་དེ། ༸གོང་ས་བཅུ་བཞི་པ་ཆེན་པོར་འདོད་མཁན་ཁག་གཉིས་སུ་གྱེས་འདུག་པས། ད་དུང་དཔྱད་པར་འཚལ་ལོ།། །།

  5. ཆུ་ཐིགས། says:
    2014-08-15 at 12:28 pm

    བཀྲིས་བདེ་ལེགས།

  6. ཆུ་ཐིགས། says:
    2014-08-15 at 12:36 pm

    ངས་དངོས་་བྱུང་གི་ལོ་རྒྱུས་གླེང་བ་ཙམ་ལས་སུ་་གཅིག་ལ་ཕྲ་དོག་གི་ཆེད་དུ་བྲིས་པ་ཡིན། རེད་དེ། དེང་སྐབས་བཟང་ངན་ངོ་མི་ཤེས། ཡག་སྡུག་གི་གོ་བ་མི་ལོན་པ་མང་དུ་སྣང་བས། ག་རེ་ཡིན་ན་བསམ་ཆོག

  7. ཨ་ཕྱི་ཆོས་སྒྲོན says:
    2014-08-15 at 12:54 pm

    ལྷོ་ཡི་ཕྱོགས་ནས་ཁྲི་ཡི་ཟུར་ཆ་དེ་༧གོང་ས་ལ་འགྲེལ་ན་འདྲ་ཆག་པོ་འདུག གང་ཡིན་ན། དགེ་ལུགས་པའི་ཁྲི་ཟུར་ཆ་ལས་ཚང་མ་དབང་མ་སོང་། སེམས་ཕམ་ཡོད། དཔྱད་པ་ཅི་དགོས་ས་མ་རེད། དགེ་ཚོགས་གཞན་དེ་རྒྱ་ནག་རྒྱལ་ཁབ་གཅིག་གི་བདག་མི་གྱུར་ཚར་བ་རེད། དགེ་ལུགས་ཀྱིས་གྲྭ་དམག་དང་སོག་དམག་ཐང་མང་འབྲུག་ལ་རྒྱབ་ཀྱང་འབྲུག་ཆོས་སྲིད་བདག་པོ་ཚོས་རང་མགོ་དགྲ་ལག་མ་ཤོར་བ་དཔའ་བོ་ཡིན་པར་འབྲུག་ཆོས་འབྱུང་དུ་གསལ་ཡོད་འདུག། xxxxxx

  8. ཀརྡོ་གཉེར་ཕྱག་པ་ says:
    2014-08-15 at 1:09 pm

    ཨ་ཕྱིའི་རྒྱུ་འདོན་བླ་བརྒྱུད་གསོལ་འདེབས་ནང་ལ། འབྲུག་རྒྱལ་འདི་གལ་ཆེ་ཤོས་ཅིག་ཡིན་ཟ་རེད། ཡག་པོ་རེད།

  9. ཆུ་ཐིགས། says:
    2014-08-15 at 1:21 pm

    ཨ་ཕྱི་ལགས་་་་སྙིང་རྗེའི་ཡུལ་དུ་གྱུར་སོང་།

  10. པད་མ་ says:
    2014-08-15 at 2:04 pm

    བསྟན་འཛིན་ལགས་ ཁྱེད་རང་ད་རེས་འབྲུག་ལ་ཕེབས་སྐབས་སྣེ་ལེན་ཡག་པོ་ཞིག་ཞུ་མཁན་མ་བྱུང་བའི་རྐྱེན་གྱི་ དིང་སྐབས་རྒྱ་ནག་གཞུང་ནས་བཤད་འདོད་ཤིན་ཏུ་ཆེ་བའི་སྐད་ཆ་དེ་བཤད་དགོས་ཀྱི་ཨ་ཡོད་ ཁྱེད་རང་དངོས་གནས་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་ནམ་ གནས་ཚུལ་དེ་འདྲ་ཆེ་ཆུང་རྩམ་མ་ཏོག་བལ་ཡུལ་དང་ འབྲས་ལྗོངས་ལའང་བྱུང་ཡོད་པ་རེད་ སྐྱབས་བཅོལ་དཞུང་དང་ ཚོགས་པ་སུས་ཀྱང་དེའི་སྐོར་བཤད་མཁན་མེད་ གང་ཡིན་ཟེར་ན་ བྱུང་ཚར་བའི་སྙོག་གྲ་ཞིག་ཡང་སྐྱར་གླིང་ནས་ཕན་ཐོག་མེད་པ་ཞིག་རེད་ ད་དུང་འབྲུག་ནང་ལ་བོད་པ་སྐྱབས་བཅོལ་བ་གཅིག་སྟོང་རྩམ་ཡོད་པ་དེ་རྣམས་ལ་ཕན་ཐོག་ཡོང་གི་མ་རེད་ ཉེ་བའི་ལོ་ཤས་ནང་རྒྱ་མིའི་དམག་དཔུང་གིས་འབྲུག་གི་ས་མཚམས་ལ་སིམ་འཛུལ་ལན་མང་བྱས་པ་དང་ ཉེ་ཆར་བོད་ནས་སྤྱི་ཚོགས་མཚན་རིག་ཁང་གིས་འབྲུག་གི་སྐོར་བཤད་པ་དེ་ཁྱེད་རང་གིས་བཤད་པ་དང་གཅིག་མཚུངས་རེད་འདུག་པས་སྣེ་ལེན་རྩམ་མིན་པར་ཁྱེད་རང་འབྲུག་ལ་ཕེབས་པ་དེའང་དམིགས་ཡུལ་ངེས་ཅན་ཞིག་མེད་དམ་ གཤམ་དུ་མཆན་དགེ་ལུགས་པའི་སྐོར་ཐེངས་གཉིས་རྩམ་བྲིས་མཁན་ཡང་ཁྱེད་རང་མིན་ནམ་

  11. ཆུ་ཐིགས་སྔོན་མོ says:
    2014-08-15 at 2:25 pm

    འུ་ཚང་ལ་གནའ་ནས་བཟུང་ཕྱོགས་སུ་ལྷུང་བ་དག་གིས་ནང་ཁུལ་ལ་དབྱེན་དཀྲུགས་བྱས་ནས་བསྡད་པ་རེད་་་་ཁོ་ཚོར་ནང་ཁུལ་དཀྲུགས་ཐབས་ལས་བོད་སྤྱི་བར་ཕན་སེམས་འཆང་མཁན་ཞིག་མ་བྱུང་བའི་ཚོད་དུ་གདའ་་་་ཨ་ཕྱི་ལྟ་བའི་དྲ་འབུ་ཚོས་ཀྱང་དྲ་ཐོག་ཚུན་ཆད་ལ་ཕྱོགས་ལྷུང་དང་འཁོན་སེམས་ཀྱིས་ཀུན་ནས་བསླངས་ཏེ་གང་ཐུབ་དཀྲུགས་ཤིང་དང་དགོས་མེད་ཀྱི་སྐད་ཆ་བྱུང་རྒྱལ་དུ་སྨྲ་བཞིན་པ་འདི་ཚོར་བསླབ་བྱ་དང་བདེན་གཏམ་ཅི་ཙམ་བཤད་ཀྱང་ཕན་ཐོགས་དཀའ་བས་དྲ་གྲོགས་ཚོས་ནམ་ཡིན་ཡང་འདི་ཚོའི་སྐད་ཆ་སྣང་མེད་དུ་བཏང་ན་ལེགས་་་

  12. བོད་ཁམས་སྡེ་ says:
    2014-08-15 at 3:05 pm

    གུས་པས་ལོ་རྒྱུས་ནི་ཅི་གང་མི་ཤེས་ ཡིན་ནའང་འབྲུག་པས་བོད་པ་ལྟ་སྟང་གང་འདྲ་ཡོད་མེད་དངོས་ཡོད་ད་ག་རང་རེད་ ངས་ནི་ནམ་རྒྱུན་དུ་མཐོང་བ་ནི་བོད་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་བྱེད་ཁན་དེ་ནི་ལ་དྭགས་སྤི་ཏི་དེ་ཚོ་མཐོང་གི་ཡོད་ དེ་མིན་འབྲུག་པ་དང་བལ་བོད་རིགས་ དེ་བཞིན་སོགས་རིགས་དེ་ཚོ་ནི་སོ་སོའི་ཁ་ཕོར་ནང་དུ་སྐྱག་པ་གཏོང་ཁན་ཤ་རྟག་རེད་ ད་དུང་དེ་ཚོའི་ནང་ནས་བལ་འབྲུག་གཉིས་རྟོག་ཙམ་དྲག་གི་རེད་ཁེ་སོང་ལེན་དགོས་དུས་གུས་གུས་ཞུམ་ཞུམ་འདྲ་བྱེད་ཤེས་ཀྱི་རེད་ སོགས་རིགས་ཚོ་ནི་ཧ་ལམ་ཐོབ་ཐང་ཡིན་མདོག་མདོག་གིས་ཧམ་པ་སྤོབ་པའི་སྒོ་ནས་ཁེ་སང་ལེན་ཁན་རེད་ ང་ཚོས་འདི་རིགས་ཐོགས་བསམ་བློ་ཞིག་ཏན་ཏན་བཏང་དགོས་ཀྱི་འདུག་ ཚུར་གནམ་གང་མ་རྩི་ན་ ཕར་ཚེས་གཅིག་རྩི་དགོས་བའི་རྒྱུ་མཚན་གང་ཡང་མཐིང་གི་མི་འདུག་།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-08-15 at 4:55 pm

    ཨ་ཕྱི་རྒན་མོར།
    བལ་དམག་འདྲེན་མཁན་བླ་མར་གསོལ་བ་འདེབས། །
    སྤྲུལ་རྫུན་བཟོ་མཁན་ཞྭ་དམར་བྱིན་གྱིས་རློབས། །
    དབང་ལུང་འཁྲིད་མེད་འབྲུག་རྒྱལ་བྱིན་མཐུ་ཡིས། །
    ཨ་ཕྱི་ང་ཡི་འདི་ཕྱིའི་དོན་འགྲུབ་ཤོག །
    ཀརྡོས།

  14. ལུང་རྟོགས། says:
    2014-08-16 at 5:48 am

    དངོས་གནས་དེང་སང་བོད་པའི་ཁྲོད་ན་ཕྱི་ནང་དབྱེ་བ་མི་ཤེས་པར་རང་མགོ་ཁོ་ན་རྡུང་ནས་སྡོད་མཁན་མེ་དཀར་དང་ཨ་ཕྱི་ལྟ་བུ་མང་གི མི་འདི་ཚོའི་གྲལ་ལ་སྐྱག་པའི་རིན་ཐང་ཡང་མེད་པ་གསལ་པོ་རེད། དེས་ན་སྐྱག་པ་ལ་ལག་པ་འཆང་ན་སྐྱག་དྲི་ལས་ཅི་ཡང་མེད་པས་ཁོ་ཚོའི་གྲལ་དེ་སྣང་མེད་ཐོང་ཤོག

  15. ཆུ་ཐིགས། says:
    2014-08-16 at 3:14 pm

    ཨ་ཕྱི་དང་ གལ་སྲིད་ཁྱེད་རང་གཉིས་ལ་ཕོག་ཐུག་འདྲ་བྱུང་ཡོད་ཚེ་དགོངས་དག ང་ལ་སྣེ་ལེན་ཡག་པོ་བྱུང་མ་བྱུང་བའི་སྐད་ཆ་མ་རེད། ངས་རང་ཉིད་ཀྱི་སྣང་ཚོར་བྲིས་ལ་ཡིན། བོད་འབྲུག་གཉིས་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་རེད་ཟེར་དོན་ནི། བདེན་དཔང་ཡོད་པས་ཡིན་ན་ཡང་། ད་སྐབས་འབྲུག་རང་ཉིད་ལོག་སུ་གནས་ཡོད་པས། རྒྱ་འོག་ཏུ་བཅུག་འདོད་ཡོད་པས་མིན། མ་ཟད་དེ་སྔོན་བོད་འབྲུག་གཉིས་མ་འཆམས་པའི་གནས་ཚུལ་བྱུང་བ་དེར། མི་ཚོས་འདྲ་མིན་འབྲེལ་བཤད་བྱེད་ཀྱིས་འདུག་པས། ཁ་གསལ་བཟོ་བྱེད་ཙམ་ཡིན། ངས་ནམ་ཡང་རྒྱའི་རྒྱུགས་ཁྱི་བྱེད་ཀྱི་མ་རེད།

  16. མེ་ཏོག་དཀར་པོ says:
    2014-08-17 at 1:44 am

    བོད་པའི་སྐྱག་པ་གསེར་ལས་ལྷག །
    འབྲུག་པའི་རྒྱལ་ཁབ་ར་གན་བརྩི།།
    འདི་འདྲ་རྒྱལ་ཞེན་ཡིན་གྱུར་ན།།
    གུང་ཕྲན་ཏང་ལ་སྐྱབས་སུ་མཆི།།

  17. ལུང་རྟོགས། says:
    2014-08-17 at 4:59 am

    གུང་ཕྲན་ཏང་ལ་སྐྱབས་སུ་སོང་།།
    ཤུགས་ལྡན་དེ་ལ་ཕྱག་ཅིག་འཚོལ།།
    འབྲུག་པ་རྒན་པོའི་སྐྱག་པ་ཟོ།།
    མེ་དཀར་བྱ་བ་དེ་ཙམ་རེད།།

  18. པད་མ་ says:
    2014-08-17 at 9:50 am

    འབྲུག་པ་བལ་པོའི་གཡོག་པོ་རེད་ ཏུམ་ཏུམ་རྒྱལ་པར་འཁྱེར་མཁན་རེད་
    བོད་པ་རྒྱ་མིའི་གཡོག་པོ་རེད་ སྐྱག་པ་རྒྱལ་པར་འཁྱེར་མཁན་རེད
    གུ་ཐུང་གྱོན་ན་བོད་པ་རེད་ གུ་ཐུང་སྤུད་ན་འབྲུག་པ་རེད་
    ཨིན་ཟེར་ན་འབྲུག་སྐད་རེད ཡིན་ཟེར་ན་བོད་སྐད་རེད་
    སྦོམ་པོ་ཟེར་ན་འབྲུག་སྐད་རེད་ ཆེན་པོ་ཟེར་ན་བོད་སྐད་རེད་
    རྒྱལ་རབས་བཤད་ན་གཉིས་ཀར་སྲོང་བཙན་རེད་
    རིག་གནས་བཤད་ན་གཉིས་ཀར་ཐོན་མི་རེད་

  19. མེ་ཏོག་དཀར་པོ says:
    2014-08-17 at 10:35 am

    ཤུགས་ལྡན་ལ་སྐྱབས་ཚོལ་བ་དང་གནས་ཆུང་ལ་སྐྱབས་ཚོལ་བ་གཉིས་ལ་ཡག་ཉེས་ཀྱི་ཁྱད་པར་ཅིག་ཤོད། འབྲུག་པ་རྒན་པོའི་སྐྱག་པ་དང་བོད་པ་རྒན་པོའི་སྐྱག་པའི་ཁྱད་པར་ཤོད། ལུག་རྟོག

  20. ནུབ་ཕྱོགས་གངས་ཕྲུག says:
    2014-08-17 at 12:36 pm

    ལུང་རྟོགས་དང་ཀར་རྡོ་གཉིས་བསམ་བློ་གཏོང་བཏང་རྡ་རམ་ས་ལའི་མི་རང་རེད་འདུག ད་དུང་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཙམ་དགོས་འདུག

  21. ནུབ་ཕྱོགས་གངས་ཕྲུག says:
    2014-08-17 at 12:39 pm

    མེ་དཀར་ལགས། ཤུགས་ལྡན་དང་གནས་ཆུང་གཉིས་ལ་ཁྱད་པར་ནི། གནས་ཆུང་སློབ་དཔོན་པདྨ་འབྱུང་གནས་ཀྱི་དམ་ལ་བཏགས་པའི་འཇིག་རྟེན་དྲེགས་པའི་ལྷ་ཡིན་པ་དང་། ཤུགས་ལྡན་ནི་དེ་ལས་ལྡོག་སྟེ་སློབ་དཔོན་པདྨ་འབྱུང་གནས་ཀྱི་བསྟན་པ་ལ་སྡང་བའི་འདྲེ་ཞིག་རེད།

  22. བོད་ཁམས་སྡེ་ says:
    2014-08-17 at 1:40 pm

    མེ་དཀར་ལགས་ འདི་ན་སུ་གང་གིས་བོད་པ་ཡག་རབས་འཇིགས་རབས་བཤད་མ་སོང་ ཁྱེད་རང་ལྟ་བུའི་མི་ལོ་བཅོ་ལྔ་ཉི་ཤུའི་རིང་ལ་བོད་པའི་སྤྱི་ཚོགས་སུ་མཉམས་ཟ་མཉམས་འཐུང་བྱས་ནས་མཐར་རང་འགོ་ཐོན་ཙམ་བྱུང་དུས་རྐུབ་རྡེབ་རྡེབ་གཏོང་ནས་ཕྱིར་བོད་པ་མཐོང་དུས་དགྲ་མཐོང་མཐོང་དང་གནས་ཚུལ་ཆུང་རྩག་གཅིག་ལས་མེད་ནའང་ཟུར་ཟའི་གླུ་དབྱངས་ལེན་མཁན་དག་ལ་བཤད་ཀྱིན་འདུག་ གནས་ཚུལ་གསལ་པོ་མཐོང་བཞིན་དུ་མ་ཐོང་མདོགས་མདོག་བྱེད་དགོས་མ་རེད་ བལ་པོས་རྒྱ་ནག་པོའི་རྐུབ་བལྡག་ནས་བོད་པ་ལ་མནར་གཅོད་གཏོང་དང་གཏོང་བཞིན་པ་དེ་འཛམ་གླིང་ཀུན་དུ་ཡོངས་གྲགས་རེད་
    མི་ཁྱེད་ཚོ་ལ་སྐྱག་པའི་རིང་མཐོང་ཡང་མི་འདུག་ སྐྱག་པས་ཡང་ཁྱི་དང་ཕག་པའི་གྲོད་ཁོག་འགྲངས་ཐུབ་ཀྱི་རེད་།

  23. པད་མ་ says:
    2014-08-17 at 2:14 pm

    ཤུགས་ལྡན་དང་གནས་ཆུང་སོགས་བོད་པའི་ཆོས་ཀྱི་གད་རྙིགས་རེད་ལ་ རིགས་གནས་ཀྱི་གད་རྙིགས་རེད་
    དེ་རྣམས་ཀྱི་ཕན་ཐོག་འདུག་ཟེར་ཀྱང་རྨོངས་དད་རེད་ལ་ གནོད་གྱིན་འདུག་ཟེར་ཀྱང་རྨོངས་དད་རེད་
    གལ་སྲིད་ཁྱེད་རང་ནང་པ་དངོས་གནས་ཞིག་ཡིན་ན་ ཟང་ཟིང་དེ་རྣམས་ཚང་མ་དང་འབྲེལ་བ་མ་བྱེད་ཅིང།

  24. པད་མ་ says:
    2014-08-17 at 2:22 pm

    མི་ངོ་ཤེས་མང་དྲགས་ན་ལབ་རྒྱུ་མང། ལྷ་ངོ་ཤེས་རྒྱུ་མང་ན་གནོད་པ་མང་། ལྷ་དངའདྲེ་དང་མི་གསུམ་སྤྱོད་པ་གཅིག
    ཕན་ཚུན་ནང་དམེ་བྱེད་མཁན་འདྲ་འདྲ་རེད།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-08-17 at 3:38 pm

    ཨ་ཕྱི་རྒན་མོའི་དབྱེན་དཀྲུགས་དང་། །
    མེ་ཏོག་དཀར་པོས་ལབ་རྡོལ་དང་། །
    ནུབ་ཕྱོགས་པདྨའི་ལོག་རྟོག་གསུམ། །
    ཁ་བརྡ་དྲ་མཆན་གད་སྙིགས་བཞི། །

  26. ལ་སྟོད་སྟོབས་རྒྱས། says:
    2014-08-17 at 3:50 pm

    འདས་པའི་ལོ་རྒྱུས་ལ་ཆ་བཞག་ན་བོད་མི་ནང་ཁུལ་དབང་ཆ་འཐབ་རྩོད་དང་གྲུབ་མཐའི་ཆགས་སྡང་དབང་གིས་གསོད་རེས་མང་པོ་བཏང་ཡོད་པ་རེད།འབྲུག་པས་བོད་པར་ཐུབ་ཚོད་གནས་སྐབས་ཤིག་རིང་བཏང་བར་ཧ་ལས་རྒྱུ་གང་ཡང་མེད་རེད།ལར་དེ་ཚོ་ལོ་རྒྱུས་རེད།ཕྱིར་འོང་མེད་པར་བྱུང་ཚར་བའི་དོན་དག་ཅིག་རེད།དེ་ལས་ང་ཚོ་བོད་མི་ཚང་མས་སོ་སོའི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ།འབྲུག་དང་འབྲས་ལྗོངས།མོན་དང་ལ་དྭགས།བལ་ཁོངས་ཀྱི་བྷོ་ཏྲི་མི་རིགས་ཚང་མར་འཆམ་མཐུན་དང་འབྲེལ་ལམ་ཡག་པོ་འཛིན་རྒྱུ།ལྷག་པར་ཁོང་ཚོར་ངན་དམོད་མི་བྱེད་པར་སྤུན་གྲོགས་ངོ་མའི་བསམ་བློ་བཟུང་སྟེ།ང་ཚོ་ཚང་མའི་མ་འོངས་པར་བསམ་བློ་གཏོང་རྒྱུ་གལ་ཆེ་ཤོས་རེད་མ་གཏོགས།འདས་པ་ལ་བསམ་བློ་བཏང་ནས་འཁོན་འཛིན་བྱེད་རེས་བྱས་ན་ཕན་ཚུན་གཉིས་ཀ་ཕོངས་ལ་སྦྱོར་རྒྱུ་ཙམ་རེད།
    ལྷག་པར་སོག་པོ་ཚོར་ངན་དམོད་བྱས་ན་ཧ་ཅང་གིས་ནོར་འཁྲུལ་ཆེན་པོ་རེད།འདས་པའི་ལོ་བརྒྱ་ཕྲག་མང་པོར་ཧོར་སོག་དཔུང་གིས་བོད་སྲུང་སྐྱོབས་བྱས་ཏེ་རྒྱ་ནག་དང་ཁ་ཆེ་སོགས་ཀྱི་བཙན་འཛུལ་མང་པོ་འགོག་ཐུབ་ཡོད་ལ།སོག་ཡུལ་ནང་བོད་མི་དང་བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པར་བརྩི་མཐོང་ཧ་ཅང་ཆེན་པོ་མ་ཟད།བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་དེ་འཛིན་དང་བཅས་པའི་སོག་པོ་དགེ་བཤེས་མཁས་དབང་བཞི་བརྒྱ་བརྒལ་བས་ཨུ་རུ་སུ་མངའ་ཁོངས་རྒྱལ་ཕྲན་མང་པོ་དང་ས་བྷེ་རེ་ཡ་དང་ཧོར་སོག་གི་ས་དང་དབུས་ཨེ་ཤེ་ཡའི་ས་ཁུལ་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་སྤེལ་ཏེ།བོད་མིའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།ཡང་དགོས་ནུབ་ཕྱོགས་ཡུལ་ཁག་དང་དཔེར་ན་ཨ་རི་ལྟ་བུར།ཐོག་མར་བོད་མི་རེ་གཉིས་ཙམ་ལས་མེད་པས།སོག་པོ་དགེ་བཤེས་དབང་རྒྱལ་དང་སོག་རིགས་གྲ་བ་རྣམས་རྟག་པར་གསུམ་དུས་སོགས་སུ་བོད་པའི་དོན་གཅོད་མི་གཅིག་གི་རྗེས་སུ་རྒྱབ་སྐྱོར་སྐད་འབོད་གནང་སྟེ།ཉག་ཕྲ་བའི་དུས་སུ་སྐྱིད་སྡུག་མཉམ་མྱོང་བྱས་ཡོད་པ་རེད།སོག་ཡུལ་དང་ཨུ་རུ་སུ་ཁོངས་ཀྱི་སོག་པོའི་རྒྱལ་ཕྲན་ཁག་ནང་༧གོང་ས་མཆོག་གདན་འདྲེན་དང་བོད་དོན་ཁྱབ་སྤེལ་ཤུགས་ཆེ་བྱས་ཏེ།རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་མང་པོ་བཅག་ཡོད་པ་རེད།དེང་སང་རྒྱ་ནག་ལ་སྟོབས་དང་དབང་ཇི་ཙམ་ཡོད་པ་ཤེས་གསལ་རེད་མོད།
    སོག་རིགས་སྤྱི་མཐུན་རྒྱལ་ཁབ་ཆུང་ཁག་གིས་ཀྱང་རྒྱ་གཞུང་གི་བོད་དོན་ཁྱབ་བསྒྲགས་པ་ཚོར་ངོ་རྒོལ་ཐེངས་བྱས་ཏེ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་སོགས་གནང་གི་ཡོད་པ་རེད།དེ་བོད་མི་ཚོས་ཤེས་པའི་སྒོ་ནས་བོད་སྤྱིའི་མ་འོངས་པར་བསམ་བློ་བཏང་སྐད་ཆ་བཤད་ན་ལེགས་པ་ལས།འདས་པའི་ནོར་འཁྲུལ་རེ་ཟུང་རེ་བཙལ་ཏེ་ཡར་མར་ཚང་མ་དགྲ་ལ་བཟུང་ན་བོད་སྤྱི་ལ་ཅི་གང་ཕན་གི་མ་རེད།

  27. ཀརྡོ་གཉེར་ཕྱག་པ་ says:
    2014-08-17 at 4:05 pm

    # 23 ལ་སྟོད་སྟོབས་རྒྱས།་ལགས་ཀྱིས་མཆན་བཏབ་པར་རྒྱབ་སྐྱོར་ཡོད་དོ།།

  28. པད་མ་ says:
    2014-08-17 at 7:34 pm

    ལ་ལྟོད་སྟོབས་རྒྱལ་ལགས་ཀྱི་གསུང་པ་དེ་ལ་རྒྱ་ཆ་བརྒྱ་མོས་མཐུན་ཞུ།

  29. བཙན་བྱོལ་བ་ says:
    2014-08-18 at 1:59 am

    ལ་སྟོད་པའི་མཆན་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། སོག་པོ་དང་ཧི་མ་ལ་ཡ་འགྲིག་མེད་རབས་བཤད་མཁན་སྤྱི་སེམས་མེད་པ་དང་གཞུང་རྒྱུ་མི་དྲང་བ་ཁ་ཤས་ཡོད་མོད། དེ་ཚོའི་ཁ་ལ་ཉན་ན་ང་ནི་ཞེད་མེར་དང་སྐྱུག་མེར་ལང་ཡོང་གིན།

  30. སྤེན་ཚེ says:
    2014-08-18 at 3:03 am

    ལ་སྟོད་སྟོབས་རྒྱལ་ལགས་ཀྱིས་ཁུངས་ལུང་དང་རྣམ་སྤྱོད་ལྡན་པའི་བཀའ་མོལ་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་

  31. ཨ་ཕྱི་ཆོས་སྒྲོན says:
    2014-08-18 at 4:30 am

    ཀརྡོ་གཉེར་ཕྱག་པ་ལ།
    རྒྱ་ནག་སོ་བ་སྐྱབས་གནས་མཐར་ཐུག་འཛིན།།
    ཁྱི་སྤྱང་རྒན་པོའི་ཤི་བླ་རྡོ་ཡིས་རྡུང་།།
    སྤུན་ཟླ་མ་ཤི་གསོན་སྲེག་བྱེད་ལ་བརྩོན།།
    ངོ་ཚ་མེད་པའི་ཀརྡོ་ནག་རིལ་མཚར།།
    སི་སྟུའི་སྐྱག་རྫུན་བདུད་མཁར་ནག་པོ་རུ།།
    ཀརྡོས་དྲི་ཞིམ་ཕག་སྣ་གྱེན་དུ་རྫིས།།
    ཁྲེལ་མེད་བོན་དོལ་ནག་ཕྱོགས་དྲ་འདྲེ་མཚར།།
    ཞང་ཞུང་རྫུན་ཡིག་རིགས་ལ་མ་སྦྱང་ཞིང་།།
    རྒྱ་དང་དབྱིན་ཇིའི་ལོག་སྐད་མ་སྦྱང་བས།།
    གཞན་སྐད་ཚིག་གཅིག་མི་ཤེས་ཨ་ཕྱི་ངས།།
    རང་སྐད་རང་སེམས་གསོ་བའི་བདུད་རྩི་ཡིན།།
    སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ཉེ་འགྲམ་མཆོད་རྟེན་བྱ་རུང་ཁ་ཤོར་ནས།

  32. ལུང་རྟོགས། says:
    2014-08-18 at 7:25 am

    གནས་ཆུང་བསྟན་པའི་སྲུང་མ་རེད།།
    ཤུགས་ལྡན་དམ་ཉམ་བསྟན་དགྲ་རེད།།
    བོད་པ་བཙན་པོའི་གདུང་རྒྱུད་རེད།།
    འབྲུག་པ་བོད་པའི་ཆ་ཤས་རེད།།

  33. ལུང་རྟོགས། says:
    2014-08-18 at 7:31 am

    སྐད་ཆ་དྲང་པོ་བཤད་ན་བཙན་བྱོལ་ནང་ལ་སྐྱེ་འཚར་བྱུང་བའི་བོད་པའི་ན་གཞོན་མང་པོ་ཞིག་ལ་བོད་པའི་ཞག་རྩི་གང་ཡང་མེད་པ་རེད། ཁོ་ཚོས་རང་ཉིད་རྒྱ་གར་དང་བལ་ཡུལ་གྱི་མི་ཡིན་བསམ་པ་ལས་བོད་པ་ཡིན་བསམ་གྱི་མེད་པ་རེད། དེས་ན་ཁོ་ཚོས་བོད་པ་དང་རྒྱ་གར་འམ་ཡང་ན་བོད་པ་དང་བལ་པོའི་བར་ལ་རྩོད་རྙོག་འདྲ་ཞིག་བྱུང་ན་མི་རིགས་གཞན་དག་གི་རྒྱབ་ལ་ལང་རྐྱང་དང་རང་རིགས་ལ་ངན་སྨོད་བྱེད་རྐྱང་བྱེད་ཀྱི་ཡོད་པ་རེད། མདོར་ན་ཁོང་ཚོ་ལ་མི་ཡི་མཚན་ཉིད་གང་ཡང་མེད་པ་རེད། ཁོ་ཚོ་ནི་བློ་ཕྱིར་རྟེན་དང་གྲོད་པ་ནང་རྟེན་ཞེས་པ་དེ་ཡིན་པ་རེད།

  34. ལུང་རྟོགས། says:
    2014-08-18 at 7:51 am

    རྡ་རམ་ས་ལ་ངན་གི་མ་ཟེེར།།
    བཟང་རུང་ངན་རུང་རང་གི་གཞུང་རེད།།
    རྡ་སའི་དཔོན་པོ་སྡུག་གི་མ་ཟེར།།
    ཡག་རུང་སྡུག་རུང་རང་གི་དཔོན་རེད།།
    གནས་ཆུང་མཐུ་ནུས་མེད་ཀི་ཟེར།།
    ཡོད་རུང་མེད་རུང་རང་གི་ལྷ་རེད།།
    རང་གི་མགོ་ལ་སྐྱག་པ་མ་གཏོང་།།
    ཐ་མ་འབབ་ས་རང་གི་ཁ་རེད།།
    གཞན་གྱི་སྣ་ལ་བུ་རམ་མ་བྱུག།
    ཐ་མ་ལྡག་མཁན་གཞན་གྱི་ལྕེ་རེད།།

  35. ཀརྡོ་གཉེར་ཕྱག་པ་ says:
    2014-08-18 at 7:57 am

    ཨ་ཕྱི་རང་། ཁ་བརྡ་ཁ་ཕྱ་ེ་བ་ལས། བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སྐོར་ར་མང་ཙམ་བསྐྱོན་ན་ཡག་ས་རེད།

  36. གཞོན་ནུ་ཟླ་མེད says:
    2014-08-18 at 8:15 am

    ཡང་བོད་འབྲུག་བར་གྱི་བློན་པོ་ལྷན་ཚོགས་འཚོགས་འདུག་ཀ

  37. བོད་ཁམས་སྡེ་ says:
    2014-08-18 at 6:53 pm

    གོང་གི་མཆན་༢༦ པ་ལ་བདེན་ཁ་སྦྱིན་མཁན་མོང་ཙམ་བྱུང་འདུག་ དེ་བཅོས་ཐབས་མེད་པའི་ང་ཚོ་བོད་པའི་བཤིག་ཀ་ཞིག་རེད་ ནམ་རྒྱུན་ངོ་ཚོ་བོད་པ་ལ་སྟོད་ར་འདྲ་བཏང་བ་གོ་དུས་ང་དམིགས་གསལ་དགའ་འགྲོ་རྒྱུ་ཞིག་མི་འདུག་ ཡིན་ནའང་་དམའ་འབེབས་བྱེད་པ་ཐོས་དུས་དངོས་གནས་སེམས་ན་ཡོང་གི་འདུག་ དེའི་ནང་ནས་ང་ཚོ་དང་གོམས་འདྲིས་ཅན་ཚོས་སྨོད་དུས་དེ་ལས་ཀྱང་སེམས་འཕམ་གྱི་འདུག་ སྤྱིར་བཏང་མི་རིགས་སུ་འདྲ་ཞིག་ཡིན་རུང་རང་སོ་སོའི་མི་རིགས་དེ་ཨང་དང་པོར་བརྩི་གི་འདུག་ ང་ཚོ་ནི་དེ་ལས་ལྡོག་ཏེ་གནས་ཚུལ་མ་འགྲིག་པ་རེ་བྱུང་ཚེ་ལམ་སེང་སོ་སོར་ནོར་བ་བརྩི་བཞིན་འདུང་ སྔོན་མ་ཕྱོགས་སྤྱོད་སྤྱི་འཐུས་གཅིག་གིས་བོད་མི་གནས་ཡུལ་ཞིག་ཏུ་མ་འགྲིག་པ་ཞིག་བྱུང་ན་ང་ཚོ་ནོར་བ་རེད་མ་རྟོག་མི་གཞན་ནོར་རེད་བསམས་ཀྱི་མི་འདུག་གསུང་བར་གོ་མྱོང་ དེ་ཚོའི་གྲས་ལ་ང་ཚོས་བསམས་བློ་བཏང་རྒྱུ་སྔ་མ་གྲགས་ན་ཕྱི་གྲགས་མི་འདུག་།

  38. བཙན་བྱོལ་བ་ says:
    2014-08-19 at 3:39 am

    ལུང་རྟོགས་ཟེར་བ་འདིས་ཅི་བཤད་ཀྱིན་འདུག་ལྟོས་དང་། སྤྱི་སེམས་དང་ཤ་ཞེན་ཡོད་མིན་ནི་རང་གི་ལྟ་བ་ལང་ཕྱོགས་དང་མཆན་ལས་གསལ་པོར་ཤེས་ཐུབ། དང་པོ་སོ་སོའི་བློ་སྐྱོན་ཅན་རུལ་སུངས་ཕྱོགས་ལྷུང་གི་ལྟ་བ་དེ་དོར། དེ་ནས་ད་གཟོད་གཞི་ནས་མཆན་འདེབས། གཞིས་ཆགས་པ་ལ་ཁ་རྡུང་གཏོང་མཁན་དྲ་རྒྱ་ནང་ནས་མང་ཙམ་འདུག །བརྒྱ་ཆ་དགུ་བཅུ་ནི་བོད་ནས་སླེབས་པ་དག་རེད།

    གཞིས་ཆགས་པས་བྱ་བ་གང་བརྩམས་ན་ཡང་སྡུག་ཕྱོགས་ནས་རྐྱང་རྐྱང་འགྲེལ་བཤད་བྱེད་མཁན་རིགས་འདི་ཚོ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་ཆིག་སྒྲིལ་ལ་བསམ་མནོ་གཏང་བཤད་མཁན་ཡིན་ན་ལྟ་ཚུལ་དེ་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད།

  39. ལུང་རྟོགས། says:
    2014-08-19 at 4:21 am

    བཙན་བྱོལ་བ་ལགས། མི་ལས་ལྟས་ན་འཇིག་རྟེན་སྨྱོ། འཇིག་རྟེན་གྱིས་ལྟས་ན་མི་ལ་སྨྱོ་ཞེས་པ་ལྟར་རེད། གཞིས་ཆགས་པས་ལྟས་ན་གསར་འབྱོར་བས་རྟག་པར་ང་ཚོ་ལ་ཅིག་བཤད་སྡད་ཀྱི་འདུག་བསམ་གྱི་རེད་ལ། གསར་འབྱོར་བས་ལྟས་ན་གཞིས་ཆགས་འདི་ཚོས་རྟག་པར་ང་ཚོ་ལ་མཐོང་ཆུང་བྱེད་ཀྱི་འདུག་བསམ་གྱི་ཡོད་པ་རེད། གང་ལྟར་མ་འགྲིག་པ་དེ་ཕྱོགས་གཉིས་ཀ་ལ་ཡོད་པ་རེད། དེས་ན་གཉིས་ཀས་མ་འགྲིག་པ་དེ་ངོས་ལེན་དང་བསམ་ཤེས་བྱས་ན་ཡག་པོ་ཡོད་པ་རེད།

  40. གནམ says:
    2014-08-19 at 4:43 am

    གསར་འབྱོར་བ་དེ་ཚོའི་ནང་ན་སོ་སོའི་ཕ་མ་ལ་བརྩེ་བ་ཡོད་མཁན་གཅིག་ལ་ཡོད་པ་མ་རེད། གསར་འབྱོར་བ་དེ་ཚོའི་ཕ་མ་ཡང་གསར་འབྱོར་ཚོ་ལ་བརྩེ་བ་སྤྲོད་མཁན་གཅིག་ལ་ཡོད་པ་མ་རེད། གསར་འབྱོར་ཟེར་བ་འདིའི་ཕྱོགས་ཀང་ལ་བསམ་ན་ཡང་། མིའི་་ནང་གི་མི་ལས་ངན་རེད།
    གཞི་ཆགས་ཚོས་ཁོང་ཚོ་ལ་སྙིང་རྗེ་སྒོམ་དགོས་བ་རེད། ང་ལ་གསར་འབྱོར་ངོ་ཤེས་སྙིང་རྗེ་མོ་དེ་འདྲ་ཁ་ཤས་ཤིག་ཡོད། ཕྱི་རྒྱལ་ལ་མ་ཐར་ན། ཁོང་ཚོ་ལས་སྐྱོ་བ་སུ་གང་མེད། ཁོང་ཚོའི་ནང་ན། དགོན་པ་ནས་སྡོམ་པ་ཤོར་བས། གལ་འགྲོ་འདིར་འགྲོ་མེད་པར། རང་ཤི་བརྒྱབས་པ་དེ་འདྲ་ཡང་མང་པོ་ཡོད། ང་ཚོ་གཞི་ཆགས་ཚོས། ཁོང་ཚོ་ལ་རོགས་པ་དེ་འདྲ་བྱེད་དགོས་པ་རེད། བོད་རིགས་གཅིག་པ་ཡིན་པ་ཤེས་དགོས་བ་རེད། གསར་རྙིང་བཤད་ནས་ཅི་བྱེད། ཁ་མཐུན་པོ་བྱོས། སྤུན་ཟླ་ཚོ།

  41. ཨ་ཕྱི་ཆོས་སྒྲོན says:
    2014-08-19 at 4:57 am

    གཏན་སྙན་ཞིག་འདུག xxxxxxx
    ཚན་རིག་གི་ཟབ་སྦྱོང་།

    འདོན་སྤེལ། ༢༠༡༤/༠༨/༡༨

    བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱིས་སྦིར་ཤེས་རབ་གླིང་དུ་དགེ་འདུན་པ་དང་བཙུན་མ་ཚོར་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་འདུག

    ཟླ་འདིའི་ཚེས་ ༡༦ ཉིན་ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་ཐོག སྦིར་ཤེས་རབ་གླིང་དུ་དགེ་འདུན་པ་བཙུན་མ་ཚོར་དེང་དུས་ཚན་རིག་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་གི་ཡོད་འདུག་ལ། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་། ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་ཆེད་ཕེབས་ཀྱི་བཀའ་སློབ་གསུང་བཤད་གནང་ཡོད་འདུག

    ཐེངས་འདིའི་ཟབ་སྦྱོང་འདི་ནི། ༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཐབས་དང་། ༢༠༡༣ ལོར་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་པའི་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་གནང་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། ཟབ་སྦྱོང་ཐོག་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དགོན་ཁག་ ༢༣ གྱི་དབུ་མའི་བསླབ་པ་མཐར་ཕྱིན་པའམ་ཉུང་མཐར་ལོ་ ༡༠ ལྷག་སློབ་གཉེར་གནང་མྱོང་མཁན་དགེ་འདུན་པ་ ༡༩ དང་། བཙུན་མ་ ༦ མཉམ་བཅས་མཉམ་ཞུགས་གནང་འདུག

    ཟབ་སྦྱོང་གི་སློབ་ཚན་གཙོ་བོ། དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག ཨང་རྩིས་བཅས་ཡིན་འདུག དེ་རིང་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གི་ཡོད་པ་དང་། ཟླ་འདིའི་ཚེས་ ༣༠ ཉིན་མཇུག་བསྒྲིལ་གནང་གི་ཡོད་འདུག

  42. ཀརྡོ་གཉེར་ཕྱག་པ་ says:
    2014-08-19 at 5:02 am

    བོད་མིའི་སྒྲིག་འཛུགས་དང་། བྱེས་འབྱོར་མི་མང་གིས། གསར་འབྱོར་བ་ཚོར། ཕན་ཐོགས་གང་ཐུབ་བྱ་དགོས། གསར་འབྱོར་བ་ཚོས་ཀྱང་། སྤྱོད་པ་བཟང་པོ་འཁྱེར་རྒྱུ་དེ་ཡང་གལ་ཆེན་པོ་རེད། གསར་རྙིང་གཉིས་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཀྱི་ལ་རྒྱ་དང་། ཤེས་ཡོན་ཕུན་གསུམ་ཚོགས་སུ་ཕྱིན་ཡོད།

  43. བཙན་བྱོལ་བ་ says:
    2014-08-19 at 7:11 am

    ངས་སྔར་ནས་གསར་གཞིས་གཉིས་ཀྱི་མི་མཐུན་པའི་སྐོར་གླེང་ན་ཆོ་མི་འདུག་དྲན་ནས་གང་ཡང་བྲིས་མེད། དུས་བབ་དང་ཁ་བརྡ་གཉིས་ཀྱི་དྲ་རྒྱ་ནང་དུ་གཞིས་ཆགས་ཀྱི་སྐོར་གསར་འགྱུར་ཐོན་སྐབས་ལམ་སེང་མཆན་འདེབས་པ་རྣམས་ཀྱིས་རང་གི་རྣམ་རྟོག་གིས་བཅོས་ནས་གཞིས་ཆགས་ཀྱི་སྐྱོན་ཕྱོགས་མང་དག་ཅིག་འབྲི་བ་ལས་དོན་དམ་ནང་དོན་སྐོར་བགྲོ་གླེང་བྱེད་མཁན་མིན་འདུག །མཆན་འདི་དག་གི་རྐྱེན་གྱིས་བོད་པའི་སྤྱི་ཚོགས་ནང་དུ་བག་ཆགས་ངན་པ་འཇོག་བཞིན་ཡོད། འགལ་ཟླ་བཟོ་བཞིན་འདུག །མཐུན་སྒྲིལ་གཏོར་བཞིན་འདུག །ཆིག་སྒྲིལ་བརླག་འཇུག་གིན།
    ཕྱོགས་གཅིག་ནས་བོད་མི་མཐུན་སྒྲིལ་དགོས་རབས་དང་། ཕྱོགས་གཞན་ནས་སྐྱེ་ས་འཚར་ལོངས་དབྱེ་འབྱེད་དང་། ཆོལ་ཁ་དབྱེ་འབྱེད་ཀྱི་མི་མཐུན་པའི་ཆིག་ལབ་རྐྱང་བྲི་བ་གཉིས་ལྷན་ཅིག་ཏུ་གནས་ཐབས་མེད་པས་འདམ་ཁ་མ་ནོར་བ་བྱེད་ཤེས་དགོས། མཇུག་ཏུ་ལུང་རྟོགས་གཙོས་གཞན་རྣམས་ཀྱིས་འཇུག་ལྡོག་མ་ནོར་བ་བྱེད་རོགས།

  44. མེ་ཏོག་དཀར་པོ says:
    2014-08-19 at 8:37 am

    བོད་པ་རྒྱ་ཡི་ཆ་ཤས་རེད།།
    འབྲུག་པ་རང་བཙན་གཙང་མ་རེད།། ལུག་རྟོག་ལའོ།། རང་བཞིན་བརྗོད་པའོ།།

  45. ལུང་རྟོགས། says:
    2014-08-19 at 11:56 am

    བོད་པ་རྒྱ་ཡི་ཆ་ཤས་རེད། འབྲུག་པ་བོད་ཀྱི་ཆ་ཤས་རེད། ཐ་མ་གཉིས་ཀ་རྒྱ་འོག་རེད། མེ་དཀར་ལའོ། ཧཧཧ

  46. པ་སངས་ says:
    2014-08-19 at 6:12 pm

    ང་ཚོ་བོད་པ་རྒྱ་མིའི་བཙན་འོག་ལ་ཚུད་ཚར་བ་རེད་ འོན་ཀྱང་འབྲུག་པ་རྒྱ་དཀར་ནག་གཉིས་ཀྱི་འོག་ལ་བསྡད་ཀྱང་མྱོང་ཡོ་མ་རེད་ལ་ མ་འོང་པར་ཡང་འབྲུག་པ་ང་ཚོ་བོད་པ་ནང་བཞིན་གཞན་གྱི་བཙན་འོག་ལ་བསྡད་མི་དགོས་པའི་སྨོན་ལམ་ཡོད།

  47. མེ་ཏོག་དཀར་པོ says:
    2014-08-20 at 12:15 am

    པ་སངས་ཀྱི་སྨོན་ལམ་ལ་ཐུགས་རྗེ་ཆེ།

  48. ལུང་རྟོགས། says:
    2014-08-20 at 4:50 am

    རྒྱལ་པོ་རླངས་ཚང་གི་དཔེ་དེ་ཡག་བྱུང་།

  49. མེ་ཏོག་དཀར་པོ says:
    2014-08-20 at 8:11 am

    དཔེ་ཡག་མི་ཡག་ཤོད་དཀའ། འབྲུག་པ་ རི་དྭགས་འདྲ་ནའང་རང་དབང་རེད། བོད་པ་མི་ཡིན་ནའང་རང་ཡུལ་མེད་མཁན་ནམ་ཡང་ན་དམར་པོ་གུང་ཕྲན་ཏང་གི་འབངས་རེད།

  50. ཨ་ཕྱི་ཆོས་སྒྲོན says:
    2014-08-20 at 11:59 am

    འབྲུག་ཡུལ་ཆོས་ཀྱི་ཞིང་ཁམས།།
    འབྲུག་རྒྱལ་གེ་སར་དཔའ་བོ།།
    འབྲུག་ཡུམ་པདྨ་རྗེ་བཙུན།།
    འབྲུག་པ་དོ་ས་མ་རེད།།
    བོད་པ་ཕྱི་འཇམ་ནང་རྩུབ།།
    བོད་ཡུལ་གསོན་བསྲེག་དཔའ་བོ།།
    བོད་མོ་ཉམ་ཆུང་ཁྱད་གསོད།།
    བོད་ལ་བདེ་སྐྱིད་མི་འདུག།

  51. ཤེས་དགའ་ says:
    2014-08-20 at 5:10 pm

    བསྟན་འཛིན་བྱམས་བརྩེ་ལགས། ཁྱེད་རང་གིས་རྒྱུ་མཚན་འདི་ཡིན་བཤད་རྒྱུ་མེད་པའི་འབྲུག་པ་ཚོར་དོན་མེད་འཕྱ་དམོད་བྱེད་པ་འདི་དང་། ལོ་རྒྱུས་ལ་ནན་ཏན་དང་དཔང་རྟགས་མེད་པའི་བ་ལེ་བོ་ལེ་བ་དེ་བཀླགས་དུས། ངོ་མ་དགའ་སྐྱོ་ཆགས་སྡང་ཅི་ཡིན་མི་ཤེས་པའི་ཚོར་བ་ཁྱད་མཚར་ཞིག་སྐྱེས་བྱུང་། གལ་ཏེ་ཀློག་པ་པོར་ཚོར་བ་ཁྱད་མཚར་སྤྲོད་རྒྱུ་དེ་ཁྱེད་རང་གི་དོན་རྩ་ཡིན་ན་འགྲིག་ཞག དེ་མིན་ཁྱེད་རང་རྩོམ་འདི་ཁྱེད་རང་རང་མི་གཞན་གྱི་རྩོམ་ཀློག་པ་ནང་བཞིན་སྐྱར་ཀློག་ཅིག་གནོང་དང་།

  52. བཀྲ་ཤིས། says:
    2014-08-20 at 8:20 pm

    ཉོན་དང་གསོན་དང་དྲྭ་གྲོགས་རྣམས། ཁྱོད་འབྲུག་བོད་གཉིས་ཀྱི་རྩོད་རྙོག་དེ།
    དཔེ་བཞག་ན་འདྲ་མ་ཨེ་འདྲ་གདའ། སྐྱེས་ཕོ་རབས་འདྲ་གཉིས་ཐུག་པའི་དུས།
    ཉན་ལོང་བཤད་ལོང་གཉིས་ཀར་ཡོད། རང་བདེ་གཞན་སྐྱིད་གཉིས་ཀར་ཡོང།
    སྐྱེས་ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། གཅིག་འགོ་གཅིག་གིས་གནོན་ལེ་འདྲ།
    ཇ་ཆང་སྐྱིད་པའི་དཔལ་ལ་རོལ། སྐྱེས་མཐའ་མ་འདྲ་གཉིས་ཐུག་པའི་དུས།
    གཏམ་ཚིགས་གསུམ་གོང་ནས་གྲི་འགོ་འཕུར། རང་ཕུང་གཞན་རླགས་གཉིས་ཀར་ཡོང།
    གོ་ན་གླུ་ཡི་མཆོད་པ་ཡིན། མ་གོ་གླུ་ལ་འབྲེལ་བ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme