Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་དར་བསྒྲེངས་པའི་སྔ་རྗེས།

Posted on 2014-08-132014-08-13 By ཁ་བརྡ་ 3 Comments on རྒྱལ་དར་བསྒྲེངས་པའི་སྔ་རྗེས།

བསྟན་འཛིན་འཇམ་དཔལ་གྱིས་མཚམས་སྦྱོར་བྱས།

ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱིས་བརྩམས་པའི་༼རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས༽ ཞེས་པའི་དཔེ་དེབ་ཅིག་པར་བསྐྲུན་འགྲེམས་སྤེལ་བྱས་འདུག

དེ་རིང་ཚེས་ ༡༣ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་གིས། ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱི་རང་དབང་རྩོད་ལེན་འོག་མནར་གཅོད་མྱངས་པའི་གནས་སྟངས། ༼རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས༽ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག

དཔེ་དེབ་འདི་ནི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱིས་བརྩམས་པ་དང་། དེབ་དེའི་ནང་རྩོམ་པ་པོ་ཁོང་གིས་ཞི་བའི་ལམ་ནས་རང་དབང་རྩོད་ལེན་བྱས་རྗེས། རྒྱ་གཞུང་གིས་འཇུ་བཟུང་བཀག་བསྐྱིལ་དང་གཅར་རྡུང་འདྲི་གཅོད་བྱས་པའི་བརྒྱུད་རིམ་དང་། རང་ཡུལ་དུ་འདུག་བཟོད་བྲལ་ཏེ་རྒྱ་གར་དུ་བྲོས་བྱོལ་བྱས་པའི་ལམ་སྐབས་ཀྱི་དཀའ་སྡུག རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་འོག བོད་མི་དཀྱུས་མ་ཞིག་གི་མྱངས་བའི་དཀའ་སྡུག་གི་མི་ཚེ་ལོ་རྒྱུས་བྲིས་ཡོད་འདུག

photo221

ད་དུང་ཁོང་གི་དཔེ་དེབ་ནང་། ༡༩༥༩ ལོ་ནས་ད་བར་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དབང་སྒྱུར་དང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་ས་ཡོངས་སུ་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་རྩ་གཏོར་དང་། བོད་མིའི་ཆོས་དད་དང་འགྲོ་བསྐྱོད། གཏམ་བརྗོད། འདུ་འཛོམས་རང་དབང་སོགས་ཀྱིས་མཚོན་པའི་འགྲོ་བ་<མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་བཏང་སྟེ། བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མི་རིགས་ཀྱི་བདག་དབང་རྩོད་ལེན་ཆེད་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་འཐབ་རྩོད་རབ་དང་རིམ་པ་གནང་དང་གནང་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་བཀོད་ཡོད་འདུག

ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ནི། ཕྱི་ལོ་ ༡༩༦༩ ལོར་རྨ་ལྷོ་རེབ་གོང་རྒྱལ་པོ་རླངས་ཚང་གི་རོང་སྡེའི་ནང་ཚན་ཕ་ལུང་སྡེ་བའི་ཕ་འཕགས་པ་སྐྱབས་དང་མ་མཁའ་མོ་བྱམས་གཉིས་ཀྱི་ཁྱིམ་དུ་སྐྱེས་པ་དང་། རང་ལོ་ ༨ ཀྱི་སྟེང་ངོ་མོ་སྡེ་བའི་སློབ་ཆུང་དུ་ཞུགས་ཡོད་འདུག རང་ལོ་ ༡༤ སྟེང་རོང་བོ་དགོན་པའི་རྒྱུད་པ་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་འདོན་རྟ་དབྱངས་གསུམ་དང་། ཐིག་ས་ཆོག གར་ཕྱག་རྒྱ་དང་བཅས་པའི་ཕྱག་ལེན་ཆ་ཚང་སྦྱངས་འདུག ༡༩༩༧ ལོའི་ཟླ་ ༣ པའི་ཚེས་ ༢༠ ཉིན་གྱི་དགོང་མོར་རེབ་གོང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་སྟབས། རྒྱ་ནག་གཞུང་གིས་ཁོང་དང་རོགས་པ་གཉིས་འཛིན་བཟུང་གིས་གཅར་རྡུང་འདྲི་གཅོད་རིམ་པ་བྱས་ཡོད་པ་དང་། རྗེས་སུ་ཉེན་རྟོག་པས་དམེ་ཤུལ་ནགས་རྫོང་བརྒྱུད་ནས་ས་གཞན་དུ་འཁྲིད་འགྲོ་སྐབས་བྲོས་བྱོལ་བྱས་ཏེ་བཙན་བྱོལ་དུ་འབྱོར་ཐུབ་པ་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ནས་དྲངས།༽

ངོ་སྤྲོད།

Post navigation

Previous Post: ཟེར་རྒྱུའི་ཕོངས་པའི་ངག་ལ་མྱི་སྐད་གླན་པ།
Next Post: <<ཁ་བ་སིབ་སིབ་>>ཀྱི་ནང་ཁྲོལ་ལ་ཁ་འཁོར་བ།

Comments (3) on “རྒྱལ་དར་བསྒྲེངས་པའི་སྔ་རྗེས།”

  1. དཔལ་དོན། says:
    2014-08-14 at 12:52 am

    དེབ་འདི་ལ་གང་མགྱོགས་བལྟ་འདོད་འདུག རྩོམ་མཁན་ལ་བཀའ་དྲིན་ཆེ།

  2. དོན་འགྲུབ says:
    2014-08-14 at 1:43 am

    རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ཐག་པ་ནས་ཡི་རང་ཞུ།

  3. ཁྱུང་དཀར། says:
    2014-08-14 at 4:29 am

    དེའི་སྐབས་ཀྱི་གནས་ཚུལ་སབ་སིབ་ཅིག་གོ་ཐོས་མྱོང་ནའང་རྒྱུད་རིམ་གསལ་བོ་ཞིག་གོ་མ་མྱོང་། དེའི་རྗེས་ལོ་དུས་གང་ཡིན་མ་ངེས་ཀྱང་ཁོང་བཙན་བྱོལ་དུ་འབྱོར་རྗེས་རྡ་སར་ང་ཚོ་ཁ་ཤས་ཤིག་མཉམ་དུ་ཁ་བརྡ་གློད་པའི་གོ་སྐབས་བྱུང་ལ། གནས་ཚུལ་དེའི་སྔ་རྗེས་དང་བཙན་བྱོལ་ལ་འབྱོར་རྗེས་༧གོང་ས་མཆོག་གི་བཀའ་སློབ་ག་རེ་གནང་མིན་གྱི་ཁ་བརྡ་ལྷུག་པོར་གནང་། དེའི་རྗེས་ཡུན་རིང་མ་འགོར་བར་ཁོང་ཡོ་རོབ་ཏུ་སོང་བའི་གནས་ཚུལ་ཞིག་ལས་ད་བར་ཁོང་གི་སྐོར་ཐོས་རྒྱུ་མ་བྱུང་། མཚམས་འདི་ནས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་རང་ཉིད་ཀྱི་བྱུང་རབས་དེབ་གཟུགས་སུ་བཀོད་པ་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཀི་ཡོད། གང་ཡིན་ཟེར་ན། དེས་རྗེས་རབས་པ་ཚོར་གང་ཟག་རང་ག་བ་ཞིག་གིས་རང་གི་མི་རིགས་དང་རང་གི་རྒྱལ་ཁབ་ལ་བརྩེ་སེམས་ག་འདྲ་ཡོད་མེད་ཀྱང་བསྟན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme