Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏམ་དཔེ་ཞིག་གི་གོ་དོན་འཚོལ་བ།

Posted on 2008-10-01 By dhatsenpa 13 Comments on གཏམ་དཔེ་ཞིག་གི་གོ་དོན་འཚོལ་བ།

དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར།།
འདི་ནི་ངའི་ཕ་ཡུལ་གྱི་གཏམ་དཔེ་ཞིག་རེད། གཏམ་དཔེ་འདི་ཁྱེད་རང་གིས་མཐོང་མ་ཐག་སེམས་ལ་གནའ་སྔ་མོའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཟེར་བའི་འདྲ་རིས་ཤིག་ཁྱེད་ཀྱི་སེམས་ངོར་འཆར་ཡོང་སྲིད། ཁྱེད་ཀྱི་ཁ་ནས་བརྗོད་བཞིན་པའི་དམངས་གཙོ་ཟེར་བའི་ཚིག་ལས་འགལ་ཟླར་ཕྱིན་ཡོད་སྲིད། ཁྱེད་ཀྱི་དེང་རབས་ཀྱི་བསམ་བློ་དེ་དང་མཐུན་ཐབས་མེད་པ་ཞིག་ཡིན་སྲིད།

ངས་གཏམ་དཔེ་འདིར་བསམ་བློ་ཅུང་ཞིག་བཏང་བ་ཡིན། འདི་དམག་འཁྲུག་དང་དཀའ་ངལ་གྱི་ལོ་ཟླ་མང་བོའི་བརྒྱུད་རིམ་ཁྲོད་ནས་ཡོང་བའི་ཉམས་མྱོང་གི་ཕྱོགས་སྡོམ་ཞིག་ཡིན་པའི་ངེས་ཤེས་སྐྱེ་གི་འདུག འདི་གནད་འགག་ཅན་གྱི་གཡུལ་འཁྲུག་ཅིག་གི་སྐབས་དམག་དཔོན་དང་དམག་མི་བྱིངས་ཀྱི་འབྲེལ་བར་སྐུལ་སྤེལ་གཏོང་བྱེད་ཅིག་ཡིན་པ་མ་ཟད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་དམག་དོན་གྱི་ཚིག་གལ་ཆེན་པོ་ཞིག་ཡིན་ངེས་རེད། དེ་མ་ཟད་གཏམ་དཔེ་འདི་ད་ལྟ་དམངས་གཙོའི་དུས་སྐབས་སུའང་གནད་འགག་སྐབས་མཁོ་ངེས་ཆེན་པོ་ཡིན་པར་འདོད།

ཡང་གོང་གི་གཏམ་དཔེ་འདི་དང་རྗེས་འབྲེལ་གྱིས་ངས་ཁྱེད་ཚོར་ ་་ལེ་བདའ་་ ཟེར་བའི་ཕ་སྐད་འདི་ངོ་སྤྲོད་བྱེད་ན་འདོད་བྱུང་། ལེ་བདའ་ནི་དོན་དག་ཅིག་མ་བྱུང་བའི་རྗེས་གཅིག་ཁག་གཅིག་ལ་དཀྲི་བ་ལ་ཟེར། མང་པོ་ཞིག་མཉམ་རུབ་ཀྱིས་དོན་ཆེན་གང་ཞིག་སྒྲུབ་པར་འབད་ནས་དོན་དག་དེ་མ་འགྲུབ་པའི་སྐབས་ཕན་ཚུན་ལེ་བདའ་བྱེད་པ་དེ་ཆེས་ཐ་ཆད་དུ་བརྩི། དེ་ནི་དོན་དག་རྗེས་མ་དེའང་མི་འགྲུབ་པའི་སྔ་ལྟས་ལྟ་བུ་བཀྲ་མི་ཤིས་པ་ཞིག་ཏུ་བརྕི་བས་ངའི་ཕ་ཡུལ་དུ་དམག་ཕམ་ནའང་ཕན་ཚུན་ལ་ལེ་བདའ་བྱེད་པའི་སྲོལ་ཆེར་མེད། གཅིག་བྱས་ན་ང་ཚོ་ཚང་མའི་ཕ་ཡུལ་གཅིག་པ་ཡིན་རྒྱུ་རེད།

ཁ་སང་དེ་རིང་ང་ཚོའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་ཤེས་ལྡན་མི་སྣའི་ཁྲོད། གཞན་བཀའ་ཟུར་རྣམ་པའི་ཁྲོད་བཅས་ཕྱོགས་གང་སར་ལེ་བདའ་བྱེད་པའི་ཆམས་ནད་ཅིག་ཁྱབ་ཡོང་གི་ཡོད་པ་མ་ཟད་ཁ་བརྡ་དྲ་ཚང་དུའང་མི་ཁ་ཤས་ལ་ཆམས་ནད་དེ་འགོས་ཡོད་པའི་མངོན་རྟགས་གསལ་པོ་འདུག ད་ཁྱེད་ཚོས་ཨ་ཁུ་འབྲོག་པའི་གཤིས་ཀ་དེ་སྲིད་དོན་ནང་ཁྱེར་ཡོང་གི་འདུག་དགོངས་སྲིད། ཡིན་ན་ཡང་ལེ་མདའ་དང་གཏམ་བརྗོད་རང་དབང་གཉིས་ལ་གོ་བ་ལོགས་སུ་དགར་ནས་ལེན་རོགས་ཞུ།

ང་ཚོས་མི་མང་གིས་འདེམས་པའི་མི་མང་གི་གཞུང་དང་མི་མང་གིས་འདེམས་པའི་མི་མང་གི་སྤྱི་འཐུས་ཞྭ་བཞིན་བཀུར་བར་བྱ། དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར། མ་འདེམས་སྔོན་གཟབ་གཟབ་ཀྱིས་བརྟག་པར་བྱ། ནམ་རྒྱུན་ནས་སྐྱོན་དང་ནོར་འཁྲུལ་ཡོད་ན་ཁ་སངས་པོས་བསྲང་བར་བྱ། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་བས་དོན་དག་གང་ཞིག་མ་སྒྲུབ་སྔོན་རྣམ་དཔྱོད་དང་ལྡན་པའི་ངང་བགྲོ་གླེང་ལྷུག་པོར་བྱ། རྗེས་སུ་ལེ་བདའ་མེད་པར་བྱ། བསམ་བློ་སྔོན་ལ་ཐོངས་ན་མཁས་པ་ཡིན། འགྱོད་པ་རྗེས་སུ་སྐྱེས་ན་གླེན་པ་ཡིན།

རྩོམ་རིག

Post navigation

Previous Post: རྒྱ་རི་ཚང་གི་གྲིབ་ནག
Next Post: བོད་མིའི་མི་ཚེ།

Comments (13) on “གཏམ་དཔེ་ཞིག་གི་གོ་དོན་འཚོལ་བ།”

  1. Gedun says:
    2008-10-02 at 8:08 am

    དཔོན་པོ་ལ་བཀུར་མཁན་ནི་བོད་མི་སྐྱབས་བཅོལ་བ་ཚོ་ལྷག་ཅིག་འཛམ་གླིང་ན་ཨེ་ཡོད། ཡང་བསྐྱར་བོད་མིས་འོས་འདེམས་བྱས་ཚར་བའི་རྗེས་ལ་སྐུ་ངོ་དང་སྐུ་ངོ་ཟེར་ནས་ལྕེ་བསྣར། མགོ་སྒུར་ཏེ་བཀུར་གི་ཡོད། དཔོན་པོ་ལའང་དཔོན་བཟང་དང་དཔོན་ངན་ཡོད། དཔོན་ངན་ལ་བཀུར་ན་ཇེ་ཐུ་རེད་ཡ།
    ཆེད་ལས་ཟེར་བ་དེ་ག་རེ་རེད། ལྟོ་གོས་འཚོལ་བའི་ལས་ཀ་དེ་ལ་ཆེད་ལས་རེད། བོད་ཀྱི་དཔོན་པོ་ཁག་གཅིག་གི་ཆེད་ལས་ནི་དཔོན་པོ་བྱེད་རྒྱུ་དེ་རེད། མི་ཚེ་གཅིག་གི་ཆེད་ལས་ནི་དཔོན་པོ་བྱེད་རྒྱུ་དེ་རེད།
    ངས་ཟམ་གདོང་རིན་པོ་ཆེ་ལས་དཔེ་བཟང་པོ་ཞིག་མཐོང་། བླ་མ་འདིས་དཔོན་འཁྱོལ་བའི་ཉིན་མ་དེ་ནས་བྱ་རྡོ་ཐོག་ནས་འཕུར་བའི་དཔེ་ལྟར་ཡོང་གི་རེད། འདི་འདྲའི་གོམས་གཤིས་ཤིག་ང་ཚོ་ལ་དགོས་གི་འདུག དཔོན་བྱེད་པ་དེ་མི་ཚེའི་ལས་ཀ་བྱས་ནས་བསྡད་ན་ནུས་པ་གསར་པ་དེ་ཐོན་གི་མ་རེད། དུས་ཚོད་དང་བསྟུན་ནས་འཕེལ་དགོས་པའི་ལས་ཀ་དེ་ཚོ་འགྲུབ་ཀྱི་མ་རེད།

  2. བསྟན་འཛིན says:
    2008-10-02 at 10:27 am

    དགེ་འདུན་ལགས་ནས།  ༼བླ་མ་འདིས་དཔོན་འཁྱོལ་བའི་ཉིན་མ་དེ་ནས་བྱ་རྡོ་ཐོག་ནས་འཕུར་བའི་དཔེ་ལྟར་ཡོང་གི་རེད། ༽  ཟེར་བ་འདིའི་ནང་དོན་གསལ་པོ་ཧ་གོ་མ་སོང་། ཁྱེད་ཀྱིས་ཡང་བསྐྱར་འདི་གསལ་འགྲེལ་ཞིག་གནང་རོགས།

  3. གཏམ་བཟང་། says:
    2008-10-02 at 10:48 am

    ང་ལ་གཏམ་དཔེ་”དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར།།” ཟེར་བའི་ནང་དོན་ལ་གོ་བ་གཞན་ཞིག་སླེབས་སོང་། འདི་ནི་དམངས་གཙོ་མེད་པའི་སྤྱི་ཚོགས་ནང་ལ་དཔོན་ལ་སྐྱོན་བརྗོད་བྱས་ན་རང་སྲོག་ལ་ཉེན་ཁ་ཆེ་ཤོས་དེ་ཡིན། དེར་རྟེན་རང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཆེད། རང་གི་དཔོན་པོའི་བྱ་སྤྱོད་ལ་ཞེན་པ་ལོག་ཀྱང་། སྤྱི་ཚོགས་ནང་ལ་ཁོང་གི་བཀའ་ཟེར་ནས་གོང་དུ་བཀུར་ཚུལ་བཟུང་ནས། ངོ་དགའ་སྤྲེལ་ལད་འཁྲབ་ནས། རང་སྲུང་བྱེད་དགོས་པའི་དོན་མིན་ནམ་ྙམ། གཏམ་དེ་རྒྱ་དང་ཡོ་རོབ་ཀྱི་སྒྲུང་དང་གཏམ་དཔེའི་ནང་ཁ་ཤས་འདུག 

    དཔེར་ན། རྒྱ་ནག་གོང་མའི་སྐབས་ཀྱི་བློན་ཆེན་ཚོས། སྐད་ཆ་གང་བཤད་ནའང་ྔོན་ལ་གོང་མ་ལ་བསྟོད་པ་དང་བཀའ་དྲིན་གསོ་བའི་ཚིག་ཞིག་གིས་གཏམ་མགོ་འཛུགས་སྲོལ་འདུག ཡིན་ནའི་བློན་པོ་ཚོས་གླེང་བར་བྱ་བའི་དོན་ནི་རྒྱལ་པོའི་བཀའ་འགའ་ཤས་ལ་སྒྱུར་བ་གཏོང་དགོས་པའི་ནང་དོན་ཡོད།

    བོད་གཞུང་གི་དཔོན་པོ་ཚོའི་གསུངས་བཤད་ནང་ལའང་དང་པོ་རྒྱལ་བ་རིན་པོ་ཆེའི་བཀའ་འདྲིན་ཟེར་ནས་བསྟོད་པ་ཞིག་གཏོང་གི་འདུག དོན་དངོས་ལ་ཁོང་ཚོས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དེ་ལག་ལེན་གཏོང་གི་མེད་ལ་འཚམས་རེ་དེ་ལ་ངོ་རྒོལ་ཡང་ཡོད་ཚོད། ཡིན་ནའི་ཁ་ནས་རྒྱལ་བ་རིན་པོ་ཆེ་ཟེར་ནས་གུས་གུས་ཞུམ་ཞུམ་བྱེད་ཀྱི་འདུག

    དེར་རྟེན་གོང་གི་གཏམ་དཔེ་དེས་དབང་སྒྱུར་བ་ཚོའི་བྱ་སྤྱོད་ལསྐྱུག་དམན་ལངས་ཀྱང་། ཁོང་ཚོའི་མིང་གྲགས་ཁ་ལ་འཁྱེར་ནས་བྱ་བ་སྒྲུབ་དགོས་ཟེར་བའི་ནང་དོན་མེད་དམ། 

  4. Gedun says:
    2008-10-02 at 1:11 pm

    ཟམ་གདོང་བླ་མས་བཀའ་བློན་ལས་ཡུན་འཁྱོལ་བའི་ཉིན་མོ་དེ་ལ། སླར་ཡང་དབང་ཆ་ལ་འཇུ་བ་དང་། རང་གི་ཤུགས་རྐྱེན་མུ་མཐུད་ནས་གནས་ཐབས་བྱེད་པ། གཞུང་གི་ལས་ཁུངས་སམ་ཡང་ལ་ཚོགས་པ་ཞིག་བདག་འཛིན་བྱེད་པ་དེ་འདྲ་ཡོང་གི་མ་རེད་ཟེར་གི་ཡོད། རིན་ཆེན་ཐར་ལོས་དོན་གཅོད་ཀྱི་ལས་ཀ་འཁྱོལ་ནས་ཐེབས་རྩ་ལ་འཇུས་པ་རེད། སྐལ་བཟང་ཡེ་ཤེས་བཀའ་བློན་འཁྱོལ་ནས་ནོར་གླིང་ལ་འཇུས་པ་རེད། པད་མ་རྒྱལ་པོ་དོན་གཅོད་འཁྱོལ་ནས་དོན་ཁང་ལ་འཇུས་པ་རེད། འདིའི་གྲས་འདི་ནི་མ་རབས་ཀྱི་བྱ་སྤྱོད་རེད། ཟམ་གདོང་བླ་མས་དེ་འདྲ་གནང་གི་མ་རེད།

  5. བོད་པ་ says:
    2008-10-02 at 3:37 pm

    འགོད་བྲོ་བའི་སྐད་ཆ་དག་དག ཀློའུ་རྒན་ལུག་འདྲ་དག་དག་མིན་ནམ། གཞུང་འབྲེལ་གྱི་ལས་ཀ་ལས་འཁྱོལ་རྗེས་སྒེར་ངོས་ནས་ལས་ཀ་ལས་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། ཨ་རིའི་སྲིད་འཛིན་ཟུར་བ་འཇི་མེ་ཁ་ཊ་དང་ཁུ་ལེན་ཏིན་སོགས་་ཀྱིས་ཡང་ཐེབས་རྩ་ཁང་བཙུགས་ནས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་བཞིན་འདུག་ག མུ་འཐུད་ནས་སྤྱི་ཚོགས་ཐོག་རང་གི་ཤུགས་རྐྱེན་སྤེལ་ན་དེ་ཁྲིམས་མཐུན་དང་ལས་དོན་བཟང་པོ་ཞིག་རེད།

  6. ལྕགས་རྒྱ་འགྲམ་ནག says:
    2008-10-02 at 6:09 pm

    གཞུང་དང་སྤྱི་འཐུས་ཞྭ་བཞིན་བཀུར་བར་བྱ། དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར།ཞེས་པ་འདི་ལས་སྤྱི་འཐུས་ཞྭ་བཞིན་བཀུར་ཟེར་བ་དེ་ག་རེ་ཟེར་གྱི་ཡོད་རེད། ཡག་པོ་མེད་ན་ཡག་པོ་མི་འདུག་ཅེས་རྒྱུ་མཚན་བཤད་ན་དེ་བརྩི་བཀུར་མ་བྱས་པ་ལ་བརྩི་རྒྱུ་ཡིན་ནམ།

    ང་ཚོས་བཀའ་བློན་དང་སྤྱི་འཐུས་ཚོའི་ལངས་ཕྱོགས་ཀྱི་ཐོག་ནས་བརྩི་བཀུར་དང་རྒྱབ་སྐྱོར། ཡིད་ཆེས་བཅས་སྟོན་རྒྱུ་མ་གཏོགས། གང་ཟག་ལ་ལྟོས་ཏེ་བརྩི་བཀུར་བྱེད་དགོས་ཟེར་ན་དེ་དཀའ་མོ་རེད། དཔེར་ན། ང་ལ་མཚོན་ན་ཟམ་གདོང་རིན་པོ་ཆེ་ཡི་དཔལ་འབྱོར་བཅོས་སྒྱུར་གྱིས་མཚོན་པའི་སྲིད་ཇུས་ཁག་ཅིག་ལ་རྒྱབ་སྐྱོར་དང་ཡིད་ཆེས། བརྩི་བཀུར་ཆེན་པོ་ཡོད། ཡིན་ནའང་ཁོང་གིས་ད་ལོ་ཟས་བཅད་སྨྱུང་གནས་ཀྱི་སྐབས་སུ་ང་ཚོས་ད་བར་དུ་ཡིད་ངག་གི་འཚེ་བ་གཏན་དུ་སྤོངས་མ་ཐུབ་པའི་དབང་གིས། ང་ཚོར་བྱང་འཕགས་སོགས་ཀྱི་གོ་འཕང་ཐོབ་མ་ཐུབ་པ་རེད་ལ། བྱང་འཕགས་ལྟ་བུའི་གོ་འཕང་ཤིག་ཐོབ་པའི་རྗེས་ལ་མ་གཏོགས། བོད་དོན་འཐབ་རྩོད་ལ་དོན་དམ་གྱི་གྲུབ་འབྲས་ཤིག་ཐོབ་མི་སྲིད་ཅེས་བཤད་པ་འདི་དངོས་ཡོད་དང་འཚམས་པའི་སྐད་ཆ་ཞིག་མིན་པས་འདི་ལ་རྒྱབ་སྐྱོར་བྱེད་མི་ཐུབ་པར། དེ་ལས་ལྡོག་སྟེ་ངོ་རྒོལ་ཡོད། སྐད་ཆ་འདི་བརྩི་མི་ཐུབ་པའི་ཐོག་ནས་ཟམ་གདོང་བླ་མའི་ལྟ་གྲུབ་གཞན་ཡང་བརྩི་མི་ཐུབ་པ་དེ་འདྲ་མ་རེད། རང་གི་མཐོང་ཚོད་ཤེས་ཚོད་ཀྱིས་དགེ་སྐྱོན་ལ་བརྟག་སྟེ་དགེ་འདོན་སྐྱོན་སེལ་བྱེད་པ་ནི་ཆོས་འཇིག་རྟེན་གང་གི་བཟང་སྤྱོད་ལ་འགལ་ཡོད་པ་ཞིག་ཏུ་མཐོང་གི་མི་འདུག

    གཡང་སྐྱབས་རྒྱལ་གྱིས་བཤད་པ་ལྟར། ཚེ་གང་བོར་དཔོན་པོ་བྱས་ནས་འདུག་ས་ཡོད་པ་མ་རེད། བོད་ཀྱི་མང་གཙོའི་ཆེད་དུ་རྒྱལ་བ་རིན་པོ་ཆེ་ཡིས་རང་གི་སྐུ་དབང་ལ་འགྱུར་བ་གཏོང་རྒྱུ་ཡིན་ཟེར་ས་ཞིག་ན། བཀའ་ཟུར་དེ་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད་པ་རེད། ཟམ་གདོང་བླ་མའི་བཀའ་དྲིན་རེད་མ་གཏོགས། རྒྱ་རི་འདིས་བོད་ཀྱི་མང་གཙོའི་ལམ་སྲོལ་ལ་ད་ལྟ་ལས་ལྷག་གི་ཁྱད་གསོད་དང་རྡོག་རོལ་གཏོང་རྒྱུར་ཐེ་ཚོམ་མེད་པ་ཞིག་རེད། བོད་གཞུང་མི་བརྩི་མཁན་གཏེ་བོ་ནི་རྒྱ་རི་ཡིན་པ་འཇམ་ནོར་གྱིས་དཔེ་མཚོན་དང་བཅས་གསལ་བོར་བཤད་ཡོད་ལ། དབྱིན་རྩོམ་དེ་རྙེད་ན་རྗེས་ནས་ཁ་བརྡའི་ཐོག་ངོ་སྤྲོད་བྱེད་ངེས། ཟམ་གདོང་བླ་མའི་གང་ཟག་གི་དབང་སྒྱུར་དང་ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་ཚིག་དེའང་རྒྱ་རི་ལྟ་བུའི་དབང་ཤེད་ཅན་ཚོའི་གཉའ་ཕབ་སྟེ་མང་གཙོའི་ལམ་སྲོལ་ཚགས་ཚུད་གཏོང་རྒྱུའི་ཆེད་དུ་བཤད་པ་ཞིག་མིན་ནམ་སྙམ།

  7. kunchok says:
    2008-10-02 at 8:22 pm

    ད་ཡིན་ན་ཁ་གདངས་ཤེས་མི་ཤེས་གཉིས་ཀའི་སྐད་ཆ་བཤད་ཀི་འདུག བོད་དོན་བཤད་ཀི་འདུག ཐོབ་ཐང་བཤད་ཀི་འདུག རྩ་དོན་བཤད་ཀི་འདུག འཕྱ་སྨོད་བྱེད་ཀི་འདུག ཡིན་ནའང་བློ་ཕངས་པ་ཞིག་ལ་དངོས་ཡོད་བཤད་མཁན་ཉུང་ཉུང་རེད་ལ། གཞིས་བྱེས་མི་མང་གི་སེམས་ཤུགས་ལ་གཏོར་བརླག་གཏོང་བའི་མི་ཤེས་ཤེས་མདོག་གིས་ཁ་བརྡར་མཁན་གྱི་འཕེལ་ཁ་ཇེ་མགྱོགས་རེད། ལྷག་པར་ཏུ་གཟབ་དགོས་པ་ཞིག་ལ་རང་རེའི་གཉན་འཕྲང་གི་དུས་འདིར་འགོང་བོ་རེ་གཉིས་ཀྱི་ངན་སེམས་དང་འཆར་གཞི་གཞན་ཡང་འཐེན་མི་སྲིད་པ་མ་རེད། དཔེར་ན། ནོར་ལྷ་ལྟ་བུ་རེད། བོད་གཞུང་འདི་བོད་མི་མང་གི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པར་ཡང་ངོས་ལེན་མི་བྱེད་བཞིན་དུ་བོད་དོན་བཤད་ཁུལ་དང་། རང་རེའི་གནད་ཡོད་མི་སྣ་གང་ན་སུ་ཡོད་ཐམས་ཅད་ལ་དངོས་ཡོད་དང་མི་མཐུན་པའི་སྐུར་འདེབས་བྱེད་སྟངས་འདིའི་ཕུག་གི་འཆར་གཞི་ཇི་ཡིན་གསལ་བོ་རེད། ངས་ནི་ནམ་ཡིན་རུང་འགྲམ་ནག་དང་དགེ་འདུན་གྲངས་འདི་ཡི་གནས་ལུགས་ཡོད་པའི་སྐད་ཆ་རེ་བཤད་ཡོང་དྲན་ནས་བསྡད་ཡོད། ད་ཡིན་ན་འདི་དག་གིས་ཀྱང་འདྲེ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་འཕེན་གིན་མི་འདུག་གམ། །

  8. མེ་རི says:
    2008-10-02 at 8:50 pm

    དཀོན་མཆོན།
    ཁྱོད་ལ་དགོས་བ་ནི་སྟོད་པ་རྐྱང་རྐྱང་རེད། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཞེས་དགོད་བྲོ་བའི་ལམ་ལུགས་དེ་ཡང་གཅིག་ཐོག་ལ་གཉིས་བཏེགས་ནས་སྟོད་གླུ་རྐྱང་རྐྱང་བླངས། དངོས་ཡོད་ལས་བརྒལ་བའི་འགྲེལ་བརྗོད་མང་དག་ཅིག་བྱས། ཁྱད་མཚར་བོ་བཤད། མཁྱེན་པ་ཡོད་ཚད། གྲུབ་རྟགས་བསྟན་ཚུལ། མི་ནས་ལྷ་རུ་བཟོས། ཐ་མར་ཟས་ལྷག་འཐུང་ལྷག་བྱིན་རླབས་སུ་རློམ་ནས་རེག་པར་རྩོད་པ་རྒྱབ། ཁོང་ཚོས་གཅིན་པ་འཐུང་དགོས་བ་ཞིག་ཏུ་གྱུར། ད་སྤྲུལ་སྐུ་ལམས་ལུགས་འདི་ཅི་འདྲ་ཞིག་ཏུ་གྱུར་འདུག
    དངོས་ཡོད་ཀྱི་སྐད་ཆ་བཤད་དགོས་པར་སྙམ།

  9. མགོན་པོ་ཕྱག་གཉིས་པ། says:
    2008-10-02 at 9:06 pm

    དམངས་གཙོའི་རྒྱལ་ཁབ་ཅིག་ནང་གཏམ་བརྗོད་རང་དབང་ཟེར་བ་འདི་རྩ་འགངས་ཆེན་པོ་ཞིག་ཡིན་པ་རེད། ང་ཚོས་རྩ་ཆེ་བའི་དངོས་པོ་དེ་བེད་སྤྱོད་གཏོང་ཤེས་རྒྱུ་ནི་དེ་ལས་ཀྱང་གལ་འགངས་ཆེ། མགོ་མ་ཚོས་པར་སྐྱོན་བརྗོད་བྱེད་པ། མགོ་ཟུར་ཙམ་མ་གཏོགས་མ་ཚོས་པར་སྐྱོན་བརྗོད་བྱེད་པ། མགོ་ཕྱེད་ཀ་མ་གཏོགས་མ་ཚོས་པར་སྐྱོན་བརྗོད་བྱེད་པ། མགོ་ཚོས་ལ་མ་ཚོས་ཀྱིས་སྐྱོན་བརྗོད་བྱེད་པ་བཅས་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་ཕན་ཐོགས་མེད་པའི་དོན་དག་ཅིག་ལས་འདས་ཏེ་ཧ་ཅང་ཉེན་ཁ་ཆེ་ཞིང་ཀུན་གྱིས་འཛེམས་དགོས་པ་ཞིག་རེད། རྒྱུ་མཚན་དང་ལྡན་པའི་སྐྱོན་བརྗོད་ནི་ངེས་པར་དགོས་ངེས་ཤིག་སྟེ་རླངས་འཁོར་ཤིག་ལ་མཚོན་ན་དེ་འཁོར་བྱེད་ཀྱི་སྣུམ་ལྟ་བུ་ཡིན།
    འཇམ་དབྱངས་ནོར་བུ་ལ་མཚོན་ན་ང་ལ་ཆ་རྒྱུས་ཞེ་དྲག་ཡོད། བོད་གཞུང་ལ་སྐྱོན་བརྗོད་བྱེད་པ་དེ་ཁོ་རང་གི་ཆེད་ལས་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་། དེ་ཡག་ག་ཞིག་མིན་ན་ཡང་སྡུག་པ་ཞིག་ཏུ་ངས་མཐོང་གི་མེད། མཚམས་རེར་ཁོ་རང་གི་རང་གཤིས་ཤིག་ཡིན་ནམ་གང་ཞིག་གིས་བཀྱག་ནས་རྒྱུ་མཚན་ལ་འགོམ་ཡུག་བྱས་ཏེ་མཆོངས་འགྲོ་གི་ཡོད་པ་དེ་ངས་འདིར་བཤད་འདོད་བྱུང་ལ། དེས་ཁོ་རང་མར་ལ་འདྲུད་ཀྱི་ཡོད་པའི་ཚོར་སྣང་ཞིག་ང་ལ་ཡང་ཡང་སྐྱེ་གི་ཡོད། སྐད་ཆ་བརྟག་ནས་ཤོད། རྩམ་པ་བལྡད་ནས་མིད། མ་བརྟག་གཡམ་རྒྱུགས་མ་བྱེད།
    གོང་གསལ་གྱི་ལྕགས་རྒྱ་འགྲམ་ནག་གིས་ཟམ་གདོང་རིན་པོ་ཆེས་བྱང་འཕགས་ལྟ་བུའི་གོ་འཕང་ཤིག་ཐོབ་པའི་རྗེས་ལ་མ་གཏོགས། བོད་དོན་འཐབ་རྩོད་ལ་དོན་དམ་གྱི་གྲུབ་འབྲས་ཤིག་ཐོབ་མི་སྲིད་ཅེས་བཤད་པར་སྐྱོན་བརྗོད་བྱེད་པ་འདི་ལྟ་བུ་ཡིན་ན། གཅིག་བྱས་ན་ཟམ་གདོང་རིན་པོ་ཆེ་ལ་ཡང་དེ་ལ་རྒྱུ་མཚན་ཞིག་ཡོད་མདོག་ཁ་པོ་རེད་དེ་སྐྱོན་བརྗོད་བྱེད་མཁན་གྱི་ངོས་ནས་ཀྱང་དེ་ལ་རྒྱུ་མཚན་ཞིག་དང་སྐྱོན་བརྗོད་ལ་དམིགས་ས་ཞིག་ཡོད་པ་རེད་བསམ། མ་གཞི་སྔོན་མ་ཞིག་ལ་ཡང་ཟམ་གདོང་རིན་པོ་ཆེས་དེ་འདྲ་ཞིག་གསུངས་པ་རེད། འཚེ་བ་གཏན་ཏུ་སྤངས་ཐུབ་ན་ཉིན་བདུན་ནང་རང་བཙན་རེག་འགྲོ་བ་ལྟ་བུ་ཞིག་གསུངས་པ་དྲན་གྱི་འདུག ཞིང་འབྲོག་གི་ལས་ཀ་ཚང་མ་འཚེ་བ་དང་འབྲེལ་ཡོད་པའི་སྐོར་གྱི་དྲིས་བ་དྲིས་སྐབས། འབྱུང་འགྱུར་ཞིང་ནམ་མཁར་འདེབས་ཆོག་པ་ལྟ་བུ་ཞིག་གསུངས་པ་རེད། འདི་ལྟ་བུ་ཡིན་ན་དངོས་གནས། རྒྱ་གཞུང་གིས་གུང་ཁྲན་རིང་ལུགས་མངོན་འགྱུར་ཟེར་ནས་དག་ཞིང་ལྟ་བུ་ཞིག་གླེང་ཡོང་བ་དེ་དང་གཅིག་མཚུངས་སུ་འདུག གཅིག་བྱས་ན་དེའི་སྐབས་ཁོ་ལ་དག་སྣང་ཞིག་འཁྲུངས་ནས་བོད་མི་མང་རྣམས་དགའ་སྡུག་ཆགས་སྡང་གིས་གྲུབ་པའི་མི་རིགས་ཤིག་ཡིན་པ་དེ་རྦད་དེ་བརྗེད་པ་ཡིན་སྲིད།
    གཏམ་ཐུང་ཐུང་འདི། ཁ་ལ་ཉི་མ་ཤར་ནས་གཞན་ལ་སྐྱོན་བརྗོད་འདོད་རྒུར་བྱེད་མཁན་རེ་ཟུང་ལ་བསམ་ཚུལ་ཙམ་སྨྲས་པ་ཡིན།

  10. kunchok says:
    2008-10-02 at 9:43 pm

    མེ་རི། ཁྱོད་འོང་བ་ལེགས། ང་དཀོན་མཆོན་མིན། དཀོན་མཆོག་ཡིན། ང་ལ་དགོས་པ་ནི་བོད་ཆོལ་ཁ་གསུམ་ཡིན་པ་ལས་སྟོད་པ་གཅིག་བུ་མིན་པའང་ཁྱོད་ཀྱིས་མ་ཤེས་པར་གང་བྱུང་བཤད་པ་ཐབས་སྡུག་རེད། ཁྱོད་ཀྱིས་སྐད་ཆ་བཤད་སྟངས་ལ་བལྟས་ན་བོད་མིའི་འདུ་ཤེས་བཟུང་སྟངས་དང་བསམ་བློའི་འཁྱེར་ཕྱོགས་ལ་ངན་བཤད་ཅིག་བྱས་ན་འདོད་ཀྱི་ཡོད་པ་གསལ་བོ་རེད། བོད་མི་སུས་སུའི་གཅིན་པ་འཐུང་བ་རེད། སུས་སུའི་བཙོག་པ་འགམ་པ་རེད། ཁྱོད་ལ་ཁུངས་ལུང་གསལ་བོ་བཤད་ཡ་ཨེ་ཡོད། མེད་ན་འདིའི་གྲངས་འདི་བོད་མི་རིགས་ལ་མཐོང་ཆུང་མིན་ན་དངོས་ཡོད་དང་འགལ་བའི་འགན་མེད་པའི་ལོགས་བཤད་ཅི་ལ་མིན། མེ་རི་གཙོའི་ནང་མི་ཉུང་ཤས་ཀྱིས་གུང་ཁྲན་གྱིས་རང་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཇི་ལྟར་བྱས་པ་བཞིན་ད་ཡང་འདིའི་གྲངས་ཀྱིས་དེ་དེ་བཞིན་བྱེད་གྲབས་འདུག་ན་བསམ་ཡོད་རྣམ་པའི་ཐུགས་མཉམ་འཇོག་རོགས།།

  11. ལྕགས་རྒྱ་འགྲམ་ནག says:
    2008-10-03 at 7:38 am

    བཀའ་བློན་དང་སྤྱི་འཐུས་ཞྭ་བཞིན་བཀུར་ཟེར་བ་དེར་ངའི་ངོས་ནས་རྒྱུ་མཚན་དང་གནས་ལུགས་མཐོང་གི་མི་འདུག
    ང་ལ་འདིའི་ཐོག་ལ་དཔེ་མཚོན་མང་པོ་བཤད་རྒྱུ་ཡོད་པའི་གཅིག་ནི། ད་ལྟའི་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱི་ཐོག་ལ་ཡིན། སྔར་སྤེན་ནོར་རིན་པོ་ཆེས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་
    Steven Seagal སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བྱས་པའི་གནས་ཚུལ་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་དུ་ཐོན་པ་ན། ངས་ཁོང་ནི་སྐབས་དེར་རྙིང་མའི་སྤྱི་འཐུས་རྒྱུན་ལས་ཡིན་པའི་ཆ་ནས་དེའི་སྐོར་ལ་བརྩད་གཅོད་ཅིག་བྱས་པ་ཡིན། ཁོས་དེའི་སྐོར་ལ་གསལ་བཤད་བྱེད་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་ངའི་ཁ་འགོག་ཐབས་ཀྱི་འབད་བརྩོན་བྱས་སོང་། འཛམ་གླིང་དུ་ཁྱབ་པའི་གནས་ཚུལ་ཞིག་རང་གི་སྤྱི་ཚོགས་ཁྲོད་དུ་འགོག་ཐབས་བྱེད་པ་འདི་རྒྱ་ནག་གཞུང་གི་བྱེད་སྟངས་དང་གཅིག་པ་རེད། དེ་ནས་དབུས་གཙང་སྤྱི་འཐུས་པད་མ་ཚེ་དབང་རེད། ཁོས་སྤྱི་འཐུས་ཚོགས་འདུ་ནས་དགོངས་པ་ཞུས་ཏེ་མ་ཇང་བརྒྱབ་བསྡད་པ་རེད། འདི་བོད་གཞུང་ཁྲིམས་ཁང་དུ་སླེབས་པའི་ཁ་མཆུ་ཞིག་རེད། ངས་རྟོག་བཟོ་བྱས་པ་ནི་མིན། བཟང་ལ་བཟང་ལན་དང་། ངན་ལ་ཆད་པ་མེད་ན་དེ་བཅའ་ཁྲིམས་རྩ་ཁྲིམས་ཕར་ཞོག་རྒྱུ་འབྲས་དང་མཐུན་པ་ཞིག་མ་རེད། རང་སྐྱོན་ཤེས་ན་སངས་རྒྱས་ཡིན་ཟེར་བ་ལྟར། རང་སྐྱོང་ནི་འགེབས་རྒྱུ་ཞིག་མ་རེད། དེ་བཤད་ནས་བཅོས་རྒྱུ་ཞིག་རེད།

    ང་ཚོས་སྐད་ཆ་མང་པོ་ཞིག་མགོ་མ་ཚོད་ནས་བཤད་ཀྱི་ཡོད་པའང་བདེན་པ་རེད། ཡིན་ནའང་ང་ཚོར་གཞུང་གི་གནས་ཚུལ་མགོ་ཚོད་རྒྱུའི་ལམ་ཁ་ག་རེ་འདུག བཟོ་ལས་ཡར་ཐོན་གྱི་རྒྱལ་ཁབ་དེ་དག་ཏུ་གསར་འགོད་པ་ཚོས་གཞུང་དམངས་ཀྱི་བར་དུ་གོ་བརྡ་སྤྲོད་ཀྱི་ཡོད་མོད། ཡིན་ནའང་ང་ཚོའི་གསར་འགྱུར་བརྒྱུད་ལམ་གྱིས་ནུས་པ་འདི་ཐོན་ཐུབ་ཀྱི་མེད། ཟམ་གདོང་རིན་པོ་ཆེ་ནི་མང་གཙོའི་གཏམ་བཤད་རང་དབང་ལ་བརྩི་མཐོང་ཆེ་མོད། ཡིན་ནའང་གསར་འགོད་པ་ཚོ་ཛ་དྲག་ཚོགས་འདུའི་མགོ་སྔ་གཉིས་ཀྱི་མཛད་སྒོ་ལ་མ་གཏོགས་ཡོང་མི་ཆོག་པ་བཟོས་སོང་། རྒྱ་ལོ་དོན་འགྲུབ་ཀྱི་ཐོག་ནས་མང་གཙོའི་གཤིས་ཀ་ཞིག་མཐོང་མ་མྱོང་མོད། ཡིན་ནའང་ཁོང་གིས་ཛ་དྲག་ཚོགས་འདུའི་ཐོག་ལ་སུ་ཞུགས་ཆོག་མིན་ལ་གུ་ཡངས་དགོངས་དཀྱེལ་གྱི་བསམ་ཚུལ་བསྟན་སོང་། དེར་བརྟེན། ང་ཚོས་ཆོས་ལ་རྟོན་རྒྱུ་མ་གཏོགས། གང་ཟག་ལ་ལྟོས་ནས་སྐྱོན་བརྗོད་བྱེད་མི་རུང་བ་འདི་ལྟར་རེད།

    བོད་དུ་ང་ཚོའི་ཁ་ལྕེ་རྒྱ་གཞུང་གིས་བསྡམས་པ་རེད། བཙན་བྱོལ་དུ་རྩོམ་སྒྲིག་པ་ཚོས་སྟངས་འཛིན་བྱས་པ་རེད། ཡིན་ནའང་ད་ཆ་སྟབས་ལེགས་ནས་ཚན་རིག་ལག་རྩལ་གྱིས་ང་ཚོ་ལ་ཁ་དབང་སྤྲད་སོང་། ང་ཚོ་ལ་དྲ་ངོས་ནས་སྲིད་ཞུགས་སྲིད་གླེང་བྱེད་རྒྱུའི་རང་དབང་འཐོབ་སོང་། ཡིན་ནའང་ཁ་ཤས་ཀྱིས་ཡ་རབས་བཟང་སྤྱོད་ཁ་ལ་འཁྱེར་ནས་ང་ཚོ་འབུར་འཇོམས་གཏོང་རྩིས་བྱེད་ཀྱི་འདུག དེ་འདྲ་མ་གནང་རོགས། འབངས་མི་ཚོའང་སྙིང་རྗེ། ན་ས་དེ་ལོས་གླེང་། གཟེར་ས་དེར་ལོས་རེག

    ང་ཚོས་འདིར་གང་ཟག་སྒེར་གྱི་བསམ་ཚུལ་བཤད་ཀྱི་ཡོད་པ་མ་གཏོགས། བོད་གཞུང་གི་སྲིད་ཇུས་བཟོ་གི་ཡོད་མ་རེད། ང་ཚོ་སྤྱི་འཐུས་མིན། ང་ཚོ་བཀའ་ཟུར་མིན། ང་ཚོ་འབངས་མི་ཡིན། གཞུང་འབངས་གཉིས་ཀྱི་ས་མཚམས་གསལ་བོར་འབྱེད་རོགས། མེ་རི་དང་ནོར་ལྷ་གཉིས་བཏང་སྙོམས་སུ་བཞག་ཆོག ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་། མགོ་ནག་མིའི་རྣམ་འགྱུར་ལོས་ཤེས། ཁོང་གཉིས་འདིར་ཆེད་དུ་གཏོར་བཤིག་གཏོང་དུ་ཡོང་བ་རེད།

  12. ལྕགས་རྒྱ་འགྲམ་ནག says:
    2008-10-03 at 11:13 am

    ཁ་གསབ།
    ང་འཇམ་ནོར་ལ་རྒྱུས་མེད། ཁོང་ནི་རྩོམ་པ་པོ་ཞིག་རེད། ཁོང་གིས་ཧ་ལས་ན་ཁྱེད་ཀྱིས་བཤད་པ་ལྟར་རྒྱུ་མཚན་གྱིས་མི་འདེང་བའི་རྩོམ་ཡིག་ཁ་ཚ་བོ་ཅིག་བྲིས་ཏེ་མི་སེམས་ལ་ཕོག་ཐུག་གཏོང་གི་རེད། དེ་ལས་ལྷག་རྩོམ་པ་པོ་ཞིག་གི་ཤུགས་རྐྱེན་གྱིས་ཅི་ལྕོགས་སམ། རྒྱ་རི་སོགས་ཀྱིས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ཤེས་ཉན་ཤེས་མ་བྱས་ཚེ། དེས་བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་གནོད་ཀྱི་རེད། རྒྱ་རི་ནི་ ༥༡ སྐབས་ཀྱི་ང་ཕོད་ལྟར་འདིས་བོད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་བར་ཤུགས་རྐྱེན་ཆེ་བས་འཇམ་ནོར་དང་རྒྱ་རི་གཉིས་བསྡུར་ན་རྒྱ་རི་ནི་ང་ཚོའི་སྐྱིད་སྡུག་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཞིག་ཡིན་པས། ང་ཚོས་རྒྱ་རི་ལ་དོ་སྣང་དང་ལྟ་རྟོག གཟེངས་བསྟོད་དང་སྐྱོན་བརྗོད་བཅས་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་ཡོད། བརྩི་བཀུར་བྱེད་དགོས་མིན་ནི་གནད་དོན་ཞིག་མ་རེད། རྒྱ་རི་ཡིས་མང་ཚོགས་ཀྱི་ཡིད་ཆེས་འདྲོངས་པར་གྱུར་ན་ཁོ་ལ་སུས་བརྩི་བཀུར་མི་བྱེད་དམ། སྤྱི་འཐུས་དང་བཀའ་བློན་གཞན་པ་ཚོའང་དེ་བཞིན་རེད།

  13. མགོན་པོ་ཕྱག་གཉིས་པ། says:
    2008-10-03 at 3:15 pm

    བརྩི་བཀུར་བྱེད་དགོས་མིན་དེ་གནད་དོན་ཞིག་ལོས་ཡིན། ལྕགས་རྒྱ་འགྲམ་ནག་འདི་ཅི་འདྲའི་མི་སྙིང་ཁམས་ཆེན་པོ་ཞིག་རེད། ང་ཚོས་ཁོང་ལ་ལྕེ་ལེ་གནར། མགོ་འཕྲུག ཞེ་ས་བྱས་ཡག་པོ་མ་བཀུར་ན། གལ་སྲིད་ཁོ་ཁོང་ཁྲོ་ཞིག་ཟ་བ་ཡིན་ན། ཁོས་ས་རྟགས་རྒྱགས་ཐེངས་གཅིག་གིས་བོད་རྒྱ་མིར་བཙོང་བཞག་ན་ད་ཅི་བྱེད། དེ་ནས་རྒྱལ་བ་རིན་པོ་ཆེ་ཡང་ཧང་སངས། བོད་མི་ཚང་མ་ཧང་སངས་ཏེ་གཅིག་གཅིག་ལ་མིག་ཅེར་སྡོད་པ་ལས་ཐབས་མེད། ཁོ་ལ་ཕལ་ཆེར་རྒྱ་ནག་གི་བློན་ཆེན་ཞིག་གི་གོ་གནས་རེག་གི་རེད།
    ད་མ་གཞི་རྫོགས་རྒྱུ་མེད་པའི་རྙོག་དྲ་ཚ་བོའི་བོད་དོན་དེ་བསྡུ་གསོག་བརྒྱབ་པ་ཡིན་ན་ཡང་མ་འགྲིགས་པ་མི་འདུག རང་གཞན་ཚང་མའི་སེམས་ཁྲལ་ཐལ་བ་ཞིག་ཉུང་དུ་ཕྱིན་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme